སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་རེ་གཅིག་པ། པགས་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.08.2011
མན་ངག་རྒྱུད། >> ལེའུ་རེ་གཅིག་པ། པགས་ནད་གསོ་བ།

ལེའུ་རེ་གཅིག་པ་པགས་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། པགས་ནད་ཅེས་རྐང་པ་གཅིག་གིས་བསྟན་པ་ལ་པགས་པའི་ནད་ཀྱི་རྒྱུ་རྐྱེན་སྤྱིར་བསྟན་པ་དང༌། དེ་བཞིན་དུ་དབྱེ་བ་དང༌། བཅོས་ཐབས་བསྟན་པ་སྟེ་གསུམ་མོ། །གཉིས་པ་རྒྱས་པར་བཤད་པ་ལའང་གསུམ་ལས། དང་པོ་ནི། རྒྱུ་ནི་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་པགས་ནད་ཀྱི་རྒྱུ་ནི་སྲིན་ནད་དང་ཆུ་སེར་འཕེལ་བ་ལ། གདོན་རྐྱེན་སོགས་ཀྱི་འདུ་བ་འཁྲུགས་པར་གྱུར་ནས་པགས་པའི་ནད་དུ་གྱུར་པའོ། །གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གསུམ་གྱིས་བསྟན་པ་ལ་དགུ་སྟེ། དེ་ཡང་སོ་སོར་དབྱེ་ན། ཤ་བཀྲ་དང༌། གླང་ཤུ་དང༌། མཛེར་པ་དང༌། ཟ་ཀོང་དང༌། ཤུ་བ་དང༌། སྲིན་ཐོར་དང༌། ངོ་ཤིག་དང༌། ཁབས་དང༌། ཁྱེམ་དང་དགུའོ། །དེ་ལ་ཡང་ཤ་མདོག་འགྱུར་ཏེ་ཁྲ་བོར་བྱེད་པས་ཤ་བཀྲ། གླང་ཤུ་ནི་དཀྱིལ་སྲབ་ལ་འཇམ་མཐའ་རྩུབ་ལ་འཐུག་མཆེད་པར་བྱེད་པས་བས་ལྡག་ཅེས་བྱའོ། །མཛེར་པ་རང་བཞིན་བ་དཀར་པོ། །རྐང་མཐིལ་སོགས་སུ་འབྱུང་བ་རྒྱ་མཛེར་རམ་མཛེར་ནག །ཟ་སྐོང་ཤུ་བ་ནི་སྤུ་བྱི་མདོག་སྔོ་འགོས་མཆེད་སྐྱེན། འདི་ལས་རྔོ་དང་ཟན་འཇའ་ཟ་འཕྲུག་གི་རིགས་ཀྱང་འབྱུང་ངོ༌། །སྲིན་ཐོར་ནི་ཐོར་པ་རྩེ་དཀར་ཞིང་སྣག་པ་ཆོ་ལེ་འབྱུང༌། ངོ་ཤིག་གདོང་ལ་རྨེ་བ་སྲབ་མོས་ཁྱབ་སྟེ་ངོ་ཁབ་གྲོ་ཐིག་ཅེས་ཀྱང་བྱའོ། །ཁབ་དང་ཁྱེ་མ་སྐྱ་རྩུབ་བྱ་རྗེས་གློག་པ་ཅན་ནོ།།

        གསུམ་པ་བཅོས་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་ཉེར་བདུན་དང་འབྲུ་གསུམ་གྱིས་བསྟན་ཏེ། མཛེར་པ་པགས་ལ་དྲངས་པ་ནི་ཁྲབ་བྱང་གི་མིག་རུ་ཡར་འཐེན་ནས་བཙོད་དམ་ཤེལ་གྱིས་ཀྱང་བསྲེག་གོ །ཟ་འཕྲུག་རྩ་བས་བཀྲུས་ནི། འབྲས་སམ་ནས་གླན་ལ་བཞག་ནས་རྩ་བ་སྐྱེས་པ་དེ་ཆུས་བསིངས་ནས་སྒོར་བས་བཀྲུས། དེ་རྗེས་ནིམ་པ་སོགས་བྱུགས། རྨེ་བ་ཁྱེ་མ་དང་ཁབ་ཀྱི་བྲྀ་ཧ་ཏི་ནི་ཀནྜ་ཀ་རི་ཡིན་ཟེར། སེར་པོ་གཉིས་ནི་ཡུང་སྐྱེར་རོ། །གསུམ་པ་ལེའུའི་མཚན་ནི་བདུད་རྩི་ཞེས་པ་ནས་དྲུག་ཅུ་རྩ་གཅིག་པའོ། །ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 24.08.2011 ཉིན། 2:24 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།