སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཞེ་བརྒྱད་པ། ཡི་ག་འཆུས་པ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཞེ་བརྒྱད་པ། ཡི་ག་འཆུས་པ་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ཡི་ག་འཆུས་པའི་གསོ་བ་བསྟན་གྱིས་བཟུང་[ཟུངས]། །འདི་ལ་རྒྱུ་རྐྱེན་དབྱེ་རྟགས་བཅོས་ཐབས་བཞི། །རྒྱུ་རྐྱེན་ཟས་སྤྱོད་རྐྱེན་གྱིས་འདུ་བ་འཁྲུགས། །ལྕེ་དང་སྙིང་ལ་ཞེན་ནས་ཡི་ག་འཆུས་པར་བྱེད། །གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་འདུས་པ་བཞི། །གསུམ་པ་དེ་རྟགས་རླུང་གྱུར་རོ་བསྐ་མཁྲིས་པ་ཁ། །བད་ཀན་རོ་མངར་འདུས་པ་རོ་དང་བྲལ། །བཞི་པ་གསོ་ཐབས་ཡིད་འཐད་ཟས་རིགས་ནི། །ནད་ལ་ཕན་པའི་སྨན་དང་སྦྱར་ལ་སྦྱིན། །ཕྱི་ནང་འཁྲུས་སྦྱངས་འབྲས་བུ་འོ་མར་བཅོས་[སྦྱར]། །དཀར་བའི་ཟས་བསྟེན་བསྐ་བའི་ཆུས་ཁ་བཀྲུ། །དྲི་ཞིམ་ཡིད་འཐད་དུ་བ་སྣ་རུ་རྔུབ། །བ་ལུ་ཕོ་བ་རིས་ལྒ་པི་པི་ལིང༌། །རིམ་བསྐྱེད་ཤིང་ཚ་སུག་སྨེ་[སྨེལ་]ཀ་ར་སྦྱར། །ཕོ་བའི་དྲོད་སྐྱེད་ཡི་ག་འབྱེད་པར་བྱེད། །ལ་ལ་ཕུད་དང་ད་ཏྲིག་སྟར་བུ་ལྒ། །སེལ་[སེ་]འབྲུ་ཞོ་རེ་རྒྱ་ཤུག་ཞོ་བཞི་དང་། །འུ་སུ་ཀ་ར་ཤིང་ཚ་ཁ་རུ་ཚ། །པི་པི་ལིང༌ལ་[ནི་]འབྲུ་མ་བརྒྱད་སྦྱར་རོ། །གོ་སྙོད་ན་ལེ་ཤམ་སྦྱར་ཡི་ག་འབྱེད༌།སུག་སྨེ་[སྨེལ་]ཤིང་ཚ་ན་[ནཱ་]ག་པུས་པ་[པུཥྤ་]དང༌། །ན་ལེ་པི་ལིང་ལྒ་དྲུག་རིམས་[རིམ་]པས་བསྐྱེས། །ཚ་བ་གསུམ་པའི་ཕྱེ་མས་ཡིད་འཆུས་སེལ། །རླུང་ལ་བྱི་རུག་མཁྲིས་ལ་ཀ་ར་དང་། །བད་ཀན་ནིམ་པའི་ཆུ་ཡིས་ཕུལ་ལ་བཏང་། །སྐྱུག་རྗེས་རླུང་ལ་སྦྲང་ཆང་སྐར་ཆུ་བླུད། །འདུས་པའི་ནད་ལ་ཀུན་གྱིས་རློན་བྱས་ལ། །ཆུ་དག་ནིམ་པ་བུ་རམ་ཆུ་སྦྱར་བླུད། །ཅེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ཡི་ག་འཆུས་པ་བཅོས་པའི་ལེའུ་སྟེ་བཞི་བཅུ་བརྒྱད་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།