སྨན་རྩིས་དྲ་བ། - འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ།

ལེའུ་དྲུག་པ། སྲིའུ་དང་ནད་པའི་རྩིས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2015
འབྱུང་རྩིས་ཟླ་ཟེར་གྱི་མཆན་འགྲེལ། >>

 


ལེའུ་དྲུག་པ། སྲིའུ་དང་ནད་པའི་རྩིས།

འབྱུང་འདུས་ལུས་ཀྱི་ཕུང་པོ་འབྱུང་བ་འདུ་བ་འཁྲུགས་པ་དང་སེམས་ཀྱི་རྣམ་རྟོག་གིས། །བསྐྱེད་པའི་ནད་འདྲེས་གདུངས་པ་འམ། །སྲིའུ་སོགས་བཙས་མ་ཐག་གི་བྱིས་པའི་ཆེད། །རྡེ་འུ་བཅུ་དགུ་བོར་བར་བྱ། །དེ་ཡང་བརྩི་བྱའི་སྲོག་གིས་ནི། །གནམ་ལོའི་སྲོག་འཐབས་རྡེ་འུ་དང་། །བརྩི་བྱའི་སྲོག་གི་དར་གུད་ལོ་ཡི་སྟེང་།  །ཕབ་པའི་རྡེ་འུ་གཅིག་དང་དེ་བཞིན་དུ། །ཟླ་བའི་སྲོག་ཞག་གི་སྲོག་དུས་ཚོད་ཀྱི་སྲོག་ལ་འང་། །བརྩི་བྱའི་སྲོག་གིས་འཐབ་པ་དང་། །སྲོག་གི་དར་གུད་ཟླ་སོགས་སྟེང་ཟླ་བར་འཐབ་དུས་ཟླ་བའི་སྟེང་། ཞག་སོགས་འགྲེབརྩིས་པའི་རྡེ་འུ་རེ་རེ་སྟེ། །འཐབ་བསྐོར་སྤེལ་སྒྲིགས་སྲོག་རྡེལ་བརྒྱད། །དེ་བཞིན་བརྩི་བྱའི་ལུས་ཀྱིས་ཀྱང་། །ལོ་ཟླ་ཞག་དང་དུས་ཚོད་ཀྱི། །ལུས་ལ་སོ་སོར་འཐབ་འི་རྡེལ་བཞི་དང་། །ལུས་ཀྱི་དར་གུད་ལོ་སོགས་ཟླ་ཞག་དུས་བཞིའི། །སྟེང་ཕབ་བརྩིས་པས་ལུས་རྡེལ་བརྒྱད། །དྲིལ་བས་སྲོག་ལུས་རྡེལ་བཅུ་དྲུག །དེ་སྟེང་ཟླ་བ་ངོ་རེ་བཞིན་། །ལྷ་མོ་བརྒྱད་འཆར་ཚེས་གཅིག་ནས། །ལྷ་མོ་འོད་འབར་ བརྟན་མ་ རྣོ་དཔལ་མ། །མདངས་ལྡན་ ཆར་འབེབས་ གཡོ་མེད་ དང་། །འོད་ལྗང་སྐྱེད་བྱེད་ རིམ་པ་བཞིན། །ལྷ་མོ་དང་པོ་དྲུག་ལ་ཞག་བཞི་རེ་དང་། །ལྷ་མོ་ཕྱི་མ་གཉིས་ལ་ཞག་གསུམ་རེ། །ཚེས་གཅིག དགུ། བཅུ་བདུན། ཉེར་ལྔ་ལ་འོད་འབར་མ། གཉིས། བཅུ། བཅོ་བརྒྱད། ཉེར་དྲུག་ལ་བརྟན་མ། ཚེས་གསུམ། བཅུ་གཅིག བཅུ་དགུ། ཉེར་བདུན་ལ་རྣོ་དབལ་མ། བཞི། བཅུ་གཉིས། ཉི་ཤུ། ཉེར་བརྒྱད་ལ་མདངས་ལྡན། ཚེས་ལྔ། བཅུ་གསུམ། ཉེར་གཅིག ཉེར་དགུ་ལ་ཆར་འབེབས་མ། ཚེས་དྲུག བཅུ་བཞི། ཉེར་གཉིས། སུམ་ཅུ་ལ་གཡོ་མེད། ཚེས་བདུན། བཅོ་ལྔ། ཉེར་གསུམ་ལ་འོད་ལྗང་། ཚེས་བརྒྱད། བཅུ་དྲུག ཉེར་བཞི་ལ་སྐྱེད་བྱེད་བཅས་སྦྱར་བའི་ཚེས་གྲངས་དངོས་འབྲས་ལས་འཐབ་རྒྱུ་མེད་བཟང་ངན་ དང་། ལྷ་མོ་བརྒྱད་ཚེས་ཁོ་ནར་སྦྱར་བ་རགས་རྩིས་ཡིན། ཞིབ་པར་ཚེས་འཆར་སྤར་ཁ་དང་སྦྱར་བ་ལི་འོད་འབར། ཁོན་བརྟན་མ་སོགས་སྦྱར་ཏེ་དེ་རྣམས་འཆར་ལུགས་བཻ་དཀར་དུ་གསལ། །དེ་བཞིན་གཟའ་ནི་པ་སངས་ལ་ན་ན། དེ་རྗེས་འཆར་བའི་དགྲ་གཟའ་ཉི་མ་ལ་མ་ཤི་ན། མ་གཟའ་སྤེན་པར་འཚོ། དེ་བཞིན་ཉི་མར་ན་ན། ཟླ་ལྷག་དུས་མ་སྐྱོན་ན། ཕུར་བུར་འཚོ་སོགས་རིགས་འགྲེའོ།། ཉི་མར་ན་ན་ལྷ་སྲུང་དགའ། ཟླ་བར་ན་ན་ས་བདག་ཀླུ་གཉན། མིག་དམར་རྒྱལ་བཙན་སོགས། དང་གདོན་ངོས་འཛིན། དངོས་ཀྱི་འབྲས་ལས་འཐབ་རྒྱུ་མེད་སྐར་མ་༣ ལན་གདོན་ངོས་འཛིན། སྨིན་དྲུག་དམེ་ཡུགས་ཀྱི་ལན་སོགས། ཡང་། །བཟང་ངན་བརྩིས་པའི་རྡེལ་གསུམ་སྟེ། །དྲིལ་བས་རྡེ་འུ་བཅུ་དགུ་བོར། །དེ་ལྟར་བརྩིས་པའི་འབྲས་བུ་འང་། །རྩ་འགྲེལ་ཉི་ཤུ་པ་སོགས་ལྟོས། ། 

གཞན་ཡང་ནད་རྩིས་ཐང་ཤིང་ནི། །ཐོག་མར་བརྩི་གཞི་ངོས་བཟུང་བྱ་བ་ནི། །དེ་ལས་ལོ་དགྲ་མ་ཁམས་གྲོགས་སྟག་དགྲ་ཁམས་མཐུན། མ་ཡོས་གྱེན་ཐུར་བུ་མ་ཡར་མར་ན། ཐོག་མར་རྩི་གཞི་ངོས་བཟུང་དེ་ལ་རྩིས་འགོ་བཅོ་ལྔ་སྟེ། །དང་པོར་རང་གི་བླ་ཚེ་ནི། །སྟོར་རམ་མ་སྟོར་གནམ་ལོ་ནས། །བརྩི་བྱའི་མི་དེས་ལོ་གྲངས་དུ་ལོན་ཐུར་དུ་སྦུབ།། གར་བབས་དེའི་སྲོག་སོགས་བཞི་ལ་བརྩི་བྱའི་བཞིས་འཐབ། བརྩི་བྱའི་དབང་གིས་ཁམས་དང་མ་བུ་སོགས་སྦུབ་བཀན་བྱ་བ་མ་གཏོགས་ཕོ་མོའི་ཁྱད་མེད་ཅེས་བརྗེད་བྱང་ལས་གསུངས།  

གཉིས་པ་རྒྱལ་པོ་གདན་ས་ནས། །འདྲེད་དམ་མི་འདྲེད་རང་ཁམས་ཀྱི་དགྲ་ལྕགས་སྟག་ནས།  འདི་གཉིས་གནད་གཅིག་སྟེང་འདིར་འོག་ཏུ་རང་མ་བུ་སོགས་མཆན་བཀོད་པས་དངོས་བསྟན་ཤིང་ཁམས་པ་ལ་དཔེར་མཛད་པ་ཡིན་པས་སོ།། །དུ་ལོན་ཐུར་དུ་སྦུབ་ལ་བརྩི། ། 

གསུམ་པ་ཞྭ་འཕྱིང་ཐལ་འོག་ཏུ། །ཚུད་དམ་མ་ཚུད་ཆུ་སྟག་ནས། །ཐུར་དུ་དུ་ལོན་བགྲངས་ལ་བརྩི། ། 

བཞི་པ་བློན་པོ་གྲལ་ས་ནས། །ཡར་རམ་མ་ཡར་ཤིང་སྟག་ནས། །དུ་ལོན་ཐུར་དུ་སྦུབ་ལ་བརྩི། ། 

ལྔ་པ་གཡི་སྤྱང་གྲ་ཆག་གམ། །མ་ཆག་ས་ཕོ་སྟག་ནས་ནི། །དུ་ལོན་ཐུར་དུ་སྦུབ་ལ་བརྩི། །

དྲུག་པ་བདུད་ཀྱི་འཚོལ་མི་འཚོལ། །ལྕགས་མོ་ཡོས་ནས་དུ་ལོན་སྦུབ། ། བཻ་དཀར་ལས། བརྩི་བྱའི་ཁམས་ཀྱི་དགྲ་ཡོས། གྲོགས་ཡོས། རང་ཡོས། མ་ཡོས་སམ་བུ་ཡོས་ནས་སྦུབ་པར་བཤད།

བདུན་པ་སྲིན་པོས་ཁྲིད་མ་ཁྲིད། །ས་མོ་ཡོས་ནས་དུ་ལོན་སྦུབ། །

བརྒྱད་པ་ལྗོན་ཤིང་ཆག་གམ་མ་ཆག །ཤིང་མོ་ཡོས་ནས་དུ་ལོན་སྦུབ། །

དགུ་པ་བང་མཛོད་སྟོང་མ་སྟོང་། །མེ་མོ་བུ་ཡོས་ནས་དུ་ལོན་སྦུབ། མ་བུ་གང་རུང་ཟེར་བའང་འདུག

བཅུ་པ་ཡས་ཐག་ཆད་མ་ཆད། །གནམ་ལོའི་ཡར་གྱི་གྱེན་དུ་བཅུ་གསུམ་ནས། །ཐུར་དུ་དུ་ལོན་སྦུབ་ལ་བརྩི། །

བཅུ་གཅིག་དཔྱང་ཐག་ཆད་མ་ཆད། །གནམ་ལོའི་མར་གྱི་བཅུ་གསུམ་ནས། །དུ་ལོན་གྱེན་དུ་བཀེན་ལ་བརྩི། །

བཅུ་གཉིས་པ་ནི་བྱང་ཐང་རླུང་། །ལངས་སམ་མ་ལངས་མེ་སྟག་ནས། །བཻ་དཀར་ལས། བརྩི་བྱའི་ཁམས་ཀྱི་བུ་སྟག་དུ་ལོན་ཐུར་དུ་བགྲངས་ལ་བརྩི། །

བཅུ་གསུམ་སྒོ་ཁྱིམ་བཻ་དཀར་ལས་སྐར་ཁྱིམ་ཞིག་མ་ཞིག །ཆུ་ཕོ་བརྩི་བྱའི་མ་སྤྲེལ་ནས་བཤད། སྤྲེལ་ནས་དུ་ལོན་བཀན། །

བཅུ་བཞི་པ་ནི་ཉལ་བའི་སྔས། །ཞིག་གམ་མ་ཞིག་གནམ་ལོ་ཡི། །ཡར་གྱི་ལྔ་ནས་དུ་ལོན་སྦུབ། །

བཅོ་ལྔ་རྟེན་ཕུར་ཕྱུངས་མ་ཕྱུངས། །གནམ་ལོའི་མར་གྱི་ལྔ་མཐུན་ནས། །དུ་ལོན་གྱེན་དུ་བགྲངས་ལ་བརྩི། །

བཅུ་དྲུག་ནད་ཡུན་རིང་ཐུང་ནི་ཞེས་ཀློང་ཆེན་ནས་གསུངས། རྡེལ་སྒོ་འགགས་མ་འགགས། །གནམ་ལོའི་མར་གྱི་དྲུག་འགྲས་ནས།  བཻ་དཀར་ལས། བརྩི་བྱའི་སྲོག་ལུས་དབང་ཀླུང་དང་། །གནམ་ལོའི་སྲོག་ལུས་དབང་ཀླུང་སྨེ། །འཐབ་པར་བཞེད་དང་གཞན་ཡང་ནི། བརྩི་བྱ་ཡི་ཡང་སྲོག་ལུས་དབང་། །ཀླུང་གི་སྨེ་བས་འཐབ་པ་གཉིས། །ཞེས་བཤད་དོ།། །དུ་ལོན་གྱེན་དུ་བགྲངས་ལ་བརྩི། །

དེ་ལྟར་རྩིས་གཞི་གར་བབས་ཀྱི། །སྲོག་ལུས་དབང་ཐང་ཀླུང་རྟ་ལ། །བརྩི་བྱའི་སྲོག་ལུས་དབང་ཀླུང་གིས། །འཐབས་པའི་རྡེ་འུ་བཞི་བཞི་སྟེ། །དཀར་ནག་གཏན་རྩིས་བཞིན་དུ་བོར། མི་ཕམ་གྱིས། མ་གྲོགས་འཕྲད་ན་དཀར། བུ་ཁྲ། དགྲ་ནག ནང་འཕྲད་ས་ཆུ་དཀར། གཞན་ནག་གསུངས། །དེ་ནས་དཀར་ནག་བགྲངས་བྱས་ལ། །སོ་སོའི་བཟང་ངན་སྟངས་གཅོད་བྱ། །དེ་རྗེས་རྩིས་མིག་བཅུ་དྲུག་ཀྱང་། །རྩིས་ཆེན་བདུན་དུ་དྲིལ་ལ་བརྟག །དེ་ཡང་ཐང་ཤིང་རིང་མོ་དང་། །གསེར་ཟམ་༢མཁས་པ་རྒྱ་ཅང་ལེའུའི་བཞེད་པ་གཡུ་༤ཟིམ་ཉིང་བྱང་ཆུབ་རྒྱལ་གྱི་བཞེད་པ་ཤུག་འདབ་རྒྱས་ཀྱི་རྩིས་དཔག་འཚེར་ཞེར་ཡེ་ཤེས་དཔལ་གྱི་བཞེད་པ་བསམ་འབྲས་བུའི་རྩིས་ལྗོན། །རྒྱ་ཡི་མཁས་པ་ཙུག་ཏུའི་བཞེད་པ་དཔལ་ཁྱིམ་བྱུར་ཁྱིམ་དང་ལེའུ་པན་རྒྱལ་བཞེད་པའི་གཤིན་གསོན་མིག །རྒྱ་པཎ་ཕུ་ལུའི་བཞེད་པ་ལིང་རྩེ་བརྒལ་ལམ་མ་བརྒལ་བལྟ། །དེ་དག་རྡེ་འུ་གསུམ་ཚན་ལྔར། །བཅད་ལ་དང་པོ་སྐྱེས་པའི་ས། །བར་པ་བུད་མེད་ཐ་བྱིས་པ།  །རིམ་བཞིན་སོ་སོའི་ས་རུ་བརྟག །གཞུང་གཞན་དུ་རྩིས་འགོ་ཐ་མ་ཡི། །བཅུ་དྲུག་པ་རྡེལ་སྒོ་འགགས་མ་འགགས་བརྟག་པ། རྡེལ་བོར་ད་ལྟའི་ཕྱག་བཞེས་སུ། །གནམ་ལོ་རང་གི་སྲོག་ལུས་དབང་། །ཀླུང་རྟ་བཞི་ཡི་སྨེ་བ་ལ། །བརྩི་བྱའི་སྲོག་སོགས་སྨེ་བ་བཞིས། །འཐབ་པའི་རྡེལ་སྒོ་དཀར་ན་རྡེལ་སྒོ་མ་འགགས། ནག་ན་འགགས། ཁྲ་བོ་ཡང་ནག་པོའི་རིམ་གྲོ་འབོག བརྟག་པའིལུགས་གཅིག་ཡོད། །གཞན་ཡང་ལོག་མེན་བྱེ་བྲལ་ནི། ཕོ་མོའི་ལོག་མེན་ལ་བབས་འདོམས་ཡིན། སྤར་བྱ་སྤྲེལ་བབས་སོགས་སྨེ་གཅིག་དཀར་སྟེང་ན་ན་མིག་ནད་དང་གདོན་རྒྱལ་པོ་དང་། །བྱི་ཉིར་ན་ན་ཕོ་ཡང་མོར་ལྕི་བ་སོགས་ཉི་མའི་ནད་གདོན་བརྟག་པ་སོགས། །རྒྱ་ཆེན་གཞུང་བཻ་དཀར་དུ་རྒྱས་པ་ཡོད། ལས་ཤེས་པར་བྱ། གཞན་ཡང་ནད་ཐེབས་དུས་ལོ་ཟླ་ཞག་དུས་སྤར་ཁ་རྣམས་དགྲ་གཤེད་དང་། ལོ་བདུན་ཟུར། བཞི་གཤེད། དུར་སོགས་ཐུག་མིན་བརྟག ཞག་དུས་ཀྱི་ཀེག་ལ་བདུན་ཟུར་བཞི་གཤེད་གཙོ་ཆེ་ལ། ལྷག་པར་ཐད་ཤིང་སྐབས་འདིར་བཞི་གཤེད་གཙོ་བར་གསུངས། གང་ཤར་དེ་དག་གི་དབང་ཐང་དང་སྤྲད་པས་དགྲ་ངན། མ་བཟང་། བུ་གྲོགས་འབྲིང་། བཞི་གཤེད་ཀྱི་ལོ་སོགས་ལ་ནད་བྱུང་ན་ངན། ལོ་སོགས་བཞི་ཀ་ཀེག་དུས་ལ་བབས་ན་ངན། །དེ་ལྟར་ནད་ཀྱིས་གདུང་པའི་འགྲོར། །ཕན་པའི་ལྷག་བསམ་དྲག་པོ་ཡིས། །ལེགས་པར་བརྩིས་ལ་ཁ་དམར་རྣམས། །རང་རང་འགྲེལ་པས་སྟངས་གཅོད་དེ། །འཁྲུགས་པ་བཅོས་ཤིང་གུད་པ་གསོ། །རྣམ་རྟོག་འདྲེ་གདོན་བསལ་བར་བྱ།། གཙོ་བོ་ནད་པའི་ཆེད་དུ་གསུངས་ཀྱང་། ནད་མེད་ལ་ཡང་རིམ་གྲོ་འཕྲོད་གཉན་ཆེ་ཆུང་སོགས་བརྟག

འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་ལས། སྲིའུ་དང་ནད་པའི་རྩིས་ཀྱི་ལེའུ་སྟེ་དྲུག་པའོ།། །།

མཐའ་མའི་འདོན་ཐེངས་།: 21.08.2015 ཉིན། 2:39 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།