སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་ཞེ་གཅིག་པ། ལོང་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 26.08.2011
མན་ངག་རྒྱུད། >> ལེའུ་ཞེ་གཅིག་པ་ལོང་ནད་གསོ་བ།

ལེའུ་ཞེ་གཅིག་པ་ལོང་གི་ནད་གསོ་བ་ལ་གསུམ། ཉན་པར་གདམས་པ་དང༌། གཞུང་དོན་བཤད་པ་དང༌། ལེའུའི་མཚན་བསྟན་པའོ། །དང་པོ་ནི། དེ་ནས་ཞེས་རྐང་པ་གཉིས་ཀྱིས་བསྟན་ནོ། །གཉིས་པ་ལ་གཉིས། མདོར་རྒྱས་སོ། །དང་པོ་ནི། ལོང་གི་ཞེས་རྐང་པ་གཅིག་གིས་བསྟན་པ་ལ། རྟགས་དང་བཅོས་ཐབས་གཉིས་སོ། །གཉིས་པ་རྒྱས་པར་བཤད་པ་ལའང་གཉིས་ལས། དང་པོ་ལ་གཉིས། ངོ་བོའི་གྲངས་དང་སོ་སོའི་རྟགས་གཉིས་སོ། །དེ་ཡང༌།

        དང་པོ་ནི། དང་པོ་ཞེས་རྐང་པ་གཉིས་ཀྱིས་བསྟན་ཏེ། དེ་ལྟར་གྲང་སྦོས་དང༌། གྲང་འགྱིངས་དང༌། ཚད་སྙོངས་དང༌། འཇུ་སྐེམས་དང༌། རླངས་པ་ཅན་དང་ལྔའོ། །གཉིས་པ་ནི། གྲང་སྦོས་ཞེས་རྐང་པ་བཅུ་གཅིག་གིས་བསྟན་ཏེ། གྲང་སྦོས་རྐང་པ་ཆུར་བཅུག་ནི། ན་དུས་རྐང་པ་ཆུར་བཅུག་ན་ལྦུ་བ་སྐྱ་བོར་འཁྲུའོ། །གཉིས་པ་བཅོས་ཐབས་བཤད་པ་ནི། བཅོས་ཐབས་ཞེས་རྐང་པ་ཉི་ཤུས་བསྟན་ཏེ། གྲང་སྦོས་ཀྱི་ཞོ་ཁ་ཆུ་ནི་ཆུར་ཁུ་ལ་བླ་རྟ་བཞེད་ཀྱང༌། རང་ལུགས་ལ་ཞོ་རང་གི་ཁར་ཆགས་པའི་ཆུ་དེའོ། །དྲོད་སྨན་ནི་རིལ་འཇོང་གཉིས། གྲང་འགྱིངས་ཀྱི་ཚྭ་སྣ་བཞི་ནི། རྒྱམ་ཚྭ་ཐལ་ཚྭ། ཁ་རུ་ཚྭ་རྩབས་རུ་ཚྭ་རྣམས་སོ། །གཞན་སྦྱོར་སྡེ་ཕྱི་མ་རྒྱུད་དུ་གསལ་ལོ། །གསུམ་པ་ལེའུའི་མཚན་ནི། བདུད་རྩི་ཞེས་པ་ནས་བཞི་བཅུ་རྩ་གཅིག་པའོ། །ཞེས་པས་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུམ་བུ་གསུམ་པ་མན་ངག་རྒྱུད་ཀྱི་སྐབས་ལྔ་པ་དོན་སྣོད་གསོ་བའི་སྐབས་ཀྱི་དཀའ་བའི་གནད་ཀྱི་བརྗོད་བྱ་རྣམས་ལྷག་མ་མ་ལུས་པ་བསྟན་ཟིན་ནོ།།

        འདིར་སྨྲས་པ། གཞུང་གདམས་བྱེ་བའི་བཅུད་ཀྱིས་མ་ངོམས་པར། །ཕ་ཁོལ་མགྲིན་པར་བཟུང་བའི་རྐང་དྲུག་ཅན། །གངས་ཅན་འདབ་བརྒྱ་རྒོད་པའི་དགའ་ཚལ་དུ། །ལེགས་བཤད་དིར་དིར་སྒྲོག་འདི་སུ་ཞིག་ཡིན། །སྨན་བླ་གཉིས་པ་སྨན་པའི་མཆོག །ཡོན་ཏན་མགོན་པོའི་ཡོན་ཏན་གྱི། །བདུད་རྩི་སྙིང་པོ་བདུད་རྩི་སྟེར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང༌། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

 

མཐའ་མའི་འདོན་ཐེངས་།: 26.08.2011 ཉིན། 2:06 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།