སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་རེ་གཅིག་པ། གྲུམ་བུ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་རེ་གཅིག་པ། གྲུམ་བུ་གསོ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གྲུམ་བུའི་ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་བཞི་ཡི་བསྟན་གྱིས་ཟུངས། །རྒྱུ་རྐྱེན་རླན་སྣུམ་ཡུལ་དང་སྣུམ་ཟས་བཅས། །དྭངས་མ་གནས་སུ་མ་སོང་ཆུ་སེར་བྱུང་། །ཤ་རུས་རྩ་རྒྱུས་ལ་གནས་གྲུམ་བུ་བསྐྱེད། །གཉིས་པ་དབྱེ་བ་ཤ་གྲུབ་[གྲུམ་]རུས་རྕ་ཆུ་གྲུམ་བཞི། །གྲུམ་དཀར་གྲུམ་ནག་གཉིས་དང་རྣམ་པ་དྲུག ། བཞི་པ་དེ་རྟགས་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་གྲང་ཤུམ་ཡུན་རིང་ཤ་ལྤགས་[པགས་]རྩེ་[བརྩེ]། །གདང་[གདོང་]སྣུམ་མགོ་ལྕི་རྐང་[རྐེད་]པ་དབྱི་[དཔྱི་]མིག་ཟུག །ཤེད་ཆུང་སྦྱིད་[སྒྱིད་]སྐྱུར་ཤ་འབྲོས་རྔུལ་ཁ་བསྙི[སྙི]། །རུས་ཚིགས་ཤ་རུས་ཁོལ་ཅིང་ཆུ་རུས་[རྒྱུས་]གྱོང༌། །འགུལ་དུས་ལྷག་པར་སྐད་ངན་འཆོར་ཙམ་ན། །རྩ་རྒྱུད་འཕྲད་མགྱོག་[ཕྲ་མགྱོགས་]གྱོང་ལ་ཆུ་མདོག་དམར། །གསུམ་པ་བྱེ་བྲག་ཤ་ཏྲེག་[ཏྲེམ་]བད་འཁྲིས་[མཁྲིས་]ཤས་ཆ་[ཆེ་]སྟེ། །ཤ་སྦོས་མདོག་ནག་ཡན་ལག་སྦྲིད་པ་དང༌། །བློ་[གློ་]སྙིང་མི་བདེ་རྣག་ཁྲག་མང་དུ་འཛག །ཤ་རུས་ཕྱེ་སྙེམ་[སྙམ་]བེམ་པོར་བྱེད་པ་ཡིན། །རུས་གྲུམ་རླུང་གི་ཤས་ཆེ་སྐོམ་དད་ཆེ། །རུས་པ་ཚ་བ་སྐྱེ་ཞིང་འཇུ་ལ་སྐམ། །ཚིགས་རྣམས་འགྲམ་[གྲམ་]ཞིང་ཟུག་ཆེ་འགུལ་མི་ནུས། །བསྒུལ་དང་སྒྲ་ཆེར་མི་བཟོད་གཡང་བསྐྱུར་སེམས། །རྩ་གྲུམ་ཁྲག་གི་ཤས་ཆེ་རྩ་མདངས་ཉམས། །གློ་སྙིང་མི་བདེ་ལྷག་[ལྟག་]ཤ་འཆད་[ཆད་]སྙམ་བྱེད། །རྩ་རྣམས་སྦོམ་[སྦོས་]ཤིང་སྲ་ལ་ན་བ་ཡིན། །ཆུ་གྲུམ་ཆུ་རྒྱུས་གྱུང་གྲོང་[གྱོང་འདར་]རིངས་[རེངས་]འཁུམ་སྐམ། །ཧྲིམ་[ཏྲེམ་]དཀར་ཆུ་སེར་དཀར་པོ་གྲང་ཤས་ཆེ། །ཧྲིམ་[ཏྲེམ་]ནག་ཆུ་སེར་ནག་པོ་ཚ་ཤས་ཆེ། །བཞི་པ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་དང་པོ་ཞག་ལྔའི་བར་དག་ཏུ། །བད་ཀན་ཆུ་སེར་སྦྱང་ཕྱིར་འབྲས་བུ་གསུམ། །སླེ་ཁྲེས་[ཏྲེས་]ཐང་བསྟན་[བསྟེན་]ཆུ་བསྐོལ་ཡང་ཡང་བཏུང༌། །དེ་རྗེས་ཙན་དན་དཀར་དམར་གྷི་ཝང་དང༌། །བཟང་དྲུག་ཆུ་སེར་སྨན་གསུམ་གེ་སེར་[སར་]གཉིས། །ཏིག་ཏ་སླེ་ཁྲེས་[ཏྲེས་]སྤྱི་བཞུར་འབྲས་བུ་གསུམ། །གླ་རྩི་སྤང་རྒྱན་བེ་དོ་བ་ཤ་ཀ །བོང་ཁྲག་ཀ་ར་སྦྱར་བ་ཉི་ཤུ་ལྔ། །གུང་གཉིས་སེང་ལྡིང་[སེང་ལྡེང་]ཆུས་ཕུལ་རྔུལ་བཏང༌། །སེལ་[སེ་]འབྲུ་ལྔ་པ་ནང་ནུབ་ཆུ་བསྐོལ་དབུལ། །དྭངས་མ་གནས་འཇག་[འཇོག་]རྕ་ལྔས་ཆུ་སེར་སྐེམ། །གླ་རྩི་གུར་གུམ་ལྒ་རྒོད་གཉེན་པོའི་སྨན། །གྲ་[གྲང་]ན་བོང་ཁྲག་ཚ་ན་ཞོ་ལ་སྦྱར་ཏེ་བཏང་། །སྨན་རྗེས་འབྲས་བུ་གསུམ་གྱི་རྒྱུན་སྦྱོང་ནི། །དུར་བྱིད་ལྕམ་[ལྕུམ་]རྕ་སེ་རུལ་བ་ཆུར་སྦང་། །སྤོས་དཀར་ཆུ་དང་སྦྲང་བཏང་སྦྱང་བ་ཡིན། །ཤ་སྤོས་[སྦོས་]ཆུ་རྦ་[བ་]འཁུམ་[འཁུམས་]སམ་རུས་ཟིག་[ཚིགས་]ཟུག །རམ་ཉེ་ཉེ་ཤིང་བ་སྤྲུའི་ཆུ་ལུམས་བྱ། །རྗེས་ལ་སྤང་སྤོས་དམར་དཀར་སྦྱར་བས་བྱུག །ཚིགས་མིག་ཆུ་སེར་རྒྱས་པ་གྲང་ཐུར་བརྡེགས། །ཁ་ཟས་འབྲས་དང་ཆགས་[ཆག་]ཚེ་སྲན་ཆེན་དང༌། །ཁུར་མང་བ་ཡི་ཞོ་དར་བསྐོལ་གྲང་ཆུ། །ཇ་སོགས་བསིལ་ཡང་ཟས་སྐོམ་བསྟེན་པ་ཡིན། །རྡུལ་[རུལ་]སྐྱུར་སྣུམ་ལྕི་ཚྭ་གསོས་[སོགས་]དུག་འདྲ་སྤང༌། །མེ་དང་ཉི་མ་གཉིད་གྲང་རླན་ལ་གཟབ། །ཚ་བ་བྱང་བའི་རྟགས་བྱུང་སྦྲང་ཆང་དང༌། །བ་ཡི་རྣམ་ལྔས་ཚད་ལྷག་ཆུ་སེར་སྐེམ། །ཆུ་བྱེར་རྟགས་བྲི་ཚད་ཆོག་[ཆོགས་]འགུལ་ནུས་ན། །སྐམ་སར་མི་རྔུལ་ཙམ་དུ་རན་ཙམ་བཅག ། གཉིས་པ་བྱེ་བྲག་ཤ་གྲུམ་གཟེ་མ་བ་སྤྲུ་བ། །ཤིང་ཚ་དྲོད་དང་མར་སྦྱར་འདེ་གུ་བཏང་། །ལྕ་བའི་ཁན་དྷ་[ཁཎྜ་]གཡེར་ཆུ་ལྒ་ཆུ་བསྟེན། །རུས་གྲུམ་ག་སུར་[པུར་]བཟང་དྲུག་ཙན་དན་དཀར། །ཤིང་ཚ་བ་ལེ་ཀ་དང་པུ་ཤེལ་རྩེ། །བཅའ་ལྒ་ནག་མཚུར་ཀ་ར་སྦྱར་ལ་བཏང༌། །བོང་ཁྲག་ཕུལ་གང་གླ་རྩི་ལྒ་སྦྱར་རམ། །བུ་རམ་སྦྲང་རྩི་མར་པར་[སྦྱར་]ཏིང་ཁྲོལ་བཏང༌། །གཏར་བསྲེག་མི་བྱ་རྗེས་ལ་ཤུལ་[བཤུལ་]ཤ་བཏང་། །རྩ་གྲུམ་དང་པོ་བ་ལེ་ར་དང༌། །པུས་ཀར་[པུཥྐར་]པི་པི་ལིང་གི་ཐང་བཏང་ནས། །དེ་འོག་གཡེར་ཆུ་བསྡུས་ཐང་བཏང་བར་བྱ། །རུ་རྟ་སེལ་[སེ་]འབྲུ་ཤིང་ཚ་པི་པི་ལིང༌། །སྒ་སྐྱ་ཨ་རུ་དོང་གྲ་ཁ་རུ་ཚ། །སྦྲང་དང་སྦྱར་བའི་འདི་[ལྡེ་]གུ་བཏང་བར་བྱ། །གླ་རྩི་གུར་ཀུམ་ཨ་རུ་ལི་དང་[དོང་]གྲ། །སྦྲང་རྩི་མར་དང་སྦྱར་བའི་འདི་[ལྡེ་]གུ་བསྟེན། །རྩ་ཡི་དྲོད་འཆོར་གཏར་ཁ་བྱ་བ་མིན། །ཆུ་གྲུམ་ར་སྣ་པུས་དཀར་[པུཥྐར་]པི་པི་ལིང་། །མུ་[མཱུ་]ལ་གསུམ་དང་འུ་སུ་རྒྱ་ཚ་དང་། །ཤིང་ཚ་རྒྱམ་ཚ་སྦྲང་མར་འདི་[ལྡེ་]གུ་བསྟེན། །ཨ་རུ་རྒུན་འབྲུམ་འུ་སུ་ཤུ་མོ་ཟ། །ཚ་བ་ལྔ་དང་སྦྲང་རྕི་སྦྱར་ལ་བཏང་། །བྱིན་གཞུག་རྕ་གཏར་ཚ་[བ་]བྱང་བ་འདུ[དང་]། །བཅོས་[བཅོ་]ལྔ་བཅུ་དྲུག་དཔྱི་མིག་གར་བབས་བསྲོག[བསྲེག] །ཆུ་རླན་[རྒྱུས་]འཁྲུམས་[འཁུམས་]ན་བསྐུ་མཉེ་དྲགས་[དྲག་]ཏུ་བྱ། །ཏྲེམ་དཀར་ཆང་ནང་ཤིང་ཚ་ལིང་[ལི་]དོང་གྲ། །སྦྲང་སྦྱར་རྩ་བ་ལི་ཤི་ཟན་ཆང་ཆུ་ལུམས་བྱའ[བྱ]། །རམ་ཉེ་ཉེ་ཤིང་བ་སྤུ་[སྤྲུ་]སྦྲང་མར་བསྟེན། །ཏྲིམ་[ཏྲེམ་]ནག་ཨ་རུ་ཆུ་བསྡུས་ཞག་འགའ་བཏང༌། །གུར་གུམ་དུར་བྱིད་ཤི་རི་ཁན་དྷ་[ཤྲའི་ཁཎྜ་]དང་། །པི་པི་ལིང་དང་རུ་རྟ་ཀ་ར་དང་། །བ་སྤྲུ་ཨ་རུ་ཁ་རུ་དང་ཤིང་ཚ་དང་། །ལི་ཤི་ལྗང་འབུམ་སྦྲང་དང་སྨན་སྦྱར་སྦྱོངས། །ཀུན་ལ་བསྐྱེད་ཆུང་རུས་རྕ་གཏར་བ་དང་། །པུས་མོ་གཉིན་[གཉན་]གོང་གྱེན་དུ་སོར་གཉིས་གཤགས། །དེ་ན་རྕ་ནག་གྲོ་སོག་ཙམ་ཞིག་ཡོད་པ་ལ། །ཁྲག་ནག་ཕུལ་གང་བཏོན་ནས་ཆང་གིས་བཙོར་[བཙོ]། །དབྱིབས་དུགས་བཅུག་ལ་ལན་མང་སྒྲིལ་བ་དང་། །རྟ་ལ་བསྐྱོན་ནས་ལན་མང་ཆུ་མར་[ནང་]སྐྱུར། །ཅེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་གྲུམ་བུ་གསོ་བའི་ལེའུ་སྟེ་རེ་གཅིག་པའོ།། །།


མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:04 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།