སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཞེ་དགུ་པ། སྐོམ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཞེ་དགུ་པ། སྐོམ་ནད་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །སྐོམས་[སྐོམ་]ནད་བཅོས་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟགས་དང་བཅོས་ཐབས་བཞི་ཡི་སྒོ་ནས་སྟོན། །རྒྱུ་རྐྱེན་གྱིན་[གྱེན་]རྒྱུའི་རླུང་དང་མཁྲིས་པ་འཁྲུགས། །བད་ཀན་སྐེམ་པས་སྐོམ་དེད་[དད་]སྐྱེ་བར་བྱེད། །ཆགས་[ཆང་]དང་ལེན་ཚས་[ལན་ཚྭས་]བད་མཁྲིས་སྐྱེད་པའམ། །ཚད་གུང་ངལ་དུབ་སྤྱད་རྗེས་སྐོམ་མང་འཐུངས། །སྐོམ་དང་[དད་]ཆེ་ལ་ཁོང་ཚད་མཁྲིས་པ་བསྐྱེད། །གཉིས་པ་དབྱེ་བ་རླུང་མཁྲིས་བད་འདུས་བཅུད་ཟད་ལྔ། །བཞི་པ་རྟགས་ཁ་ལྕེ་གྲེ་སྐམ་ཟས་མི་འདོད། །ལྕེ་ཉུལ་སྐད་འགགས་ངོམ་[ངོམས་]པ་མེད་པར་སྐོམ། །རླུང་གྱུར་མགོ་འཁོར་གཉིས་[གཉིད་]མེད་མུར་འགྲམ་ཟུགས་[གཟེར]། །སྣ་དང་ལྕེ་ཡིས་དྲི་དང་རོ་མི་ཚོར། །མཁྲིས་གྱུར་ཁོང་ཚ་ཁ་ཁ་དྲི་མི་ཞིམ། །བད་ཀན་ཁ་མངར་[མངལ་]རློན་བྲོ་ཟས་མི་འཇུ། །འདུས་རྟགས་ཀུན་སྟོན་བཅུད་ཟད་ཟས་མིད་དཀའ། །ལྔ་པ་བཅོས་ཐབས་རླུང་མཁྲིས་སེལ་ཐབས་བྱེད། །ཕྱི་ནང་གཉིས་ནས་བཀྲུ་ཞིང་བསིལ་བར་བྱེད་[བྱ]། །ཆུར་[ཆར་]ཆུ་སྦྲང་རྩི་སྦྱང་[སྦྱར་]ལ་སྐོམ་དུ་བཏུང༌། །བག་ཕྱེ་ཁ་ར་སྦྲང་དང་སྦྱར་ལ་བཟའ། །འོ་མ་སྐྱུར་རྩབས་སྦྲང་གི་མཁུར་བཀང་བཅང༌། །ཁྱེད་[ཁྱད་]པར་རླུང་གྱུར་བུ་རམ་ཞོ་སྦྱར་བཏང་། །མཁྲིས་པ་ལས་གྱུར་མངར་བའི་སྨན་སྦྱང༌སྟེ། །དུར་བྱིད་རྒུན་འབྲུམ་བསྐོལ་ཁུར་ཀ་ར་སྦྱར་བས་སྦྱངས། །བད་ཀན་ལས་གྱུར་ནིམ་པའི་ཆུ་ཡིས་རློན། །སྐྱེར་པ་ཁ་ར་སྦྲང་ཆུ་སྐོམ་དུ་བཏུང༌། །འདུས་པའི་ནད་ལ་སྐྱུགས་རྗེས་ཆུ་ཚན་བླུད། །བཅུད་ཟད་ཤ་ཁུ་འོ་མས་གསོ་བར་བྱེད་[བྱ]། །འུ་སུ་བསྐོལ་ཁུར་ཀ་ར་སྦྲང་བཏབ་ལ། །ནད་གཞི་ཅི་ལ་[ལས་]གྱུར་པའི་སྐོམ་དད་སེལ། །ཤིན་ཏུ་སྐོམ་ན་བཏུང་འོས་མ་ཡིན་ཡང༌། །ཐོག་མེད་སྐོམ་བསལ་དེ་རྗེས་ནད་གཞི་གསོ། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་སྐོམ་པའི་ནད་གསོ་བའི་ལེའུ་སྟེ་བཞི་བཅུ་དགུ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།