སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བརྒྱད་ཅུ་པ། བྱང་ཁོག་སྨད་ཀྱི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བརྒྱད་ཅུ་པ། བྱང་ཁོག་སྨད་ཀྱི་རྨ་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གསུམ་པ་བྱང་ཁོག་སྨད་ཀྱི་རྨ་བཅོས་བསྟན་གྱིས་བཟུངས[ཟུངས]། །འདི་ལ་སྤྱི་དང་བྱེ་བྲག་གཉིས་སུ་ཡོད། །སྤྱི་ལ་བཅོས་ཐབས་རྣམ་པ་དགུ་ཡིན་ཏེ། །ཟས་ཀྱིས་ཟུངས་གསོ་དུགས་ཀྱིས་གཟེར་ལོག་གནོན། །ཆས་ཀྱིས་དྲོད་བསྐྱེད་འདྲེན་གྱིས་འགགས་པ་བསལ། །སྨན་གྱིས་དོན་སྣོད་ཚ་བ་བསད་པ་དང་། །ཁྲག་གིས་ངན་ཁྲག་རྩ་རུ་འདྲེན་པ་དང་། །བཤལ་གྱིས་མཁྲིས་ཚད་འོར་དུ་སྐྱུར་[བསྒྱུར་]བ་དང་། །མེ་ཡིས་བྲོས་ལམ་བསྡམ་ནས་སྦོས་པ་གཞིལ། །རྣག་ཁྲག་འབབ་པ་གསང་དུ་འདོན་དང་དགུ། །དང་པོ་ཟས་ཀྱིས་ལུས་ཟུངས་གསོ་བ་ནི། །སྨད་ཀྱི་གཙོ་བོ་སྣོད་ཀྱི་ཡུལ་ཡིན་པས། །ཟས་སྐོམ་འཕྲོད་ལེན་སྦྱོར་བ་འདི་ལ་གཅེས། །འབྲས་དང་ཡོས་ཐུག་ཉག་གིས་ཚོས་པ་ལ། །མར་སར་འོ་མ་སྒ་སྐྱ་སྦྱར་བ་འམ། །སྐོམ་ཤ་གསར་པའི་ཚག་ལ་སྒ་སྐྱ་བྲན། །བུངས་ཆུང་ཉུང་ངུན་[ངུ་]ཡང་མང་ལྟོར་[ལྟོ་]བར་བསྟེན། །བསྐོལ་གྲང་ཆུ་ཀྲོག་[གྲོག་]མི་མང་སྐོམ་དུ་བསྟེན། །ལྟོ་རུ་འོ་ཟན་བྱ་ཕོའི་སྒོང་ཙ་[ཙམ་]སྟེར། །ཟས་སྐོམ་མང་བས་སྐྱུག་དང་ཟུག་འོང་ངོ་། །རྨ་མི་འབྱོར་བས་སྦྱོང་རྗེས་ཅི་བཞིན་བཟོབ་[གཟོབ]། །དོན་ལ་ཟས་སྐོམ་གནོད་ཚད་སྤང་བ་ཡིན། །སྐོམ་ཤ་ཞོ་ཕྲུལ་[ཕྲུམ་]ཆུ་གྲོག་ཚོད་སྦྱར་བཏང༌། །དོན་སྣོད་གཉིས་ལ་བསིལ་དྲོད་ཐལ་དྲག་[དྲགས་]སྤང་། །གཉིས་པ་དུགས་ཀྱིས་གཟེར་མགོ་མནན་པ་ནི། །མཆིན་པ་རྟ་སྦངས་མཚེར་པ་བྱི་བའི་[སའི་]དུག[དུགས]། །མཁར་[མཁལ་]མ་སྦང་སྐམ་ཕོ་བ་ཟིན་[ཟན་]གྱི་དུག[དུགས]། །ལོང་རྩ་ཆུ་རྡོ་རྒྱུ་མ་རྗེ་པོའི་དུག[རྫ་བསྲེགས་དུགས]། །དྲོ་ལ་རྒྱ་ཆེ་ཡང་ཡང་བསྟེན་པ་ཡིན། །འཕྲལ་གྱི་ཟུག་ཆོག་[ཆོགས་]བདེ་བ་འོང་བ་ཡིན། །གསུམ་པ་ཆས་ཀྱིས་དྲོད་ལ་བཙའ་བ་ནི། །རྨ་སར་ཨ་པ་[ས་]བ་ཡིས་ལན་མ་ང་བདུག །དེ་ནས་མར་ཁུ་སྤོད་བྲན་རྔ་ཅི་[རྫིང་]བཅོས། །རྒྱ་ཆེར་བཏང་ལ་ཐེམ་མས་སྟེང་དུ་དྲིལ། །རྨ་ཁ་སྦང་རོས་དེ་སྟེང་མནན་པར་བྱ། །སྐམ་ཆས་རློན་དང་མི་འབྲལ་ཐབས་བྱའོ། །སྦང་མ་ལ་སོགས་དྲོད་འཇིབ་སྤང་བར་བྱ། །བཞི་པ་འདྲེན་གྱིས་འགགས་པ་བསལ་བ་ནི། །ནག་དབྱུང་རྦོས་[སྦོ་]ལྡིང་དྲི་ཆུ་བསྲིལ་[སྲི་]བ་ལ། །དུད་[དུར་]བྱིད་ལྕིམ་[ལྕུམ་]རྩ་མཁྲིས་རྣ་[སྣ་]བུལ་རོག་[ཏོག་]ཕབས། །དུད་པ་ཚ་[ཚྭ་]དང་བ་ཆུས་མས་འདྲེན་བཏང་། །སྨད་ཚད་དྲི་འགགས་ཁྲག་རོ་དེ་ཡིས་འདོན། །འཕྲལ་ལ་བདེ་ལ་ཡང་ཡང་བསྟུད་པ་ཡིན། །ལྔ་པ་སྨན་གྱིས་ཚ་བ་བསད་པ་ནི། །སྨད་ཀྱི་དོན་ལ་ཚ་བ་བཅག་པ་དང་། །རྩ་ཁ་བསྡམ་དང་ཆུ་སེར་སྐམ་པ་གཅེས། །དང་པོ་ཙནྡ་[ཙན་དན་]གྷྲི་[གི་]ཝང་བསིལ་གསུམ་དང་། །ཨུ་དཔལ་[ཨུཏྤལ་]དྲུག་གིས་དོན་ཚད་གཅིག་[གཅོག་]པ་ཡིན། །དོམ་མཁྲིས་ཤིང་མངར་ཨ་བས་རྩ་ཁ་སྐེམ[སྡོམ]། །བསེ་རུ་གོ་དོན་[དོར་]འགྲོན་ཐལ་བུལ་[ཕུར་]ཐལ་བཞི། །ཆུ་སེར་རྣག་ཁྲག་སྐེམ་པར་བྱེད་པ་ཡིན། །གཙོ་བོ་དེ་ལ་སྣ་ཁྲིད་ཁ་བསྒྱུར་ནི། །མཆིན་པ་ལ་ནི་བྲག་ཞུན་པྲི་ཡང་ཀུ། །ཏིག་ཏ་མཚལ་དཀར་གོང་ལ་བསྣན་ལ་བཏང༌། །མཆེར་པ་ལ་ཡང་གསར་[གསེར་]གྱི་མེ་ཏེག་[ཏོག་]དང༌། །ཨ་རུ་ར་དང་བྲག་ཞུན་པི་ལིང་བསྣན། །མཁལ་མ་ལ་ནི་སུག་སྨེ་[སྨེལ་]གླ་རྩི་དང་། །སྡིག་སྲིན་ལྕམ་པ་བསྣན་ནས་ཀ་ར་སྦྱར། །དེ་བཞིན་སྣོད་ལ་ཚ་བ་སེལ་བ་དང༌། །ཉམས་པ་གསོ་དང་དྲེད་[དྲོད་]བསྐྱེད་གལ་གྱུར་ཅེས[ཁ་བསྒྱུར་གཅེས]། །གྷྲིང་[གི་ཝང་]བསིལ་གསུམ་ཨུ་དཔལ་[ཨུཏྤལ་]སྣོད་ཚ་[ཚད་]སེལ། །དོམ་མཁྲིས་རྒུ་དྲུས་བཙོ་[བཙོད་]ཀྱིས་ཉམས་པ་གསོ། །སེ་འབྲུ་པི་པི་ལིང་གིས་མེ་དྲོད་བསྐྱེད། །ཕོ་བ་ཁ་བསྒྱུར་མ་ནུ་རུ་ཏ་[རྟ་]བསྣན། །རྒྱུ་མར་དུག་མོ་ཉུང་དང་སྙ་ལོ་བསྣན། །ལོང་ལ་ཁ་རུ་ཚ་དང་རུ་རྟ་བསྣན། །མཁྲིས་ལ་གསེར་གྱི་མེ་ཏོག་དུག་ཉུང་བསྣན། །ལྒང་པར་སྡིག་པ་སྲི་[སྲིན་]བུ་བསྣན་བྱས་ནས། །ཀ་ར་སྦྱར་ལ་འཇུ་དཀའ་ཆུ་དྲོན་དབུལ། །ཐུན་གྲངས་ཐུན་ཚད་ཚ་བའི་སྟོབས་དང་སྦྱར། །ཕོ་བས་མངའ་[མ་]འཆུན་ཚ་གསུམ་ཐལ་བ་དང་། །ཨ་རུ་ཀ་ར་སྦྱར་ལ་ལྟག་པ་སྤྲད། །དྲུག་པ་གཏར་གྱིས་ཁྲག་ངན་རྩར་འདྲེན་པ། །ཚ་བ་སྐྱེ་ཞིང་གཟེར་འཁྱུག་ཚ་འབྲབས་[འབྲབ་]བྱེད། །ལྟེ་བ་ཡས་བཅད་སྣོད་ཁ་རུ་ཐུང་གཏར། །[མན་ཆད་]རྩ་བོ་ཆེ་དང་ལོང་རྩ་གཏར། །མཁའ་[མཁལ་]མ་བྱིན་གཞུགས་[གཞུག་]ཕན་སྐྱེད་ཁྲག་མདག་[མདོག་]སྦྱར། །སྣོད་ལ་གཏར་བ་དྲག་[དྲགས་]ན་མེ་དྲོད་འཆོར། །བདུན་པ་བཤལ་གྱིས་མཁྲིས་ཚད་འོར་བསྐུར་[བསྒྱུར་]བ། །སྨན་གཏར་ཚ་བ་མི་ཆོག་[ཆག་]ཆུ་མདོག་སེར། །ལྡང་དུབ་མང་ལ་ཁ་ཁ་དང་ག་འགགས། །ལྕིམ་[ལྕུམ་]རྩ་དུར་བྱིད་ཨ་རུ་མཆུ་བསྙུང་[སྙུང་]ཐང༌། །འཇམ་པོས་སྣོད་ཚད་སྦྱར་[སྦྱང་]བ་གཅེས་པ་ཡིན། །བརྒྱད་པ་མེ་ཡིས་འབྲོས་གཞིལ་འཕྲང་བསྡམ་པ། །རྩ་ཆད་སྣོད་ཕུག་རྩ་ཁྲིད་གཟེར་སྦོས་ན། །དཔྱད་མཆོག་མེ་ལས་དྲག་པ་གང་ཡང་མེད། །རྩ་ཚད་[ཆད་]ས་[པ་]ལ་རྨ་ཁར་ལྔ་བདུན་གདབ། །སྣོད་ཕུག་འཚེབས་པ་མེད་ན་རྨ་ཁ་བསྲེག །འཚེབས་ན་མདེལ་ཕུད་[མདེའུ་ཕུགས་]རྨ་ཡི་སྟེང་ན་[དུ་]བསྲེག །རྩ་ཁྲིད་གང་གཟེར་གང་འཕྲིད་[ཁྲིད་]སྟེང་ན་[དུ་]བསྲེག །སྦོས་ལྡིང་གཟེར་ན་མདུན་རྒྱབ་རང་ན་རྨ་ཁ་བསྲེག །དགུ་པ་རྣག་ཁྲག་གསང་དུ་གདོན་པ་ནི། །གྱེན་ཐུར་དབྱེ་བའི་གསང་པར་[སར་]འདོན་དང་གསུམ། །མགོ་[ན་]ཁ་ཁ་དང་ཁ་མི་བདེ་ཞིང༌། །ཕོ་སྟོད་འཚིང་སྒྲེག་སྐྱུག་པ་སྙམ་དུ་ཡོད། །མ་ཞུའི་གནས་ན་གནས་ཏ་[ཏེ་]སྐྱུག་ཀྱིས་དྲངས། །གསེར་གྱི་ཕུད་བུ་དོང་ཁ་པི་པི་ལིང༌། །སོ་ཆའ་[ཆ་]སྤྱང་ཚེར་སྟས་[རྟས་]བསྒྱུར་ཁྲག་དུས་དང༌། །ཆུ་སེར་རྣག་གི་དུས་གསུམ་གྱེན་བསྒྱུར་བཏང་། །ཡང་ན་བསིལ་གསུམ་ནིམ་པ་ཉུངས་དཀར་དང༌། །འབྲི་ཏ་ས་འཛིན་ཕུར་མོང་ལོང་[ལོ་]བཙན་གྱི། །ཁུ་བར་བཏབས་[བཏབ་]བཏང་རྣག་ཏུ་ལྷུང་བ་སྐྱུག །གཉིས་པ་དྲི་ཆུ་བསྡམ་དང་རྒྱུ་ལོང་གཟེར། །ཚ་རུམ་ལྡང་དུབ་བྱེད་དང་རོ་སྨད་ལྗི[ལྕི]། །ཞུ་བའི་གནས་སུ་བབས་པ་བཤལ་གྱིས་སྦྱང༌། །དན་དྷ་[ད་]དོང་ཁ་སྔོན་བུ་ཨ་རུ་ར། །ཐར་ནུ་ལྕིམ་[ལྕུམ་]རྩ་བུལ་ཏོག་པི་པི་ལིང་། །ཁྲག་དུས་ཆུ་ལ་སེར་དུས་བ་ཆུ་དང་། །ཐ་མ་རྣག་གི་དུས་ན་སིངས་པོས་བསྒྱུར། །སྨད་དུ་རྣག་ཁྲག་ལྷུང་བ་སྦྱོང་བར་བྱེད། །གསུམ་པ་རྩ་ཆུ་ཚ་དང་ཁ་སྐམ་དང་ཁ་འགགས། །ལྡང་དུབ་བྱེད་ཅིང་དྲི་ཆུ་སྡོམ་པ་དང༌། །ཚ་བབས་ཆེ་ལ་རྩེ་[བརྩེ་]ཞིང་རེག་མི་བཟོད། །རྣག་ཡུལ་མཐོ་ལ་མེར་མེར་སྟོང་སྟོང་བྱེད། །གསང་དུ་གར་བབས་ས་དེར་ཕྱིན་ནས་འབུག[དབུག] །དབྱེ་དུས་རྣག་སྲ་[པྲ་]བརྟག་པ་ལས་[ལ་]སོགས་ནི། །བྱང་ཁོག་སྟོད་ཀྱི་བཅོས་དང་མཐུན་པ་ཡིན། །སྨད་ཀྱི་འཕྲུལ་གསང་བྱེ་བྲག་བཅོས་པ་ནི། །སྣོད་ཀྱི་ཕྱིར་བབས་འཕོང་དུ་མཛུ་གུས་བརྟགས། །འཕྲུལ་གསང་ན་ཞིང་མི་བཟོད་མེར་སར་དབུག །མཆིན་དྲི་དཀར་ནག་གཉིས་ལ་མཚོན་ཕོག་མགོ་ཚོད་ན། །དཀར་ལ་དང་པོ་ར་མཁྲིས་འོ་མ་བྱུག །གཏར་སྤང་ཚིགས་པ་བརྒྱད་དང་ལྷེན་སྣ་བསྲེག །ཕག་ཤ་སོལ་པ་བྱ་ཕོའི་མགོ་ཚོད་བྲུད[བླུད]། །རྔ་བྲན་ཤ་དང་མཛོ་ཡི་ཞོ་དར་བཏང༌། །སྒོ་སྤྲས་[སྒོང་སྤྲིས་]རྟ་ཁྲག་གོ་སྙོད་སྐམ་ནན་བྱ། །གཡེལ་[གཡེར་]མ་གོ་སྙོད་སྤོད་སྣ་དམར་པོ་གསུམ། །སྐམ་ནན་བྱས་ལ་བུ་[བུད་]མེད་གཡོག་བྱ་སྤང༌། །མཆིན་དྲི་ནག་ལ་མཁྲིས་སྦྱོར་ཁོང་དུ་བཏང༌། །རྩེ་ཆུང་ངར་གདོང་ལྟེ་འོག་རྩ་ལ་གཏར། །སྒྱིད་ཁུ་[ཁུང་]མེས་བསྲེག་འབྲས་ཐུག་ཡོས་ཐུག་བཏང༌། །སྤྱི་གཙུག་རྐང་མཐིལ་སྣུམ་གྱིས་བྱུག་པར་བྱ། །ཁ་ཟས་བསིལ་བསྟེན་དྲོད་ཀྱིང་[ཀྱང་]ཅུང་ཟད་སྤེལ། །མཆིན་པ་རུ་ཐུང་ལོང་རྩ་བཞི་ལ་གཏར། །ཚིགས་པ་བརྒྱད་དགུ་འཚོགས་[མཚོག་]དཀྱིལ་མཐེ་བོང་བསྲེག །གུར་གུམ་ཅུ་གོང་[གང་]བ་ཤ་ཀ་ཐང་བཏང་། །བྲག་ཞུན་སེལ་[སེ་]འབྲུ་མཚལ་དང་ཨ་རུ་ར། །ཀ་ར་སྦྱར་བཏང་མེ་ཏོག་བ་ལུ་དང་། །ཁྱི་ལྕེ་པྲི་ཡང་ཀུ་ཡི་ཁན་དྷ་[ཁཎྜ་]བཟང་། །ཁ་ཟས་སྤྱོད་ལམ་དྲོད་གྲང་སྙོམས་པ་གཅེས། །མཚེར་པ་ངར་གདོང་རུ་ཐུང་བཞི་ལ་གཏར། །གོ་སྙོད་སླེ་ཁྲེས་[ཏྲེས་]དུག་ཉུང་བསྡུས་ཐང་བཏང༌། །ཚིགས་པ་དགུ་པ་བཅུ་ཅིག[གཅིག་]བསྲེག་པར་བྱ། །འཕོངས་སུ་ལ་ཕུག་ཚྭ་སྦྱར་རེ་[རེང་]བུ་བཅུག །སྒོག་སྐྱ་མར་དཀར་བསྡུས་ཁུ་ཙི་ཏྲ་ཁ།གོ་སྙོད་ལྡུམ་བུ་རྣམ་གསུམ་བཏབ་ལ་བཏང༌། །སྤང་སྐྱེས་བྲག་སྐྱེས་ཐང་སྐྱེས་གསུམ་ཡིན་ནོ། །ཁ་ཟས་དྲོད་བྱས་སྐབས་སུ་ལོ་མར་བྱུག །དེ་ལ་བཅོས་བསྐྱེད་ཆུང་ན་བཤལ་འཇམ་བཏང་། །མཁལ་རྩ་བཅུ་བཞི་པ་དང་རྩ་ནག་བསྲེག །ཡོབ་གོང་རྩ་དང་བྱིན་གཞུག་བཞི་ལ་གཏར། །ཁ་ཟས་དྲོད་ལ་ཁོང་སྨན་བསིལ་བུར་བསྟོན[བསྟེན]། །ཆུ་བསྡམ་རྒྱ་ཚ་གླ་རྩི་སྡིག་སྲིན་དང་། །ཉི་དགའ་འོ་མ་སྦྱར་ལ་བཏང་བར་བྱ། །རྟ་ཤ་སྐམ་པོ་ཆང་བཅོས་མཁལ་མ་བདུག །མཁལ་ཚིལ་ཞུ་ན་གུར་གུམ་བདུན་པ་བཏང་། །ག་པུར་རྨར་གཞུག་བསིལ་བའི་ནན་གྱིས་མནན། །རྣག་ཞུགས་ཞོ་ཤ་གསུམ་གྱི་སྨན་མར་བཏང་། །ཕོ་བར་ཕོག་[ཕོ་]གསང་དབུས་དང་བཅུ་གཉིས་བསྲེག །སྐྱུག་ན་འབྲས་ཁུར་འབྲས་ཡོས་སུ་[པུ་]ཤེལ་ཙེ། །སྦྲང་རྩི་སྦྱར་བཏང་སེལ་[སེ་]འབྲུ་ཨ་རུ་ར། །མར་དཀར་ཀ་ར་སྦྲང་རྩིའི་ཏིང་ཁྲོལ་དང་། །ཚ་བ་སྐྱེས་ན་རུ་ཐུང་གཡས་གཡོན་གཏར། །གསོ་བ་དཀའ་ན་དོང་ཀའི་འཇམ་བཤལ་བཏང་། །ཕོ་ཐེར་རལ་ན་རྟ་རྐྱང་རྒྱུས་པས་བཙེམ། །ཤ་བུ་[འུ་]བསྐྱེད་སྨན་བཏབ་ལ་དར་གྱིས་བཅིང་། །དེ་སྟེང་ཕྱིང་པ་མར་བཙོས་གླན་ལ་དསྐྲི[དཀྲི]། །ལྟོ་ཚིལ་ལུག་ན་འཆག་མཚམས་བཅད་ནས་དྲུབ། །མ་ཚུད་མཚམས་སུ་རྟ་རྔ་དར་སྐུད་བཅིང༌། །རྒྱ་ཚ་བཏབ་ན་ཚིལ་ཞུ་ཆུ་ཚོད་མཆི། །ཚུད་ནས་རྨ་ཆས་གོང་མ་བཞིན་དུ་བྱ། །རླུང་རྩ་བྲག་ན་སྒྲིམ་སྦོས་མིག་དམར་སེར། །སྦྲུལ་མིག་བཅད་འཁྲུ་སྦོས་སྤེལ་ཅིང་འོང་། །ཟངས་ཚགས་གཅད་ནས་[བཅད་ན་]རྒྱུ་སྨད་སྤོས་[སྦོས་]པ་ཡིན། །དེ་གསུམ་གང་ཡང་མི་འཚོ་འཚི་[འཆི་]བ་ཡིན། །ཚ་བ་སྐྱེས་ན་ཐང་ཕྱེ་གཏང་[གཏར་]ཕྲན་བྱ། །མཁྲིས་པ་དོམ་མཁྲིས་འོ་མ་སྦྱར་ལ་བཏང༌། །ཚིགས་པ་དགུ་བསྲེག་གཤའ་རིང་[རིངས་]རུ་ཐུང་གཏར། །ཏིག་ཏ་དོམ་མཁྲིས་གསེར་གྱི་མེ་ཏོག་དང༌། །རུ་རྟ་ཧཱུཾང་[ཧོང་]ལེན་རྩ་འཁྲིས་[མཁྲིས་]བོང་ང་དཀར། །སྐྱེར་ཤུན་ཀ་ར་སྦྱར་བའི་ཕྱེ་མ་བཏང༌། །ལོང་ལ་ཚིགས་པ་བཅུ་དྲུག་མེ་ཡིས་བསྲེག །སྲིན་ལ་ཤིང་ཀུན་གླ་རྩི་བྱི་ཏང་ཀ །ལང་ཏང་ཙེ་དང་འབུར་སྐོགས་[འབུ་སྐྱོགས་]མེ་[མ་]རུ་རྩེ། །སྒོག་སྐྱ་འོ་མ་བུ་རམ་བཏབ་ལ་བླུད། །ཚ་སྐྱེས་ལོ་[ལོང་]རྩ་གཉིས་གཏར་བསིལ་ཡང་བསྟེན། །དོང་ག་སྔོན་བུ་ཁྲོན་བུ་ལྕིམ་[ལྕུམ་]རྩ་དང་། །སྒྲོན་ཤིང་སྐྱེར་ཤུན་ཨ་རུ་བ་རུ་ལྒ། །བུ་རམ་བསྡུས་པའི་འཇམ་བཤལ་བཏབ་པར་བྱ། །རྒྱུ་མར་དོམ་མཁྲིས་འོ་མར་སྦྱར་བལ་[སྦྱངས་ལ་]བཏང༌། །ཚ་བ་སྐྱེས་ན་རྒྱུ་མའི་ཁོང་རྩ་གཏར། །རྒྱུ་མ་ལུག་ན་ཆུ་དྲོན་ཆང་གིས་བཀྲུ། །ལག་[ལྟོ་]ཚིལ་དྲོད་ཀྱིས་བསྲོས་ནས་ནང་དུ་བཅུག །གདོང་ལ་ཆུ་བཏབ་བསྔངས་པས་ནང་དུ་འགྲོ། །ཡང་ན་ཁ་ནས་སྐྱུགས་དྲངས་སྐྱུགས་པས་འགྲོ། །དར་དམར་སྐུད་པས་རྨ་ཁ་སྦལ་འགྲོས་དྲུབ། །རྨ་སར་དར་དམར་ཕྱིང་པའི་འཇག་གིས་དཀྲི། །དེ་ནས་གོས་ཁུད་བཅུག་ནས་དལ་བུར་གཉེར། །དེ་ཡིས་རྒྱུ་མ་རང་སར་འདྲོང་སྟེ་འཚོ་བར་ངེས། །འཆུས་སམ་འཁྲིལ་ན་མི་འཚོ་འཆི་བར་ངེས། །དེ་ནས་ཞག་བདུན་བར་དུ་གན་རྐྱལ་ཉལ། །རྩ་ཆུ་དོང་ཁུང་བྱས་ནས་བཏང་བ་ཡིན། །ཟས་སྐོམ་ནུར་ཐུག་ཉུང་ཤས་འཇམ་པས་བཅོས། །གཉིས་པ་ལོང་ཁ་བཅོས་ལུགས་གཅིག་གིས་ཆོག །ལྒང་པའི་ཚིགས་པ་བཅོ་བརྒྱད་བསྲེག་པར་བྱ། །ཆུ་སྲི་རྒྱ་ཚ་ལས་[ལ་]སོགས་ཆུ་སྨན་སྦྱར། །ཚ་བ་སྐྱེས་ན་ལོང་རྩ་གཏར་བར་བྱ། །གཞན་[གཞང་]གི་རྨ་ལ་ཚིགས་པ་བཅུ་དགུ་བསྲེག །སྨོན་[སྦོས་]ན་དུགས་བྱ་ཚ་བབས་བྱེད་ན་གཏར། །དྲི་མ་འབྱུང་དཀའ་རིང་[རེང་]བུ་ནི་རུས་བསླུ[བསུ]། །བསམ་སེམས་[སེ་]རྩ་རྣམས་རྩ་ཁ་བྱེ་ཙམ་གཏར། །འཕོང་དང་རྐང་མཐིལ་སྤྱི་གཙུག་དྲོད་ཀྱིས་བདུག །ཚིག་[ཚིགས་]པ་བཅུ་གསུམ་པ་དེ་མེ་ཡིས་བསྲེག །དང་པོ་བསིལ་ལ་ཐ་མ་དྲོད་དུ་བཅོས། །གསུམ་པ་བྱང་ཁོག་སྟོད་སྨད་རྨ་བཅོས་ཀྱི། །ཐ་མ་ལོག་ནོན་རྨ་ཡི་རྗེས་གཅོད་ནི། །འབྱམས་པའི་རྒྱུ་དང་འབྱམས་རྟགས་འབྱམས་གཅོད་གསུམ། །དང་པོ་ཚ་འབྱམས་བཞི་དང་གྲང་འབྱམས་གཉིས། །ཚ་འབྱམས་དོན་རྨ་ཟས་ཀྱི་སྒོར་[ཟ་རྐོང་]སོང་[བ་]དང་། །རྩ་ཁ་འབུས་དང་རུས་ཆག་ཐེམ་ཁ་འཐོབ[མཐོས]། །གྲང་འབྱོམ་[འབྱམས་]ཁ་ཟས་སྨན་གྱིས་བསིལ་སྦྱོང་[སྦྱོར་]ཐལ། །དེ་དྲུག་རྒྱུ་ཡིས་རྣག་འཇམས་[འབྱམས་]འཆད་[ཆད་]མི་འགྱུར། །གཉིས་[པ་]འབྱམས་རྟག་[རྟགས་]དོན་རྨ་ཟས་སྒོང་[ཟ་རྐོང་]སོང་བ་དང་། །དངས་[དང་]ཁ་མི་བདེ་ཤ་མདོག་སྔོ་ལ་སྐམ། །སྟོད་གཟེར་རྩ་ཆུའི་ཚ་བ་ཤིན་ཏུ་ཆེ། །རྣག་མདོག་དམར་རྩ་སྐབས་སུ་ཤེ་རུལ་ཅན། །དེ་ནི་དོན་གྱི་རྨ་ལ་འཛག་པ་ཡིན། །རྣག་ཤ་དྲི་ཆེ་ཁུ་རྩིག་ཅན་དུ་འཛག །མིག་སྤྲིན་སེར་ལ་དང་ཁ་སྐྱེ་འབྲི་བྱེད། །དབྱུང་འཕྱིས་ཁྲུས་ཞན་རྣག་ཤ་མ་ཐོན་པའོ། །རྩ་ཁ་ཤོར་ན་རྣག་གསེབ་ཁྲག་འབྲུམ་འོང་། །ཤེད་ཆུང་རྣག་ལ་སྐྱེ་འབྲི་བྱེད་པ་ཡིན། །ཐེམ་ཁ་མཐོས་པ་ཁྲུས་ཆུ་ལྷག་མ་ལུས། །བསིལ་སྦྱོར་ཐལ་བ་རྩ་དར་[དལ་]ཆུ་མདོག་སྔོ། །ཤེད་ཆུང་ཕོ་མཆིན་མི་བདེ་སྦོས་འཁྲོག་བྱེད། །རྣག་མདོག་སྔོན་[སྔོ་]སླ་དྲི་དང་རླངས་པ་ཆུད་[ཆུང་]། །ཁ་ཟས་དམན་པ་རྩ་སྟོང་དང་ཁ་བདེ། །རྣག་མདོག་སླ་ལ་ལུས་ཤེད་ཆུང་བའོ། །བཅད་ཐབས་དོན་རྨ་ཟས་སྒོར་[ཟ་རྐོང་]སོང་བ་ལ། །ཁ་ཟས་དྲོད་སྤང་བསིལ་ལ་ཡང་བ་བརྟེན[བསྟེན]། །ལི་ཁྲི་ཨ་བ་རྒུ་དྲུས་ཕུག་རོན་རྐང༌། །དོམ་མཁྲིས་རྨ་ནང་ཆུ་ཡིས་བཀྲུ་བར་བྱ། །རྩ་བྲན་གཏར་ལ་ག་པུར་རྩ་ལྔ་བསྟེན། །ཝ་ཡི་གློ་ཚོད་བསྟན་[བསྟེན་]ལ་རེ་བུ་[རེའུ་]ནུ་འཐུང་གི། །གློ་བ་རྟ་བོན་འོ་མས་བརྒྱང་བ་བཟའ། །རྩ་རྒྱུས་འབྲུས་[འབུས་]ན་འབྲས་བུའི་རྒྱུན་སྦྱོང་བྱ། །མཁྲིས་སྣ་ཁོང་བཏང་ཆུ་ཡིས་རྨ་བཀྲུའོ། །གང་ཉེའི་རྩ་གཏར་རྩ་འཕྲང་མེ་ཡིས་བསྡམ། །ཁ་ཟས་བསིལ་བསྟེན་དྲག་ཤུལ་སྤྱོད་ལམ་སྤངས། །རུལ་ཆགས་ཚ་ལ་བུལ་ཏོག་རུ་རྟ་དང་། །ཨ་རུ་བྱིས་སྦའི་[པའི་]ཆུ་ཡིས་རྨ་ནང་བཀྲུ། །ཕག་པའི་ཟེར་[ཟེ་]བའི་ཡེལ་འུས[ཡེའུས་]རུས་[རུལ་]ཆགས་བྲུད[བྲུད]། །དེ་ནས་ག་པུར་དོམ་མཁྲིས་ཆུ་ཡིས་བཀྲུ། །མུ་ཟིའི་སྨན་མར་ར་[རྭ་]སྣའི་ཕྱེ་མ་སྦྱར། །ཐེམ་ཁ་འབྱམ་ཕྱིང་ཞག་གསུམ་རྨ་ཁ་བསྐྱིལ། །རྩིབ་མའི་གོ་བར་འོག་མ་ཕུག་ལ་དྲངས། །བསིལ་སྦྱོར་ཐལ་བ་སིལ་[སེ་]འབྲུས་མེ་དྲོད་གསོ། །ལུག་ཤ་གོང་སྲེག་ཤ་དང་གསེར་[གསར་]འཇམ་བཏང༌། །ཚ་[ཚྭ་]སྣ་འཚོག་[འཚོགས་]ཚད་འོ་མ་ཁན་དྷ་[ཁཎྜ་]ལ། །མར་སར་མངར་གསུམ་སྦྱར་བའི་ཏིང་ཁྲོལ་བཏང༌། །ཁ་ཟས་སྨན་ལ་རྟ་བོང་ཕྱི་བའི་ཤ །མི་ཤ་མར་དང་བུར་[བུ་]རམ་གར་ཆང་བཏང༌། །རྩ་བ་ལྔ་ཡི་སྨན་མར་རྒྱུན་དུ་བསྟེན། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་བྱང་ཁོག་སྨད་ཀྱི་རྨ་གསོ་བའི་ལེའུ་སྟེ་བརྒྱད་ཅུ་པོའོ།། །།


 

མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:56 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།