སྨན་རྩིས་དྲ་བ། - སྨན་འབུམ་དཀར་པོ།

ལེའུ་ཉེར་དགུ་པ། མདོ་དོན་བསྡུ་བ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.08.2023
སྨན་འབུམ་དཀར་པོ། >>



ལེའུ་ཉེར་དགུ་པ། མདོ་དོན་བསྡུ་བ་བསྟན་པ།

དེ་ནས་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱི་གསོལ་པ། ཀྱེེའ་(ཀྱེེ་)འཚོ་མཛད་སྨན་པའི་རྒྱལ་པོ་ཆེན་པོ་ལགས།། སྨན་དཔྱད་ཀུན་གྱི་བསྡུས་པར་གསུངས་པ་འདི།། བདག་ཆག་(ཅག་)འཁོར་རྣམས་ཀུན་ལ་བསྟན་དུ་གསོལ།། དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་(བསྩལ་)པ།། དཔྱད་བུ་ལས་(ལ་)སོགས་གསོ་བ་འཛིན་པ་ཀུན།། གསུམ་པ་སྨན་གྱི་མདོ་དོན་བསྡུ་བ་ནི།། ཐིག་(ཐེག་)པ་དགུ་ཡང་ཡང་རྩེ་བསྡུས་པ་བཞིན།། གསོས་(གསོ་)བྱེད་དུ་མ་བཤད་ཀྱང་བསྡུས་པ་གཉིས་ཡིན་ཏེ།། ནད་ཡོད་ནད་མེད་གཉིས་ཀྱི་དོན་ལ་བསྡུ།། མདའ་གཞུ་སྤང་གང་ནུས་པ་མདེལ་བསྡུ་འདྲ།། དང་པོ་ནད་མེད་དོན་ལ་རྣམ་པ་བཞི་རུ་བསྡུ།། རྒྱུན་ཁྱེར་(སྤྱོད་)ནར་མར་(ནད་མེད་)སྤྱོད་དང་གནས་སྐབས་དགས་(དགོས་)དུས་སྤྱོད།། བཅུད་ལེན་མཁལ་ལ་སྤྱོད་དང་ར་ཙེ་(རོ་ཙ་)བཞི་ཡིན་ནོ།། ཐུན་མངོན་(མོང་)སྤྱི་ལ་འགྲོ་བ་ཟས་སྨན་ཡིན།། གཉིས་པ་ནད་ཅན་བསྡུ་བ་རྣམས་(རྣམ་)པ་གསུམ་ཡིན་ཏེ།། ནད་ཡོད་ནད་མེད་གཉིས་ཀྱི་དོན་ལ་བསྡུ།། མདའ་གཞུ་སྤང་གང་ནུས་པ་མདེལ་བསྡུ་འདྲ།། དང་པོ་ནད་མེད་དོན་ལ་རྣམ་པ་བཞི་རུ་བསྡུ།། རྒྱུན་ཁྱེར་(སྤྱོད་)ནར་མར་(ནད་མེད་)སྤྱོད་དང་གནས་སྐབས་དགས་(དགོས་)དུས་སྤྱོད།། བཅུད་ལེན་མཁལ་ལ་སྤྱོད་དང་ར་ཙེ་(རོ་ཙ་)བཞི་ཡིན་ནོ།། ཐུན་མངོན་(མོང་)སྤྱི་ལ་འགྲོ་བ་ཟས་སྨན་ཡིན།། གཉིས་པ་ནད་ཅན་བསྡུ་བ་རྣམས་(རྣམ་)པ་གསུམ་ཡིན་ཏེ།། ནད་གཞི་བརྟག་པ་གསོའ་(གསོ་)ཐབས་གསུམ་པོ་ཡིན།། དང་པོ་ནད་གཞི་བཞི་བརྒྱ་རྩ་བཞི་ཡང་།། བསྡུས་པས་ཚ་གྲང་གཉིས་ལ་མ་འདུས(མེད)།། གཉིས་པ་བརྟག་ཐབས་སྟོང་དང་རྩ་བརྒྱད་ཀྱང་།། རེག་མཐོང་འདྲི་(དྲི་)བ་གསུམ་ལས་(ལ་)མ་འདུས་མེད།། རེག་པ་རྩ་ལ་འཚོ་འཆི་བརྟག་པ་དང་།། མཐོང་བ་ཆུ་ལ་ཚ་གྲངས་(གྲང་)(ནད་)ངོ་(ངོས་)བཟུང་།། སློང་རྐྱེན་གར་བབ་ནས་(ན་)ལུགས་དྲིས་ལ་བརྟག། གསུམ་པ་གསོའ་(གསོ་)བྱེད་གཉེན་པོ་སྟོང་རྩ་གཉིས།། སྨན་དཔྱད་ཟས་སྤྱོད་བཞི་ལ་མ་འདུས་མེད།། ཞི་འབྱོར་(སྦྱོང་)གཉིས་སུ་མ་འདུས་སྨན་གཞན་མེད།། ཞི་བྱེད་སྨན་རྣམས་བསིལ་དྲོད་གཉིས་ལ་བསྡུ།། སྦྱོང་བའི་རིགས་རྣམས་དྲག་འཇམ་གཉིས་ལ་བསྡུ།། དཔྱད་ཀྱི་རིགས་རྣམས་འཇམ་རྩུབ་གཉིས་སུ་བསྡུ།།
 སྤྱོད་ལམ་(ཟས་སྐོམ་)ཐམས་ཅད་ཕན་གནོད་གཉིས་ལ་བསྡུ།། སྤྱོད་ལམ་ཐམས་ཅད་དྲག་དལ་གཉིས་སུ་འདུས།། གསོའ་(གསོ་)བྱེད་ལག་ལེན་སུམ་བརྒྱ་དྲུག་ཅུ་ཡང་།། ངོས་བཟུང་གསོ་ཐབས་གཉིས་ལས་(ལ་)བསྡུའ་(བསྡུ་)བ་ཡིན།། སྤྱི་ཡང་གསོའ་(གསོ་)བ་རིག་པ་འཛིན་པ་ཀུན།། རིག་(རེག་)མཐོང་དྲི་བས་ནས་(ནད་)ངོས་ཟིན་པར་བཟུང་།། ལྟར་སྣང་མཐུན་པའི་ནད་གཞི་མ་(ལ་)འདྲེས་ཚེ།། ཚ་གྲང་ནད་ངོས་མ་འབྱེད་གསོ་སྐྱེད་(བྱེད་)རྡུག། ཞི་བྱེད་སྨན་སྦྱོར་གཉེནཔོས་ནད་རྣམས་འཇོམས།། སྤྱོང་བྱེད་བཤལ་གྱིས་ནད་རྣམས་སྒོ་རུ་ཕྱུང་།། གྲང་འགྲོ་དཔྱད་ཀྱི་ལག་ཐབས་ནད་རྣམ་(རྣམས་)སྒོ་ཐོང་།། སྨན་དཔྱད་ལེའུ་བཅུ་བདུན་འཁྲུལ་འཁོར་བརྡེབ།། གསོའ་(གསོ་)ཐབས་དཔྱད་འབུམ་ཁྲ་བོའི་མདོ་ཙ་(རྩ་)ཟུང་(གཟུང་)།། གསོའ་(གསོ་)བྱེད་སྨན་འབུམ་འདི་ཡིས་ནད་ཀུན་ཆོམས།། གསོའ་(གསོ་)བྱའི་ནད་འབུམ་ནག་པོས་སོ་སོར་གསོའ་(གསོ)།། འདྲེལ་(འགྲེལ་)པ་རྒྱས་བཤད་གསོའ་(གསོ་)བའི་སྤྱི་ཁོག་ཁྲོལ།། ཆ་ལག་སྒྲོན་མ་ཀུན་གྱི་ཡན་ལག་ཐོག། རླུང་མཁྲིས་བད་ཀན་ནད་ཀྱི་སྤྱི་ཁོག་ཕུབ།། སྒོབ་(སྒོས་)ནད་སོ་སོའི་གསོའ་(གསོ་)ཐབས་མདེལ་པོ་སྦྱར།། དགོས་མཐུན་ནད་རིགས་གསོའ་(གསོ་)ཐབས་ཁོག་འཁྲུལ་ནི།། དུག་དང་བད་ཀན་ཚ་བ་རྙིང་པ་གསུམ།། ནད་གཞི་མི་གཅིག་བཅོས་ཐབས་འཁྲུལ་བས་མཆོག། མ་ཞུ་ལྷན་(ལྷེན་)དང་མེ་དྲོད་ཉམས་པ་གསུམ།། ནད་གཞི་མི་གཅིག་བཅོས་ཐབས་འཁྲུལ་བས་ཆོག། འོར་དང་སྒྱ་སྦབ་(སྐྱ་རྦབ་)དམུ་རྗིང་རྣམས་(རྣམ་)པ་གསུམ།། ནད་གཞི་མི་བཟོད་བཅོས་ཐབས་འཁྲུལ་བས་ཆོག། དེ་བཞིན་སྐྲན་དང་ཁོང་འབྲས་བཅོས་ཐབས་འཁྲུལ།། འབྲས་དང་པུར་རྒྱལ་(སུར་ཡ་)རྨ་རྒན་རྣམས་(རྣམ་)པ་གསུམ།། ནད་གཞི་མི་བཟོད་བཅོས་ཐབས་འཁྲུལ་བས་ཆོག། ཚད་འཁྲུ་རྒྱུ་གཟེར་རྒྱུན་སྦྱོང་ནས་(ན་)བ་གསུམ།། ནད་གཞི་མི་བཟོད་བཅོས་ཐབས་འཁྲུལ་བས་ཆོག། དྲེག་དང་གྲུམ་བུ་ཆུ་སེར་ནད་དང་གསུམ།། ནད་གཞི་མི་བཟོད་བཅོས་ཐབས་འཁྲུལ་བས་ཆོག། ནད་ཀྱི་རིགས་ལ་གཙོ་བོ་གང་ཆེ་ནས(ནི)།། རིག་(དུག་)རྣམས་ཀུན་ལ་ཚ་རིས་(བ་)གཙོ་རུ་ཆེ།། ཚད་པ་ཀུན་ལ་རྒྱས་ཚད་འཁྲུག་(འཁྲུགས་)ཚད་གཙོ།། བད་སྐན་(ཀན་)སྨུག་པོ་སྙིང་(རྙིང་)ཚད་དུག་གསུམ་གཙོ་རུ་ཆེ།། བད་མཁྲིས་རྣམས་ལ་གབ་ཚབ་གཙོ་རུ་ཆེ།། ཚད་པ་ཀུན་ལ་རྒྱས་ཚད་འཁྲུག་(འཁྲུགས་)ཚད་གཙོ།། ཕོ་མཚེར་མཁལ་མའི་ནད་ལ་བད་ཀན་གཙོ།། གློ་མཆིན་མཁྲིས་པའི་ནད་ལ་ཚད་པ་གཙོ།། ཕོ་བའི་ནད་ནི་ཁོང་ནད་ཞུ་འཁྱག་གཙོ་རུ་ཆེ།། དེ་ལྟར་ནད་རྣམས་གང་བབ་གཙོ་རུ་ཆེ།། དོན་སྣོད་གང་བབ་རིམས་(རིམ་)པས་བརྟག་བྱས་ནས།། གཙོ་ཆེའི་ནད་རྣམས་ཉེ་བར་གསོས་(གསོ་)བ་གཅེས།། བཏང་སྙོམས་མི་ཁོམ་དོན་ལ་འཆོར་དོགས་ཡོད།། སྤྱེན་(སྤྱིར་)ན་ནད་རྣམས་སྤྱི་ཡི་ལོག་ནོན་ནི།། ཚ་བ་བསིལ་གྱིས་མ་ཐུབ་ལོག་ནོན་དྲོད།། གྲང་བ་དྲོད་ཀྱིས་མ་ཐུབ་ལོག་ནན་(ནོན་)བསིལ།། ཚིག་འདི་དཔེ་ལ་རག་མ་ལུས་པ་རུ།། སྐལ་ལྡན་དད་ཆེ་བློ་གསལ་ཡིད་ལ་ཟུངས།། གསོས་(གསོ་)དཔྱོད་(དཔྱད་)ཡོལ་བར་མ་བཏང་ཀུན་གྲགས་སྤོས།། མན་ངག་ཕུད་རྒྱུག་མ་བྱེད་གཏན་ལ་ཕོབས།། གསོའ་(གསོ་)དཔྱད་ཚོད་བཟོ་མ་བྱེད་ཐོས་བསམ་སྦྱོངས།། མི་སྲོག་ཤན་པ་མ་བྱེད་མཁས་པའི་མིག་ཁྲིས་སྲུངས།། ལག་ལན་(ལེན་)ཐལ་ལུས་མ་གྱེ་(བྱེད་)ནད་ཁམས་ཟུངས་ལ་ལྟོས།། འོལ་ཚོད་རྩོམ་བསྡུད་(སྡུད་)མ་བྱེད་དཔོན་གྱི་གཏུན་ཁ་སྲུངས།། དཔྱད་ལ་སྙིང་གལ་མ་ཆེ་སྨན་པའི་ལག་དགྲ་སོམ།། རི་ཐང་མཚམས་སུ་སྤྱང་པའི་བྱ་ར་གྱིས།། ཚ་གྲང་མཚམས་སུ་ནོར་དོགས་ཡིད་ལ་ཞོག། འཇམ་རྩུབ་མཚམས་སུ་ཐལ་ལུས་མ་ཤོར་དོགས།། ནད་ངོས་ཟིན་ནས་དཔའ་བོ་ཐོག་འདྲ་གཅེས།། དཔྱད་ལོག་འབྱུང་དགོས་བསྡར་(སྡར་)མ་ལྦ་འདྲ་དགོས།། ཟུང་(ཟུངས་)ཟད་ནད་ལ་གླན་(གླེན་)པ་གླང་འདྲ་དགོས།། གསོ་བའི་རིག་པ་ཕོ་རོག་མིག་འདྲ་དགོས།། མཁོའ་(མཁོ་)བའི་སྨན་ཆ་(བྱད་)རྒྱལ་པོའི་མཛོད་འདྲ་དགོས།། ལག་ལེན་མཁས་པ་ཚད་མའི་སྲང་འདྲ་དགོས།། གཞན་ཕན་སེམས་བསྐྱེད་ཨེ་ནས་(ན་)ཡ་བཞིན་དགོས།། ཞེས་གསུངས་སོ།།

གསོའ་(གསོ་)བ་སྨན་འབུམ་དཀར་པོ་ལས་གསོའ་(གསོ་)དཔྱད་མདོར་བསྡུས་ནས་བསྟན་པའི་ལེའུ་སྟེ་ཉི་ཤུ་བརྒྱད་(དགུ་)པའོ།། །།




 

མཐའ་མའི་འདོན་ཐེངས་།: 05.08.2023 ཉིན། 10:17 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།