སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཉེར་དགུ་པ། མིག་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཉེར་དགུ་པ། མིག་ནད་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །མིག་ནད་བཅོས་པའི་རིག་[རིགས་]པ་བསྟན་གྱིས་ཟུང་[ཟུངས]། །འདི་ལ་རྒྱུ་རྐྱེན་དབྱེ་བ་རྟགས་དང་བཅོས་ཐབས་བཞི་[ལྔ]། །རྒྱུ་རྐྱེན་ནད་ཀུན་འཁྲུག་[འཁྲུགས་]པར་བྱེད་པ་དང༌། །ཁྱད་པར་ཤ་རུལ་སྒོག་གཙོང་[བཙོང་]ཆང་སྐྱུར་སོགས། །མིག་ལ་གནོད་ཅིང་ཁྲག་མཁྲིས་སྐྱེད་པའི་ཟས། །བསྟེན་པས་རྩ་བའི་རྒྱུད་འགྲིམས་མིག་ནད་བསྐྱེད། །དུ་བ་སེར་[བསེར་]བུ་ཁ་བ་མཚོན་ལ་སོགས། །རྐྱེན་གྱིས་བསྐྱེད་པས་མིག་ནད་སྐྱེད་པར་བྱེད། །གསུམ་པ་དབྱེ་བ་མིག་ཆུའི་ནད་དང་མིག་ཚག་དང༌། །ལིང་ཐོག་རབ་རིབ་འགྲིབས་དང་རྣམ་པ་ལྔ། །མིག་མཆུ་[ཆུ་]རླུང་མཁྲིས་ཁྲག་དང་བད་ཀན་དང༌། །འདུས་པའི་སྲིན་བུ་མིག་ནད་སྒྲ་ངན་དྲུག་[བདུན]། །ཚག་པ་སྐམ་ཚག་གཤེར་ཚག་གདུངས་འགྱུར་[གྱུར་]གསུམ། །དེ་ལ་རླུང་མཁྲིས་ཁྲག་དང་བད་ཀན་རུང་[བཞི]། །ལིང་ཐོག་རབ་རིབ་དབྱེ་བ་དེ་བཞི་[བཞིན་]སྦྱོར། །འགྲིབས་ལ་སྲོད་ལོང་ཕྱི་ནང་བར་དང་གསུམ། །ཕྱི་འགྲིབ་ཤ་ལྷག་ཤ་མཛེར་རྩ་གྲ་[དྲ་]དང༌། །སྔོ་རིབ་ལིང་རོས་ཁེབས་དང་རྣམ་པ་ལྔ། །ནང་འགྲིབ་ཆུ་འཁྲུག་[འཁྲུགས་]རྩ་མདངས་ཉམས་དང་གཉིས། །བར་འགྲིབ་རླུང་མཁྲིས་བད་ཀན་འདུས་དང་བཞི། །སྤྱིར་ན་མི་ན་[མིག་ནད་]སུམ་བཅུ་[ཅུ་]རྩ་གཉིས་དབྱེ། །མཆི་མ་འཛག་ཅིང་རྡུལ་གྱིས་གང་སྙམ་སེམས། །སླེབ་པ་[འབྱེད་པར་]དཀའ་དང་དུས་མེན་[མེད་]སླེབ་བཙུམ་[འབྱེད་འཛུམ་]བྱེད། །ཆུ་དང་བད་ཀན་སྣག་[རྣག་]སོགས་གྲ་མཚམས་འཛག །འཁྲིས་[མཁྲིས་]གྱུར་དམར་ལ་རྣག་རུལ་འབྲུམ་ཕྲན་ཁྱབ། །གཡའ་ཞིང་སྐྲངས་ལ་རྣག་དང་ཆུ་སེར་འཛག །ཁྲག་གྱུར་ཟུག་ཆེ་འབྲུམ་ཕྲན་དམར་པོ་འོང་། །བད་ཀན་ལས་གྱུར་འབྲུམ་ཕྲན་དཀར་པོས་ཁྱབ་། །མིག་རྣག་འབྱར་ཅིང་ཟ་གཡའ་ཟུག་ཆུང་འོང་། །འདུས་གུ་[གྱུར་]མིག་ཆུ་རྫི་མ་ནང་དུ་ཟུག །ཚ་སྐྲངས་མཆི་མ་འཛག་ཅིང་མིག་ཆུ་འབྱར། །སྲིན་གྱུར་རྨེན་བུ་སུབ་འདོད་གཡའ་བ་འབྱུང་། །བྱིས་སྦའི་[པའི་]མིག་ནད་སྒྲ་ངན་སོ་སྐྱེ་ཚེ། །མའི་ནད་ལས་འབྱུང་བས་དམར་སྐྲངས་ཤིང་། །ལག་པས་མིག་དང་སྣ་ཉིད་[ཉེད་]གསོ་དཀའ་ཡིན། །མིག་ནད་སྐམས་ཚོགས་[སྐམ་ཚག་]བད་རླུང་ལས་གྱུར་པས། །མིག་སྐམ་རྩུབ་ཅིང་ཚ་ལ་བསེར་བུ་གནོད། །བཤེར་[གཤེར་]ཚག་ཁྲག་དང་མཁྲིས་པ་ལས་གྱུར་པས། །དམར་ཚག་ཉི་མ་མི་བཟོད་མཆི་མས་གང་། །གདུང་བའི་མིག་ནད་རླུང་གྱུར་ལྡང་དུབ་བྱེད། །རྔུལ་[རྡུལ་]གྱིས་གང་སྙམ་བུས་སྙམ་བྱེད་པ་དང༌། །མགོ་འཁོར་རྣ་བ་འུར་ཞིང་མིག་དམར་སྐྲངས། །མཁྲིས་གྱུར་སྐྲ་[སྐྲངས་]ཚ་དམར་ཞིང་སེར་པོར་མཐོང་། །མེ་མདག་གཏར་[གཏོར་]སྙམ་མཛེར་ཐབས་ཁྱབ་པ་ཡིན། །ཁྲག་གྱུར་ཤིན་ཏུ་ན་ཞིང་རེག་མི་བཟོད། །མེ་ཉི་མི་བཟོད་ཁ་དོག་དམར་པོར་མཐོང༌། །བད་ཀན་གཡའ་སྐྲངས་མིག་གི་འབྲས་བུ་ཞུ། །གདུང་བས་ཕལ་ཆེ་སོ་དང་མུར་འགྲམ་དང༌། །མཁུར་ཚོས་མགོ་བོ་ན་ཞིང་རིབ་ཚབས་ཆེ། །ལིང་ཏོག་མིག་འབྲས་དཀར་ནག་སྟེང་དག་ཏུ། །རླུང་གྱུར་སྔོ་སྲབ་འཁྲིས་[མཁྲིས་]གྱུར་ཐིག་ལེ་སེར། །ཁྲག་གྱུར་མཚོན་གྱིས་བཙེས་[གཙེས་]འགྲམས་དམར་པོ་འོང༌། །བད་ཀན་ལས་བྱུང་འཐུག་ཅིང་སྐྱ་བས་གཡོགས། །ཀུན་ལ་ན་ཞིང་སྐྱུག་ལ་མཆི་མ་འོང་། །རྒྱལ་མོའི་སྟེང་བྱུང་ཟངས་འཛེར་འདྲ་གསོ་དཀའ། །རབ་རིབ་ནད་དེ་མིག་ཆུའི་ནང་དུ་འཛུག་[འཇུག] །དེ་ཡང་རིམས་[རིམ་]པ་བཞི་རུ་འཇུག་འགྱུར་ཏེ། །དང་པོ་འཇུག་དུས་རེས་གསལ་རེས་མི་གསལ། །གཉིས་པ་རླུང་དུས་ཐག་རིང་ཆུ་[ཆུང་]མི་མཐོང༌། །ལྟ་[བལྟས་]ཤིང་གཟེར་[གཟིར་]ན་གང་ཡིན་ལོག་[ལེགས་]པར་མཐོང་། །སྟེང་འོག་ཉེ་རིང་གཡས་གཡོན་ལོགས་མི་གསལ། །འདི་དུས་རབ་རིབ་ཅེས་བྱ་གསོ་བའི་དུས། །དུས་སུ་[ལས་]མི་རིམ་[འདས་]དུས་ལ་བཅོས་སྔོན་འགྲོ། །རླུང་གྱུར་རབ་ཏུ་[རིབ་]བ་སྤུ་སྐྲ་ཤེད་[ཤད་]དང༌། །སྦྲང་བུའི་འོད་མཐོང་གཟུགས་ཀུན་གཡོ་བར་ནང་[སྣང་]། །མཁྲིས་གྱུར་གློག་དང་མེ་སྒྲོན་རྨ་བྱའི་སྒྲོ། །ཁྲག་གྱུར་དམར་ལ་བད་ཀན་མུན་འཐིབས་འོང་། །གསུམ་པར་ཞུགས་སུ་[ཚེ་]སྟེང་མཐོང་འོག་མི་མཐོང༌། །རས་ཀྱིས་མིག་བཀབ་པ་འདྲ་བ་ཕྱི་རོལ་དཀར་པོར་མཐོང་། །སྔོན་པོ་ཞེས་བྱ་རིམ་པ་བཞིར་ཕྱིན་ནས། །རྒྱལ་མོ་ཁེབ་[ཁེབས་]བས་ལོང་བར་འགྱུར་བ་ཡིན། །འགྲིབས་པ་སྲོད་ལོང་ནག་པོ་ལང་ལིང་ཁེབ་[ཁེབས]། །ཟུག་ཆུང་ཤ་ལྷག་སྐྱ་བོ་དལ་བུར་སྐྱེ། །ཤ་འཛེར་རིལ་རིལ་ལྟ་བུ་དམར་ལ་འབུར། །དེ་རྒྱས་མདོག་ནག་རྒྱ་ཆེན་འཐུག་པ་ཡིན། །རྩ་ཡི་དྲ་བས་འཐུག་ཁྱབ་སྲོད་ལོང་སྟེང་། །སྔོ་རིབ་དགོངས་སྤྲས་[སྒོང་སྤྲིས་]ལྟ་བུར་[བུས་]ཁྱབ་པ་སྟེ། །ལིང་རོ་སྲབ་དང་འཐུག་པས་སྒྲིབ་པ་གཉིས། །འཐུག་པོ་སྦོ་བ་[མ་]ཚ་རྡོག་མིག་གཉིས་སྤངས། །ཆུ་འཁྲུག་[འཁྲུགས་]མཚོ་གཉིས་འདྲེས་པ་སྣག་ཚ་འདྲ། །རྒྱལ་མོའི་རྩ་མདངས་ཉམ་[ཉམས་]ན་ནག་སངས་ཏེ། །བསྒྲིབ་བྱེད་མེད་ཀྱང་མི་མཐོང་ལོང་ངེས་ཡིན། །རླུང་འགྲིབས་ཉི་མ་མཁྲིས་འགྲིབས་འུག་མིག་དང༌། །དེ་གཉིས་སྒྲིབ་བྱེད་སྔོ་དང་སེར་པོ་འོང་། །བད་ཀན་ཟླ་བ་འདུས་པ་གཞའ་ཚོན་འདྲ། །རྟགས་ཀུན་མ་འདྲེས་ནད་ནད་ངོས་སོ་སོར་བཟུངས་[བཟུང༌]། །ལྔ་པ་གསོ་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་རུ་སྨན་དཔྱད་ཟས་སྤྱོད་བཞི་(ཡིས་)བཅོས། །སྨིན་ན་[སྨན་དུ་]གསལ་བྱེད་བདེ་[ལྡེ་]གུ་འབྲས་གསུམ་མར། །ཨ་བ་བཅོ་ལྔ་ལས་[ལ་]སོགས་ཁོང་དུ་བསྟེན། །ཁྱད་པར་རླུང་ལ་སྣུམ་ཆོས་[འཆོས་]མཁྲིས་པ་སྦྱོངས། །བད་ཀན་སྐྱུག་འདྲེན་ཁྲག་ལ་གཏར་ཁ་བྱ། །ལྡོང་རོས་རྒྱ་མཚོའི་སྦུ་[ལྦུ་]བ་སྤང་ཡོས་[སྤོས་]དུང༌། །གླ་རྩི་ཨུད་དཔལ་[ཨུཏྤལ་]སུག་སྨེ་[སྨེལ་]སྐྱེར་ཁན་དྷ་[ཁཎྜ]། །ཙན་དན་གུར་གུམ་རྒྱམ་ཚ་ཚ་བ་གསུམ། །ཀ་ར་སྦྲང་སྦྱར་བྱུག་ན་མིག་གི་ནད། །རབ་རིབ་ཤ་འཛེར་ཚག་འགྲིབས་ནད་ཀུན་སེལ། །ཟས་སྤྱོད་ཚ་སྐྱུར་རུལ་སུང་[སུངས་]སྒོག་བཙོང་དང་། །སྣེ་ཚོད་ལོ་བཞུར་[ཤུར་]ཟས་དང་མར་ནག་དང༌། །བུར་སྨུག་དུ་བ་བསེར་བུ་ཁ་བ་དང་། །བུ་[བུད་]མེད་དྲག་ཤུལ་སྐད་ཆེན་འབོད་པ་སྤང་། །ཁྱད་པར་མིག་གི་གསོ་ཐབས་བསྟན་པ་ནི། །དང་པོ་ཆུ་རླུང་གྱུར་ལ་གུར་གུམ་དང༌། །མར་རྙིང་ཆུ་བསྐོལ་སྣ་སྨན་མི་ལྟ་[མིག་བརྟ་]བྱ། །སྐྱེར་པའི་ཁན་དྷ་[ཁཎྜ་]ནུ་ཞོ་སྦྲང་སྦྱར་བྱུག །མཁྲིས་གྱུར་འབྲུམ་པ་བཞར་རྗེས་ཆུ་དྲོན་བཀྲུ། །ག་བུར་དོམ་མཁྲིས་ཡོང་[ཡུང་]བ་ཨ་རུ་ར། །ནུ་ཞོ་སྦྲང་རྩི་སྦྱར་ལ་བྱུག་པར་བྱས་[བྱ]། །ཁྲག་གྱུར་འབྲུམ་པ་བཞར་རྗེས་གང་ཉེ་གཏར། །བཙོད་དང་སྐྱེར་པ་རྒྱ་སྐག་རྒུན་འབྲུམ་དང༌། །ཨུད་དཔལ་[ཨུཏྤལ་]བསྐོལ་གྲང་ཀ་ར་མིག་ཏུ་བླུག །བད་འགྱུར་འབྲུམ་པ་བཞར་ལ་ནག་ཚུར་དང་། །པི་པི་ལིང་དང་རྒྱ་ཚ་ལྡོང་རོས་དང༌། །སྟག་[སྟང་]ཟིལ་སྦྲང་དང་སྦྱར་ནས་མིག་ཏུ་བླུག །འདུས་པའི་མིག་ཆུ་རྫི་མ་ཕྱིས་བྱས་ལ། །སྐྱེར་པའི་ཁན་དྷ་[ཁཎྜ་]སྡོང་[ལྡོང་]རོས་ཟང་[ཟངས་]ཕྱེ་དང་། །ནག་ཚུར་བྱི་རུག་ཟངས་ནང་སྦངས་ཁུ་བླུགས། །བྱི་རུག་ནག་ཚུར་ཟངས་ནང་བསྙལ་དབྱས་[བཞག་]བྱུག །སྲིན་གྱུར་བ་ལྕི་རྟ་སྦངས་དུགས་བྱས་ལ། །ཐོར་པ་རྟོལ་སྟེ་[བརྟོལ་ལ་]ནག་ཚུར་རྒྱ་ཚ་དང༌། །འབྲས་བུ་གསུམ་དང་སྦྲང་རྩི་སྦྱར་བ་བྱུག །མིག་ནད་སྒྲ་ངན་མ་ནུའི་སྐྱུག་ཁྲུས་བྱ། །དེ་འོག་སིང་[སེང་]ཕྲོམ་ནིམ་པ་ཧུང་[ཧོང་]ལེན་དང་། །ཡུང་སྐྱེར་ཟངས་ཕྱེ་ནུ་ཞོ་སྦྱར་བས་བྱུག །ཆུ་སེར་སྣག་[རྣག་]ཁྲག་[གྲ་]མཚམས་ལས་འཛག་ན། །ཨ་རུ་བུལ་ཏོག་སྦྲང་རྩི་དྲི་ཆུས་བཀྲུས། །དེ་རྗེས་ག་ཕུལ་[པུར་]དོམ་མཁྲིས་སྐྱེར་ཁན་[ཁཎ་]བྱུགས། །སྐམ་ཚག་ཏི་ཚ་སེར་པོ་ཅུ་གང་དང༌། །མར་གསར་ཀ་ར་མེ་ལོང་གཡའ་དག་བྱུག །ཡང་ན་མི་སྐྲ་མར་སྦྱར་ལྡན་བུས་[ནུས་ལྡན་]བསྲེག །ཐལ་བ་མར་གསར་མེ་ལོང་གཡའ་སྦྱར་བྱུག །ཡང་ན་རག་དུད་མར་སྦྱར་མེ་ལོང་གཡའ་སྦྱར་བྱུག །གཤེར་ཚག་དཔྲལ་རྩ་མིག་རྩ་སྣ་རྩེ་གཏར། །སྐྱེར་པའི་ཁན་དྷ་[ཁཎྜ་]འོ་མ་[མར་]སྦྱར་(ལ་)བྱུག །མིག་ཚག་ཀུན་ལ་པག་[སག་]རྩི་ཚ་བ་གསུམ། །ཡོང་[ཡུང་]བ་དུང་དང་ཏིག་ཙ་[ཏི་ཚ་]སེར་པོ་དང༌། །མར་གསར་མེ་ལོང་གཡའ་དང་སྦྱར་ལ་བྱུག །གདུང་པའི་མིག་ནད་རླུང་གྱུར་འབྲས་གསུམ་མར། །སྨིན་མའི་སྟེང་དུ་ལྟག་པའི་སྤུ་འཁྱིལ་དང༌། །རྐང་པའི་རྟིང་པ་དྲེག་མཚམས་མེད་[མེ་]ཡིས་བསྡམ། །ཁྲག་མཁྲིས་ལས་གྱུར་ཁོང་སྦྱང་གཏར་ཁ་བྱ། །ཤིང་མངར་སྐྱེར་པ་ཀན་དྷ་ཁ་རིའི་[ཀཎྜ་ཀ]། །ཁན་དྷ་[ཁཎྜ་]ར་གན་དུད་པ་ན་ལེ་ཤམ། །སྦྱར་བ་དམར་ཚག་གཟེར་ཞིང་རུལ་རྣག་སེལ། །གསལ་བྱེད་དགུ་པའི་སྟེང་དུ་སྦྲུལ་ཤ་དང་། །སྔོ་བས་བ་གཉིས་སྦྱར་བའི་འདི་[ལྡེ་]གུ་བཏང་། །བད་ཀན་ལས་གྱུར་གདུང་བའི་མིག་ནད་ལ། །སྐྱུག་འདྲེན་ནིམ་པ་འབྲས་བུ་གསུམ། །སེང་ཕྲོམ་བ་ཤ་ཀའི་ཁུ་བ་དྲོ་འཇམ་བླུག །མར་རྙིང་ཚ་བ་གསུམ་དང་སྦྱར་བ་བཟའ། །ལིང་ཐོག་ཁྲག་མཁྲིས་མཚོན་གྱིས་གཙེས་པའི་[པ་ལ]། །ཁྲུས་དང་གཏར་བྱ་སྐྱེར་དྷ་[ཁཎ་]དོམ་མཁྲིས་བྱུག །རླུང་གྱུར་ཞུན་བླང་[མར་]བདུག་ཟ་སྒོག་ཆབ་རུང་། །བད་ཀན་ལས་གྱུར་ཉ་ཕག་ཤ་ཡིས་བཤིག །ཀུན་ལ་ཨ་རུ་བུལ་ཏོག་ཆུ་ཡིས་བཀྲུ། །ཡང་ན་རྡོ་མཁྲིས་དོམ་མཁྲིས་ཀ་ར་དང་། །མཚེ་སྤྱེན་[སྤྱིན་]བཙན་དུག་ཞིམ་ཐིག་རྒྱ་ཚས་བླངས༌། །ལོ་[ལིང་]ཏོག་རྙིང་ན་ཆུ་དག་འབྲས་བུ་གསུམ། །རུ་རྟ་ཀ་རའི་ཕྱེ་མ་བཏབ་པས་སེལ། །ཡང་ན་སྤང་མ་འགྲོན་ཐལ་ལྡོང་རོས་བཙག་ཡུག་རྣམས། །རྒྱ་མཚོའི་སྦུ་[ལྦུ་]བ་དུར་ཐོད་དུང་ཐལ་རྣམས། །ཁྱིམ་བྱའི་སྒོང་[སྒོ་]ང་སྦྱར་བསྐུས་ལིང་རོ་གཅོད། །ཅུ་གང་གུར་གུམ་ག་བུར་གླ་རྩི་དང༌། །ལིག་སུ་[བུ་]མིག་བཏག་ཀ་ར་སྦྱར་ལ་བྱུག །སྦངས་ལུམ་[ལུམས་]བྱས་རྗེས་སྦོང་[སྦོས་]སུ་ཚོར་བ་དང༌། །ལ་ཆའི་དུད་པས་བདུག་[དུགས་]རྗེས་ལྕགས་ཀྱུས་བཤུ། །རབ་རིམ་[རིབ་]ཀུན་ལ་ཤིང་མངར་རམ་ཉེ་ཤིང་། །མན་གྷ་[ཀཎྜ་]ཀ་རི་ཨུད་པལ་[ཨུཏྤལ་]ཨ་རུ་ར། །པི་པི་ལིང་དང་ཀ་ར་རྒུན་འབྲུམ་དང༌། །རའི་འོ་མར་འབྲས་གསུམ་བ་ཤ་ཀ།བསྡུས་ཐང་རབ་རིབ་སེལ་བར་བྱེད་པའོ། །འབྲས་བུ་ཆེན་པོ་གསུམ་གྱི་མར་ཞེས་བྱ། །འབྲས་གསུམ་ཤིང་མངར་སྦྲང་རྩིའི་འདེའ་དགུ་[ལྡེ་གུ་]སྦྱར། །ཉལ་ཁ་[ཁར་]ཟ་སྟེ་ཟླ་གཅིག་ཕན་ལ་བསྟེན། །སྐྱུ་རུ་རའི་ཆུ་འཐུང་རབ་རིབ་སེལ། །ཏ་བྱ་[ཙ་]ཤིང་མངར་ལྕགས་ཕྱི་[ཕྱེ་]ཀ་ར་གསུམ། །འབྲས་བུ་མར་རྙིང་སྦྱར་བས་རབ་རིབ་སེལ། །ཨ་རུ་སྦྲང་རྩི་ཟས་གོང་རྒྱུན་དུ་བསྟེན། །ཅོང་ཞི་བསིལ་གསུམ་ཨུ་དཔལ་[ཨུཏྤལ་]འབྲས་བུ་གསུམ། །གོ་སྙོད་ཤིང་མངར་བྲག་ཞུན་སྦྲུལ་གྱི་ཤ།ལྕགས་ཕྱེ་རྩ་དང་སྔོའི་ཨ་བ་གཉིས། །རཏྣ་ཧྲོ་སྟེ་ཀ་ར་སྦྱར་བ་ཡིས། །ཡུན་དུ་བསྟེན་ན་བཅུད་ལེན་ཚ་བ་སེལ། །སྤང་མ་སྲང་གང་གསེར་རྡོ་སྲང་ཕྱེད་དང་། །ཤིང་མངར་ཞོ་ཕྱེད་ན་ལེ་ཤམ་ལ་བཅུ། །འོ་མར་སྦངས་ལ་དུ་བ་མ་ཤོར་བསྲེག །འདེ་གུ་བྱུགས་པས་རབ་རིབ་ཐམས་ཅད་སེལ། །སྤོང་[སྤང་]མ་ཤིང་མངར་བ་ཅུར་[བར་སྐྱུར་]ན་ལེ་ཤམ། །ཁྱུང་ཐག་[ཆུར་བཏགས་]རིལ་བུ་བསྡར་བཀུས་[དར་བསྐུས་]རབ་རིབ་སེལ། །ཨུ་དཔལ་[ཨུཏྤལ་]སྐྱེར་པའི་ཁན་དྷ་[ཁཎྜ་]ཚ་བ་གསུམ། །རུ་ཏ་[རྟ་]ཨ་རུ་ར་ཡིས་རབ་རིབ་ཕྱག །སྦྲུལ་གྱི་རོ་གཅིག་སྡིག་པའི་རོ་བཞི་དང་། །ཞག་མ་ཉི་ཤུ་རྩ་གཅིག་འོ་མར་བསྲུལ་པའི་མར། །ཁྱིམ་བྱའི་བུན་[བྲུན་]དང་བྱ་རྒོད་མིག་ལ་འདེ་གུ་བྱས་[བྱུག]།ཨ་རུ་ར་དང་དོམ་མཁྲིས་རྒྱ་སྐག་དང༌། །གླ་རྩི་བུལ་ཏོག་ཆུ་རྩ་[གཙང་]ཆ་སྙོམས་ནས། །འཁོར་[འཁར་]བའི་སྣོད་དུ་མདོག་འགྱུར་ཙམ་དུ་སྦྱངས། །ནང་འགག་མིག་ཏུ་གཏིགས་པས་སྤྲིས་གཡོགས་སེལ། །ལང་[ལིང་རོ་ཙ་གྲ་[རྩ་དྲ་]ལ་སོགས་འགྲིབས་ཀུན་གཅོད། །ག་བུར་གླ་རྩི་རྒྱ་ཚྭ་ཁྱིམ་བྱ་ཡི། །སྒོང་[སྒོ་]ང་ནག་པོ་སྦྱར་ནས་སྔགས་འདི་བཏབ། །ཨོཾ་ན་ག་ཤ་རི་རྦད། །ག་ཏོ་ཤ་རི་རྦད། །ཐུག་ནན་ཤ་རི་རྦད་ས་[སྭ་]ཧཱ། །སྨྲ་བ་བཅད་ན་[ནས་]སྒོང་སྤྲི་[སྤྲིས་]ཞུ་བར་བསྔགས་[སྔགས]། །འདེབས་དུས་ཉི་ཤུ་རྩ་གཅིག་རང་དང་ནི། །ནད་པ་གཉིས་ཀས་[ཀར་]ཁོང་དུ་བཟླས་ནས་བཏང་། །བྱུག་དང་སྔགས་བཏབ་འགྲིབ་བྱེད་མ་ལུས་སེལ། །ཉ་ཕག་སྒོང་[སྒོ་]ང་གོ་སྙོད་རྒྱུན་དུ་བརྟེན། །རྐང་བཀྲུ་འབྲི་མར་ཕག་ཚིལ་གོ་སྙོད་བྱུག །རྐང་རྗེན་མི་བྱེད་གནོད་པའི་ཟས་སྤྱོད་བསྲུངས། །སྲོད་ལོང་ན་ལེ་ཤམ་དང་ཞོ་སྦྱར་བྱུག །བ་ལྕི་མཚེར་པའི་ནང་དུ་པི་པི་ལིང༌། །བཅུགས་ལ་མེར་བསྲེགས་གྲིབ་སྐམ་སྦྲང་སྦྱར་ནས། །འདེ་གུ་ཁོང་དུ་བཏང་ལ་བྱུག་པ་བྱད་[བྱ]། །ར་མཚན་[མཆིན་]དམར་པོར་ཟོས་ན་སྲོད་ལོང་སེལ། །ཤ་འཛེར་ར་རིལ་ལྟ་བུ་གསར་པའི་དུས། །ཁྲག་མཁྲིས་མིག་ཚག་ལྟར་དུ་བཅོས་པ་ཡིན། །ཆུ་ཟགས་སྙིང་[རྙིངས་]ནས་ཁབ་རྩེས་ཕུག་བྱས་ལ། །ཞུ་[ཞུན་]མར་འོ་མའི་སྨན་བཏང་མཐེབ་མོས་བཉེ་[མཉེ]། །ཤ་ལྷག་རྩ་གྲ་[དྲ་]ཤ་མཛེར་རྒྱས་པ་ན། །དང་པོ་སྦྱོང་སྨན་གཏར་གྱིས་བཅོས་བྱས་ལ། །ཞུན་མཁན་དུག་[དུགས་]བྱས་མཐེབ་མོས་མཉེ་ལ་ཁབ་རྩེས་བཟུང་། །བརྩག་[གཙག་]བུ་སྣོན་[རྣོན་]པོས་དལ་བུར་བཤུ་བ་ཡིན། །དེ་རྗེས་ཆུ་ཆགས་[ལྕག་]བྱས་ལ་སྦྲང་མར་བྱུག །འོག་རྒྱས་རས་ཀྱིས་དམ་ཆིངས་བྱས་ལ་བཞག །དེ་རྗེས་ཨ་རུའི་འདེའ་[ལྡེ་]གུ་ནུས་ལྡན་བསྲེག །བར་སྐྱུར་ཁུ་བ་སྦྱར་ལ་གྲིབ་སྐམ་བྱས། །རྒྱ་ཚ་གཉིས་[ཉིས་]འགྱུར་སྦྱར་བའི་ཕྱེ་མ་བཏབ། །ཁབ་རྩེས་ཕུག་དང་ཙག་[གཙག་]བུས་བཤུས་པ་ཡི། །དཔྱད་བྱས་ཤུལ་གྱིས་ནད་རོ་མ་ལུས་འདོན། །སྔོ་རིབ་ལིང་རོ་སྲབ་མོ་ཆུ་འབྱེད་བྱ། །པ་ཡག་འབྲས་བུ་ལུག་རུ་ཞིམ་ཐེག་[ཐིག་]ལེ། །འགྲོན་ཐལ་ཉ་མཁྲིས་པག་[སག་]རྩི་འཛེབ་བུ་དཀར་[འཛིབ་བུ་ཀ]། །ཁྱི་ཀླད་སྦྲང་བསྙོན་[སྨྱོན་]སྦྱར་ལ་བྱུག་[བླུག་]རྗེས་ཕྱག །ཕྱི་འགྲིབས་མ་ལུས་སེལ་བ་སྨན་མཆོག་ཡིན། །ནང་འགྲིབ་ཟས་སྤྱོད་ཁོང་སྨན་དག་ལ་འབད། །བར་འགྲིབས་གཞན་གྱིས་སེལ་བར་མི་ནུས་པས། །དཔྱད་མཆོག་ཐུར་མས་དབྱེ་བར་བྱ་བ་ནི། །དེ་ལ་སྔོན་འགྲོ་དངོས་གཞི་རྗེས་དང་གསུམ། །སྔོན་འགྲོ་ནད་དུས་རིམ་གྲོ་དཔྱད་དང་བཞི། །ནད་ཀྱི་སྔོན་འགྲོ་དབྱེ་རུང་མི་རུང་བརྟགས། །དབྱེར་མ་[མི་]རུང་བ་ལུད་པོ་[པ་]འཆལ་[ཆམ་]པས་བཏབ། །མ་ཞུ་འཁྲུ་སྐྱུག་མགོ་གཟེར་ཡོད་པ་དང༌། །ལུས་ལ་དགྲ་དར་སྤར་ཁའི་ལི་ལ་ཐུག །འདུས་པའི་མིག་ཚལ་ཞུག་[ཞུ་]པ་དབྱེར་མི་རུང༌། །ཕྱི་འགྲིབས་ནང་འགྲིབས་ཐུར་མས་དབྱེར་མི་ཕྱེད། །མ་སྨིན་སྔོན་འགྲོ་བབས་[བསལ་]ཡང་སླར་འགེབས་སྤང༌། །མེ་དང་ཉི་མ་ཤར་ནུབ་མི་མཐོང་བ། །དུས་འདས་རྒྱལ་མོའི་མཐུ་ཉམས་ཕྱེ་[དབྱེ་]རུ་མེད། །དབྱེ་རུང་དེ་བཟློག་ཆུ་ནང་ཞག་ཐིག་[ཐིགས་]འདྲ། །རྒྱལ་མོ་ཟླ་བ་ལྟར་གང་དེ་ལ་དབྱེ། །དུས་ཀྱི་སྔོན་འགྲོ་རླུང་འགྲིབས་ལོ་གསུམ་སྨིན། །བད་ཀན་ལོ་གཅིག་འདུས་པ་ཕྱེད་དང་གཉིས། །འཁྲིས་[མཁྲིས་]པ་ཟླ་བ་དྲུག་གིས་སྨིན་པ་ཡིན། །མ་སྨིན་གནོད་པའི་ཟས་ཀྱིས་བདུག་ཟོས་སྨིན། །རིམ་འགྲའི་[གྲོ་]སྔོ་[སྔོན་]འགྲོ་གཏོར་མ་བརྒྱ་རྩ་བཏང༌། །གྲ་[གྲྭ་]ལྔ་བཏོན་[འདོན་]ཅིང་ལྷ་མཆོད་འདྲེ་ཡང་བཀར། །དཔྱད་ཀྱི་སྔོན་འགྲོ་སླར་ནད་བཤིག་སླའི་ཕྱིར། །ལོ་ངར་ཞུན་མཁན་ཆང་བཙོས་རླངས་དུག་བྱས་[དུགས་བྱ]། །གཉིས་པ་དངོས་གཞི་ཆོ་ག་གསང་མིག་བརྡེག་ཐབས་དང༌། །བསལ་ལུགས་སོལ་[སོས་]ཚད་བསྟེན་[བརྟན་]བྱ་ལེགས་ཉེས་རྟགས། །སྤྱི་དོན་རྣམ་པ་བདུན་[བརྒྱད་]དུ་ཤེས་པར་བྱ། །དང་པོ་ཐུར་མའི་ཚད་དང་ལུས་བཅས་[བཅའ་]གཉིས། །དང་པོ་ཐུར་མའི་རྒྱུ་ནི་གསེར་ཟངས་ར་གན་གསུམ། །རབ་འབྲིང་ཐ་མ་གསུམ་གྱི་རྒྱུ་ཡིན་ནོ། །བྲ་བོ་འབྲི་ལྕེ་ཁ་དང་གཟོང་ཁ་གསུམ། །འདུ་བ་གསུམ་གྱི་ནད་དང་སྦྱར་ལ་ལྡེགས་[བརྡེག]། །སྲིད་པོར་[སོར་]དྲུག་བསྟན་རྩེ་མོ་རྒྱལ་མོ་གང༌། །ཞིང་[ཞེང་]དུ་དེ་ཕྱེད་མགྲིན་པ་སྦོམ་ཁབ་ཙམ། །རྩེ་མོ་མཚེར་སླེབ་[སླེབས་]མགྲིན་པར་རིམ་པ་བསྟོད་[དོད]། །ཐུར་སྟོད་གྲུ་བཞི་སྦོམས་[སྦོམ་]ལ་ཐུར་ཞབས་འཕྲ་[ཕྲ]། །སོར་མོ་མི་འདྲེད་ལྗིད་ཆུང་ཡོན་ཏན་འབྱུང༌། །ཆུང་ན་མི་འཕྱོགས་ཆེས་ན་གཟུགས་ཆེ་འཕྲས་ན་ལྷུགས། །ཆག་ཚད་ལྡན་པས་སྐྱོན་སྤང་ཡོན་ཏན་འབྱུང་། །ལུས་བཅས་[བཅའ་]གཟའ་སྐར་ཚེས་གྲངས་བཟང་བ་ལ། །སྤྲིན་མེད་ཉི་མ་འདི་པར་[འདེ་སར་]འདུ་ལོང་སྤངས། །སྔོན་གྲོ་[སྔ་དྲོ་]ཤར་དུས་[དུ་]བལྟ་[བལྟས་]ནས་ལོ་མཐུན་པ། །གཡོག་གིས་རྒྱབ་ནས་བརྟེན་ནས་མགོ་བོ་བཟུང་། །སྣམ་བུ་གཙང་མས་ལག་བསྣོལ་རྐེ་ལ་དཀྲི། །སྨན་པ་མདུན་ངོས་ནས་ཀྱི་ཁྲི་ལ་འདུག །གཡོག་གིས་རྡོ་གཉིས་མི་[མིག་]འབྱེད་ངོས་སུ་བརྡུང༌། །དེའི་སྒྲ་ལ་ནད་པའི་མིག་ལྟ་བཞུགས་[བལྟར་གཞུག]། །གསང་པ་[ས་]ལྷ་མི་བདུད་ཀྱི་བུ་ག་གསུམ། །ཚད་དང་ལྡན་པའི་གསང་དང་མིག་འགྲིས་[འདྲེས་]བཞུག་[གཞུག]། །ཀྱེས་[གྱེས་]ན་ནད་མི་སུམ་[སུམས་]ལ་དགུས་[བསྡུས་]ན་འབྱར། །མཐོས་ན་མི་ནོན་དམས་ན་མི་སུམས་པས། །ནག་པོ་བདུད་ལ་ཐུར་རྩེ་གང་ཕྱིར་བསྐྱེད། །དམར་པོ་བཙན་ལ་གདོས་[གདོང་]བྱོལ་ནས། །ཐུར་རྩེ་གང་གི་ཟུང་[ཟུར་]གསང་དབུས་སུ་བརྡེག །གཡོན་པས་སོར་གསུམ་མིག་མི་འཕར་བར་བཟུང༌། །གཡས་ཀྱིས་ཐུར་ཞབས་གསང་སྟེང་བསྟན་[བརྟན་]བྱས་ལ། །ཐུར་མ་བཟློག་སྟེ་ཐེབ་མཛུག་[མཐེབ་མཛུབ་]གོང་མས་[གུང་མོས་]བཟུང༌། །མ་ཞུམ་སེམས་བསྟན་[བརྟན་]གསང་དུ་ལགས་[ལེགས་]བཙུགས་ལ། །ཐུར་མ་བྱ་མི་འདན་[འདའ་]བའི་མན་ངག་བསམ། །མིག་གི་ནང་དུ་བསྡིག་ལ་ནེམ་གྱིས་འཕུལ། །ལེགས་ཕུག་སུས་[པུས་]ཞེས་བྱ་བའི་སྒྲ་བྱུང་ནས། །ཐུར་མ་ཕྲུ་ལེ་བཞག་ལ་བདར་ལ་བསང་། །ཚི་མེད་བལ་གྱིས་མིག་ལ་ཆུ་ཚག་བྱས་[ལྕག་བྱ]། །ཟུང་[ཟུངས་]ཁྲག་ཚོད་ལ་ནད་པའི་སྤྲོ་དཀྲིས་བཞག །བསལ་ཐེབས་[ཐབས་]རང་ལ་ཐད་དུ་ལྟ་[བལྟར་]བཅུག་ནས། །ཐུར་མ་འཕྲད་[འཕྲེད་]དུ་བསྙལ་ལ་རྒྱལ་མོའི་སྟེང་། །རྒྱལ་མོའི་སྐྱ་རིབ་ཐུར་རྩེ་མཉམ་པར་འདོད། །ཐུང་ན་མི་སོལ་རིང་ན་འཇར་[འབྱར་]བ་ཡིན། །འཁྲིས་འགྲིམ་[མཁྲིས་འགྲིམས་]འཕར་[ཕན་]ལྟར་དྲིལ་ལ་བད་འགྲིབ་ནི། །བཙོང་ལྟར་བཤུ་སྟེ་འདུས་འགྲིབ་འོ་ལྟར་འཕོད་[དབོ]། །རླུང་གི་འགྲིབ་ན་[ནི་]སྤུ་ལྟར་གཟིང་བ་[གཟིངས་པ་]ཡིས། །སྒྲིབ་བྱེད་དལ་བུས་བསལ་ལ་མིད་གི་སྨད་ཕུགས་སུ། །ཐུར་མ་སྦ་བ་ནན་ཏན་བྱེད་པས་གཅེས། །དུམ་བུ་ཐུར་[ཐོར་]ན་ཧས་བཏབ་བསྡུ་བ་དང་། །འབྲོས་ན་དབུག་ལྡམ་[བསྡམ་]ཐུར་མ་སྲིང་ལ་འགུག་[དགུག] །ཤར་[ཤོར་]ན་སྐད་འདོན་རླན་[གླན་]ཞིང་སྨྲས་[དམས་]ན་ཁུ་ཡིས་བཏབ། །སོལ་[སོས་]ཚད་སྔོ་བསང་ཉི་མ་གཟའ་བཏང་འདྲ། །འཕྲ་[ཕྲ་]རགས་གཟུགས་རྣམས་འཕྲལ་ལ་བཅག་པ་སྟེ། །དང་པོ་བཅག་ལ་དེ་ནས་ཐོ་གུ་སླུད་པ་དང་། །སྤུ་ཡི་རྒྱ་ཆིངས་ཆུ་དུག་[དུགས་]ནན་ཏན་བྱ། །འོ་ལྟར་བོ་ན་ད་[དེ་]དུས་མི་གསལ་ཏེ། །དཀར་(པོ་)མེད་དེ་འགྲོ་བའི་དག་པར་བསལ། །ནད་ཆུ་དངས་པས་གསལ་བྱེད་སྨན་མར་ཟ། །ཟས་སྤྱོད་གཟབ་ཅིང་ག་ལེར་ཕྱེས་[ཕྱིས་]ནས་[ན་]གསལ་ཏེ། །དེ་འོག་མི་ལྡོག་བརྟན་པར་བྱ་བའི་ཕྱིར། །སྤྱོད་ལམ་དཔྱད་ཀྱི་འོག་ནས་ནད་པ་ཡི། །སྐད་འདོན་གློ་ལུ་དབུགས་སྡམས་[བསྡམས་]གོམ་འགའ་བཅག །ལོག་བྱུང་བསལ་ལ་མ་ལོག་བརྟེན་[བརྟན་]པར་འགྱུར། །མིག་ལ་ཆུ་བལ་བླན་[གླན་]ནས་དེ་སྟེང་རས་ཀྱིས་བཅིང༌། །གན་སྐྱལ་[རྐྱལ་]བསྙལ་མ་[ལ་]ཐུར་མ་དྲིལ་ལ་བཏོན། །སྔས་མཐོའ་[མཐོར་]བྱས་ཉལ་མིག་དེ་འོག་ཏུ་བསྟན། །ཐུར་ཤུལ་བུ་ག་དེ་ནས་ནད་འཛག་འདོད། །ལོགས་[ལེགས་]པའི་རྟགས་ལ་འདོད་པ་རྣམ་གསུམ་འོང་། །ནགས་ལ་ཁ་བ་བབས་འདྲ་འདོད་པ་སྟེ། །དཀར་ནག་ཧྲལ་མ་ཧྲོལ་མར་འོང་བ་ཡིན། །གངས་ལ་ཉི་མ་ཤར་འདྲ་འདོད་པ་སྟེ། །དཔྱད་རྗེས་དཀར་པོར་སོང་ན་ལེགས་པ་ཡིན། །བཅད་རྗེས་ཟུག་གཟེར་མེད་ན་འདོད་པ་ཡིན། །ཉེས་པའི་རྟགས་ལ་མི་འདོད་གསུམ་འོང་སྟེ། །འབུག་དུག་[ཕུག་དུས་]ཁྲག་གང་རྩ་ཆད་དེ་(མི་)འདོད། །བསལ་དུས་རྙོག་ནག་ལངས་ན་ཞར་བ་ཡིན། །དཔྱད་རྗེས་ཟུག་གཟེར་ལངས་ན་དེ་མི་འདོད། །ཕྱི་རྗེས་ཟས་སྤྱོད་སླབ་[བསླབ་]དང་ལོག་པ་མནན། །ཁ་ཟས་མར་དཀར་འོ་ཟན་ཚོས་པར་བཅོས་[བཙོས]། །འོ་ཐུགས་[ཐུག་]བཅའ་མི་དོགས་[དགོས་]ལྟོ་བར་བསྟེན། །སྐོམ་ན་ཆུ་ཀྲོག་[གྲོག་]བག་རེ་བླུད་པ་ལ། །གློ་ལུ་སྣབ་[སྣབས་]ཕྱི་མི་གཙང་མཆིལ་སྣབས་དོར། །སྲིན་ལག་རྩ་བ་སེན་མོས་བཀའ་[བཀབ་]པ་དང་། །ལྡང་ཉལ་སྨྲ་བརྗོད་དྲག་ཤུལ་ཀུན་ལ་གཟབ། །མིག་གི་མན་ངག་ཆུའི་[ཆུ་ཡིན་]ནན་ཏན་བྱས། །ཞག་གསུམ་ལང་[ལོན་]ནས་བཅིངས་པ་བཀྲོལ་ནས་ལྟར་[བལྟ]། །ནངས་པར་ཉི་མར་ག་ལེ་ཁྲིད་ལ་འགྲོ། །ཞག་བདུན་ལོན་ནས་ཁ་ཟས་གསར་བཅུད་གློད། །རླུང་ཤས་ཆེ་ན་དེ་བས་སྔ་ནས་སློང་[གློད]། །མགོ་[མིག་]སྔར་ནག་པོ་ལང་ལིང་མང་མཐོང་ན། །གནོད་པའི་ཟས་སྤྱོད་དུག་འདྲ་རྒྱུན་དུ་གཟབ། །ལོག་ནོན་འགྲམ་[འགྲམས་]དང་འགྲིབས་པ་ཞར་བ་གསུམ། །དང་པོ་ཤ་རུས་རྩ་དོན་འགྲམ་[གདོན་འགྲམས་]པ་བཞི། །ཤ་འགྲམས་ལྟག་པར་ཟུག་ཆེ་མིག་མི་ཐིག་[ཐེག] །ལུས་དང་མགོ་ལྗི་[ལྕི་]རབ་རིབ་མཆི་མ་འོང་། །ལྟག་པར་གྱོ་དུགས་སྐྲ་མཚམས་མུར་ཁེང་[གོང་]བསྲེག །རུས་འགྲམས་མིག་འབྲས་ཡན་ལག་ཚིགས་བཞི་[གཞི་]དང་། །དཔྲལ་བ་མིག་རུས་ན་ན་འཚོགས་[མཚོགས་]སྟེང༌དུ། །ཚ་བ་གསུམ་མམ་འབྲུ་མར་དུགས་ཀྱིས་བདུག །རྩ་འགྲམས་མིག་དམར་མི་ཐེག་མགོ་ཕྱེད་ན། །སྐེད་[སྐེ་]འཇིང་མི་བདེ་ལུས་སྦྲིད་ཆུ་ནན་བསྐྱེད། །དཔྲལ་རྩ་མིག་རྩ་སྣ་རྩེ་ལ་སོགས་གཏར། །གདོས་[གདོན་]འགྲམས་ཚིག་པ་ཟད་[ཟ་]ལ་ལུས་ཚིགས་འདར། །དངུལ་[རྔུལ་]འབྱུང་གྲང་ཤུམ་བྱེད་ན་གདོན་བསྐྲད་བྱ། །གཞན་ཡང་རླུང་མཁྲིས་བད་ཀན་གསུམ་པོ་ཡིས། །ཉེས་པ་གང་འབྲེལ་ཕྱོགས་ཀྱི་སྦྱོར་བས་གསོ། །སྤྱོད་ལམ་རྐྱེན་གྱིས་ནད་ལོག་འགྲིབས་པ་ལ། །སྦྲུལ་ཤ་ཨ་བ་གུར་ཀུམ་གོ་སྙོད་དང༌། །ཀ་ར་མར་གསར་ལུག་མཆིན་བརྒྱངས་ལ་བཏང༌། །བསིལ་གསུམ་གར་[ག་]དུར་སྐྱེར་པའི་ཁན་དྷ་[ཁཎྜ་]དང༌། །ནུ་ཞོ་ར་འོ་སྦྱར་ནས་མིག་ཏུ་བླུག །གསལ་བྱེད་བདུན་དགུའི་འདེ་གུ་སྦྱར་ལ་བཏང༌། །བསྐྱེད་[སྐྱེ་ད]མེད་ཟླ་བ་ཕྱེད་ནས་ཐུར་མ་བསྐྱེར་[བསྐྱར]། །ཞར་ནས་ལོག་ནོན་ཟུག་གཟེར་བཅག་པ་གཅེས། །ག་པུར་དོམ་མཁྲིས་སྐྱེར་པ་མིག་ཏུ་བླུག །གང་ཉེའི་རྩ་གཏར་ཆུ་ཆག་[ལྕག་]དྲག་ཏུ་བྱ། །དོམ་མཁྲིས་ལས་[ལ་]སོགས་འཁྲིས་[མཁྲིས་]སྣའི་ལྕག་མདའ་བཏང༌། །བསིལ་གསུམ་འབྲས་བུ་གསུམ་དང་ལྕགས་ཕྱེ་སྦྲང་སྦྱར་བཟའ། །ཟས་སྤྱོད་བསིལ་བསྟེན་དྲོད་བཅུད་སྤང་བར་བྱ། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་མིག་ནད་བཅོས་པའི་ལེའུ་སྟེ་ཉི་ཤུ་དགུ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:31 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།