སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བཞི་བཅུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བཞི་བཅུ་པ། གཉན་ནད་ཀྱི་ཁཎྜའི་སྦྱོར་བ།

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཱ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །གཉན་ནད་ལ་ཁཎྜའི་སྦྱོར་བ་ཞེས་བྱ་བ་འདི་ལ། རྒྱལ་པོ་མདངས་དང་མ་བྲལ་བ། ཞེས་བྱ་སྟེ། ཆུ་རྩ་ནུས་པ་ཆེ་དུས་སུ་བརྐོས་པའི་རློན་པ་ཆང་ལ་བཙོས་པའི་ཁཎྜ་རུ་བསྡུ། བཙུན་མོ་ནུ་དང་མ་བྲལ་བ་ཞེས་བྱ་སྟེ། ཐར་ནུ་ནུས་པ་ཆེ་དུས་སུ་བརྐོས་པའི་རློན་པ་འོ་མ་ལ་ཁཎྜར་བསྡུས་ལ། དེ་གཉིས་གཅིག་ཏུ་བསྲེས་ལ་ལེགས་པར་དཀྲུགས། དེ་ཉི་མ་ལ་བསྐམས་ལ་རློན་པ་གྲོད་པར་བླུགས་ལ་ཐོག་ལ་གདགས། ལོ་དུས་ལོན་པ་བཞིན་དུ་ནུས་པ་ཆེ་རུ་འགྲོ་འོ། །དེ་ནས་རིལ་མ་ཙམ་རེ་གཏང་བས་བཤལ་སྐྱུག་གཉིས་ཀ་འབྱུང་སྟེ། ནུས་པ་དཔག་ཏུ་མེད་པ་འབྱུང་སྟེ་ཚད་མེད་དོ། །གྲེ་བའི་ཐོར་པ་ལ་དབྱི་མོའི་མྱུ་གུའི་ལོ་མ་གྲིབ་མ་ལ་བསྐམས་ཏེ། སྦུ་གུས་བུད་དོ། །དེས་ཞི་བར་འགྱུར་རོ། །ཁྱད་པར་ཕུལ་དུ་ཕྱིན་པའི་གདམས་ངག་གོ། ས་མཱ་པྟ་མཱིཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 3:13 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སློབ་དཔོན་རྟ་དབྱངས་ཀྱི་རྣམ་ཐར།

སྤྱི་ཁྱབ་འགན་འཛིན་མཆོག་གི་གསུང་བཤད།

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་མཛད་སྒོ་སྲུང་བརྩི།

ཞབས་ལོ་ ༣༠ དང་ ༢༠ ལོན་པ་ཁག་གི་ངོ་སྤྲོད།

དྷ་སའི་ཁུལ་དུ་སྐམ་ཁབ་ཀྱི་དཔྱད་བཅོས་ཞབས་འདེགས།

བོད་ཀྱི་གསོ་བ་རིག་པའི་རྩུབ་དཔྱད་མེ་བཙའི་གསང་གནས་དང་ཕན་ཡོན།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།