སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་ཞེ་གཅིག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་ཞེ་གཅིག་པ། མི་བཟད་གཉན་ནད་སྐྲངས་པའི་གཉེན་པོ།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱཿཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །མི་བཟད་གཉན་ནད་སྐྲངས་པ་ལ། །གཅིག་ཐུབ་ནག་པོ་ཁོང་དུ་གཏང་། །དམིགས་བུ་མཐེབ་གོང་སྟོང་པར་བཞག །ཕྱིའི་ནན་གྱི་མན་ངག་ལ། །སྐྲད་རྙིང་ར་རུ་བསྲེགས་པའི་གཞོབ། །ཁྱི་སྤུ་ར་སྤུ་བསྲེགས་པའི་གཞོབ། །སོགས་པའི་མེ་ལོང་བསྲེགས་པའི་གཞོབ། །རོ་ཡི་སྐྲ་བསྲེགས་གཞོབ་དང་ནི། །ཤ་ཆེན་དང་ནི་སྟག་ཤ་བ། །ཆུ་རྩ་དང་ནི་ཐར་ནུ་དང་། །ས་མྱག་དང་ནི་ཁྱི་ལུད་རྣམས། །དྲི་ཆུས་ལུག་ཞོ་ཙམ་སྦྱར་ལ། །ལན་གཉིས་ལན་གསུམ་བྱུབ་པར་བྱ། །སྐྲངས་ནད་མ་ལུས་འཇོམས་པ་སྟེ། །མཆོག་ཏུ་ལྷོག་པ་དག་ལ་ཤིས། །ཁྱད་པར་ཅན་གྱི་མན་ངག་གོ །ཨི་ཐི། རྗེ་བཙུན་ས་སྐྱ་པའི་མང་ངག་གོ། འབྲས་ལ་སྔགས་འདི་བཏབ་པས་གཏིང་ནས་འཚོ་བར་འགྱུར། ཨོཾ་ཉི་མ་འཇར་དྷ་ཤ ཞེས་བཏབ་པས་མྱུར་དུ་འཚོའི། ཡང་ནས་ཡང་དུ་རྟགས་ཐོན་པ་ཡིན། ལྕགས་ཀྱི་ཕུར་པ་བརྒྱ་ཞིག  སིབ་སིབ་ནད་ལ་སིབ། གདུངས་གདུངས་ནད་ལ་གདུངས། ཁྲོཾ་ཁྲོཾ་ནད་ལ་ཁྲོཾ། ཟངས་ཀྱི་ཕུར་བ་བརྒྱ་ཞིག སིབ་སིབ་ནད་ལ་སིབ། གདུངས་གདུས་ནད་ལ་གདུངས། ཁྲཾ་ཁྲཾ་ནད་ལ་ཁྲོཾ། ཞེས་ལྕགས་ཕུར་སོར་བཞི་ཟངས་ཕུར་སོར་བཞི་པ་གཉིས་གངས་ཆུས་ངར་བཏབ་ལ། རྐང་པའི་དྲེག་གང་ན་བའི་སྟེང་ན་དྲིལ་ཞིང་སྔགས་བཟླས། ཏིང་ངེ་འཛིན་གྱི་གསོར་གྱིས་ཤིང་ལ་ཕིགས་པ་ལྟར་བསམ། སྔགས་འདི་འདེབས་པའི་བར་ལ་སྨྲ་བཅད་བྱ། དམ་ཚིག་ཏུ་འདེབས་པའི་བར་ལ་ཆང་དང་བུད་མེད་སྤང་། རྐང་པའི་དྲེག་ན་སྔགས་ཡང་ནས་ཡང་དུ་རྟགས་ཐོན་པ་ཡིན་གསུང་། ས་མཱ་པྟ་མི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 3:15 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།