སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་བཅུ་པ། སྨན་ཆང་གི་སྡེ་ཚན་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་བཅུ་པ། སྨན་ཆང་གི་སྡེ་ཚན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

སྨན་ཆང་སྡེ་ཚན་སྦྱར་བའི་ཐབས་བསྟན་པ། །སྦྲང་གི་ཆང་ལ་རྐྱང་པ་དང་ཁུག་པ་དང་ཡོངས་རྫོགས་དང་གསུམལས །སྦྲང་ཆང་རྐྱང་པ་ནི་སྦྲང་རྩི་བྲེ་གང་དང༌། །ཆུ་བྲེ་དྲུག་བསྲེས་ལ་བསྐོལ་བཙོས་ལ་ཚིག་མ་རྔ་མས་བཙགས། དེ་བྲེ་དོར་གདུ་ནས་སླར་ཆུ་བྲེ་གང་བླུག་ལབསྐོལ །ངད་བསད་ནས་གཟར་བུས་ཕྱར་ཏེ་འོ་མ་བཞོས་ཐོགས་དྲོད་ཙམཡོད་དུས་ །ཕབས་རྡོག་སྙིམ་པ་གང་གྲིས་དྲད་ལ་རྔ་མར་ཕུརགཏུམ་པའི་མིང་ །ཅོང་ཞིའི་གཏིང་རྡོ་བཅུག་ལ་ལྡིང་ཐག་བཏགས་པ་དེ་ཤིང་ལ་གཏོད། །སུག་སྨེལ་ཐུན་གཅིག་ཞིབ་པར་བཏགས་ལ་དེའི་ནང་དུ་བཏབ་སྟེ་གོས་དྲོ་བས་མནན། །ཞག་དུས་སུ་བསྲོས་ཀྱིན་ཞག་གསུམ་བར་དུ་བཞག །ལངས་ན་སྐྱུར་དྲི་མནམ་ཞིང་ལྦུ་བ་ལིང་ལིང་ཕྱིར་གྱིས་འོང༌། །དེ་ལ་ཚ་བ་སྒ་པི་ཕོ་གསུམ་པོ་ཕྱེ་མ་བྱས་ལ་ཁ་ཚར་དུ་བཏབ། །དགོང་དང་ཐོ་རངས་ཇ་སུན་ཙམ་རེ་བསྟེན། མོ་ནད་རླུང་ཚབས་ཆུ་སེར་བསྡོངས་ནས་ཚིགས་བྱེར་སེལ། །རུས་ཚད་མཁལ་ཚད་རླུང་ལྡན་ཆུ་སེར་འདོན། ཡང་ཁུག་པ་ནི་ཆུ་སེར་རླུང་ལྡན་པའང་དེ་སྟེང་བུ་རམ་བསྣནཔའང་ །ཡོངས་རྫོགས་ནི་ཆུ་སེར་ཚ་བ་ཅན་ལ་དེ་སྟེང་སེང་ལྡེང་བསྣན། དུག་རིགས་མ་གཏོགས་མེ་ཏོག་ཀུན་དང་ཁྱད་པར་གཡར་མོ་ཐང༌གསིང་མ་མེ་ཏོག་ཅེས་པ་རྒྱ་ཚོས་མདོག་ཅན །བཏུས་སྐམས་བུམ་པར་བསྡིགས་ལ་བླུག་པའི་མིང་ཆུ་ཡིས་བསིང༌། །ཁུ་བ་བཞུར་ཏེ་དེ་དང་སྦྲང་རྩི་ཕུལ་གང་སྦྱར། །འོ་དྲོད་ཙམ་བསྲོས་ཞག་གསུམ་དྲོ་སར་མནན་ལ་བཞག །པུཏྤའི་སྦྲང་ཆང་ཞེས་བྱ་སྦྲང་དང་མཉམ།

བུར་ཆང་ནི་ནས་དང་གཟེ་མ་གྲོ་དང་གསུམ། །བཙོས་ཏེ་ལངས་པའི་གླུམ་ལ་བུར་ཆུས་བསིང༌པའི་ཁུ་བ་སྟེ། །རླུང་ནད་མ་ལུས་སེལ་བར་བྱེད་པ་སྟེ། །ཁྱད་པར་གློ་སྙིང་མཁལ་རུས་རླུང་ཚབས་འདོན། །ཡང་ན་ནས་ཆང་བུ་རམ་སྦྱར་བ་ཡང༌། །བུ་རམ་བུར་ཆང་ཞེས་བྱ་རླུང་ཀུན་འཇོམས། །མར་ཆང་སྦྱོར་བ་ཆང་གི་ནང་བུ་རམ་སྦྲང༌། །མར་དང་གོ་སྙོད་པི་པི་ལིང་དུ་སྦྱར །རྩེ་འཇམ་ཙམ་ལ་ཞག་གསུམ་མནན་པས་གྲང་རླུང་སེལ། །རླུང་ཚབས་མགོ་དང་མིག་ལ་བྲོས་པ་འདོན། །གཟེ་མའི་ཆང་ནི་གཟེ་མ་ནས་བསྲེས་གླུམ་ནང་དུ། །གཟེ་མ་ཆུར་བསྡུས་ཁུ་བས་བསིངས་པ་ནི། །རུས་ཚིགས་མཁལ་མའི་རླུང་དང་ཆུ་སེར་འཇོམས། །ཁྱད་པར་རླུང་ཚབས་མཁལ་མར་བབས་པ་འདོན། །རུས་ཆང་སྦྱོར་བ་ལུག་ཕོ་མོ་གཉིས་ཀྱི་གཞུག་ཆུང་རུས་པ་འམ། ལུག་ཐོང་ཚེར་ཕོ་མོ་གཉིས་གང་རུང་ཚོན་པོའི་རུས་པ་བུབས་གཅིག་ཞིབ་པར་བརྡུངས་ལ། ནས་ཆན་བསྲེས་བའི་གླུམ་ལ་བུ་རམ་གྱི་ཆུས་བསིངས་པ། །རླུང་ནད་ཀུན་སེལ་རུས་པའི་རླུང་ཚབས་འདོན། །སྲོ་ལོའི་ཆང་སྦྱོར་སྲོ་ལོ་ཆུར་སྦངས་པས། །གྲོ་ཆང་བསིངས་པ་དེས་གློ་ཚད་རླུང་ལྡན་སེལ། །ཏིག་ཏའི་ཆང་སྦྱོར་ནས་དཀར་སེར་ཙམ་བརྔོས། །དེ་ཡི་གླུམ་ལ་ཏིག་ཏ་རིགས་གང་བྱུང་ཨ་རུ་རའི། །ཁུ་བས་ཆང་བསིངས་ཚད་རྙིང་རླུང་ལྡན་སེལ། ཀྱི་ལྕེདཀར་པོའི་ཁུ་བབསིངས་ན་ཚ་བ་ཆང་འཐུང་ཡིན། །དེ་བཞིན་སྙིང་ལ་ཛཱ་ཏི་དང་རུས་པའི་ཁུ་བས་བསིངས་པའི་ཆང་སྦྱར། །གློ་ཡི་ནད་ལ་རྒུན་འབྲུམ་དང་བུ་རམ་གྱི་ཆུས་བསིངས་པའི་བུར་ཆང་སྦྱར། །བད་ཀན་ན་ལེ་ཤམ་གྱི་འབྲུ་ཁུ་བས་བསིངས་པའི་ཆང་སྦྱར། །ལྒང་པའི་གྲང་བ་རྒྱ་ཚྭའི་ཆུས་བསིངས་པའི་ཚྭ་ཆང་སྦྱར། །ཆུ་སེར་ནད་ལ་སེང་ལྡེང་ཁུ་བས་བསིངས་པའི་དྲུངས་ཆང་སྦྱར། །དུག་ནད་ཟུངས་ཟད་གཙོ་བོ་ཡུ་གུ་ཤིང་དང་བེ་སྐྱེས་རེ་རེལ་འུམ་བུ་སྤང་རྩི་དོ་བོ་ཧོང་ལེན་ཏིག་ཏ་རིགས་དྲུག་གི་ཆུས་བསིངས་པའི་ཆང་རྣམ་པར་(རེ་རལ། འོམ་བུ། སྤང་རྩི། ཧོང་ལེན། ཏིག་ཏ )སྦྱར། །གཞན་ཡང་ནད་དང་གང་འཕྲོད་པའི་སྨན་གྱི་ཆུས་བསིངས། །ཡང་ན་སྨན་གྱི་ཕྱེ་མ་ཆང་དང་སྦྱར་དྲོ་སར་མནན་པ་ཡིསཁུ་བ་ཤིས །ཕོ་བའི་དྲོད་སྐྱེད་རླུང་གནོན་ནད་སེལ་འགྱུར།

ཟན་ཆང་གིས་སྦྱོར་བ་ནི་ར་མཉེ་ལྕ་བ་དང༌། །གཟེ་མ་ལྕམ་པ་རྣམས་ཡོས་དང་བསྲེས་ནས་ཕྱེར་བཏགས་ལ། །ཟན་དྲོན་བྱས་པ་ལ་ཕབས་བྲན་དྲོ་སར་མནན་པ་ལངས་ནས་ཆང་དུ་བསིང༌། །རྙིངས་ནས་སྙིགས་མ་དེ་མཉེས་ལ་བུ་རམ་བཅའ་སྒ་དང་མར། །བཏབ་བཙོས་པའི་སྐྱོ་མ་དེ་ཡང་ལྟོར་བསྟེན་གྲང་རླུང་མ་ལུས་འཇོམས། ཁྱད་པར་མཁལ་རྐེད་གཟེར་དང་རྐང་ལག་བཤལ། །ཚིགས་གཞི་སྐྲངས་དང་རླུང་ནད་ད་རྒན་རྣ་བ་འོན། །གྲང་བས་ཆུ་འགགས་སྨད་ཀྱི་དྲོད་ཤོར་སེལ། །རྐང་པ་མན་ཆད་གྲང་རྣག་འབྱམས་པ་གཅོད། །ཅེས་གསུངས་སོ

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྨན་ཆང་གི་སྡེ་ཚན་བསྟན་པའི་ལེའུ་སྟེ་བཅུ་པའོ།  

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:03 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།