སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཉེར་བརྒྱད་པ། མགོ་ནད་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཉེར་བརྒྱད་པ། མགོ་ནད་གསོ་བ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པའི་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། །ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ལགས། །དེ་ལྟར་བཞི་བརྒྱ་རྩ་བཞི་ནད་བསྡུས་པ། །ཚ་གྲང་གཉིས་ཀྱི་བཅོས་ཐབས་དེ་ལྟར་ན། །ཕུང་པོ་ལྔ་ལ་བརྟེན་བཅས་སྒྱུ་མའི་ལུས། །ལུས་པོ་སྤྱིའི་ནད་རྣམས་བྱུང་བ་ན། །འདིའི་བཅོས་ཐབས་སྟོན་པས་བཤད་དུ་གསོལ། །དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ཕུང་པོ་སྤྱིའི་ནད་རྣམས་བཅོས་པ་ནི། །འདི་ལ་མདོ་གནས་ལྔ་ཡི་སྒོ་ནས་སྟོན། །ལུས་སྟོད་དོན་སྣོད་གསང་བ་དང་། །འཐོར་བུ་རང་འབྱུང་རྨ་དང་ལྔ། །མདོ་གནས་ལྔའི་དང་པོ་ཡིས་[སྟེ]། །ལུས་སྟོད་དབང་པོའི་གསོ་ཐབས་བསྟན་གྱིས་བཟུངས་[ཟུངས]། །མགོ་མིག་རྣ་བ་སྣ་དང་ཁ། །སྦ་[ལྦ་]བའི་བཅོས་ཐབས་དྲུག་ཡིན་ཏེ། དང་པོ་མགོ་བོིའི་ནད་ལ་རྒྱུ་རྐྱེན་དང༌། །དབྱེ་བ་རྟག་[རྟགས་]དང་བཅོས་ཐབས་བཞི། །རྒྱུ་རྐྱེན་དུད་པ་ཉི་ཚན་[ཉིན་མཚན་]གཉིད་ཆག་དང༌། །ཆང་མང་སྨྲ་བ་མང་དང་ངུ་དྲགས་པས། །རླུང་འཚུབ་མང་དང་གྲིབ་ཕོག་རྒྱུ་ལས་བྱུང༌། །གསུམ་པ་དབྱེ་བ་གཙོ་བོའི་ནད་བརྒྱད་ཕལ་པ་དྲུག །དང་པོ་རླུང་མཁྲིས་བད་ཀན་ཁྲག་དང་བཞི། །མགོ་སྲིན་ལྡན་པའི་ནད་གསུམ་སྲིན་དང་བརྒྱད། །ཕལ་པ་མ་རླུང་རྨེ་[རྨེན་]འབྲས་གློག་པ་ཅན། །སྐྲ་བྱི་མིག་[སྤྱི་]ཐེར་སྐྲ་དཀར་རྣམ་པ་དྲུག །བཞི་པ་དེ་རྟགས་རླུང་འགྱུར་མུར་འགྲིལ་[འགྲམ་]ཟུག་ཅིང་གཟེར། །དཔྲལ་བ་སྨིན་མཚམས་སྡུག་[ལུག་]པ་སྙམ་དུ་སེམས། །རྣ་བ་འུར་ཞིང་སོ་དང་འགྲམ་པ་ན། །རྩད་བཅུག་[རྩ་འཁྱུག་]ལྟ་བའི་མི་བཟོད་སྣ་ཆུ་མང༌། །ལྡང་དུབ་མང་ཞིང་སྣུམ་དུགས་བསྡོམས་པས་བདེ། །མཁྲིས་གྱུར་རིམས་འདྲ་མགོ་ལུས་མིག་རྣམས་ཚ། །དུ་བས་བདུག་[བདུགས་]སེམས་མཚན་དུས་གྲང་བས་བདེ། །ཁྲག་གྱུར་རྩེ་ཆུང་རྒྱས་ལ་འབུར་[མུར་]འགྲམ་གཟེར། །ཆང་དང་དྲག་ཤུལ་གཉིད་དང་ཉི་ཚན་གནོད། །བད་ཀན་ལས་གྱུར་མགོ་ལྕེ་[ལྕི་]ཟས་མི་ཞིམ། །སྐྱུག་ཅིང་མིག་སྐྲངས་མཚན་མོའི་དུས་ན་བདེ། །བེད་[བད་]མཁྲིས་མགོ་ནད་མེ་ཉིས་དྲོངས་[དྲོས་]དུས་ན། །མགོ་ལྗི་[ལྕི་]དངས་[དང་]ཁ་མི་བདེ་ཆང་ནད་ཆེ། །བད་རླུང་ལྕི་འཁྱོམ་ཟིལ་[ཟི་ལ་]ཟས་རོ་མྱག །རླུང་མཁྲིས་གཉིས་ལྡན་དཔྲལ་མིག་མུར་འགྲམ་ན། །གྲང་དྲོ་ངེས་མེད་ཕྱེད་གོང་ལྟོག་[ལྟོགས་]དུས་ལྡང༌། །རྩ་རྣམས་འཕར་རྒྱས་བསིལ་བབས་དགོང་མོ་བདེ། །མགོ་སྲིན་བས་འཁྲུའ་[སེམས་འཁྲུལ་]སྟོབས་ཆུང་མི་བཟོད་ན། །སྣབས་ཀྱི་མདོག་དམར་རྒྱལ་[རྒྱ་]སྲུབས་སྟེང་དུ་སྐྲངས། །ངེས་མེད་ནད་ལྡང་ཟས་སྤྱོད་ཕན་གནོད་ཆུང༌། །གང་ལོང་[ལངས་]རྩ་འཕར་སྒྲ་སྐད་དྲག་ཤུལ་ལྡང༌། །དཀར་ནག་མཁལ་[འཁར་]གོང་བསྲེག་ལ་མཆིལ་མས་རྟགས་[བརྟག]། །ནག་པོར་སིང་ན་གག་པ་[ཡ་མ་]ཡིན་པའི་རྟགས། །མ་རླུང་བུ་ལ་ཤོར་བ་མགོ་བོ་སྐྲངས། །དེ་བཞིན་རྨེན་འབྲས་སྲ་བར་སྐྲངས་པ་དང་། །སྲིན་ནད་འབྲུམ་ཕྲན་གློག་པས་ཁྱབ་པ་དང༌། །བད་ཀན་ཁྲག་མཁྲིས་ཆུ་སེར་སྐྲ་རྩ་འདུལ་[སྲུལ]། །ཀོལ་[ཀོ་]ལེར་སྐྲ་བྱི་སྤྱི་བོ་ཐེར་སོར་[པོར་]འོང༌། །ལུས་དྲོད་མགོང་[མགོར་]ཞུགས་སྐྲ་འགྱུར་དཀར་པོ་འོང་། །ལྔ་པ་བཅོས་ཐབས་རླུང་ལས་གྱུར་པའི་མགོ་ནད་ལ། །དང་པོ་ཞུན་མར་རྗེས་ལ་འོ་དྲོན་བླུད། །(ཤ་)སྣ་མང་བརྡུང་འུས་[འུ་སུས་]བྲན་བཅོས་[བཙོས་]བདུག །མར་སྣ་འཚོགས་[ཚོགས་]དང་ཀ་ར་སྦྱར་ལ་སྦྱིན། །རླུང་སྨན་རྩ་བ་ལྔའི་ཞུན་མར་རམ། །རས་བལ་ས་བོན་ཤིང་ཚ་ཛ་[ཛཱ་]ཏི་བསྡུས། །གླ་སྒང་ཆུ་དྲོན་བཏབ་ལ་སྨན་སྣར་བཏང༌། །རྒྱབ་སྲུབ་[རྒྱ་སྲུབས་]རྣམས་སུ་ཧོར་གྱི་མེ་བཙའ་བྱ། །བདུད་[སྡུད་]སྒོ་གསུམ་དང་འཕར་རྩ་གང་ལ་[ལངས་]བསྲེག །མཁྲིས་གྱུར་ཏིག་ཏའི་མར་བཏང་སྣུམ་ཆོས་བསྲེག་[གཏར]། །བསིལ་བའི་སྐྱུག་ཁྲུས་སྦྱར་ཞིང་ཆུ་ཡིས་བྲན། །ཙན་འདན་[དན་]རུ་རྟ་ཨུད་དཔལ་[ཨུཏྤལ་]རྒྱ་སྤོས་བྱུག །ཀ་ར་གུར་གུམ་མར་གསར་སྣ་སྨན་བཏང༌། །ཁྲག་གྱུར་འབྲས་བུ་གསུམ་གྱི་ཐང་བཏང་ལ། །གཏར་དང་ཞལ་ཞལ་བྱ་ཞིང་ཆུ་ལྕགས་བསྡེག་[ལྕག་བརྡེག] །བད་གྱུར་མར་རྙིང་སྣུམ་ཆོས་སྐྱུག་འདྲེན་བྱ། །ཚ་བ་ལྔ་དང་སྤྱང་ཚེར་བསིལ་ལ་བདུག །ཙི་ཏྲ་ཀ་དང་ལྒ་སྐྱ་སྲན་ཕྱེ་སྦྱར། །ལྟོག་[ལྟོ་]བཀུག་ལ་ཕུག་སྦྲང་རྩིའི་སྣ་སྨན་བཏང༌། །བད་མཁྲིས་མགོ་ནད་ཆུ་ལྕགས་[ལྕག་]འཚོགས་གཏང་[མཚོགས་གསང་]དབྱེ། །ལོ་གྲངས་ཆུར་བྲན་བུལ་ཏོག་བཏབ་ལ་མཉེ། །སྐམ་ན་ཞུན་མར་བྱུག་ཅིང་སེ་འབྲུ་སྦྱར། །བད་རླུང་མགོ་ནད་གཉིས་ཀ་ལྡན་པར་བཅོས། །རླུང་མཁྲིས་མགོ་ནད་རླུང་གྱུར་ལྟར་[ལྟ་]བུར་གསོ། །དེ་རྗེས་ཁྱད་པར་གཏར་ཁ་མང་དུ་གདབ། །སྲིན་ལས་གཏར་ཁྲག་དྲོན་མོ་ནི། །སྣ་རུ་བླུག་ལ་དེ་རྗེས་སྣ་བཤལ་བཏང་། །ཉ་རུལ་ཤིང་ཀུན་བྱི་ཏང་ཀ་དང་གསུམ། །བ་ཆུར་སྦྱར་བའི་སྣ་སྨན་སྣར་བླུག་ཁར། །དེ་རྣམས་མར་སྦྱར་དུ་བ་སྣ་རུ་བླུག་[བདུག] །གླ་རྩི་བཙན་དུག་ཤིང་ཀུན་མེ་[མ་]རུ་རྩེ། །ལང་ཐང་ཙེ་དང་བཙད་[རྩད་]བཙོད་ཕུར་མོང་རྣམས། །ཤ་བའི་ཚིལ་སྦྱར་ལ་བསྲེགས་པའི་དུ་བ་རྔུབ། །མ་རླུང་རླུང་ཆོས་[བཅོས་]བྱས་རྟིང་འབྲས་ལྟར་གསོ། །རྨེན་འབྲས་ནད་ལ་དེ་ཡི་གསོ་བ་སྦྱར། །གློག་པ་ཅན་ལ་ལྕགས་ཀྱིས་ཞལ་ཞལ་བྱ། །བ་གཅིན་ཁྱིམ་བྱའི་བྲུན་དང་འབའ་ཆ་བཀྲུ་[བསྐུ]། །ཡང་ན་རྟ་སྦང་[སྦངས་]ཁུ་བ་ཚ་[ཚྭ་]བཏབ་བྱུག །སྤྱི་ཐེར་ཀོར་[ཀོ་ལེར་]སྐྲ་འབྱི་སྦྱོངས་བྱས་ལ། །ཐུར་མར་[མས་]སྦྱོང་སྟེ་ཕག་པའི་རྐང་མར་ཚིལ། །སྲོ་[སོ་]མ་ར་ཙ་[ཛ་]སྐྱུ་རུ་ར་སྦྱར་བྱུག །སྤངས་[སྤང་]མ་སྡོང་[ལྡོང་]རོས་ནས་[ཤལ་]ཤམ་ནག་མཚུར་བྱུག །ཡང་ན་སྤངས་[སྤང་]མ་རུ་རྟ་ཐལ་ཏྲེས་ཏིལ། །ཨུད་དཔལ་[ཨུཏྤལ་]འོ་མ་སྦྲང་དང་སྦྱར་ལ་བྱུག །ཡང་ན་པད་མ་གེ་སར་སྐྱུ་རུ་ར། །ཤིང་མངར་ཏིལ་ནག་སྦྲང་དང་སྦྱར་ལ་བྱུག །རྩ་བ་ལྔ་དང་ཏིལ་མར་སྣ་སྨན་བླུགས། །སྲད་[སྐྲ་]དཀར་ལུག་རུས་[རུའི་]ཐལ་བ་ཉུངས་དཀར་བྱུག །ཤིང་ཚ་སྟག་ཚེར་ཙན་འདན་[དན་]པི་པི་ལིང༌། །ཨུད་དཔལ་[ཨུཏྤལ་]སྐྱུར་[སྐྱུ་]རུའི་ཁུ་བ་མར་བསྐོལ་བ། །སྐྲ་[སྣ་]སྨན་མགོ་དསྐུས་[བསྐུས་]སྐྲ་དཀར་ཀླད་ནད་སེལ། །ཅེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་མགོ་ནད་གསོ་བའི་ལེའུ་སྟེ་ཉི་ཤུ་བརྒྱད་པའོ།། །།





མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།