སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་བཅུ་པ། ནད་ཀྱི་འཇུག་ཚུལ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་བཅུ་པ། ནད་ཀྱི་འཇུག་ཚུལ་བསྟན་པ

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །དེ་ལྟར་རྒྱུ་ལས་(ལ་)རྐྱེན་གྱིས་བསྐྱེད་བྱས་པས། །འཇུག་པའི་ཚུལ་ནི་འཕང་བྱའི་ཡུལ་དེ་ལ། །འཕེན་པར་བྱེད་པའི་རྐྱེན་ནི་རྣམ་པ་བཞི། །འཕེན་བྱ་གཅིག་ལ་ཕོག་དང་འབྲེལ་པས་དཔག །དེ་ཡང་རླུང་ནི་རུས་པ་ལ་གནས་ཏེ། །མཁྲིས་པ་ཁྲག་དང་རྔུལ་ལས་(ལ་)གནས་པ་ཡིན། །བད་ཀན་ལྷག་མ་རྣམས་ལ་གནས་པའོ། །དེ་ལྟར་ཕན་ཚུན་རྟེན་དང་བརྟེན་པའི་ཚུལ། །ཉེས་པ་འཁྲུག་དངས་ལུང་ཟུང་(འཁྲུགས་དང་ལུས་ཟུངས་)ཉེན་བྱས་ཏེ། །གཉིས་ཀས་དྲི་མ་ལ་ནི་གནོད་པར་བྱེད། །དེ་ཡང་ནད་དང་རྒྱུ་མཐུན་ཟས་ཀྱི་བཅུད། །ཁྱབ་བྱེད་རླུང་གིས་བུ་ག་རྣམས་སུ་གཏོར། །དེ་ཚེ་དྭངས་མ་གང་དུ་ཆགས་གྱུར་པ། །བུ་གའི་སྐྱོན་དང་དེ་དུས་སྤྱོད་ལམ་གྱིས། །མཁའ་ལ་སྤྲིན་འདུས་ཆར་པ་འབེབས་པ་བཞིན། །རང་རང་གནས་སུ་འཕེལ་ཞིང་སོགས་(གསོག་)པར་བྱེད། །བསགས་པ་རྐྱེན་འཕྲད་ངེས་པ་ཁོ་ནར་སྡང་(ལྡང་)། །ལམ་དྲུག་ཞུགས་ནས་བདེ་མེད་ནད་འབྱུང་འགྱུར། །དེ་ལྟར་ཞུགས་ནས་གང་དུ་བསྟན་(བསྟེན་)པའི་གནས། །ཞུ་བའི་གནས་དང་དཔྱིད་(དཔྱི་)མིག་རུས་ཚིགས་དང༌། །རིག་(རེག་)བྱ་རྣ་བ་རླུང་གི་གནས་ཡིན་ཏེ། །ཁྱེད་པར་ཞུ་ན་ལོང་ལ་གནས་པ་ཡིན། །མཁྲིས་གནས་ལྟེ་བ་ཕོ་བ་ཁྲག་དང་རྔུལ། །དྭངས་མ་ཆུ་སེར་མིག་དང་པགས་པ་སྟེ། །ཁྱེད་པར་ཞུ་དང་མ་ཞུའི་བར་དུ་གནས། །བད་ཀན་བྲང་དང་མགུལ་པ་གློ་བ་མགོ། །དྭངས་མ་ཤ་ཚིལ་ཚིགས་རྐང་ཁུ་བ་དང༌། །སྣ་ལྕེ་ཁྱེད་པར་མ་ཞུའི་གནས་ལ་གནས། །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ནད་འཇུག་ཚུལ་གྱི་ལེའུ་སྟེ་བཅུ་པའོ།། །།



མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 11:51 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།