སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བཅུ་བཞི་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བཅུ་བཞི་པ། རྩ་ལྟོ་སྦྲགས་མའི་བཤལ་གྱི་མན་ངག

ཨོཾ་སྭསྟི་སིདྡྷཾ། ཨོཾ་ཨཿ་ཧཱུྃ། བཅོམ་ལྡན་འདས་སྨན་གྱི་བླ་ལ་ཕྱག་འཚལ་ལོ། །རྩ་ལྟོ་སྦྲག་མའི་བཤལ་གྱི་མན་ངག་ལ། སྔོན་དུ་ཚིགས་པ་དང་། ཡན་ལག་ལ་བསྐུ་མཉེ་བྱ། ཆུ་སྐོལ་སུམ་ཡར་གཏང་། དེ་ནུབ་གཏང་བའི་སྲོད་ལ་ལྕམ་པའི་ཐང་གཏང་། ལྟོ་སྣུམ་བག་ཏུ་བཏང་ན་སྣུམ་འདྲེད་དུ་འགྲོ་བས་མི་གཏང་། དེའི་ནུབ་མོ་ལྟོ་དགུག་གོ། སྨན་སྦྱར་བ་ནི། དུར་བྱིད་མཐེབ་ཚིགས་ཙམ་གཅིག ཁྲོན་བུ་དེའི་ཕྱེད། ཨ་རུ་ར་རྡོག་པོ་ཆེ་བ་གཅིག རྒྱམ་ཚ་དུམ་གཅིག པི་པི་ལིང་རྡོག་མ་བདུན། དེ་རྣམས་ཇི་ལྟར་ཞིབ་པ་ལྟར་དུ། བཤལ་རྒྱུག་མགྱོགས་སོ། །དེ་ནི་ལྟོ་བཤལ་གྱི་མན་ངག་ཁྱད་པར་ཅན་ནོ། །དེའི་སྟིང་དུ་རྩ་བཤལ་གྱི་མན་ངག་ལ། བྱང་བ་མགོ་ལུས་ཚང་བ་དུག་བཏོན་པ་ལྔའམ་བདུན། ལྕམ་པའི་འབྲས་བུ་ཚོམ་གཅིག རྒྱ་ཚ་རིལ་མ་ཙམ་གཅིག མཚལ་རིལ་མ་འབྲིང་པོ་ཙམ་གཅིག དེ་རྣམས་སྦྱར་བ་ནི། དང་པོར་མཚལ་ཞིབ་པར་བཏགས། དེ་ནས་གཞན་རྣམས་བཏགས་ལ་ཆུ་ལ་སྦྱར་ལ་གཏང་། ནད་པ་ལུས་ཙོག་པུར་འདུག་ལ་རྐང་པ་བརྐྱང་དུ་མི་གཞུག སྐྱུགས་ན་ཁ་ཕྲུ་དང་། ཕུ་ཡོད་གདབ། དེས་དང་པོ་ལྟོ་འཁྲུ། དེ་ནས་རྩ་ནས་འཁྲུ་སྟེ། སྔོན་ལ་དྲི་ཆུ་མང་པོ་འབྱུང་སྟེ། དེ་ནས་དྲི་མ་དང་། ལྗན་ལྗིན་འབྱུང་། དེ་ནས་ཆུ་སེར་དང་ཁྲག་འབྱུང་། ཁྲག་ཐིགས་པ་རེ་ལ་ཟུག་ཤིན་ཏུ་ཆེ་བར་འབྱུང་སྟེ། འཇིགས་པར་མི་བྱ། ཁྲག་ཤས་འགགས་ན་རྡོ་རྗེ་མཉེ། སྨད་དུ་ན་ན་ཡོས་དུགས་བྱ། ཟུངས་ཁྲག་དམར་ལ་དངས་པར་བྱུང་ན་གཅད་པར་བྱ་སྟེ། དོམ་མཁྲིས་ཆུ་གྲངས་ལ་སྦྱར་ལ་གཏང་། མར་ཁུ་བཞུ་བ་གཏང་བས་འབོལ་གྱིས་འགྲོ། རྗེས་ལ་ཤ་ཚིལ་བུ་མེད་པའི་ཚོ་ཁུ་གཏང་། ཟན་དྲོན་ཁུ་ཚུར་ཙམ་གཅིག་གཏང་། དེ་ནས་ལྟོ་ཆ་ཡིས་བསྐྱེད། ནད་པ་ཉོག་གིས་སོང་ན་ཟས་མི་ཟིན། རུས་པ་བཅུད་ཅན་བརྡུངས་པའི་ཁུ་བ་གཏང་། དེས་སངས་ཀྱིས་འགྲོ། ནད་པ་བསྐུ་མཉེ་བྱས་ལ་ཅུང་ཟད་བཞག རླུང་དང་། སེར་བུ་དང་། རྐང་རྗེན་བག་ཙམ་ཡང་མི་རུང་། སྐོམ་བག་མེད་མི་བཏུང་། ལྟོ་ཡང་ག་ལེར་སྦྱང་། འདིས་ནི་རྩ་ནད་དང་། འབྲས་དང་། ནད་རྙིང་པ་ཞེན་པ་ཐམས་ཅད་ལ་ཕན་པར་འགྱུར་རོ། །རྩ་ལྟོ་སྦྲག་མའི་བཤལ་གྱི་གདམས་པ་ས་མཱ་པྟ་མི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 11:00 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།