སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་བཅུ་བཞི་པ། ལས་ལྔའི་སྔོན་འགྲོ་སྣུམ་འཆོས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 05.08.2023
སྨན་འབུམ་དཀར་པོ། >>



ལེའུ་བཅུ་བཞི་པ། ལས་ལྔའི་སྔོན་འགྲོ་སྣུམ་འཆོས་བསྟན་པ།

དེ་ནས་གསོའ་(གསོ་)བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིོས། རིན་པོ་ཆེ་གསེར་གྱི་མེ་ཏོག་དང་། གཡུ་ཡི་གནམ་ཞལ་བདུད་རྩིས་བཀང་བ་ཞིག་ཕུལ་ནས་ཞུས་སོ།། ཀྱེེའ་(ཀྱེེ་)འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། གསོའ་(གསོ་)བྱེད་སྨན་ལ་གཉིས་སུ་གསུངས་ལགས་ན།། གཉིས་པ་བཤལ་སྐྱུག་སྒོ་རུ་འདོན་གསུངས་པ།། གང་ལྟར་ལེགས་པ་ངེས་པར་བཤད་དུ་གསོལ།། དེ་ལ་སྟོན་པས་བཀའ་སྕལ་(བསྩལ་)པ། དཔྱད་བུ་ལ་སོགས་གསོའ་(གསོ་)བ་རིག་པ་ཡི།། དངོས་གཞི་ལས་སྨན་སྦྱོང་གི་མདོ་སྡེ་སྟོན།། དེ་ལྟར་གནས་སུ་གསོད་པ་སྨན་གྱི་སྡེ་བཤད་ན།། གཉིས་པ་སྦྱོང་བར་བྱེད་པ་འདི་ལ་དོན་ལྔ་སྟེ།། སྔོན་འགྲོ་སྨད་སྦྱོང་སྟོད་འདྲེན་འཇམ་རྩི་དང་།། སྨད་སུན་ལས་ལྔ་ཀུན་གྱི་སྔོན་དུ་འགྲོ་བ་ནི།། སྣུམ་ཆོས་(འཆོས་)རུང་དང་མི་རུང་བཏང་ཐབས་ལེགས་ཉེས་དང་།། དེ་ཡི་ལོག་ནོན་ལ་སོགས་དྲུག་ཡིན་ཏེ།། དང་པོ་སྣུམ་ཆོས་(འཆོས་)རུང་དང་མི་རུང་གཉིས་ཡིན་ཏེ།། དང་པོ་སྦོས་སྒྲེག་སྟོབས་ཆུང་སེམས་ལས་ཆེ།། ཁོང་སྐྱ་ཁྲག་ཟད་ཁོག་རྩུབ་ཁུ་བ་འཛད།། རླུང་ནད་མིག་འགྲིབ་སྦྱང་པ་དགོས་ལ་བཏང་།། མི་རུང་ཕོ་བ་མེ་དྲོད་ཆུང་བ་དང་།། མ་ཞུ་སྦོས་དང་དྲེག་གྲུམ་ཡི་ག་འཆུས།། དབྱིག་དུག་བད་ཀན་སྐྱུག་ནད་སྐོམ་དད་ཆེ།། དེ་རྣམས་ལ་ཡང་མི་རུང་སྤང་བར་བྱ།། གཉིས་པ་བསྟན་ཐབ་(བསྟེན་ཐབས་)སྤྱི་དང་བྱེ་བྲག་གཉིས་ཡིན་ཏེ།། དང་པོ་འབྲུ་མར་ཞུན་མར་ཚིལ་ཞག་གིས།། ལུས་དང་མགོར་བཀུས་(བསྐུ་)འཇམ་རྩི་ཁོང་དུ་བཏང་།། རྣ་བ་མིག་དང་མཁུར་བ་སྣ་ནས་བཏང་།། ཅི་ལྟར་འཚམས་པ་བཞིན་དུ་ནད་དང་སྦྱར།། བཟའ་བའི་ཐུན་ཚད་ཕོ་བས་ཐུལ་(ཐུབ་)ཚོད་བསྟན(བསྟེན)།། ཆུང་ནས་འབྲིང་བ་ཆེ་བར་ཐུན་བསྐྱེད་གཏོང་།། རྟག་ཏུ་ཤ་ཆང་ལ་སོགས་ཟས་ཟོས་པ།། སྣུམ་ཆོས་(འཆོས་)བོག་སྐྱེར་(བོགས་སྐྱེད་)ཆུང་ནས་མི་ཐེབ་(ཐེབས་)པས།། སྔོན་དུ་རྩུབ་ཆོས་(འཆོས་)བྱས་ལ་དེ་རྗེས་བསྟན(བསྟེན)།། ལྟོ་བར་བཅུད་ཆུང་ཁོང་རྩུབ་སྔོན་ལ་གཏོང་།། སྣུམ་རིགས་ཀུན་གྱི་འཇུ་རྩི་ཆུ་ཚན་ཡིན།། རྗེན་ཟན་སྔོ་རྔད་(ངད་)སྐྱུར་རུལ་སྤང་བར་བྱ།། དྲོད་ལྡན་ཡང་ཞིང་འཇུ་སླ་ཉུང་ཉུང་བསྟན(བསྟེན)།། འཁྲིག་ཆག་(ཆགས་)དྲག་ཤུལ་མྱ་ངན་སྨྲ་བརྗོད་དང་།། ཉིན་པར་གཉིད་ལོག་ཆུང་(ཆུ་)རླུང་རྟ་འགྲོས་དང་།། དུད་པ་ལ་སོག་(སོགས་)ཁམས་འཁྲུག་ལས་ཀུན་སྤང་།། ཞི་བྱེད་སྣུམ་དང་ཁྱད་པར་སྨན་ལ་སོགས།། ལྟོ་སྟོང་ཟས་དང་མ་སྦྲག་སྦྲགས་རྐྱང་པར་བཏང་།། ཕོ་བའི་དྲོད་བསྐྱེད་ཚེ་རིང་དྲན་པ་གསལ།། ཤེས་རབ་འཕེལ་འདོད་ཞུན་མར་བསྟན་(བསྟེན་)པར་བྱ།། རླུང་འཕེལ་ལྟོ་སྲ་མཁྲང་འདོད་འབྲི་མར་ཕན།། བུ་བཙས་རྗེས་དང་དྲོད་སྐྱེས་རྩོལ་བས་དུབ།། ཟུང་(ཟུངས་)ཟད་རྩ་སྦུབས་འགག་ལ་རྐང་ཞག་ཕན།། རྨ་དང་མེས་ཚིག་རུས་ཚིག་(ཚིགས་)ན་བ་དང་།། ལྟོ་བ་མངལ་ནད་ཅན་ལ་ཚིལ་མཆོག་སྨན།། རྒུན་(དགུན་)དུས་མར་ཞུན་དབྱར་དུས་འབྲུ་མར་བཏང་།། དཔྱིད་ཀྱི་དུས་ན་རྐང་དང་ཚིལ་སྨན་བཏང་།། སྦྱོང་བྱེད་ཐོ་རངས་སྣུམ་འཆོས་ཞུན་མར་བཏང་།། ཁོང་པར་སྣུམ་ཡོད་དུས་བསྟན་(བསྟེན་)མི་སྨན་འདྲེད།། བརྟའ་(བརྟ་)བྱ་བྱིས་སྦའི་(པའི་)ཚུལ་བཞིན་སྐྱིད་པར་འདུག། སྣུམ་འགྲིས་(འདྲིས་)མེ་དྲོད་ཆུང་ནས་(དང་)སྐོམ་དད་ཆེ།། ལུས་ཟུང་(ཟུངས་)ཡིན་ཕྱིར་ཤ་ཁུ་ཡོས་ཐུག་འབྲས།། སྦྲང་དང་ཞུན་མར་བཏང་བ་མཆོག་ཡིན་ནོ།། འཇུ་ཚོད་ཡི་གར་ཡང་ན་སྟོབས་བསྐྱེད་བཏང་།། དེ་དག་ནུབ་མོ་ཟོས་པའི་ནང་པར་ལ།། སྣུམ་རྩིས་(རྩི་)ལེགས་པོས་མགོ་ལུས་མེད་པར་བྱུག། ཕོ་བས་ཐུལ་(ཐུབ་)ཚད་ཁོང་དུ་བཏང་བ་ཡིན།། བཤང་བ་མི་སྲི་དྲོད་ཆེ་སྣུམ་མི་ལེན།། སྣུམ་ཆོས་(འཆོས་)ལམ་དུ་སོང་བའི་ཡོན་ཏན་ནི།། མདོག་སྟོབས་བསྐྱེད་ཅིང་སྒས་(རྒས་)སྲ་དབང་པོ་གསལ།། ལམ་དུ་མ་སོང་གྱེར་(གྱེན་)ཐུར་སྣུམ་དྲགས་འབྱུང་།། དང་ཀ་འགག་པ་ལ་སོགས་མི་འདོད་དེ།། རྒུན་(དགུན་)དུས་ཚིལ་བསྟན་(བསྟེན་)མི་འཇུ་ནད་དུ་འགྲོ།། དཔྱིད་གསུམ་འབྲི་མར་བསྟན་(བསྟེན་)པས་བད་མཁྲིས་སློང་།། དབྱར་གསུམ་ཞུན་མར་བསྟན་(བསྟེན་)ན་ཕན་སྐྱེད་ཆུང་།། གང་ཡང་མི་འགྲོད་(འཕྲོད་)དུག་འགྱུར་སྐྱུག་ཏུ་གཞུགས(གཞུག)།། སྲན་མ་སོ་བ་དར་རྙིང་ཆང་བསྟན་(བསྟེན་)བྱ།། ཞེས་གསུངས་སོ།།

གསོ་བ་སྨན་འབུམ་དཀར་པོ་ལས་ལས་ལྔའི་སྔོན་འགྲོ་སྣུམ་ཆོས་(འཆོས་)བསྟན་པ་སྟེ་ལེའུ་བཅུ་བཞི་པ་ཞེས་རྫོགས་སོ།། །།



 

མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 11:24 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།

བོད་ཀྱི་གསོ་རིག་རྒྱ་མཚོའི་ཡང་སྙིང་།