སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་བཅུ་པ། དམུ་ཆུ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

 ལེའུ་བཅུ་པ། དམུ་ཆུ་གསོ་བ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གཅོང་ཆེན་དམུ་ཆུ་གསོ་བ་འཛིན་པ་ཀུན། །གཅོང་ཆེན་དམུ་ཆུ་གསོ་བ་བསྟན་པའི་[གྱིས་]ཉོན། །འདི་ལ་རྒྱུ་དང་རྐྱེན་དང་དབྱེ་བ་དང་། །འབྱུང་ལུག་[ལུགས་]གནས་པས་རྟགས་དང་བཅོས་ཐབས་དང་། །ཕྱི་རྗེས་གཅད་དང་སྤྱི་དོན་བརྒྱད་ཀྱིས་བརྟན་[བསྟན་]། །སྒྱུ་[རྒྱུ་]ནི་རླུང་མཁྲིས་བད་ཀན་ཆུ་སེར་ཁྲག །གཉིས་པ་རྐྱེན་ནི་མ་ཞུ་བ་དང་ཟས་སྤྱོད་ལོག །ཚ་བའི་གཞུག་ལ་གཏར་ཁའི་བསིལ་སྦྱོང་[སྦྱོར་]ཐལ། །ངལ་དུབ་རྗེས་ལ་ཆུ་འཐུང་མང་བ་དང་། །རླན་སྟེང་ཉལ་བའི་རྐྱེན་གྱིས་མེ་དྲོད་ཉམས། །སྔོན་ལས་གདོན་རྐྱེན་དབང་གིས་དམུ་ཆུང་[ཆུར་]འགྱུར། །གསུམ་པ་དབྱེ་ན་ནད་གདོན་དུག་ལས་གྱུར་དང་གསུམ། །ནད་ཆུ་བྱེར་ཟགས་འཁྱིམས་ཆུ་རྡོལ་ཆུ་བཞི། །བྱེར་བ་ཁྲག་དང་མཁྲིས་པ་ཆུ་བྱེར་གསུམ། །ཟགས་པ་དོན་ཟགས་སྣོད་ཟགས་སྐྲན་ཟགས་གསུམ། །དོན་ཟགས་གློ་མཆིན་མཆེར་ཟགས་པ་གསུམ། །སྣོད་ཟག་[ཟགས་]ཕོ་བ་ལོང་ཀ་ཟག་[ཟགས་]པ་གཉིས། །སྐྲན་ཟགས་ཁྲག་སྐྲན་རྩ་སྐྲན་ཆུ་སྐྲན་ཟགས། །དེ་ལྟར་ཆུ་རིགས་དབྱེ་བ་བཅོ་ལྔ་ཡིན། །བཞི་པ་གྱུར་ཚུལ་མ་ཞུ་ཕོ་བའི་བད་ཀན་འཕེལ། །དྲི་ཆུ་མཐུར་[ཐུར་]སེལ་རྒྱུ་ལམ་དེ་ཡིས་བཀག །དྲི་ཆུ་དངས་མའི་རྒྱུད་[རྒྱུ་]ལམ་དེ་ཡིས་ཤར་[ཤོར]། །སྣོད་ཀྱི་ཕྱི་རོལ་ལྤགས་[པགས་]བར་ཆུ་ཡིས་ཁེངས། །རྩ་ཁ་ལོགས་[ལོག་]པའི་མཁྱིམ་[འཁྱིམས་]ཅུ་དེ་ལ་བྱ། །བྱེར་ཆུའི་དང་[དྭངས་]མ་མ་ཞུ་མཆིན་ལམ་བརྒྱུད། །ཟུངས་སུ་མ་གྱུར་ངན་ཁྲག་ཆུ་སེར་རྒྱས། །རྩ་མིག་ཤ་ལྤགས་[པགས་]བྱེར་བ་ཁྲག་བྱེར་ཆུ། །མཆིན་རྒྱས་ངན་ཁྲག་མཁྲིས་པ་[པར་]ཟགས་པ་ཡིས། །མཁྲིས་འཕེལ་ལྷུད་[ལུད་]པས་ཤ་ལྤགས་[པགས་]ཆུ་སེར་རྒྱས། །དེང་[དེ་]ལ་དངས་མ་ཆུ་སེར་མཁྲིས་བྱར་[བྱེར་]ཆུ་ཞེས་བྱ། །རླན་གྲང་སྦྱོངས་གཏར་བསིལ་སྦྱོར་ལ་ཐལ་བས། །ཕོ་བའི་མེ་ཤིང་[ཤི་]ཆུ་གྲང་སེང་[སིངས་]འཁྱག་དང༌། །ཞོ་དར་ཇ་སོགས་འཐུང་བ་མ་ཞུ་བས། །དངས་མ་རང་རྒྱུད་[རྒྱུ་]ལམ་ཤོར་བས་ལུས་ཟུང་[ཟུངས་]འགྲོང་[འགྲོར་]མ་འདོད། །རྩ་ལ་བྱེར་བས་ཆུ་སེར་གྲང་བ་བསྐྱེད། །གྲང་བའི་ཆུ་སེར་དངས་མ་ཆུ་བྱེར་བྱ། །གོང་ལྟར་ཕོ་བའི་མེ་དྲོད་ཤོར་བ་ཡིས། །མ་ཞུ་བད་ཀན་དངས་མའི་རྩ་མིག་བཀག །དངས་མ་མ་ཞུ་ཕོ་བ་ཡུན་རིང་གནས། །ཕོ་བའི་དྲོ་[དྲོད་]ཤོར་རྗེས་[རྫ་]གསར་ཆུས་བཀང་ལྟར། །ཕོ་བའི་ཟགས་ཆུ་འཛིལ་[འཛིར་]ནས་དུ་[རུལ་]བ་ཡིན། །གོང་གི་དངས་མ་མ་ཞུ་ལོང་ལྷུང༌ན། །ལོང་ཁེངས་ཟགས་པ་ལོང་གི་ཟག་[ཟགས་]ཆུ་ཡིན། །དངས་མ་མ་ཞུ་འགྲམས་ཁྲག་མཆིན་ཐོག་ལྷུང་། །ཁྲག་གིས་མཆིན་པ་རྒྱས་ནས་ཁེངས་པ་ཡིས། །མཆིན་པའི་དྲོད་ཤོར་དུ་[རུལ་]བ་མཆིན་ཟགས་ཡིན། །དེ་འདྲ་མ་ཚོར་[མཚེར་]པ་ལས་བྱུང་མཚེར་པའི་ཆུ། །དངས་མ་མ་ཞུ་ངན་ཁྲག་གློ་སྦུབས་འདྲིམ་[འགྲིམས]། །གློ་སྦུབས་ཆུ་སེར་ཁེང་[ཁེངས་]ནས་ངུས་པ་དེས། །མཆིན་དྲིའི་སྟེང་དུ་ལྷུང་ནས་སྣོད་སྟེང་ཟགས། །དེ་ཉིད་གློ་བ་ཟགས་པའི་ཆུ་རུ་བཤད། །དངས་མ་མ་ཞུ་ངན་ཁྲག་རྒྱས་པ་དེ། །མཚེར་པ་མཆིན་པ་མཆིན་དྲི་རྒྱུ་མ་ཡི། །རྩར་ཞུགས་རྩ་མིག་ཁྲག་རླང་[རླངས་]ཅན་[རྩ་]སྐྲན་འདྲིལ། །སྙིང་[རྙིངས་]ན་ཁྲག་ཞུག་[ཞུ་]རྡོལ་སྟེང་[ཏེ་]རྩ་ཁ་ཕྱེ། །རྩ་སྐྲན་ཟགས་པའི་ཆུ་ཞེས་དེ་ལ་བྱ། །འགྲམ་[འགྲམས་]མཚོན་ཁྲག་གམ་དངས་མ་མ་ཚུ་བས། །མཚེར་མཆིན་རྒྱས་པས་ཁྲག་ཟིལ་སྐྲན་དུ་ཆགས། །སྙིང་པོ་[རྙིངས་ནས་]སྐྲན་ཞུ་ཁྲག་སྐྲན་ཟགས་པའི་ཆུ། །དང་[དངས་]མ་མ་ཞུ་ངན་ཁྲག་ཆུ་སེར་རྒྱས། །རྩ་རྒྱུག་རྩ་མིག་ཆུ་སེར་སྐྱ་སྦབ་[རྦབ་]བསྐྱེད། །དེ་ཉིད་རྡོལ་བས་ཆུ་སྐྲན་ཟག་[ཟགས་]ཆུ་ཡིན། །རྒྱུ་འགྲམས་རྒྱུ་གཟེར་བྱུང་ངམ་རུས་པ་ཟུག །རྒྱུ་རྩི་རྩི་ཉམས་དེས་[ཏེ་]རྙིང་སོལ་[སོང་]རུལ་ཟིང་རྡོལ། །དྲི་ཆུ་བསགས་དེ་ཕྱིར་འཛག་ཆུ་བརྡོལ་ཟེར། །གཞན་ཡང་སྤྱོད་ལམ་སྐྱོན་གྱིས་གདོངས་[གདོན་]བསླངས་ནས། །སྦྱངས་[སྦྱར་]དུག་རྐྱེན་གྱིས་ཆུ་རུ་འགྱུར་བ་ཡོད། །འོན་ཀྱང་ནད་ཀུན་བཅོས་ཉེས་སྐྱ་རྦབ་དང༌། །འོར་དུ་གྱུར་ལ་འོར་རྙིང་དམ་[དམུ་]ཆུར་འགྱུར། །མདོར་བསྡུས་རླུང་མཁྲིས་པ་བད་ཀན་ཆུ་གསུམ་ཡིན། །དེ་ཡང་ཚ་གྲང་ཆུ་གཉིས་དག་ལ་འདུས། །ལྔ་པ་ཆུའི་གནས་ཕྱི་ནང་བར་དང་གསུམ། །ཤ་མདངས་བར་དུ་ཕྱིའི་ཆུ་གནས་སྟེ། །ནང་དུ་རྒྱུ་ལོང་སྣོད་ཀྱི་བར་ན་འཕྱོ། །ལྤགས་[པགས་]འོག་ཤ་སྟེང་བར་ཆུ་ཁྱབ་པར་གནས། །དྲུག་པ་དེའི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་དང་པོ་འཇུག་དང་བར་དུ་སྨིན་པའི་དུས། །ཐ་མ་རྒྱས་པའི་དུས་ན་འཚོ་འཆི་བརྟག །དང་པོ་འབྱུང་[འཇུག་]དུས་ཤེད་ཆུང་ཕོ་བ་བལྟེམ་[ལྟེམ]། །དབུགས་རྒོད་སྙིང་འདེག་[འདེགས་]ཟས་ཀྱི་འཇུ་སྟོབས་ཆུང༌། །ལྕེ་མཆུ་རྙལ་[རྙིལ་]དཀར་འགྲོ་དུས་གསུས་རྔད་[པ་]ལྡེག་[ལྡིག]། །ཆུ་སོང་[སོ་]ངར་གདོང་བོལ་གོང་བཅུ་དྲུག་མདོ། །ཁ་གདོང་ཕོ་བ་བྲང་ཞོལ་མིག་ལྕིམས་[ལྕིབས་]དང༌། །ཆུའི་མཁར་བརྒྱད་གཡོ་ཞིང་སྐྲངས་པ་ཡིན། །བར་དུ་ཆུ་རུ་སྨིན་པས་གསུངས་[གསུས་]པ་ཁེངས། །མཁར་[མཁལ་]ཁུང་བེམ་རྡོལ་[ཏོལ་]རྒྱབ་ནས་[བརྒྱབ་ན་]ཐོལ་ཕྲིག་བྱེད། །ཐ་མ་རྒྱས་པའི་[དུས་]ཚ་ཆུ་གྲང་ཆུ་གཉིས། །ཚ་ཆུ་རྩ་གྲིམས་ཆུ་མདོག་དམར་རམ་སེར། །གློ་ཆུང་ལྷེན་སྣར་སློགས་[སློག་]ཆགས་སང་མིག་སེར། །གསུས་པ་ཆེ་ལ་རྩའི་དྲ་བས་ཁྱབ། །ཤ་རེད་[རིད་]ཡན་ལགས་[ལག་]འཕྲ་[ཕྲ་]སྐམ་ཡི་དྭགས་འདྲ། །གྲང་ཆུ་རྩ་ལ་[དལ་]ཆུ་སྔོ་སྐོམ་དད་ཆུང༌། །ཕོ་བ་སྦོ་འཁྲོག་བྱེད་ཅིང་སྐབས་སུ་འཁྲུ། །མགོ་ལུས་ཡན་ལགས་[ལག་]སྐྲན་[སྐྲངས་]ལ་མནན་ཤུལ་འོང༌། །མགོ་ལུས་ཡན་ལགས་[ལག་]རགས་པས་ཁྲོ་བོ་འདྲ། །གྲང་ཆུ་ཡུན་ལོང་[ལོན་]ཆུ་རྒྱས་གློ་སྙིང་དང༌། །མཆིན་པ་ཆུར་[ཆུས་]ནུབ་ཚོས་ནས་མྱུར་དུ་འཆི། །ཚ་ཆུ་རྒྱས་ཐེབས་མི་སྐྱེ་ཚེ་རིང་སྟེ། །ཆུ་ནི་སྲོག་ཡིན་མྱུར་དུ་འཆི་བར་འགྱུར། །འཆི་རྟགས་དངས་[དང་]ཁ་མི་བདེ་སྐྱུག་པ་དང༌། །གློ་མང་མིག་སེར་དབུགས་ཐུང་སྐོམ་དད་ཆེ། །དྲི་ཆུ་དམར་སེར་སྐ་ལ་ཉུང་བ་དང༌། །ཟུངས་ཟད་ལུས་སྟོབས་ཆུང་ན་མི་ཐུབ་སྤངས། །དབུགས་ལ་དང་ཁ་བདེ་ལ་སྐོམ་དད་ཆུང༌། །ཟུགས་[ཟུག་]མེད་ལུས་ཡང་མིག་དཀར་དྲི་ཆུ་སྔོ། །ཤེད་ཆེ་རྩ་རྒྱུད་སྙོམས་ན་འཚོ་བས་བཅོས། །གཉིས་པ་བྱེ་བྲག་རྟགས་ལ་དངས་མ་ཁྲག་བྱེར་ཆུ། །རྩ་གྲིམས་ཆུ་དམར་ལུས་ལྗ་[ལྕི་]དང་ཁ་འགགས། །རྩིབ་ལོགས་རོ་སྟོད་རྣམ་[རྣམས་]ལ་གཟེར་ཕྲན་ལྡང༌། །གཏར་ན་ཁྲག་ངན་ཆུ་ལྟར་སླར་[སླ་]ལ་སེར། །དངས་མ་མཁྲིས་བྱེར་རྔམ་འདེགས་གློ་སྙིང་སྤུག[སྤྲུག] །དང་ཁ་མི་བདེ་འགྲས་[འགྲངས་]ན་ཕོ་བ་འཚང་། །མིག་མཆུ་[ཆུ་]སེར་ལ་འཁྲུ་མདོག་མཁྲིས་པ་འདྲ། །དངས་མའི་ཆུ་བྱེར་ལྡེར་སོ་[ཚོ་]བཞིན་དུ་སྐྲང་། །རྩ་བྱིང་ཆུ་སྔོ་སྙིང་སྤྲུག་ཕོ་བ་འཚང་། །དེ་གསུམ་དང་པོ་ཕྱི་ཆུ་འོར་ཡིན་ཏེ། །རྙིང་པ་ཡུན་རིང་ནང་གི་ཆུ་རུ་སྨིན། །མཆིན་པ་ཟགས་ཆུ་དང་པོ་གཡས་ནས་འཕེལ། །རྩ་གྲིམས་ཆུ་དམ་[དམར་]ཕུག་ན་རྒྱ་བཤལ་འབྱུང༌། །རྩ་འཕྲན་[བཀྲ་]ཡན་ལག་སྐམས་ལ་གསུས་པ་ཆེ། །མཚེར་པ་ཟག་[ཟགས་]ཆུ་གཡོན་ནས་འཕེལ་བ་ལ། །ཆུའི་ནང་ནས་མཚེར་པ་རྡོ་བཞིན་བཀྲ། །ཕོ་བ་སྦོས་འཁྲོག་འཇུ་སྟོབས་ཆུང་བ་ཡིན། །གློ་བ་ཟགས་ཆུ་གློ་མང་གློ་སྙིང་སྤྲུག །ཟོས་རྗེས་ཕོ་བ་མི་བདེ་བཀྲག་མདངས་འཆོར། །ཕོ་མོང་[ལོང་]ཟགས་པ་སྦོས་འཁྲོག་ཕོ་བ་འཚང་། །དངས་[དང་]ཁ་མི་བདེ་ཤིན་ཏུ་འཇུ་སྟོབས་ཆུང༌། །འགྲོང་[འགྲངས་]དང་གྲང་རྗེས་གླང་ཐབས་བཞིན་དུ་ན། །ཕོ་ལོང་གང་ཟགས་དེའི་ཡུལ་ཆེ་འོང་། །སྐྲན་ཟག་[ཟགས་]བསོགས་[ཟགས་]པ་བུལ་ཞིང་ཡོད་ངོས་མང༌། །བསོག་མགྱོག་[མགྱོགས་]ཟུག་ཆེ་རྩ་ཁ་བྱེ་བའི་རྟགས། །འཁྱིམས་ཆུང་འོག་རླུང་ལྡོག་ལ་ཆུ་བབས་ཆུང༌། །སྦོས་འཁྲོག་བྱེད་ཅིང་ཉུར་[མྱུར་]དུ་སྐྱེ་བ་ཡིན། །ཆུ་རྡོལ་དང་ནི་རྩ་སྐྲན་རྡོལ་བ་གཉིས། །རྒྱུ་སྨད་མི་བདེ་སྨད་ནས་ཆུ་སྐྱེས་སོ། །ཤ་འགུལ་སྙིང་མི་དགའ་ན་འདྲ་[འདྲེ་]ཆུ་ཡིན། །སྣ་ཁྲག་འཛག་ཅིང་ཆུ་བུར་གདོང་ལ་འོང་། །འཕར་རྩ་མི་སྙོམས་ལྡང་དུབ་འདྲེ་ཁ་རྒོད། །ཤེས་པ་བྱིང་ལ་ཚིག་པ་ཟ་བ་འོང་། །མེ་ལོང་ནང་བལྟས་གསུས་པ་བྱིང་བྱིང་ཐུ་ལུ་འདྲ། །དུག་ལས་གྱུར་པ་ཆུ་རྟག་[རྟགས་]དུག་དང་འདྲ། །མདོར་ན་རླུང་མཁྲིས་བད་ཀན་གསུམ་གྱི་ཆུ། །ཀུན་གྱི་ནད་རིགས་འདུ་བས་བསྒྱུར་བ་ཡིན། རླུང་གྱུར་འཁྲོག་འུར་ཟུག་ཆེ་འཕེལ་འགྲིབ་བྱེད། །ཆུ་སྔོ་ཟག་[ཟགས་]པ་སྡོམ་པ་དབུགས་ངན་འཁྱིལ། །མཁྲིས་གྱུར་མིག་སེར་ཤ་སྔོ་ཆུ་བས་[བབས་]ཆུང༌། །རྩ་འགྲིམས་[གྲིམས་]ཆུ་མདོག་མར་ཁུ་གཅོད་[བཙོད་]ཁུ་འདྲ། །བད་ཀན་དབུག་[དབུགས་]འདེགས་སྐྲངས་ཚ་[ཆེ་]འཇུ་སྟོབས་ཆུང༌། །ལུས་ལྗི་[ལྕི་]གཉིད་ཆེ་རྩ་བྱིང་ཆུ་མདོག་སྔོ། །དེ་ལ་འདྲེ་ཆུ་འཁྱིམས་ཆུ་ཕོ་ལོང་ཟས་པ་དང་[ཟགས]། །བྱེར་ཆུ་གསེར་[གསོར་]རུང་ཁྱི་[ཕྱི་]མ་ཁས་ལེན་མེད། །མཁྲིས་པ་ལས་གྱུར་ཚ་ཆུ་གསེར་[གསོར་]མི་གཏུབ་[བཏུབ་]། །བད་རླུང་ལས་གྱུར་གྲང་ཆུ་གསོ་བར་ནུས། །གསུམ་[བདུན་]པ་གསོ་བའི་ཐབས་ནི་དང་པོ་ཆུ་འཇུགས་[མཇུག་]དུས། །སེལ་[སེ་]འབྲུ་བརྒྱད་དང་སྒོད་[རྒོད་]མ་ཁ་བྱེ་སྦྱར། །ལུག་ཤ་གསར་འཇམ་ཞུན་མར་དྲོད་བསྐྱེད་ལ། །ཆུ་སེར་སྦྱོར་[སྦྱང་]བའི་འཇམ་བཤལ་ཞིང་[ཞི་]བར་ནུས། །བར་དུ་ཆུ་རུ་རྒྱས་ཏེ་སྨིན་པའི་དུས། །འདི་ལ་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་དམུ་ཆུ་བཅོས་ཚུལ་ལྔ་ཡོད་དེ། །དང་པོ་ཆུ་བོ་སྐྱེ་འཕྲོ་འོལ་ཁ་བསྒྱུར་བ་དང༌། །གཉིས་པ་ཆུའི་རྒྱ་འཚོམ་[མཚོ་]གནས་སུ་སྐེམས་པ་དང༌། །གསུམ་པ་མ་སྐོམས་[སྐོམ་]རྗེས་ཀྱི་འོར་ཁུང་བརྡོལ་[བརྟོལ་]བ་དང༌། །བཞི་པ་མ་རྟོག་[རྡོལ་]རྫིང་བུ་ཡུར་བཙག་པ་དང་། །ལྔ་པ་ཕྱི་རྗེས་རྩ་ལ་མི་ལྟོག་[ལྡོག་]འགགས་མིག་གཞུག་པའོ། །དང་པོ་ཆུ་ཡི་འོལ་ཁ་མ་སྒྱུར་ན། །རྫིང་གི་སྐྱེས་ཆུ་མུས་བསྣོན་[མནན་]པ་འདྲ། །གཉིས་པ་རྒྱ་མཚོ་གནས་སུ་མ་སྐམ་ན། །སྐམ་དུ་མི་འདོད་ན་མཚོའི་ལུ་མ་འདྲ། །གསུམ་པ་རྫིང་གི་འོར་ཁུང་མ་བརྡོལ་[བརྟོལ་]ན། །འཇག་[འཇུག་]ཏུ་མི་འདོད་རྫིང་ཞུག་[ཞུགས་]འགག་པ་འདྲ། །བཞི་པ་མཚོ་མོ་སྤུར་[ཡུར་]དུ་མ་དྲངས་ནས་[ན]། །བསགས་པ་མི་བྲིམ་རྫིང་གི་ཡུར་མེད་འདྲ། །ལྔ་པ་རྩ་ལ་འགག་མིག་མ་བཅུག་ན། །ལེན་[ལན་]ཅིག་འཚོ་ལ་སྐྱར་[བསྐྱར་]བས་མཚོར་[འཚོར་]འགྲོ་བ། །ཞིང་པས་སྣ་ཡན་དུ་ཆུ་བཞག་འདྲ། །དེས་[དེ་]ནས་བཅོས་ལུགས་ལྔ་འདི་གནད་དུ་ཐིམ། །དང་པོ་ཆུའི་འོལ་ཁ་བསྒྱུར་བ་ནི། །དངོས་[དང་]པོ་མ་ཞུ་མེ་དྲོད་ཉམས་ལས་བྱུང་བའི་ཕྱིར། །གྲང་བའི་ཆུ་ལ་སེལ་[སེ་]འབྲུ་བཞི་པ་སྟེ། །ཚ་བའི་ཆུ་ལ་དེ་སྟེང་གུར་ཀུམ་བསྣན། །བུ་རམ་སྦྱར་ནས་ཆུ་བསྐོལ་ཕུལ་ལ་བཏང༌། །ཕོ་བའི་མེ་དྲོད་བསྐྱེད་ལ་མ་ཞུ་འཇུ། །བད་ཀན་བེ་སྣབས་རྩ་སྦུབ་འགག་པ་སེལ། །དང་[དངས་]མ་མ་ཞུ་ལུས་ཟུང་[ཟུངས་]རང་སོལ་[སོར་]འཇུག །དེས་[དེ་]རྗེས་ཤིང་ངར་[མངར་]འུ་སུ་ལྕམ་པ་དང༌། །སྲུབ་ཁའི་འབྲས་བུ་འུག་སྒྲོའི་ཐལ་བ་རྣམས། །ཞུན་མར་སྦྱར་བཏང་སྐོམ་ལ་ཤིན་ཏུ་འཛེམ། །དེས་དངས་མ་ཏྲི་[དྲི་]ཆུ་རང་ལམ་འཛུད། །འོལ་འགྱུར་རྟགས་ལ་དངས་[དང་]ཁ་བདེ་ལ་སྒོམ་[སྐོམ་]དད་ཆུང༌། །དྲི་ཆུ་པག་[བོངས་]ཆེ་ཕོ་བ་བདེ་བར་འགྱུར། །གཉིས་པ་རྒྱ་མཚོ་གནས་སུ་སྐེམས་པ་ནི། །སྨན་དང་དཔྱད་དང་ཟས་དང་སྤྱོད་ལམ་བཞི། །སྨན་གྱིས་སྐེམས་པ་ཐོད་སྦྱར་[སྦྱོར་]ཐབས་[ཐལ་]སྦྱོར་དང༌། །ཧ་ལ་རུས་སྦྱོར་ཟངས་དངུལ་སྦྱོར་བ་དྲུག །དང་པོ་ཐོད་སྦྱོར་མི་དང་ཕག་པ་དང༌། །རྟ་དང་ཕྱེ་[ཕྱི་]བ་དུར་ཐོད་གཙོ་བྱས་ལ། །ཨ་རུ་བ་རུ་རའི་རུས་གསུམ་དང་། །ཝའི་སྙིང་དང་ལྒ་སྐྱ་ཤིང་ཀུན་དང་། །བྱང་སེམས་དཀར་དམར་རྒྱ་ཚ་དབི་མང་[མོང་]དང་། །སྲུབ་ཁའི་འབྲས་བུ་བསྡུས་པར་བཏབས་[བཏབ་]བྱས་ནས། །འོ་མ་མར་དང་ཞག་ལ་འདག་པ་བྱ། །ནུས་ལྡན་བསྲེགས་ཐབས་[ཐལ་]སུག་སྨེ་[སྨེལ་]པི་པི་ལིང༌། །སིལ་བྲུ་[སེ་འབྲུ་]སྡིག་སྲིན་ལྕམ་པ་སྲམ་གྱི་བླུན་[བྲུན]། །ཁ་ཚར་བཏབ་ལ་རླུང་ལ་ཞུན་མར་རྟ། །བད་མཁྲིས་ཆུ་ལ་ཆང་གི་རྟས་འཕུལ་བཏང་། །དམུ་ཆུ་རྒྱ་མཚོ་ཙམ་ཡང་སྐེམ་པར་གྱུར། །ཐལ་སྦྱོར་ཐལ་སྨན་གཙོ་བོ་ཡིན་པས་སུམ་གཉིས་བྱ། །ཧ་ལ་ཆ་གཅིག་ཨ་རུ་ར་ལ་ཆ་བཅུ་གཅིག །ཕ་རོལ་འགྲོན་བུའི་ཐལ་བ་ཆ་བདུན་བྱ། །ཅུ་གང་གུར་གུམ་ཚ་བ་ལྔ་ལ་རེ་རེ་བསྣན། །ཚ་[ཚྭ་]སྣ་འཚོགས་ཚད་བཞི་ནམ་ཡ་བག་ཤ་[བཀྵ]། །ས་རྫི་ཀ་དང་ཤ་རུ་དུར་ཐོད་ཐལ། །སྲི་[པྲི་]ཡང་ཀུ་རྣམ་[རྣམས་]དྲི་ཆུས་འདམས་[འདམ་]ཐགས་བྱས། །རིལ་ལུ་[བུ་]སྲན་ཙམ་ཁྱེར་པུས་[ཁྱེའུ་སུས་]རིམ་པས་བསྐྱེད། །ཟླ་བ་གཅིག་གིས་རྒྱ་མཚོ་སྐེམས་པར་ནུས། །ཧ་ལའི་སྦྱོར་བ་ཧ་ལ་ཆ་གཅིག་ལ། །ཨ་རུ་སུམ་གཉིས་སོ་སོར་ནུས་ལྡན་བསྲེགས། །འགྲོན་བུ་དུར་ཐོད་ཐལ་བ་བུ་[བུར་]དཀར་རིལ་བུ་བྱ། །གྲང་ཆུའི་སྟེང་དུ་མེ་བདུན་བསྐལ་པ་འདྲ། །རུས་སྦྱོར་དུང་དང་འགྲོན་བུ་དུར་རུས་དང༌། །ཉ་སྲམ་ཆུའི་[ཆུ་བྱའི་]རུས་པས་གཙོ་བྱས་ལ། །མུ་ཟི་སྒོ་ང་གང་དུ་ཐལ་བ་ཞོ་ཕྱེད་དང་། །ཅོང་ཞི་འཁྱོར་[ཁྱོར་]གང་ཨ་རུ་ར་ལ་གསུམ། །རུ་ཏ་[རྟ་]ཚ་བ་གསུམ་ལ་འཁྱོར་[ཁྱོར་]ཕྱེད་དབྱི་མོང་དང༌། །ཟི་[ཟེ་]ཚྭ་བྱི་ལ་སྒོང་གང་འདྲ་[དང་]། །ཐལ་ཚྭ་རྒྱམ་ཚ་ཁ་རུ་ཚ། །རྒྱ་ཚྭ་བྱང་ཚ་ཞིབ་བཏག་[བཏགས་]ནུས་ལྡན་བསྲེགས། །དམུ་ཆུ་ཀུན་སྐམ་སྐྲན་ཟགས་ཤིག་སྐེམས་གཏོར། །དངུལ་ཆུའི་སྦྱོར་བ་དངུལ་ཆུ་མུ་ཟི་འཁྱོར་[ཁྱོར་]གང་དང་། །སྟར་བུ་ཞོ་ཕྱེད་ཚ་བ་གསུམ་ལ་འཁྱོར་[ཁྱོར་]རེ་དང་། །ཚ་[ཚྭ་]སྣ་བུ་རམ་རིལ་བུ་སྐེམ་པའི་མཆོག །ཁྱད་པར་ཚ་ཆུ་སྐེམ་པའི་བདུད་རྩི་ཡིན། །ཟངས་ཐལ་སྦྱོར་བ་ཟངས་ཐལ་སུམ་གཉིས་ལ། །ལྕགས་ཐལ་སུམ་ཆ་ཤ་རུ་ཐོད་པ་ཟ་བ་འགྲོན་ཐལ་དང་། །ཨ་རུ་རྡོ་དྲེག་དམར་པོ་ཏ་བྱ་དང་། །བུ་རམ་ཚ་[ཚྭ་]གྲང་རྟག་[བརྟག་]པས་ནང་ནུབ་བརྟེན། །དམུ་ཆུ་དོན་ཟགས་ཆུ་ལ་བསྔགས་པ་ཡིན། །ཡང་ན་ཟངས་ལྕགས་དངུལ་ཐལ་ཡ་བག་ཤ་[ཡ་བཀྴ]། །མུ་ཟི་རྒྱ་ཚ་དབྱི་མང་ཚི་ཏྲ་ཀ །ཨ་རུ་ཚ་བ་གསུམ་དང་ཀ་ར་སྦྱར། །ཚ་གྲང་ཐུན་མོང་སྐོམ་[སྐེམ་]པར་བྱེད་པར་[པ་]ཡིན། །ཁ་ཟས་ཟན་དྲོན་གཡག་ལུག་ཤ་གསར་རུལ་སུ་[སུངས་]མིན། །ཚོ་ཁུ་སྤོད་བཏབ་མར་ཟན་ཚང་[ཆང་]ཇམ་བསྟེན། །འཇུ་དཀའ་སྔོ་རྔ་[ངད་]ཟས་ངན་བསིལ་ཟས་བསྲུང་། །ཚ་ཆུ་དྲོད་བཅུད་ཧ་ཆང་[ཅང་]ཐལ་དྲགས་སྤངས། །སྤྱོད་ལམ་བསེར་བུ་རླན་གྲང་དྲག་ཤུལ་སྤང༌། །དྲོ་བའི་གནས་འདུག་མི་རྔུལ་བག་རེ་བཅག །དཔྱད་དུ་དབྱིག་[གཡི་]སྤྱང་ལྤགས་[པགས་]པའི་སྤུ་དུགས་བྱ། །དང་ཀ་[ག་]འགྲིབ་པས་ཁྱི་པགས་སྤུང་[སྤང་]བར་བྱ། །ལྷེམ་[ལྷེན་]སྣའི་རྩེ་མོ་ལྟེ་བ་བཞི་སྒྲོམ་དང༌། །སྒྲགས་[སྒྲོག་]རུས་གཤོང་དང་ཚིགས་པ་དང་པོ་བཅུ་གཉིས་བསྲེགས། །དོན་སྣོད་གང་བབས་ཕྱི་ནང་གསང་སྒོ་བསྲེགས། །ཚ་བའི་ཆུ་ལ་སྣོད་ཁ་རུ་ཐུང་གཏར། །གསུམ་པ་རྫིང་གི་ཧོར་ཁུར་[འོར་ཁུང་]བསལ་བ་ནི། །ཆུ་བཤལ་ཆུ་སྦྱོངས་འཕྲུལ་འཛགས་[འཛག་]རྣམ་པ་གསུམ། །དམུ་རྫིང་བུ་ག་འགགས་ལས་བྱུང་[འབྱུང་]བའི་ཕྱིར། །འདི་ལ་གཉིན་[གཉེན་]པོ་སྦྱོང་འདྲ་གཞན་ན་མེད། །ཆུ་བཤལ་ཨ་རུ་མཆུ་ཉུང་[སྙུང་]ཟངས་ཀྱི་བར་དྲེག་དང༌། །ཤི་རི་ཁན་ཧ་[ཤྲཱི་ཁཎྜ་]དུར་བྱིད་དན་དྷ་[ད་]དོང་ཁ་[ག་]དང་། །ཐལ་[ཐར་]ནུ་ཁྲོན་བུ་རེ་ལྕགས་ཐ་[ལྕག་]ལྕིམ་[ལྕུམ་]རྩ་དང༌། །སྔོ་[སྔོན་]བུ་ཆུ་མ་རྩི་དང་པི་པི་ལིང༌། །རྒྱ་ཚ་བུ་རམ་རིལ་བུ་ཆང་གིས་འཕུལ། །སྔོན་འགྲོ་ཕྱི་རྗེས་ལས་ལྔ་སྤྱི་དང་མཐུན། །དེ་ཡིས་རྩ་ཁ་འབྱེད་ཅིང་ཆུ་རྣམས་སྡུ་[སྡུད་]། །དེས་[དེ་]རྗེས་སེ་འབྲུ་ཤིང་ཚ་པི་པི་ལིང༌། །སུག་སྨེ་[སྨེལ་]གུར་གུམ་གླ་རྩི་བོང་ང་དཀར། །བྲག་ཞུན་སྤོས་དཀར་འུ་སུ་ལྕམ་པ་དང༌། །རྒྱ་ཚ་རྒྱམ་ཚ་སྡིག་སྲིན་གསེར་བྱེ་མ། །ཨ་རུ་བྱང་པ་བུ་རམ་རིལ་བུ་བྱ། །ཆང་གིས་འཕུལ་བས་ཆུ་རྣམས་གསང་བར་འདྲེན། །ཆུ་འདྲོངས་ཆུང་ནས་[ན་]ལྕམ་པ་པི་པི་ལིང༌། །ཤིང་རྩ་[ཚ་]བསྡུས་པའི་ཁུ་བ་ལྕག་ལ་བཏངས་བཏང༌། །ཡང་ན་ཆུ་མ་རྩི་དང་ཨ་རུ་ར། །སེ་འབྲུ་སུག་སྨེ་[སྨེལ་]ཤིང་ཚ་པྲི་ཡང་ཀུ། །བྲག་ཞུན་གླ་རྩི་གུར་གུམ་བོང་ང་དཀར། །མོན་ལྕམ་རྒྱ་ཚ་རྒྱམ་ཚ་སྡིག་སྲིན་དང༌། །སྦུར་མགྱོག་[མགྱོགས་]འུ་སུ་བྱང་པ་ཆང་གིས་ཕུལ། །ཡང་ན་སྔོན་མོ་ཆབ་འདྲེན་སྙེམ་[སྙིམ་]གང་སྟེ། །དེ་ནི་མེ་ཏོག་སྨུག་པོ་ར་འདྲ་ལ། །ལྒང་[གང་]བུ་གྲག་[གྲོག་]མ་འདྲ་ལ་སྲན་དཀར་འདྲ། །དར་ཡ་ཀ་[ཀན་]ནི་སྨུག་པོ་བྱ་བ་ཡིན། །དེ་དང་རགྵ་[རཀྵ་]མིག་མེད་གཉིས་རྣམས་ཞིབ་ཏུ་བཏག་[བཏགས]། །དྲོད་སྨན་རིལ་པོ་ཆུ་དྲེ་[བྲེ་]གང་ལ་བསྡུ། །ཕྱེད་འསྡུས་རྒྱུན་དུ་སྐོམ་དུ་བཏུང་བར་བྱ། །ཡང་ན་གྲེ་ཐོང་[བོང་རྨིག་]གཡས་གཞུར་[བཞར་]ཞོ་གསུམ་དང༌། །བུ་རམ་ཞོ་གཉིས་རྒྱ་ཚ་ཞོ་གང་རྣམས། །རིལ་བུ་ཕྱེ་སུས་འཕུལ་ཏེ་བཏང་བ་ཡིས། །རྒྱ་མཚོ་འདྲ་བ་གསང་བའི་ལམ་དུ་འདྲེན། །ཀུན་གྱིས་འདྲེན་དཀར་[དཀའ་]གཉིས་[གཉེན་]པོའི་ཆུ་སྦྱོང་ནི། །རྒྱ་ཚ་སྡིག་སྲིན་སུག་སྨེ་[སྨེལ་]གུར་གུམ་མཚལ། །གླ་རྩི་ཚ་ལ་སྤོས་དཀར་པི་པི་ལིང༌། །གཟེ་མ་ལྕམ་པ་འབུ་སྐྱོགས་བྱང་པ་རྣམས། །རྩི་བཞིན་བཏགས་ལ་བུར་དཀར་ཕྱེད་དང་སྦྱར། །སྲད་དཀར་ཐང་གིས་སྔ་གྲོ་[དྲོ་]དགོངས་མོ་དབུལ། །ཡང་ན་རྒྱ་ཚ་དུར་བྱིད་ནག་བསྲེགས་ཨ་རུ་ར། །ཟངས་ཀྱི་བར་དྲེགས་[དྲེག་]མང་དུ་གཏོ་[གཏོར་]བྱ་ལ། །བྱང་པ་བདུན་ནི་བུ་རམ་རིལ་བུ་བྱ། །ཆེ་ཆུང་ཚད་ནི་རི་བོང་རིལ་ཙམ་ཡིན། །ཆུ་བསྐོལ་ཕུལ་ལ་ནང་མ་ལྔ་བདུན་བརྟེན་[བསྟེན]། །དམུ་ཆུ་རྒྱ་མཚོ་ཙམ་ཡང་སྐེམ་པར་བྱེད། །འཕྲུལ་བཙག་དན་དྷ་[ད་]དུར་བྱིད་དོང་ཁ་[ག་]སྟེ། །རྣོན་པོ་གསུམ་དང་སྦྱོང་བྱེད་གསུམ་ཟེར་བ། །སྔོན་བུ་ཐར་ནུ་ཁྲོན་བུ་རྣམས་[རྣམ་]པ་གསུམ། །ཡོང་[ཡུང་]སྐྱེར་ལྕིམ་[ལྕུམ་]རྩ་སེར་པོ་གསུམ་པོ་དང་། །དབྱི་མོང་སྲུབ་ཀ་ལྕེ་ཚ་སྔོའི་ཚ་བ་གསུམ། །ཨ་བར་སྐྱུར་གསུམ་འབྲས་བུ་གསུམ་པོ་དང་། །གཟེ་མ་ལྕམ་པ་སྡིག་སྲིན་ཆུ་ལམ་འཛུད་པ་གསུམ། །སྣ་སེལ་གསུམ་ནི་ལྒ་དང་པི་པི་ལིང་། །ཕོ་བ་རིས་ཏེ་འདྲེན་བྱེད་རྣམ་གསུམ་ནི། །ཚ་ལ་ལི་ཤི་མོན་ཇ་[ཆ་]ར་དང་གསུམ། །མི་བརྡུག་[གདུག་]སྨན་གསུམ་བྱང་པ་ཉི་ལྒ་[དགའ་]དང་། །ཤིང་མངར་ཡིན་ཏེ་སྨན་རྟ་གསུམ། །ཀ་ར་བུ་རམ་སྦྱང་[སྦྲང་]རྣམས་རྩ་[རྩི་]བཞིན་བཏག་[བཏགས]། །ཆང་གིས་ལྟོ་སྟོང་ཕུལ་བས་རྩ་སྟོན་[ལྟོ་]གཉིས་ནས་སྦྱོར་[སྦྱོང་]། །ལུས་སྟོབས་བཟང་ན་ཞག་རེ་དུས་བཞིར་སྦྱངས། །ཞག་རེ་བཅག་ནས་ལུས་ཟུརས་[ཟུངས་]ཟས་ཀྱིས་གསོ། །ཟུངས་ངན་སྨན་སྦཡོང་ཞག་གཅིག་ཟས་ལ་གཉིས། །ཆུ་བསྐོལ་གསར་འཇམ་ལྕགས་[ལྕག་]བཏང་དེ་ལྟར་འཕེལ་[སྤེལ]། །ཟས་སྨན་རེ་མོས་མ་སྤེལ་ཆུ་ལམ་ཟས་ཀྱིས་བཀག །དེ་བས་ཟས་སྨན་གཉིས་ལ་རེ་མོས་བྱ། །བཞི་པ་མཚོ་མོ་སྤུར་[ཡུར་]དུ་དྲངས་བ་ནི། །རྩ་ནས་འདྲེས་[འདྲེན་]དང་གསང་ནས་ལདྲེན་པ་གཉིས། །དང་པོ་ཤ་རུ་མདོག་[མགོ་]རུས་བཙའ་མ་ཡ་བག་ཤ་[ཡ་བཀྵ]། །རྩ་[ཙ་]བྱ་སྤེན་ཐལ་བ་ཆུས་རིལ་བུ་བྱ། །བ་ཆུས་འཕུལ་བས་རྩ་ལམ་སྦྱང་། །དེ་རྗེས་ཆུ་སེར་གདོང་རྩ་གཉིས་པོ་མང་དུ་གཏར། །རྐང་པའི་སྐྲན་[སྐྲངས་]ཆེ་སྦང་གར་བག་ཕྱེ་གཏང་། །པུས་མོ་མ་[མན་]ཆད་བྱུགས་ལ་དེབ་བྱས་ནས། །རས་ཀྱིས་དཀྲིས་ལ་རི་བོང་སྤུ་ཡིས་བཅིང་། །སྲིན་མཛུག་[མཛུབ་]དཀྱིལ་འཛུག་[མཛུབ་]བར་ནས་ཀྟིས་[གྱེན་]ཚོན་གོང་[གང་]། །བཅའ་[བཅལ་]བའི་ཐབ་ས་གཏར་ཕུག་ལ་ཆུ་སེར་དབྱུང་། །དེ་བཞིན་སུམ་ཅུ་རྦ་མདོ་དང་། །མཐེ་བོང་ཚོད་དུ་ཡང་གཏར་ནས་ཆུ་སེར་ཆོད་ནས་རྨ་དེ་བསྲེགས། །ཐམས་ཅད་བསྡུག་[བརྡུགས་]ན་རྩ་སྐེམ་སྦྱོང་གིས་བཙག །རྒྱབ་ཀྱི་རྩུབ་[རྩིབ་]ཐུང་གཉིས་ཀྱི་མཆིན་གསང་དང་། །མདུན་གྱི་ལྟེ་བ་ཡན་གྱི་ལྷེན་གསང་མན། ཆུ་ཡོད་མེད་ཀྱིས་པགས་སྲབ་འབྲིང་[འབྲི་]མིག་ཡིན། །རྐེད་པ་ཆུ་ཆིངས་སྣམ་བུས་ཡས་མར་སྡོམ། །སྐྱིལ་གྲུང་[ཀྲུང་]ཁད་སྙོམས་གདན་འདུག་ལུས་པོ་བསྲང་། །ཕོ་བའི་རྗིམ་[རྫེམས་]འཛིན་རྩ་སྟེང་མ་ཡིན་པར། །སྦུབ་ཐུང་[སྦུབས་ཐུར་]སྨུག་[སྨྱུ་]གུ་ཁ་ཡིས་སོར་གཉིས་བུག་[དབུག]། །དྲེ་[བྲེ་]ཕྱེད་ཕུལ་དོ་དྲེ་[བྲེ་]གང་བསྐྱེད་ལ་དབྱུང་། །འདོན་མང་ཆུ་ཚབ་བཏང་རྗེས་ཟུག་གཟེར་སྐྱེའ་[སྐྱེ]། །ཕུག་ཤུལ་འགྲོན་བུ་དུང་དང་རྩིབ་བསྲེགས་གླན། །ཕྱི་ནང་ཕྱིང་བ་བག་འདག་སྦྱར་བ་སྣམ་ཆིང་[ཆིངས་]བྱ། །ཆུ་ཚབ་གཟེར་དང་རྨ་ཚད་སེལ་བར་བྱེད། །རྨ་ཁར་ཆུ་བླུགས་ལུས་འབོར་སྲོག་དང་བྲལ། །དེས་ནས་[ན་]སྔ་མའི་སྨེན་[རྨེན་]བུ་མ་བསྟན་པར། །ཕྱི་མ་འབུག་[དབུག་]འབུག་ཉིན་མར་བཏུད་[བསྟུད་]པ་ན། །སྲོག་གི་གཤེད་མར་འགྲོ་བས་ཞག་གྲང་[གྲངས་]སློང་། །དེས་[དེ་]ནས་རེ་སྤོ་ནས་མ་ཟད་བར་དུ་དབུག །བཙག་ལུག་[ལུགས་]བཅོས་བརྒྱད་པ་དང་སྐེམ་པ་དང་། །སྦྱོང་བ་གཉིས་ནི་སྤེལ་ལ་བཅོས། །བཙག་ལུགས་བརྟག་པ་ཆུ་དང་འདྲ་ན་འཚོ། །ལྗང་སེར་བྱུང་ན་འཚོ་དཀར་[དཀའ་]དམར་སྨུག་འཆི། །ལྔ་ལ་[པ་]རྩ་ལ་འགག་མིག་གཞུག་ལ་རྗེས་གཅོད་ནི། །དོམ་མཁྲིས་བྲག་སྤོས་གླ་ང་[རྩི་]དང་གུར་གུམ་བཞི། །སྦྲང་དང་སྦྱར་བཏང་ཆུ་བཅད་རྩ་ཁ་སྡོམ། །སྐེམས་སུ་བཤད་པའི་མིག་[མེ་དམིགས་]བསྲེག་པ་སྐྱར་[བསྐྱར]། །ཁྱད་པར་ཚིགས་པ་དང་པོ་བཅོ་བརྒྱད་བཅུ་གསུམ་པ། །སྟེང་འོག་བར་གྱི་ཆུ་གསང་མེ་ཡིས་བསྡོམ། །གཉིས་པ་དམུ་ཆུ་བྱེ་བྲག་བཅོས་པ་ནི། །བྱེར་ཆུ་གསུམ་པ་སེ་འབྲུ་བཞི་བསྟན་[བསྟེན་]ཕོ་མེ་བསྲུང་། །དེ་རྗེས་ཁྲག་རྗེས་[བྱེར་]ག་བུར་རྩ་ལྔ་པན་[ཕན]། །ཁྲག་དང་ཆུ་སེར་ཕྱེས་[ཕྱེ་]ལ་འཇམ་པའི་བཤལ་གྱིས་སྦྱངས། །རྩ་ཁ་མང་དུ་ཕྱེ་ལ་ཉུན་[ཉུང་]དུ་འདོན། །ཟས་སྐོམ་བསིལ་དྲོད་སྤེལ་ལ་སྙོམས་པར་བཅོས། །གཉིས་པ་མཁྲིས་ལ་བྱེར་བ་ཆུ་ཡིས་སྦྱང་བ་སྟེ། །དར་དྷ་[ད་]ངུར་[དུར་]བྱིད་སྤོས་དཀར་བ་ཆུང་[ཆུའི་]སྦྱང་བཏིང་[བཏང་]ལ་ཕོ་གསང་བསྲེགས། །བཟང་དྲུག་ཚ་བ་གསུམ་དང་མགྲོན་[འགྲོན་]ཐོད་ཐལ་བ་དང་། །བྲག་ཞུན་སྲོ་[སོ་]མ་ར་ཙ་[ཛ་]ཀ་ར་དང་། །རུས་ཐལ་སིག་ནིས་[ནེའི་]སྦྱོར་བས་རང་སར་བསྐོམ་[སྐེམ]། །ཟས་སྐོམ་གོང་བཞིན་དང་[དངས་]མ་ཆུ་ཁྲག་བྱེར་བ་དང་། །དང་པོ་བཅོ་བརྒྱད་བཅུ་གསུམ་བསྲེག་ལ་ཆུ་གསང་ཁ་གསུམ་སྡམ། །ཚོག་གྲུ་[ཚོ་ཁུ་]ཆང་འཇམས་[འཇམ་]ཟས་སྐོམ་དྲོད་བརྟེན་[བསྟེན་]ནོ། །མཁྲིས་བྱེར་སྟར་བུར་བརྟེན་[བསྟེན་]ལ་རུས་ཐལ་ཀ་ར་སྦྱར་བས་སྐམ། །དེ་རྣམས་དང་པོ་པྱི་ཆུའི་དུས་ལ་སྟག་[བསྟེན]། །དེའི་མ་ཐུབ་རྙིངས་ལ་སྤྱི་བཅོས་བྱ། །གཉིས་པ་མཆིན་པའི་ཟགས་ཆུ་བྲག་ཞུན་སྦྱོར་བས་བསྡམས། །རུ་ཐུང་མང་གཏར་དངུལ་ཆུའི་སྦྱོར་བའམ། །ཡང་ན་ཟངས་ཐལ་སྦྱོར་བབྱས་ལས་བསྐམ། །གསུམ་པ་མཚེར་ཟགས་ཆུ་ནི་རུ་ཐུང་གཡོན་པ་གཏར། །བྱི་ཏང་ཀ་དང་ཤུ་དག་རྒྱ་ཚ་དང་། །འོ་མར་བསྐོལ་བའི་ནང་དུ་ཐལ་སྨན་ནི། །ཙི་ཏྲ་ཀ་བསྲེག་(པའི་)ཐལ་བ་སྦྱར་ལ་བླུད། །ཤིང་དྲུང་[ཤི་ཀྲུ་]བསྐོར་[བསྐོལ་]བར་རྒྱམ་ཚ་པི་པི་ལིང༌། །ཙི་ཏྲ་ཀ་བཏམ་[བཏབ་]མཚེར་ཟགས་དམུ་ཆུ་སྐེམ། །བཞི་པ་གློ་ཟགས་སེང་[སེ་]འབྲུ་ལྔ་པས་གཞི་བཟུང༌ལ། །དེ་འོག་ཟངས་ཐལ་སྨན་ནི་བསྟེན་པས་སྐེམས། །རྗེས་ལ་ཚིག་[ཚིགས་]པ་དྲུག་བདུན་བསྲེག་པར་བྱ། །ལྔ་པ་ཕོ་བ་ཟགས་པ་དང་འཁྱིམས་ཆུ་གཉིས། །ཟས་སྤྱོད་དྲོད་དུ་བསྟེན་པ་ཤིས་པ་སྟེ། །ཐལ་སྦྱོར་ཧ་ལིང་[ལས་]སྐེམ་སྦྱོར་བསྟན་[བསྟེན་]པར་བྱ། །ཤིང་ཀུན་རྩ་[ཙ་]བྱ་ལྒོ་ཀྱ་[སྒོག་སྐྱ་]རྩ་བ་ལྔ། །སྨན་མར་སྦྱར་བའི་འབྱམ་[འཇམ་]རྩི་བཏང་བས་སྐེམ། །དྲུག་པ་སྐྲན་ཟགས་འབྲས་བུ་གསུམ་དང་ཚ་བ་གསུམ། །བྱི་ཏང་ཀ་དང་ལྕགས་ཕྱེ་ཙི་ཏྲ་ཀ །ཐལ་སྦྱོར་རུས་སྦྱོར་གཉིས་བྱས་བཤིག་སྐེམ་དུས་གཅིག་བྱེད། །བདུན་པ་རྒྱུ་རྟེལ་[རྡོལ་]མི་འཚོ་ཡང་གདོན་ཆུ་བཅོས། །གསར་དུས་ནི་རུ་ཧ་དང་འཇམ་རྩི་བསྟེན། །དཔུང་ཟླ་མོ་ཕྱད་[ཕྱེད་]བཏབ་ནས་རིམ་གྲོས་[གྲོ་]བྱས། །བཞི་པ་དུག་ལས་བྱུང་ཆུ་སྐེམ་སྤྲོངས་[སྦྱོངས་]གཉེན་པོ་བསྟུན། །སྤྱི་ཡང་རླུང་མཁྲིས་བད་ཀན་གང་ཆེ་ཡིས། །སྨན་དཔྱད་ཟས་སྤྱོད་གང་ཤར་[ཤས་]ཆེ་དང་བསྟུན། །བརྒྱད་པ་ཐ་མ་མི་ལྡོག་ཕྱི་རྗེས་བཅད་པ་ནི། །ཉ་ཕག་རུལ་སྐྱུར་སྒོ་དང་[ང་]སྔོ་རྔད་[ངད་]དང་། །འཇིག་ཟག་[ཟས་]ལ་སོགས་འཇུ་དཀའ་དྲུག་སྤངས་དགོས། །རྟ་ཞོན་འགྲོ་འདུག་བུད་མེད་བརྟེན་[བསྟེན་]པ་དང་། །རླན་གྲང་མི་མཐུན་ཟས་སྤྱོད་ལོ་རུ་བསྲུང་། སྐེམ་པའི་སྨན་ནི་རྒྱུ་མི་གཅོད་པར་བརྟེན་[བསྟེན་]། །རི་བོང་ཤ་དང་རྩ་བའི་ལྔའི་སྨན། །མར་སྦྱར་བཏང་བཟང་སྦྲང་སྦྱར་སྣ་ལས་དང་[ལ་བཏང་]། །ད་བྱིད་སྨན་མར་སྦྱར་ལ་ལུས་ཟུངས་གསོ། །འཆི་བདག་གྲིབ་སོ་འདྲ་བའི་དམུ་ཆུ་བཟློག་པར་གྱུར། །ཞེས་གསུངས་སོ།།

གསོ་བྱེད་[བྱའི་]ནད་འབུམ་ནག་པོ་ལས་ཁོང་ནད་དམུ་ཆུ་གསོ་བའི་ལེའུ་སྟེ་བཅུ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:47 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།