སྨན་རྩིས་དྲ་བ། - ཐུགས་འབུམ་མཁའ་སྔོན།

ལེའུ་བཞི་པ། ངོས་འཛིན་རྟགས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 17.01.2023
ཐུགས་འབུམ་མཁའ་སྔོན། >>


ལེའུ་བཞི་པ། ངོས་འཛིན་རྟགས།

དེ་ནས་ཡང་དཔྱད་བུའི་(བུས)གསོལ་པ། རྣམ་པ་ཀུན་མཁྱེན་སྨན་བླ་གཤེན་རབ་མཆོགགསོ་རིག་བལྟ་རིག་(རེག) དྲི་བ་ཅི་ལྟར་བྱ། ཞུས་པས། གཤེན་རབ་མི་བོའི་བཀའ་ལས། ཉོན་ཅིག་དཔྱད་བུ་ལ་སོགས་འཁོར་རྣམས་ཉོན། །ནད་ལ་བལྟ་རེག་དྲི་བས་ཡོངས་ཤེས་བྱ། །མིག་གིས་བལྟ་བ་ལྕེ་དང་ཆུ་ལ་བརྟགས། །བརྟག་པ་འདི་ནི་མཐོང་བ་ཡུལ་རིག་ཡིན། །སོར་མོས་རེག་པ་བརྡ་སྦྱོར་འཕྲིན་པ་རྩ། །བརྟགས་པ་འདི་ནི་དཔྱད་པ་ཡུལ་རིག་ཡིན། །ངག་གི་དྲི་བ་སློང་རྐྱེན་ན་ལུགས་ཟས། །བརྟག་པ་འདི་ནི་ཐོས་པ་སྒྲ་རིག་ཡིན། །རླུང་གི་ལྕེ་ནི་དམར་ཞིང་སྐམ་ལ་རྩུབ། །མཁྲིས་ལྕེ་བད་ཀན་སྐྱ་སེར་མཐུག་པོས་གཡོགས། །བད་ཀན་སྐྱ་གླེག་མདངས་མེད་འཇམ་ལ་རློན། །རླུང་གི་ཆུ་ནི་ཆུ་འདྲ་ལྦུ་བ་ཆེ། །མཁྲིས་ཆུ་དམར་སེར་རླངས་ཆེ་དྲི་མ་དུགས། །བད་ཀན་ཆུ་ནི་དཀར་ལ་དྲི་རླངས་ཆུང༌། །རླུང་གི་རྩ་ནི་རྐྱལ་སྟོང་སྐབས་སུ་སྡོད། །མཁྲིས་པའི་རྩ་ནི་མགྱོགས་རྒྱས་གྲིམས་ལ་འཕར། །བད་ཀན་རྩ་ནི་བྱིང་གུད་དལ་བའོ། །ངག་གི་དྲི་བ་སོ་སོར་བརྟགས་པ་ནི། །རླུང་ནི་ཡང་ལ་རྩུབ་པའི་ཟས་སྤྱོད་ཀྱི། །རྐྱེན་གྱིས་གཡལ་འདར་བྱ་རྨང་(རྨྱང)གྲང་ཤུམ་བྱེད། །དཔྱིད་དང་རྐེད་པ་རུས་ཚིག(ཚིགས)མ་ལུས་ན། །གཟེར་བ་ངེས་མེད་འཕོ་ཞིང་སྟོང་སྐྱུག་བྱེད། །དབང་པོ་མི་གསལ་ཤེས་པ་འཚུབས་པ་དང་། །བཀྲེས་དུས་ན་ཞིང་སྣུམ་བཅུད་ཕན་པར་ངེས། །མཁྲིས་པ་རྣོ་ཞིང་ཚ་བའི་ཟས་དང་སྤྱོད་ལམ་གྱིས། །ཁ་ཁ་མགོ་ན་ཤ་དྲོད་ཚ་བ་དང་། །སྟོད་གཟེར་ཞུ་རྗེས་ན་ཞིང་བསིལ་བ་ཕན། །ལྕི་ལ་སྣུམ་པའི་ཟས་དང་སྤྱོད་ལམ་གྱིས། །དང་ག་མི་བདེ་ཁ་ཟས་འཇུ་བ་དཀའ། །སྐྱུག་ཅིང་ཁ་མངལ་ཕོ་བ་འཚིང་ལ་སྒྲེགས། །ལུས་སེམས་ལྕི་ལ་ཕྱི་ནང་གཉིས་ཀ་གྲང༌། །ཟོས་རྗེས་མི་བདེ་ཟས་སྤྱོད་དྲོ་ན་འཕྲོད། །དེ་ལྟར་བརྟག་ཐབས་སུམ་ཅུ་རྩ་བརྒྱད་ཀྱིས། །ནད་ཀུན་འཁྲུལ་མེད་ངེས་པར་གཏན་ལ་འབེབས། །ཞེས་གསུངས་སོ། །

གསོ་རིག་ཐུགས་འབུམ་མཁའ་སྔོན་ལས་ངོས་འཛིན་རྟགས་ཀྱི་ལེའུ་སྟེ་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 17.01.2023 ཉིན། 2:41 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།