སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་ལྔ་པ། ཡི་ག་འཆུས་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 ལེའུ་ཞེ་ལྔ་པ། ཡི་ག་འཆུས་པ་གསོ་བ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ཡི་ག་འཆུས་པའི་ནད་ལ་རྒྱུ་རྐྱེན་དང༌། །དབྱེ་བ་རྟགས་དང་བཅོས་ཐབས་རྣམ་པ་བཞི།།

སྤྱི་དོན་དང་པོ་རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་འདུ་བ་འཁྲུགས། །ལྕེ་སྙིང་ལ་ཞེན་ཡི་ག་འཆུས་པར་འགྱུར།།
སྤྱི་དོན་གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་བཞི། །སྤྱི་དོན་གསུམ་པ་དེ་རྟགས་དང་པོི་རླུང་གྱུར་རོ་བསྐ་གཉིས་པ་མཁྲིས་པ་ཁ། །གསུམ་པ་བད་ཀན་རོ་མངར་བཞི་པ་འདུས་པ་རོ་དང་བྲལ།།

སྤྱི་དོན་བཞི་པ་གསོ་ཐབས་སྤྱིར་ཡིད་ལ་འཐད་པའི་ཟས་གང་ཡང༌། །གང་ལ་ཕན་པའི་སྨན་དང་སྦྱར་ལ་བྱིན། །ཕྱི་ནང་ཁྲུས་སྦྱང་འབྲས་བུ་ཨ་བར་སྐྱུར་འོ་མར་སྦྱར། །ཞོ་འོི་སོགས་དཀར་བའི་ཟས་བསྟེན་ཨ་རུ་བ་རུ་སོགས་བསྐ་བའི་ཆུས་ཁ་བཀྲུ། །ཡིད་ལ་འཐད་པའི་དུ་བ་དྲི་ཞིམ་པོར་སྣ་རུ་རྔུབ། །བ་ལུའི་ལོ་མ་ཞོ་བཞི་ཕོ་བ་རིས་ཞོི་གསུམ་སྒ་ཞོ་གཉིས་པི་པི་ལིང༌ཞོ་གང་། །རིམ་བསྐྱེད་ཤིང་ཚ་སུག་སྨེལ་ཀ་ར་རྣམས་ཞོ་ཕྱེད་རེ་སྦྱར། །ཕོ་བའི་དྲོད་སྐྱེད་ཡི་ག་འབྱེད་པར་བྱེད། །ལ་ལ་ཕུད་དང་ད་ཏྲིག་སྟར་བུ་སྒ། །སེ་འབྲུ་རྒྱ་ཤུག་ཀ་ར་འུ་སུ་དང༌། །ཤིང་ཚ་ཁ་རུ་ཚྭ་དང་པི་པི་ལིང༌། །གོ་སྙོད་ན་ལེ་ཤམ་སྦྱར་ཡི་ག་འབྱེད༌།  སུག་སྨེལ་ཤིང་ཚ་ནཱ་ག་པུཥྤ་དང༌། །ཚ་བ་སྒ་པི་ཕོ་གསུམ་གྱི་ཕྱེ་མས་ཡིག་འཆུས་སེལ། །ཚ་བ་ཤས་ཆེ་ན་ཕྱི་རྒྱུད་ལྟར་ཅུ་གང་བདེ་བྱེད་ཤིས། །བྱེ་བྲག་དང་པོ་གཉིས་པ་གསུམ་པར་ཤུ་དག་རླུང་ལ་ཀ་ར་མཁྲིས་པ་དང་བད་ཀམ་ལ་ནིམ་པའི་ཆུས། །སྐྱུགས་རྗེས་རླུང་ལ་ཆང་དྭངས་མཁྲིས་པར་སྐར་ཆུ་བད་ཀན་ལ་སྦྲང་ཆང་བླུད། །བཞི་བ་འདུས་པའི་ནད་ལ་རླུང་མཁྲིས་བད་ཀན་ཀུན་གྱིས་རློན་སྐྱུགས་བྱས་ལ། །ཤུ་དག་ནིམ་པ་བུ་རམ་ཆུ་སྦྱར་བླུད། །ཅེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ཡི་ག་འཆུས་པ་གསོ་བའི་ལེའུ་སྟེ་བཞི་བཅུ་རྩ་ལྔ་པའོ།། །།

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 2:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།