སྨན་རྩིས་དྲ་བ། - གསོ་དཔྱད་རྒྱལ་པོའི་དཀོར་མཛོད།

ལེའུ་བཅུ་གཅིག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 18.07.2019
གསོ་དཔྱད་རྒྱལ་པོའི་དཀོར་མཛོད། >>


ལེའུ་བཅུ་གཅིག་པ། ནི་རུ་ཧ་འདྲེན་པའི་འཁོར་ལོ།

ནི་རུ་ཧ་འདྲེན་པའི་འཁོར་ལོ་ནི། གལ་ཏེ་རྩ་འགགས་པའམ། ཕོ་བ་འགྱིངས་བའམ། བཤལ་ཐོགས་པའམ། ཕོ་བ་དང་། རྒྱུ་མའི་ནད་འབྱིན་པར་བྱེད་པ་ཡིན། དུར་བྱིད། བུལ་ཏོག དུད་པ། ལྕུམ་རྩ། ཨ་རུ་ར། ཚྭ། སུག་པ་རྣམས་རྩི་བཞིན་དུ་བཏགས་ལ་སིང་པོ་དང་སྦྱར། འོ་དྲོད་ཙམ་བསྲོས་ལ་འབྲུ་མར་ཀྱུ་གང་བླུགས་ལ། གྲོད་པར་བླུགས་ལ་གཅེའུ་ཚད་ལྡན་བཅུག་སྟེ་སྐུད་པས་བཀྱིགས་ལ་ནད་པ་སྔས་དམད་ལ་འཕོངས་བསྟོད་དེ་གྲོད་པའི་དབུགས་བཏོན་ལ་རྩེ་མོ་ལ་མར་བསྐུས་ཏེ། གཅེར་བུ་འཕོངས་སུ་སོར་བཞི་ག་ལེ་མ་སྣད་པར་གཞུག གཅེའུའི་ཁ་གཞང་གི་ལོགས་ལ་རྡུགས་ཏེ། འགྲོ་རུ་མ་འདོད་ན་གཅེའུ་སྟེ་འོག་གཡས་གཡོན་དུ་ཁ་གཅུས་ལ་གཏང་སྟེ་གྲོད་པའི་སྨན་བཙིར་ལ་གཏང་ལ་ལྷག་མ་ཅུང་ཟད་ཅིག་རླུང་ཡོད་པའི་མི་གཏང་བར་བཞག་ལ་གཅེའུ་བཏོན་ལ་འཕོངས་རས་མས་བཀག་འཕོངས་ལ་ཐལ་ལྕགས་ལན་བཞི་ལྔ་ཞིག་བརྡེག དེ་ནས་རྐང་པའི་མཐེ་བོ་ཆེ་གཉིས་ནས་བཟུང་ལ་གནམ་དུ་བཏེག་གིན་བསིགས། དེ་ནས་གཞོགས་གཡོན་འོག་ཏུ་བཅུག་ལ་ཉལ་མི་ཐུབ་པ་འཆོལ་བ་འདྲ་ན། ལན་གཉིས་སམ་གསུམ་དུ་བཟློག དེ་ནས་བཟློག་དྲགས་ན་རྒལ་འགྲོ་སྲིད་པས་སླ་ང་ལ་སོགས་སུ་གཏང་། སྐྱོ་འདུལ་གོང་བུ་ཆོལ་ལེ་བྱུང་ན་ཐེབས། ཆུ་ཟངས་རྐྱང་དུ་བྱུང་ན་མ་ཐེབས་པས་སྨད་ཀྱི་ནད་ཐམས་ཅད་འདྲེན་པའི་མཆོག་ཡང་བསྐྱར་ལ་གཏང་། སྨན་རོ་འདོན་ཕྱིར་རྒྱམ་ཚའི་ཆུ་སྐོལ་གཏང་། ཞག་གཅིག་ལྟོ་བསྐྱུངས་པས་སྨད་ཀྱི་ནད་ཐམས་ཅད་འདྲེན་པའི་མཆོག་ཡིན་ནོ། །ནི་རུ་ཧ་འདྲེན་པའི་འཁོར་ལོ་ཞེས་བྱ་བ་ས་མཱ་པྟ་མི་ཐི།། །།

 

མཐའ་མའི་འདོན་ཐེངས་།: 18.07.2019 ཉིན། 10:49 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།