སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་བརྒྱད་པ། དབུགས་མི་བདེ་བའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཞེ་བརྒྱད་པ། དབུགས་མི་བདེ་བའི་ནད་གསོ་བ།

ལེའུ་ཞེ་བརྒྱད་པ་དབུགས་མི་བདེ་བའི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས་མདོར་རྒྱས་སོ། །དང་པོ་ནི། དབུགས་མི་བདེ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་དབུགས་མི་བདེ་བའི་རྒྱུ་རྐྱེན་ལྷན་ཅིག་ཏུ་བསྟན་པ་དང༌། དེ་བཞིན་དུ། དབྱེ་བ། རྟགས་བཅོས་ཐབས་བསྟན་པ་སྟེ་བཞིའོ། །གཉིས་པ་རྒྱས་པར་བཤད་པ་ལའང་བཞི་ལས། དང་པོ་ནི། རྒྱུ་རྐྱེན་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། ཟས་སྐོམ་སོགས་མ་ཞུ་བ་དང༌། བད་ཀན་འཕེལ་བ་དང༌། ལུད་པ་འཕེལ་བ་སོགས་ཀྱི་དབུགས་ལམ་བཀག་ནས་དབུགས་མི་བདེ་བའི་ནད་དུ་གྱུར་པའོ། གཉིས་པ་དབྱེ་བ་བཤད་པ་ནི། དབྱེ་བ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ཡང་སོ་སོར་དབྱེ་ན། ཕྲན་ཚེགས་དང༌། མུན་པ་ཅན་དང༌། དབུགས་ཆད་པ་དང༌། ཆེན་པོ་དང༌། གྱེན་བྱུང་དང་རྣམ་པ་ལྔར་དབྱེ་བའོ། །གསུམ་པ་རྟགས་བཤད་པ་ལ་གཉིས། སྤྱིའི་རྟགས་དང༌། བྱེ་བྲག་གི་རྟགས་སོ།

        དང་པོ་ནི། དེ་རྟགས་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་སྙིང་དང་རྩིབ་ལོགས་རྣམས་ཕུ་ཡིས་བརྒྱངས་པ་ལྟ་བུའམ་ཡང་ན་གཟེར་བར་བྱེད་ཅིང༌། ལྟོ་བ་སྦོ་བ་དང་དབུགས་རྒོད་པའམ་ཡང་ན་གཞའ་བར་བྱེད་པའོ། །ཞེས་གཞའ་བ་ནི་གབ་པའམ་བག་ལ་ཉལ་བའི་དོན་ཏེ། དབུགས་རྒོད་པ་ལས་ལྡོག་པའི་ཧ་ཆང་དབྱུང་བའོ། །གཉིས་པ་བྱེ་བྲག་གི་རྟགས་བཤད་པ་ནི། ཕྲན་ཚེགས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ནོ། །བཞི་པ་བཅོས་ཐབས་བཤད་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། བཅོས་པའི་ཞེས་རྐང་པ་གཅིག་གིས་བསྟན་ཏེ། སྤྱིའི་བཅོས་དང༌། བྱེ་བྲག་གི་བཅོས་བསྟན་པའོ། །གཉིས་པ་རྒྱས་པར་བཤད་པ་ནི། སྤྱི་བཅོས་ཞེས་རྐང་པ་དགུས་བསྟན་པའོ། །གཉིས་པ་བྱེ་བྲག་གི་བཅོས་བཤད་པ་ནི། བྱེ་བྲག་ཅེས་རྐང་པ་བཅུ་གསུམ་དང་འབྲུ་གསུམ་གྱིས་བསྟན་ཏེ། དེ་ཡང་ཐོང་རྩ་ནི་ཨོལ་གོང་ཐོང་རྩའོ། །གོ་ཆེན་གོ་ཆུང་ནི་རྩིབ་བར་གོང་འོག་ཡིན་ཏེ་བྱང་ཁོག་བཅོས་པར་གསལ་ལོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་བཞི་བཅུ་རྩ་བརྒྱད་པའོ་ཞེས་པས་བསྟན་ནོ།།

 

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 12:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།