སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་དོན་དྲུག་པ། མཚན་བར་རྡོལ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་དོན་དྲུག་པ།  མཚན་བར་རྡོལ་བ་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །མཚན་མ་[བར་]རྡོལ་ལ་རྒྱུ་རྐྱེན་དབྱེ་བ་དང༌། །རྟག་[རྟགས་]དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །རྒྱུ་ནི་བསྟེན་[སྟན་]སྲབ་ཙོག་འདུག་ཁོ་ན་རྒྱས། །རྟ་སོག་[སོགས་]རྒྱུན་ཞོན་རླན་སྟེང་ཡུན་རིང་འབྱུང་། །གཉིས་པ་དབྱེ་བ་རྐྱང་པ་ལྡན་འདུས་གསུམ་དུ་བཤད། །གསུམ་པ་དེ་རྟགས་མཚན་དབྲག་བར་དུ་འབྲུམ་ཡོང་ཆུ་སེར་འཛག །སྨིན་པ་རྣག་ཁྲག་སྲིན་འཛག་སོས་མི་ཉན། །ལེན་[ལན་]རེ་ཞི་ཡང་སླར་ལྡན་[ལྡང་]ཁུ་ཁྲག་འཛག །རླུང་གྱུར་རྨ་མང་ཆུ་སེར་སྤྲུ་[ལྦུ་]སླ་འཛག [མཁྲིས་པ་དམར་ཚ་བད་ཀན་ལས་གྱུར་གཡའ།།] །རླུང་འཁྲིས་[མཁྲིས་]དམར་སེར་བད་རླུང་སྨིན་དཀའ་ནག །བད་འཁྲིས་[མཁྲིས་]ཚ་སྐྲང་འདུས་ཡིན་ནད་ཚབས་ཆེ། །བཞི་པ་བཅོས་ཐབས་གསལ་[གསར་]དུས་ལོང་རྩ་གཏར། །ཐོར་པ་བརྡོལ་[བརྟོལ་]ནས་ཁྲག་ཕྱུང་སྦང་དུག་[དུགས་]བྱ། །སྙིང་[རྙིང་]ནས་ལྟོ་སྦྱང་ཆུ་ཚན་ནང་དུ་བཅིང་[སྤྱིང་]། །འབྲས་གསུམ་བྱི་ལའི་རུས་པ་རྨ་ལ་བྱུག །བྱི་ཏང་ཀ་དང་དམར་གསུམ་པི་ལིང༌ར་གསུམ་དང་། །སྦྲང་དང་རྩི་མར་སྦྱར་བ་ཡུན་དུ་བསྟེན། །སླ་ཁྲེས་[སླེ་ཏྲེས་]སུག་སྨེ་[སྨེལ་]བྱི་ཏང་དུག་མོ་ཉུང་། །ར་གསུམ་སྤོས་དཀར་རིམ་བསྐྱིད་[བསྐྱེད་]སྦྲང་སྦྱར་བཟའ། །དུག་ཉུང་པ་[པི་]ལིང་ཙི་སྲ་[ཏྲ་]ཀ་དང་ལྡོན་རོལ་[ལྡོང་རོས་]ལ། །བྱི་ཏང་འབྲས་གསུམ་ཕྱེ་ལ་ཕྱེད་རེ་སྦྱར། །ཀུན་དང་སྤོས་དཀར་བསྙམ་[མཉམ་]སྟེ་སྦྲང་སྦྱར་ཟ། །གུ་ཁུལ་[གུལ་]སྲང་ལྔ་པི་ལིང་སྲང་གང་འབྲས་བུ་གསུམ། །ཤིང་ཚ་ཞོ་གཉིས་སུག་སྨེ་[སྨེལ་]སྦྱར་བ་བཏང་། །སྨན་གྱིས་མི་ཐུབ་ཚད་ན་བཅད་དེ་བསྲེག །ཟས་སྤྱོད་ནད་གཞི་གང་ཆེ་དེ་དང་བསྟུན། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་མཚན་མར་[བར་]རྡོལ་བ་ཅོས་པའི་ལེའུ་སྟེ་དོན་དྲུག་པའོ།། །།




མཐའ་མའི་འདོན་ཐེངས་།: 04.01.2024 ཉིན། 4:00 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།