སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་ཉེར་བཞི་པ། ཉེས་པ་དོངས་སུ་སྟོན་པ་བརྟག་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་ཉེར་བཞི་པ། ཉེས་པ་དངོས་སུ་སྟོན་པ་བརྟག་པ།

དེ་ནས་ཡང་དཔྱད་བུ་ཁྲི་ཤེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས། །ངོས་བཟུང་རྟགས་ཀྱི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་གསུངས་(གསུང་)དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །ངོས་བཟུངས་(བཟུང་)རྟགས་ཀྱི་གནས་ལ་བསླས་(བསླབ་)པ་ནི། །དཔེར་ན་མེ་དང་དུད་(དུ་)བ་ཇི་བཞིན་དུ། །ནད་ཀྱི་ངོས་བཟུང་ནི་རྟགས་ལ་བཟངས་(བཟུང་)བར་བྱ། །བརྟག་ཐབས་མེད་པའི་སྨན་པ་ཡིས། །སྟག་(རྟགས་)ཉིད་རྟགས་སུ་མི་ཤེས་ཏེ། །དུ་བ་རླངས་པར་འཁྲུལ་པ་འདྲ། །སྤྲིན་འདུས་ཙམ་ལས་ཆར་འབྱུང་ཟེར་བ་འདྲ། །མ་ངེས་པ་ལ་རྟགས་སུ་བྱེད་པ་ཡོད། །དེ་ཕྱིར་ངོས་འཛིན་བརྟག་ཐབས་མེན་(མན་)ངག་གཅེས། །ཁ་མར་(དམར་)བཅོས་ལ་དགོས་པའི་ཕྱིར། །ཉེས་པ་དངོས་སྟོན་བརྟག་པ་དང༌། །སྐྱེ་བོ་མཁས་ཟེར་འགུ་(མགུ་)བྱའི་ཕྱིར། །ངན་གཡོ་སྐྱོན་གྱིས་བརྟག་པ་དང༌། །གསོ་ཚེ་བླང་དོར་བྱ་(བའི་)ཕྱིར། །སྤང་བླང་མུ་བཞིར་བརྟག་པའོ། །

ཉེས་པ་དངོས་སུ་སྟོན་པའི་བརྟག་པ་ལ། །སློང་བ་རྒྱུ་ཡི་སྒོ་ནས་བརྟག་པ་དང༌། །མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་དང༌། །ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པའོ། །སློང་བ་རྒྱུ་རྐྱེན་ཟས་དང་སྤྱོད་ལམ་ནི། །གསོ་(གང་)ཟོས་གང་བྱས་ནད་ཀུན་རྟོགས་པར་ནུས། །ཁྱད་པར་སློང་བའི་རྐྱེན་གྱིས་ཤེས་པར་བྱ། །དཔེར་ན་རླུང་གིས་(ནད་)སྤྱོད་(སྐྱེད་)པའི་རྒྱུ་རྐྱེན་ཐམས་རྩད་(ཅད་)ཚང་བ་(ལ་རླུང་)འབྱུང་བ་ལ(ལས)། མཁྲིས་པ་བད་ཀན་འོང་མི་སྲིད་དཔེ་འདྲེས་པའོ། །ཅེས་(ཅི་)ཕྱིར་རྒྱུ་ལས་འབྲས་བུ་འགལ་མི་སྲིད། །མཚན་ཉིད་རྟགས་ལ་བརྟག་གཞི་བརྟག་སྒོ་དང༌། །བརྟག་ཡུལ་བརྟག་པའི་ཚུལ་དང་རྣམ་པ་བཞི། །གཞི་ནི་རླུང་དང་མཁྲིས་པ་བད་ཀན་གསུམ། །མཚན་ཉིད་འཕེལ་ཟད་སོགས་(གསོག་)ལྡང་འཁྲུགས་པའི་རྟགས། །ཚ་གྲང་གཉིས་སུ་དྲིལ་ལ་བཏག་(བརྟག་)པར་བྱ། །བརྟག་ཡུལ་དབང་པོ་ཡུལ་ལྔ་དྲི་མ་ལྔ། །དབང་པོ་མིག་དང་རྣ་བ་སྣ་ལྕེ་ལུས། །ཡུལ་ནི་གཟུགས་སྒྲ་དྲི་རོ་རེག་བྱ་ལྔ། །དྲི་མ་ལུད་པ་འཁྲུ་སྐྱུག་ཆུ་ཁྲག་བརྟག །བརྟག་སྒོ་ཡུལ་དུས་རང་བཞིན་ན་ཚོད་དང༌། །ཉིན་ཞག་ཟས་ཟོས་གནས་ལ་(ལས་)མ་འཁྲུལ་རྟོགས། །བརྟག་ཚུལ་ལྟ་(བལྟ་)དང་རེག་པ་འདྲི་(དྲི་)བས་བརྟག །ལྟ་བའི་མིག་ཡུལ་བོངས་དབྱིབས་ཁ་དོག་ལྟར། །ཁྱེད་(ཁྱད་)པར་ལྕེ་དང་ཆུ་ལ་བརྟགས་(བརྟག་)པར་བྱ། །འདི་ནི་མཐོང་བ་ཡུལ་རིགས་(རིག་)བརྟག་པ་ཡིན། །རེག་པ་ལུས་ཡུལ་ཚ་བ་(གྲང་)འབུར་འཇམ་བརྟག །ཁྱད་པར་བརྡ་སྦྱོར་ཕྲིན་(འཕྲིན་)པ་རྩ་ལ་བརྟག །འདི་ནི་དཔྱོད་པ་དོན་རིགས་(རིག་)བརྟག་པ་ཡིན། །དྲི་བས་བརྟག་པ་རྣ་བའི་ཡུལ་ཀུན་ཏེ། །གང་གིས་གིང་(གང་)སྟར་(ལྟར་)གང་ན་གང་དུ་གང༌། །ཁྱད་པར་རྒྱུ་གནས་མཚན་ཉིད་དྲིས་ལ་བརྟག །རྒྱུ་ལ་ཉེས་པ་གནས་ལ་འཇུག་པའི་སྒོ། །མཚན་ཉིད་ནད་རིགས་བྱེ་བྲག་ཕྱེད་པར་འགྱུར། །སྨན་པས་ཉམ་(ཉམས་)སུ་དཔྱད་ནད་པའི་གསོ་དོན། །དེ་ཕྱིར་བཏག་(བརྟག་)པ་ཀུན་ལ་(ལས་)དྲི་བ་གཅེས། །འདི་ནི་ཐོས་པ་སྒྲ་རིགས་(རིག་)ཅེས་སུ་བཤད། །ཕན་གནོད་བསྟན་(བསྟེན་)པ་ཟས་སྤྱོད་སྨན་དཔྱད་བཞི། །རྒྱུ་དང་ནད་ཀྱི་ངོ་བོར་མཐུན་མི་མཐུན། །ཕྲོད་(འཕྲོད་)མི་ཕྲོད་(འཕྲོད་)ལས་ནད་ཀུན་ཤེས་པར་གྱུར(འགྱུར)། །ལྟར་སྣང་མ་ཡིན་བསྲིང་པས་རྟོགས་པར་འགྱུར་ཏེ། །སྨན་པས་ཉམས་དཔྱད་ནད་པའི་གསོ་དོན་ཤེས། །ཞེས་གསུངས་སོ། །

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་ཉེས་པ་དངོས་སུ་སྟོན་པ་རྟགས་ཀྱི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 10:33 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།