སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཞི་བཅུ་པ། རྒྱུ་མའི་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་བཞི་བཅུ་པ། རྒྱུ་མའི་ནད་གསོ་བ

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །སྟོན་ལམ་བཞིན་གྱི་རྒྱུ་ནད་བཅོས་ཐབས་བསྟེན་[བསྟན]། །རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས་ཐབས་བཞི། །རྒྱུ་ནི་ཟས་དང་སྤྱོད་ལམ་མ་འཕྲོད་པས། །འདུ་བ་འཁྲུགས་ཏེ་རྒྱུ་མར་བབས་པའོ། །གཉིས་པ་དབྱེ་བ་རྒྱུ་འཁྲོལ་རྒྱུ་འཁྲིལ་དང་། །རྒྱུ་ནི་འགྱིང་རྒྱུ་འགགས་རྒྱུ་གཟེར་ལྔ་ཡིན་ཏེ། །གསུམ་པ་རྒྱུ་འཁྲོལ་རྒྱུ་མར་རླུང་ཞུགས་སླུ་[བླུག་]བླུག་གཟེར། །སྐབས་སུ་འཁྲོལ་ཞིང་ཆུ་རུ་འཁྲུ་བ་ཡིན། །རྒྱུ་འཁྲིལ་རྒྱུ་མ་རླུང་གིས་བཅུད་[གཅུས་]པ་ཡིས། །འོག་རླུང་མི་ཐོན་འཁྲིལ་ཞིང་ལྡང་དུབ་བྱེད། །རྒྱུ་འགྱིང་རྒྱུ་མར་བད་ཀན་བེལ་སྣབས་རྒྱས། །རྒྱུ་མ་ལྕི་ལ་ནད་[ན་]འགྱུང་དྲི་མ་འགྱིང༌།སྐབས་སུ་ན་ཞིང་བད་ཀན་བེ་སྣབས་འཁྲུ། །རྒྱུ་འགགས་ཁྲག་དང་མཁྲིས་པས་རྒྱུ་མ་འགགས། །ཚ་འདྲིལ་གཟེར་ཞིང་དྲི་མ་ཤ་རྟོགས་[རིལ་]འདྲ། །རྒྱུ་མ་གཟེར་ཅིང་ཐུར་དུ་བཤལ་བ་ཡིན། །བཞི་པ་བཅོས་ཐབས་དང་པོ་རྒྱུ་འཁྲོལ་ལ། །ཅག་ཚད་[ཙག་ཆོད་]ཞུན་མར་དངས་མ་འཐུང་བ་ཡིན། །ཚ་བ་གསུམ་དང་རྒྱམ་ཚ་ལྕེ་མྱང་ཚ། །ཁ་རུ་ཚ་དང་བུར་དཀར་ཆུ་བསྐོལ་དབུལ། །ཚ་[ཚྭ་]འམ་གྱོ་མོ་བསྲོས་ནས་རྒྱུ་མ་བདུག །རྒྱུ་འཁྲིལ་ལ་ནི་ཤིང་ཀུན་ཁ་རུ་ཚ། །རྒྱམ་ཚ་ཚ་བ་གསུམ་དང་བུ་རམ་སྦྱར། །ཆང་བསྐོལ་ཕུལ་བཏང་ཚ་[ཚྭ་]བསྲོས་དུགས་ཀྱིས་བདུག །འཇམ་རྩི་བཏང་ཞིང་མདུན་རྒྱབ་གསང་དུ་བསྲེག །རྒྱུ་འགྱིང་ཚ་བ་ལྔ་དང་ཚྭ་སྣ་སྦྱར། །ལྕིམ་[ལྕུམ་]རྩ་རྒྱ་རུ་རྒྱམ་ཚ་པི་པི་ལིང་། །དེའི་བཤལ་བཏང་རྒྱུ་འགགས་ནི་ཧུ་[རུ་]ཧ་ཡིས་གྲངས་[དྲངས]། །རྒྱུ་གཟེར་འཁྲུ་བ་མཁྲིས་ཕྱེ་བདུན་པས་བཅད། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་རྒྱུ་མ་[མིའི་](ནད་)བཅོས་པའི་ལེའུ་སྟེ་བཞི་བཅུ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:22 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།