སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཞེ་དྲུག་པ། མོ་ནད་ཕལ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཞེ་དྲུག་པ།  མོ་ནད་ཕལ་བ་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །མོ་ནད་ཕལ་པ་བཅོས་ཐབས་བསྟེན་[བསྟན་]གྱིས་ཟུང་[ཟུངས]། འདི་ལ་མཚན་མའི་ནད་དང་བུ་མ་ཕྱིན། །མགོ་མཇུག་ལོག་དང་རེག་[རོག་]མ་ཕྱིན་པ་དང་། །སྣོད་ལུགས་[ལུག་]ཁྲག་མ་ཆོད་དང་ནད་བཞུགས་[གཞུག]ལུས། །དུག་ཐབས་གྱུར་དང་རྣམ་པ་བརྒྱད་དུ་ཡོད། །དང་པོ་མངལ་ཆགས་ཟླ་བ་ལོན་པ་དང༌། །ཕོ་མོ་གང་ཡིན་མཚན་མ་དོད་ཙམ་ན། །ཕ་དང་མ་ལ་ཆགས་པས་ཞེ་སྡང་བསྐྱེད། །དེ་དུས་མཚན་མའི་ནད་དུ་ཉི་[ཉིང་]ལོ་འབྱུང་། །སྒྱིད་སྒྱུར་[སྐྱུར་]ཚིག་པ་ཟ་ལ་མཆི་མོ་[མ་]མང༌། །དང་ཁ་མི་བདེ་ཟས་སྐོམ་སྣ་ཚོགས་འདོད། །སྟོང་སྐྱུགས་བྱེད་ཅིང་ནད་གཞི་གང་ཡོད་ལྡང༌། །འདི་ལ་ཉིན་གཉིད་མི་ལོག་གྲང་མི་བྱ། །གང་འདོད་ཟས་སྦྱིན་རྟ་བོང་བྱ་ཤ་སྤང༌། །དྲག་དལ་སྙོམ་[སྙོམས་]དང་སྐམ་སར་རན་ཙམ་བཅག །ནད་གཞི་གང་ལྷག་དེ་ཡིན་[ཡི་]གཉེན་པོ་བསྟེན། །གཉིས་པ་བུ་མ་ཕྱིན་ལ་གསོན་པོ་གཤེན་[གཤིན་]པོ་གཉིས། །གསོན་པོ་ནལ་བུ་ཕྱུང་དང་བཙར་མ་འདོད། །ནལ་བུ་གདོན་ཐབས་སྨན་གཉིས་གསུམ་དང་ལྔ། །དང་པོ་འོལ་མོ་སུམ་གཉིས་ཁྲོན་བུ་སུམ་ཆ་ཡིན། །གཉིས་པ་དེ་ཡི་མེ་ཏོག་ཐང་ཕྲོམ་པ། །འོལ་མོ་སེ་བའི་རྩ་བ་བུ་རམ་ཡིན། །ལྔ་པ་རྒྱ་ཚ་རྒྱ་རུ་རྒྱ་སྐགས་དང་། །རྒྱ་སྣག་དང་ནི་རྔུལ་[དངུལ་]ཆུ་བཞི་ནམ་གཅིག །ནངས་པར་ལྟོ་བཀུག་ནུབ་མོ་རྩ་ཁ་ཕྱེ། གཡེར་མའི་ཐང་གིས་ཆང་སྦྱར་ཐོ་རས་[རངས་]བཏང་། །ཐུན་དང་ཡུན་ལ་སྦྱར་ནས་བུ་ཡི་རྩ། །ལོང་བོལ་གཏར་ལ་ཟླ་བདུན་མན་ནས་ཐོན། །བཙའ་རུ་མི་འདོད་ཕྱི་ནང་བར་དང་གསུམ། །དང་པོ་ནང་གི་སྣོད་ནས་མ་འགྱུར་ན། །ཕོ་ཡི་རྨོངས་དང་བྱིན་[བྱི་]མོའི་སྤྱི་བོའི་སྐྲ། །བསྲེགས་ཐལ་རྒྱ་རུ་བཙོས་[གཙོད་]རུ་བསེ་རུ་གསུམ། །ཞིབ་བཏགས་ཆང་སྦྱར་བཏང་སྟེ་བྱི་བའི་ས། །ཆང་གིས་བྲན་བསྲོ་རྒྱུ་ཞབས་བདུག་པ་ཡིན། །ཡང་ན་མདེལ་[མདེའུ་]འབྱིན་རྒྱ་རུ་མདའ་རྒྱུས་གསུམ། །ཆང་སྦྱར་བཏང་ལ་བྱི་པའི་[སའི་]དུགས་ཀྱིས་བདུག །ཡང་ན་སྦྲང་མར་རྒྱ་རུ་སྦྱར་ལ་བཏང༌། །ཡང་ན་ལྷ་དང་ཡི་དྭགས་གཏོར་མས་བཅོས། །སྨྲ་བཅད་མར་ལ་སྔགས་འདི་སྟོང་བཏབ་བཞིན་[བྱིན]། །ཨཱོ་[ཨོཾ་]གྲེང་གྲེང་གྲེང་མ་ཧ་[ཧཱ་]གྲེང་བཛ་[བཛྲ་]རྗེ་སེ་སརྦ་བྱི་དེ་སྭ་[སྭཱ་]ཧཱ། །བར་གྱི་རུས་པའི་མིག་ནས་མ་ཐོན་ན། །འཚོགས་[མཚོག་]མ་བརྟོལ་ལ་མཛུག་ཆུས་[མོས་]དྲགས་[དྲག་]ཏུ་འཐེན། །དང་པོ་ཐོན་ཁ་[དཀའ་]སེན་བྲག་[བྲེགས་]ཆང་གིས་བཀྲུ། །ཆ་བྱེད་[བྱད་]ལ་ཁབ་[ཟླ་གམ་]བརྒྱབ་འདྲས་གསིལ་ལ་བསྟོན་[དབྱུང༌]། །ཕྱེ་[ཕྱི་]ཡི་ཤ་ལྕགས་[པགས་]མིག་ནས་མ་ཐོན་ན། །སྐད་[རྐེད་]བཅིང་སྒ་སྟེང་བཞགས་ས་[བཞག་ལ་]འཕྲག་པ་མནན། །ཤི་རོ་མ་ཐོན་མདའ་རྒྱུད་[རྒྱུས་]རྒྱ་ཚ་དང༌། །རྒྱ་རུ་བཙོས་[གཙོད་]རུ་ནར་བསྲེག་ཆང་གིས་དབུལ། །བྱི་བའི་སྒོ་ས་བསྲོས་པའི་དྲོད་དུགས་བྱ། །ཡང་ན་དུར་བྱིད་མེདལ་[མདེའུ་]འབྱིན་བྱ་མ་བྱིལ་[བྱི]། །རྒྱ་རུ་བུ་རམ་ཆང་དང་སྦྱར་བ་བསྟེན། །ཡང་ན་རྒྱ་ཚ་དུར་བྱིད་ཤ་རུའི་ཐལ། །བ་སྤྲུ་ཆང་སྦྱར་སྦང་སྐམ་དུགས་ཀྱིས་བདུག །ཡང་ན་རྒྱ་ཚ་ཁྱི་རླིག་ཚ་(བ་)བཏང༌། །དུར་བྱིད་རྒྱ་རུ་རྒྱ་ཚ་མར་དང་སྦྱར། །མངལ་དུ་བཏང་སྟེ་འཕྱོང་[ཕྱིང་]པའི་སྣུམ་དུགས་བྱ། །མགོ་མཇུག་ལོག་གམ་རྐེད་པ་འཇིང་པ་བསྡེབས་[ལྟེབས]། །འཕོང་[འཕོངས་]ནས་འོང་ན་རྐང་པ་བཏེག་ལ་སྤྲུག །མཛུབ་བུས་ཕུལ་ཏེ་བུ་རུ་[ཕུ་དུང་]འཕོང་[འཕོངས་]སུ་བརྡེག །སྔགས་ལ་འབྲུ་བཟློག་[ལོག་]བྱ་[བྱས་]ནས་ཁོང་དུ་བཏང་། །བཞི་པ་རོག་མ་ཕྱིན་ན་རི་བོང་རིལ་མ་དང༌། །རྒྱ་ཚ་རྒྱ་རུ་ཁྱོའི་རྨོངས་གཞོབ་ཆང་གིས་འབུལ། །གོང་གི་སྔགས་དང་རླིགས་[རླིག་]སྦྱོར་བས་ངེས་པར་ཐོན། །ལྔ་པ་བུ་སྣོད་ལུག་ན་ཆུ་འཇམ་འོ་མས་བཀྲུ། །འགོ་[མགོ་]མཇུག་བཟློག་ལ་མཛུག་གུས་གར་སླེབ་བཅུག །གཡེར་མས་ཨིག་ཏུ་བཅུགས་[བཅུག་]པས་ཚུད་པར་ངེས། །མ་ཚུད་ཁྲུ་[ཕྲུ་]མས་ལྕིབས་ལ་འཕྱིང་བུས་[ཕྱིང་པས་]གཡོགས། །རྩ་ལ་རྒྱ་ཚ་སླན་[གླན་]ནས་ཕུགས་སུ་བསྐྱལ། །རྐང་པ་བཏེག་ལ་བསིག་ཅིང་མཚན་ཁར་བདུག །འཕོངས་སྟོད་ཉམ་[ཉལ་]ལ་འགྲོ་འདུག་ལངས་པ་སྤངས། །དྲུག་པ་ཁྲག་ཤོར་བུར་དཀར་ཀ་ར་ཆང་སྦྱར་བླུད། །མ་ཆོད་རྩ་ཁུ་བྱུག་དང་ཆང་སྦྱར་བཏང༌། །ཡང་ན་ནས་ཚིག་ཁུ་བར་སྦྲང་རྩི་དང༌། །དོམ་འཁྲིས་[མཁྲིས་]སྐྲ་གཞོབ་བཏབ་ལ་བཏང་བས་འཆད་[ཆད]། །ཡང་ན་དོམ་འཁྲིས་[མཁྲིས་]ཤིང་ཚ་བཏབ་ལ་བཏང༌། །ཡང་ན་གོང་མོའི་སྒྲོ་གཞོབ་སྦྲང་རྩི་དང༌། །ཀ་ར་སྒོགས་[སྐོགས་]པའི་ཐལ་བ་སྦྱར་ལ་བཏང༌། །ཉ་[ཉྭ་]གཞི་རོ་སྨད་ཆུས་བསྒྲང་བཅུ་དྲུག་བསྲེག །བསྐུ་མཉེ་གསུར་བདུག་བུར་ཆང་རུས་ཁུ་བསྟེན། །བདུན་པ་བཙན་[བཙས་]རྗེས་ནད་ལྷག་འདྲིལ་ནས་ཟུག་བྱུང་ན།བྱི་པའི་[སའི་]དུགས་བྱ་གསོར་[གཡེར་]མ་ཆང་སྦྱར་བཏང༌། །སྦྲང་དང་ཆང་སྦྱར་བུར་ཆང་མང་དུ་བཏང༌། །དེས་མ་ཞི་ན་སྦང་མ་བསྲོས་པས་བདུག །དེ་རྗེས་ལོ་[ལོང་]རྩ་གཏར་ལ་མངལ་སྦྱོང་བྱ། །ཆུ་སེར་འགྱིངས་རྗེས་ཤེལ་[ཤེ་]རུལ་ཁྲག་བྱུང་ན། །འཇིགས་པ་མ་མཚལ་[མི་དགོས་]མངལ་བཤལ་བྱས་ནས་བསྟེན་[ཐོན་]། །བརྒྱད་པ་དུག་ཐབས་བཙས་རྗེས་ཤ་མར་རྙིང༌། །ཉིན་གཉིད་དྲག་ཤུལ་རྐྱེན་གྱིས་འཁྲིས་[མཁྲིས་]ཚད་སྐྱེ། །རྩ་རྒྱུད་འཕྲ་[ཕྲ་]མགྱོགས་ཤེད་མེད་སྐོམ་དད་ཆེ། །རོ་བསྟོད་[སྟོད་]གཟེར་ཕྲན་འཕོ་ཞིང་ལུད་པ་དམར། །དེ་ལ་ཁ་ཟས་བསིལ་དྲོད་སྤེལ་བ་བཏང༌། །རུ་ཐུང་སྣོད་ཁ་མཁྲིས་རྩ་ལོང་རྩ་གཏར། །ཨ་རུ་ལྕིམ་[ལྕུམ་]རྩ་དུར་བྱིད་ཐང་གིས་སྦྱང༌། །སྟབ་སེང་ཏིག་ཏའི་ཐང་དང་ག་ཕུར་[པུར་]བདུན་པའམ། །གུར་གུམ་བདུན་སྟེང་དོམ་མཁྲིས་བསྣན་ནས་བཏང༌། །སྨན་དང་ཟས་གཉིས་བསིལ་དྲོད་བསྣོལ་བྱས་ནས། །ཚ་གྲངས་སྤེལ་བཅོས་བཅུད་ལ་ལྔ་[སྔ་]བར་ཕབ། །ཅེས་གསུངས་སོ།།

          གསོ་བྱའི་ནད་འབུམ་ནག་པོ་ལས་མོ་ནད་ཕལ་པ་བཅོས་པའི་ལེའུ་སྟེ་བཞི་བཅུ་དྲུག་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:18 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།