སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དོན་བཞི་པ། རླིག་རླུགས་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དོན་བཞི་པ། རླིག་རླུགས་བཅོས་པ 

དེ་ནས་ཡང་འཚོ་བྱེད་སྨན་པའི་རྒྱལ་པོས་བཀའ་སྕལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །རླིག་བླུགས་[རླུགས་]ནད་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟག་[རྟགས་]དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །རྒྱུ་རྐྱེན་ཟས་སྤྱོད་གདོན་གྱིས་ཐུར་སེལ་འཁྲུག[འཁྲུགས]། །རྒྱུ་སྨད་ཆུ་སེར་རྒྱུ་བའི་ལམ་ཆད་ནས། །ལམ་ལོག་རླིག་པར་རླུང་ཞུགས་སྐྲངས་པ་ཡིན། །གཉིས་པ་དབྱེ་བ་རླུང་མཁྲིས་བད་ཀན་ཚིལ་ལ་[ལས་]གྱུར། །གཅིན་ལས་གྱུར་དང་རྒྱུ་བླུག་[རླུགས་]དྲུག་ཏུ་བཤད། །གསུམ་པ་རྟག་[རྟགས་]ནི་རླུང་གྱུར་གློ་བུར་གང་རྒྱས་ན། །འཁྲིས་[མཁྲིས་]གྱུར་དམར་ཞིང་ཚ་ལ་དྲོད་ཆེན་རྣག །བད་ཀན་ཟུག་ཆུང་ལྗི་[ལྕི་]སྲ་རྣག་མི་འོང་། །ཚིལ་གྱུར་གྲང་ཞིང་འཇམ་ལ་རྣག་པ་དཀའ། །རླིག་[གཅིན་]གྱུར་རླིག་པའི་འོག་སྐྲངས་སྐྱལ་ཆང་[རྐྱལ་ཆུ་]འདྲ། །རྒྱུ་ཤུགས་[རླུགས་]རླུང་གིས་རྒྱུ་མ་དཀྲུག་[དཀྲུགས་]འགྱུར་ཏེ། །སྣེའུ་[སྣེ་ས་]རླིག་པར་ཕུལ་ལ་སྦོས་ཤིང་གཟེར། །སྒྲ་དང་བཅས་ཤིང་བཅུག་ཀྱང་སླར་འབྱུང་ངོ་། །བཞི་པ་བཅོས་ཐབས་རླུང་གྱུར་ཤིང་མངར་འཇམ་རྩི་བཏང༌། །བྷ་[འབའ་]ཆའི་སྣུམ་དུག་[དུགས་]འབྲུ་མར་བསྐུ་མཉེ་དང་། །རྩ་བའི་ལྔའི་སྨན་མར་བཏང་རྗེས་བཤལ། །འཁྲིས་[མཁྲིས་]གྱུར་སྐྲངས་པ་ལུམ་[ལུམས་]ཀྱིས་བཏུལ་ལ་གཏར། །སྨིན་ནས་ཞུན་རྨ་རྕི་སོགས་རྨ་ལྟར་གསོ། །བད་གྱུར་སྐྱེར་ཞུན་[ཤུན་]བ་གཅིན་བཏང་ནས་བཅུ་[བཅོ་]བརྒྱད་བསྲེག །དུག་[དུགས་]ལུམས་ཡན་ལགས་[ལག་]ལྟར་དུ་སྨིན་བྱས་ནས། །རྣག་ནས་ནག་མཚུར་རྒྱ་ཚ་སྦྲང་ལུམས་བདུག །སྲུབས་མེད་ལྤགས་བཀྲལ་[པགས་དྲལ་]ཚིལ་ཕྱུང་ནག་ཚུར་དང་། །རྒྱ་ཚ་རྒྱམ་ཚ་སྦྲང་གིས་སྨན་[རྨ་]བཀྲུས་བཙེམ། །ལྡོང་རོས་སྤོས་དཀར་སུག་སྨེ་[སྨེལ་]པི་པི་ལིང་། །གོ་ཕྱེ་[བྱེ་]ཏིལ་མར་མ་སོར་[སོས་]བར་དུ་བྱུག །གཅིན་གྱུར་དང་པོ་སྣུམ་བྱུག་ཡོས་དུག་[དུགས་]བྱ། །རས་ཀྱིས་བསྡམ་ནས་ལྷུང་པར་[སར་]ཕུལ་[ཕུག་]ལ་གསོའ[གསོ]། །སྒོ་ང་སྐྲངས་ན་རྩའི་ཐག་པ་མེས་བསྲེགས། །རྒྱུ་བླུག་[རླུགས་]རྩ་བ་ལྔ་ཡི་སྨན་མར་བསྟེན། །འཇམས་[འཇམ་]རྩི་དུག་[དུགས་]བསྟེན་ནས་[ནང་]བཅུག་རྒྱུ་ལམ་བསྲེག །སྐྲང་པ་མ་ཞི་སྐྲང་ངེས་[ངོས་]རྐང་པ་ཡི། །རྒྱུས་པ་སེར་པོ་སྣལ་མ་འདྲ་བ་དེ། །ཁབ་ཀྱིས་བཏེག་ནས་བཅད་ལ་དེ་འཕྲོ་བསྲེག །ཅེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་རླིག་བླུག་[རླུགས་]བཅོས་པའི་ལེའུ་སྟེ་དོན་བཞི་པའོ།། །།



མཐའ་མའི་འདོན་ཐེངས་།: 04.01.2024 ཉིན། 4:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།