སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་ཞེ་ལྔ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>

ལེའུ་ཞེ་ལྔ་པ། ཁྲག་གཅོད་རྒྱལ་པོའི་སྨན།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །ཚ་བ་གསུམ་གྱིས་ཚ་བ་འཇོམས། །དུང་གི་སྐམ་ཆག་སེལ་བར་བྱེད། །ཡུང་བ་རབ་རིབ་སེལ་བར་བྱེད། །སག་རྩིས་མཆི་མ་གཅོད་པར་བྱེད། །ཏི་ཚས་འཇོམས་པར་བྱེད་པ་ཡིན། །མར་གྱིས་སྙོམས་པར་བྱེད་པ་ཡིན། །ད་ནི་སྦྱར་ཐབས་བསྟན་པར་བྱའོ། །ཚ་བ་གསུམ་ཆ་གཅིག སྨན་ལྔ་པོ་ཆ་མཉམ་པར་བྱས་ལ། རེ་རེ་ཡང་ཚ་བ་གསུམ་དང་མཉམ་པར་བྱའོ། །ཚ་ཟུག་ཆེ་ན་ཚ་བ་གསུམ་ཆ་བསྐྱེད། སྐམ་ཚགས་ལ་དུང་མང་དུ་གཏང་། རབ་རིབ་ཆེ་ན་ཡུང་བ་མང་དུ་གཏང་། མཆི་མ་མང་ན་སག་རྩི་མང་དུ་གཏང་། ཏི་ཚ་ནི་ཀུན་ལ་སྙོམས་པ་ཡིན། མར་དང་སྦྱར་ལ། ནུབ་མོ་ཉལ་བའི་དུས་སུ་བསྐུ། ནང་པར་ཆུས་བཀྲུའོ། །མིག་ནད་ཐམས་ཅད་ཞི་བར་འགྱུར་རོ། །མིག་ནད་ཞི་བའི་མན་ངག་ཟབ་བོ། །མིག་ལ་སྣད་ལིང་བྱུང་ན་མཐེའུ་ཆུང་དག་པར་བཀྲུས་ལ། མིག་སྣད་པ་ངོས་ཀྱི་སྣ་བུག་ཏུ་བཅུག་ལ། བར་གྱི་ཀྲུང་ཀྲུང་ལ་དྲག་ཏུ་བྲད་པས་སྣ་ཁྲག་འདོད་ཚད་འབྱུང་ངོ་། །དེས་སེལ་ལོ། །སྣ་ཁྲག་གཅོད་པ་དང་། བུད་མེད་ཀྱི་མངལ་ཁྲག་བཅད་སྔགས་ལ། ཨོཾ་རརྣ་རརྣ། ཙ་ཏི་ཙ་ཏི། སིདྡྷི་སིདྡྷི་ཧཱུྃ་ཕཊ། སྣ་ཁྲག་ལ་བྱེད་ན། སྣ་བུག་གང་ནས་བྱུང་བ་ངོས་ཀྱི་སྣའི་ཁུང་བུར་སྔགས་གདབ། དེས་འཆད་དོ། །མངལ་ཁྲག་ལ་བྱེད་ན། ཆུ་ལ་མང་དུ་བཟླས་ལ་ལྟོ་རུ་གཏང་། དེས་འཆད་ངེས་སོ། །རྟགས་མང་དུ་ཐོན་པ་ཡིན་ནོ། །ཨི་ཐི། བད་ཀན་གྱིས་གྲེ་བ་འཛེར་ཞིང་ཚ་བ་ལ། ལྒ་ཞིབ་པར་བཏགས་ལ། མར་དང་སྦྱར་ལ་གཏང་། དེས་སེལ་ལོ། །མིག་སྔོ་ལོང་ངམ་སྔོ་རིབ་ཏུ་སོང་བ་ལ་འབུ་དུང་སྐྱོགས་པ་དང་། ཀ་ར་དཀར་པོ་ཞིབ་པར་བཏགས་ལ། རི་ལུ་བྱས་པ་སྦ། དེ་ཕུག་རོན་གྱི་དོར་རུ་གཡས་པའི་རྩེ་མོ་ལ་གླན་ཏེ་བྲད་པས་སེལ་ལོ། །པ་ཏྲི་རྒྱུ་ལམ་ཞེས་བྱ་བའི་སྔགས་མང་དུ་བཟླས་ཏེ། སྣ་ནས་ཕུས་བཏབ་ན་ཆམ་པ་ཞི་བར་འགྱུར་རོ། །སྨན་གྱི་རྒྱལ་པོ་སྤྲུ་བ་འདི། །སྐྱེ་ས་སྤང་ལ་བཟང་བ་ཡིན། །རིང་ཐུང་སོར་བཞི་རན་པ་ཡིན། །འདབ་མ་རྩ་ལ་འདམ་པ་ཡིན། །དྲི་དང་ཁ་དོག་སྨན་གྱིས་བསྒྱུར། །བུ་རམ་དང་སྦྱར་ཁོང་དུ་བཏང་། །དེ་ཡིས་ཁྲག་རྣམས་འཆད་པར་འགྱུར། །ཁྲག་གཅོད་རྒྱལ་པོའི་སྨན་ཡིན་ནོ། །ཟབ་བོ།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 3:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།