སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཉེར་གསུམ་པ། རིམས་ཚད་བལ་ནད་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཉེར་གསུམ་པ། རིམས་ཚད་བལ་ནད་བཅོས་པ།

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་པ། ཀྱེེ་འཚོ་མཛད་སྨན་པའི་རྒྱལ་པོ་ལག་[ལགས]། །མདོ་གནས་རིམས་ཀྱི་སྐབས་ཞེས་བྱ་བ་འདི། །བདག་ཅག་འཛིན་པའི་འཁོར་ལ་བསྟན་དུ་གསོལ། །དེ་ལ་སྟོན་པས་བཀའ་སྩལ་[བསྩལ]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །མདོ་གནས་རིམས་ཀྱི་སྐབས་འདི་བསྟན་གྱིས་ཟུང་[ཟུངས]། །རིམས་ནད་ཀུན་གྱི་རྒྱུད་[རྒྱུ]་དང་རྩ་བ་ནི། །མ་རིག་ཉོན་མོངས་རྒྱས་དཔལ་[པས་]ཚེ་དང་བསོད་ནམས་བྲི། །རྐྱེན་ནི་བན་བོན་རྣམས་ཀྱང་མི་དགེའི་ལས་ལ་འཇུག །སྐྱེ་བོ་རྣམས་ཀྱིས་དོམ་འཁྲུག་[དམེ་འཁྲུགས་]མཚོན་ལས་བྱེད། །དེ་བས་ཡུལ་ལྷ་གནམ་ཡར་སྐྱེད་[སྤྱོད་]འཁྲུགས། །དེའི་ཁ་རླངས་ནད་ཡམས་སྤྲིན་དུ་གཏིབ། །དེ་བས་རིམས་ནད་དལ་ཡམས་འཕྱོ་བ་ཡིན། །སྤྱོད་པ་ཁ་རླངས་སེར་པོ་བལ་ནད་རིམ་[རིམས]། །ཟས་ཀྱི་དྲིད་[དྲི་]མ་སྣོམས་[བསྣམས་]པས་འདུ་བ་ལོག །དམར་ལ་རྒྱུ་གཟེར་ནག་ལ་འགག་[གག་]ལྷོག་འབྲུམ། །གཞན་ཡང་འབྱུང་བ་རླུང་ལོག་ནད་རིམས་ནི། །དྲག་ཤུལ་གྲི་མཚོན་དུག་དང་མུ་གེ་དང་། །འབྲང་[འབྲུམ་]བུའི་ནད་རིམས་མང་པོ་འབྱུང་བ་ཡིན། །རྒྱུ་རྐྱེན་དེ་ཡིས་མཁྲིས་པའི་མེ་དྲོད་སླངས་[བསླང་]མིང་ནི་རྔུལ་གྱི་གནས་ལ་བབས་ནས་ཀྱང་། །དང་པོ་བད་ཀན་མཁྲིས་པ་བར་[པར་བབས]། །ཐ་མར་རླངས་ཀྱིས་ཚ་བ་སྟོབས་བསྐྱེད་ནས། །ཤ་ལྤགས་[པགས་]རྩ་དང་རུས་པ་དོན་དང་སྣོད། །འཇུག་སྒོ་དྲུག་ལ་རིམ་པས་འཇུག་པོ་[པ་]དེ། །དེའི་དྲི་མ་ཕོག་ལས་གཞན་ལ་ཡམས་སུ་འགོ། །དེ་ནི་རིམས་ཞེས་བྱ་བའི་མིང་དུ་བཏགས། །དབྱེ་ན་འདུས་པའི་གྲངས་ལྔ་བལ་ནད་དང་། །རྒྱུ་གཟེར་གག་ལྷོག་འཆམ་[ཆམ་]པའི་རིམས་དང་ལྔ། །གོ་རིམས་[རིམ་]མ་ནོར་བྱ་[བྱས་]ནས་ཁྱོད་ལ་བསྟན། །(བལ་ནད་)འདི་ལ་རྣམ་པ་གསུམ་གྱིས་སྟོན། །དབྱེ་བ་རྟགས་དང་བཅོས་ཐབས་གསུམ་ཡིན་ཏེ། །དང་པོ་བལ་ནད་དབྱེ་བ་གསུམ་ཡིན་ཏེ། །བབས་པ་[ས་]གནས་དང་སྦྱར་ཏེ་བྱེ་[དབྱེ་]བ་དང༌། །རིམས་[རིམ་]པ་དུས་དང་སྦྱར་ཏེ་དབྱེ་བ་དང༌། །ནད་གཞི་རིགས་དང་སྦྱར་ཏེ་དབྱེ་བ་གསུམ། །དེ་ལ་རླུང་མཁྲིས་བད་ཀན་རིམས་གསུམ་འདུས་པ་དང༌། །གཉེན་[གཉན་]གྱི་རིམས་ཞེས་བྱ་དང་ལྔ་རུ་བཤེད་[བཤད]། །འདར་བུ་ཡེར་བུ་གཉིས་ནི་རླུང་རིམས་ཡིན། །ལེབ་རྒན་[ལེ་བརྒན་]གླད་[ཀླད་]གཟེར་ཞེས་བྱ་མཁྲིས་པའི་རིམས། །རྨོངས་བུ་ལྐུགས་པ་གཉིས་ནི་བད་ཀན་རིམས། །འདུས་རིམ་[རིམས་]དབྱེ་ན་རྒྱུན་རིམ་[རིམས་]དྲག་[རྟག་]པའི་རིམ་[རིམས]། །ཉིན་གཅིག་རིམས་དང་གསུམ་བཞི་ལྔ་པའི་རིམས། །མཁྲིས་པ་རྩར་རྒྱུག་རིམས་དང་གླད་[ཀླད་]གཟེར་དང༌། །རིམ་བསྙོན་[རིམས་སྨྱོན་]ཏེ་ཏྲེ་ཧྲིས་[ཏྲེ་ཏྲེ་ཧོས་]སུ་བཏབ་[བཏགས་]དང་གསུམ། །དོན་མཐུང་[མཐུན་]གཉན་རིམས་མིང་གི་རྣམ་གྲངས་ཡིན། །མིང་[མི་]འགྱུར་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་མ་སྨིན་རྒྱས་དང་སྟོངས་པ་གསུམ། །དངས་[དང་]པོ་མ་སྨིན་རིམས་ཀྱི་སྔོན་[མངོན་]ཚུལ་ནི། །ཕྲུམ་སེར་ཡུན་རིང་མགོ་རྐང་ཚིགས་བཞི་[གཞི་]ན། །ལུས་ལྗི་[ལྕི་]སྒྱིད་བསྐྱུར་[སྐྱུར་]རྨིང་[རྨི་]ལམ་ཟ་ཟི་གཡེང་། །གཡལ་མང་ན་[རྣ་]བ་འཐིབས་ལ་ཤེས་པ་མྱོས། །ཉི་མ་སྙོག་[སྙེག་]ཅིང་དྲོ་བའི་[སྲོད་ཀྱི་]དུས་ལ་ན། །ཁ་ཁ་མགོ་བོ་ན་ཞིང་དང་ཁ་འགགས། །རྩ་བརྒྱུད་འཕྲ་མགྱོག་[ཕྲ་མགྱོགས་]གཡོ་ཞིང་ཆུ་མདོག་སེར། །བར་དུ་རིམས་རྒྱས་ལུས་ལྗི་[ལྕི་]དྲི་མ་མནམ། །མིག་མདངས་དམར་ལ་ལྕེ་མཆུ་པོ་[སོ་]དྲེག་ཆགས། །མགོ་ན་སྐོམ་དད་ཆེ་ལ་ཤེས་པ་གཡུང༌། །ཆུ་དམར་དྲི་མ་མནམ་ལ་ཀུ་ཡ་མཐུག །རྩ་བརྒྱུད་[རྒྱུད་]འཕྲ་[ཕྲ་]ལ་གྲིམས་ཤིང་མྱུར་དུ་འཕར། །ཐ་མར་ཞུ་འཁྱག་[འཁྱགས་]མཚམས་སླེབ་[སླེབས་]སྟོངས་པའི་རྟགས། །སྤྱི་[དཔྱི་]དང་རྐེད་པ་རུས་རྐང་ཁྱེད་[ཁྱད་]པར་ན། །ལུས་རྔུལ་གཉིད་ཆུང་མགོ་འཐོམ་རྣ་བ་འུར། །ལྕེ་ནི་དམར་རྩུབ་སྐམ་ལ་སྟོང་སྐྱུགས་བྱེད། །སྨྲ་འཆལ་སྐབས་སུ་འདར་ཞིང་ཕྱི་དྲོད་ཆེ། །བྱེ་བྲག་རྟགས་[བརྟག་]ལ་རྣམ་པ་(གསུམ་)ཡོད་དེ །དང་པོ་དབྱེ་བ་འབབས་པ་[ས་]གནས་ཀྱིས་རྟགས་[བརྟག]། །ཐོག་མར་སྐྱེ་[སྐྱི་]དང་བ་སྤུར་འབབས་པ་སྟེ། །ཤེད་ཆུང་སྒྱིད་སྐྱུར་ལུས་རྩེ་[བརྩེ་]བ་སྤུ་ལྡང༌། །དེ་ནས་ལྤགས་[པགས་]པར་བབས་ཏེ་ཕྲུམ་སེར་ཁྱེར། །མགོ་རྐང་ཚིགས་གཞི་ན་ཞིང་མེ་ཉི་སྙོགས་[སྙེག] །དེ་ནས་རྩ་ལ་བབས་ཏེ་རྩ་ཚད་སྐྱེ། །རྩ་འཁྱུག་ཤེས་པ་བྱིང་ལ་སྐོམ་དུག་[དད་]ཆེ། །ཁ་ཁ་ཆུ་མདོག་དམར་ལ་རྙོག་པ་ཡིན། །དེ་ནས་ཤ་ལ་བབས་པ་མགོ་བོ་འཐོམ། །ལུས་ལྗི་[ལྕི་]ཤ་ཚ་བསིལ་འོད་[འདོད་]ཤེས་པ་སྙོག་[སྙེག] །དེ་ནས་སྣོད་དུ་བབས་ནས་དང་ཁ་འགག །དྲི་མ་འཁྲུ་སྐམ་ལྕེ་ལ་བད་ཀན་ཆགས། །དེ་ནས་དོན་བབས་ཆུའི་ཚ་བ་སྐྱེ། །ལྕེ་སྐམ་ཟ་ཟི་མང་ལ་སྐོམ་དད་ཆེ། །དེ་ནས་ཐ་མ་རུས་ལ་བབས་པའི་དུས། །སྣ་བུག་ཁ་ལྕེ་སྐམ་ལ་སོ་དྲིག་[དྲེག་]ཆགས། །རྩ་སྟོངས་རྣ་བ་འོང་[འོན་]ལ་ཤེས་པ་སྙོགས་[ཉོག] །གཉིས་པ་རིམ་པ་དུས་ཀྱི་སྒོ་ནས་བརྟག་པ་ནི། །དང་པོ་ཞག་གསུམ་བད་ཀན་དུས་ཡིན་ཏེ། །ཚ་བ་མགོ་ལ་བབས་ན་མགོ་བོ་ན། །ཉ་[ཉྭ་]དང་ཚིགས་གཞི་ན་ལ་ཕྲུམ་སེར་ཁྱེར། །གཡལ་མང་སྒྱིད་སྐྱུར་སྐྱུག་ཅིང་ཉི་མ་སྙོག་[སྙེག] །ཚ་བ་མ་སྨིན་དང་[དངས་]སྙིགས་དབྱེ་བའི་དུས། །དེ་ནས་ཞག་གསུམ་མཁྲིས་པའི་དུས་ཡིན་ཏེ། །ཚ་བ་དབང་པོའི་སྒོར་བབས་ཁ་ཁ་ལ། །ལྕེ་སྐྱ་སོ་མཆུ་དྲེག་པ་ཆགས་པ་ཡིན། །སྣ་སྐམ་རྣ་བ་མིག་[མི་]གསང་མིག་རྣག་ཆེ། །ཆུ་དམར་རྩ་གྲིམ་ཆུ་ལྟར་སྐེམ་པའི་དུས། །དེ་ནས་ཞག་གསུམ་ཚ་དུས་ཁྲག་ལ་བབས། །རྩ་དང་ཆུའ་[ཆུའི་]ཚ་བ་གོང་བས་ཆེ། །ལྕེ་སྐམ་སྐམ་[སྐོམ]དད་ཆུ་[ཆེ་]ལ་ལུས་དྲི་མནམ། །ལུས་ལྗི་[ལྕི་]ཚ་བ་དགྲ་ལྟར་གསོད་དུས་ཡིན། །དེ་ནས་ཞག་གསུམ་རླུང་ཁྲག་འཐབས་པའི་དུས། །ཚ་བ་དོན་ལ་བབས་པས་རླབ་ཆོལ་[བླ་འཆོལ]སྨྲ། །དྲན་པ་མི་གསལ་ཚབས་ཆེ་སྲོག་རྩར་འཆོར། །ཤེད་ཆུང་རྩ་བྱིང་ངོ་ནག་ལྕེ་སྐམ་རྩུབ། །ཡང་ན་སྨྱོ་འབྲས་[འབྲོས་གཉེན་ལྟར་བསྟེན་དུས་ཡིན། །དེ་ནས་ཞགས་[ཞག་]གསུམ་རི་ཐང་མཚམས་ཀྱི་དུས། །རུས་ལ་བབས་པས་ཕྱི་[དཔྱི་]སྐེད་རུས་རྐང་ན། །ཤེད་ཆུང་མགོ་འཐོམ་གདོང་སྐྱ་སྣ་[རྣ་]བ་འུར། །གཉིད་ཆུང་ལུས་རྔུལ་བུ་ལྟར་གསོ་དུས་ཡིན། །གསུམ་པ་ནད་གཞི་རིགས་ཀྱི་སྒོ་ནས་བརྟག་པ་ལྔ་ཡིན་ཏེ། །རླུང་རིམས་མཁྲིས་རིམས་འདུས་རིམས་གཉེན་[གཉན་]རིམས་ཏེ། །བད་ཀན་དང་པོ་རླུང་རིམས་བརླ་དང་རྐེད་པ་ན། །མགོ་ལུས་ཡན་ལག་ལུས་ཀུན་བརྡུངས་ཤུལ་འདྲ། །གཡལ་མང་མགོ་འཁོར་རྣ་(བར་)འུར་སྒྲ་གྲགས། །གཉིད་རིམས་ཡེར་མུར་འགྲམས་[འགྲམ་]མགོ་བོ་ཟུངས་[ཟུག་]ཅིང་ན། །སྤུ་ལྡང་ལྤགས་[པགས་]པ་རྯ་[བརྩེ་]ལ་རྔུལ་མི་འོང་། །རྐང་ལག་མགོ་བོ་འདར་ཞིང་བརླབ་ཆོལ་[བླ་འཆོལ་]སྨྲ། །ཟས་འཇུ་དཀའ་ལ་གཤང་ལྕི་[བཤང་གཅི་]སྲི་མོར་འོང་། །ཁྱེད་[ཁྱད་]པར་དར་[འདར་]བུ་ཕྲུམ་སེར་ཡུན་རིང་འདར། །ཡེར་དུ་[བུ་]གཉིད་མེད་སྨྱོས་ནས་འབྲོས་ཆུལ་[ཚུལ་]བསྟོན་[སྟོན]། །རླུང་རིམས་འབབ་ས་རུས་ཡིན་རུས་ཀུན་ན། །བར་དུ་རྒྱས་ས་དོན་ཡིན་ལྕེ་སྐམ་ཟ་ཟི་མང༌། །ཐ་མར་སྲོག་རྩ་ལམ་སྟོན་[དོན་]སྨྱོ་ཞིང་འབྲོས། །མཁྲིས་རིམས་བསིལ་འདོད་མགོ་ན་ཁ་ཁ་ཞིང༌། །ལུས་ཚ་འཁྲུ་ཞིང་གཤན་[བཤང་]ལྕི་[གཅི་]ལྤགས་[པགས་]མིག་སེར། །རྔུལ་འབྱུང་[དབྱུང་]དྲི་མནམ་མྱོས་ལ་སྐོམ་དད་ཆེ། །ལུད་པ་ཁྲག་གཟེར་ཁྲག་[ཁ་]ཐོར་འབྱུང་བ་ལ། །ཁྱེད་[ཁྱད་]པར་ལེབ་རྒན་[ལེ་བརྒན་]སྟོད་གཟེར་ལུད་པ་དམར། །སྣ་ཁྲག་འཛག་ཅིང་ཚད་རྟགས་ཆེ་བ་ཡིན། །ཀླད་གཟེར་ཚ་བ་རྒྱས་ལ་མགོ་ཟུག་ཆེ། །མུར་འགྲམས་[འགྲམ་]ལྟགས་[ལྟག་]རྩ་འཁྱུག་ཅིང་འཚོགས་[མཚོག་]ཁ་ལྗི་[ལྕི]། །གཉིས་པ་མཁྲིས་རིམས་དང་པོ་བབས་ས་རྩ་ཡིན་པས། །རྩ་ཆུ་ཚ་ལ་རྩ་རྒྱས་རྩ་རྣམས་ཌྷཁྲུག་[འཁྱུག] །བར་དུ་རྒྱས་པའི་ས་ནི་ཁྲག་ཡིན་པས། །ཆུ་དམར་རོ་སྟོད་ན་ཞིང་སྣ་ཁྲག་འོང༌། །ཐ་མ་ཕལ་ཆེ་[ཆེར]ཕོ་བར་ལམ་དེད་པས། །མཁྲིས་པས་ཕོ་བའི་མེ་དྲོད་ཕྱིར་བཏོན་ནས། །ལྕེ་དང་ཁ་སྐམ་མཆུ་ཐུང་པོ་[སོ]དྲེག་ཆགས། །དང་ཁ་མི་བདེ་སྟོང་སྐྱུགས་བྱེད་པའོ། །གསུམ་པ་(བད་)རིམས་མྱོས་ཤིང་ཚ་བ་དལ་བུར་སྐྱེ། །ལྕེའི་བད་གསལ་སྐྱུག་ཅིང་མཆིལ་ལུད་མང༌། །ཤེས་པ་ལུས་ལྗི་[ལྕི་]གཉིད་ཆེ་དང་ཁ་འགག །གཤང་ལྕི་[བཤང་གཅི](ལྕེ་)དང་སེན་མོང་[མོ་]པགས་མདོག་དཀར། །ཁྱད་པར་རྨོངས་བུ་ཟ་ཟི་ཉག་ཉོག་མང༌། །དྲན་པ་མི་གསལ་ཤེས་པ་འཐིབས་པ་ཡིན། །ལྐུག་པ་མི་ངོ་མི་ཤེས་སྨྲ་བ་ལྐུགས། །རྩ་ཆུ་མི་སྡོམ་མལ་དུ་ཁུར་ཅིང་འཆོར། །བད་རིམས་དང་པོ་བབས་ས་དང་ཁ་སྟེ། །ཁ་མངལ་ཟས་མི་འཇུ་ལ་ཡི་ག་འགག །བར་དུ་རྒྱས་པ་[ས་]ཤ་དང་ཀླད་པ་སྟེ། །ལུས་ལྗི་[ལྕི་]མྱོས་དང་ལྐུགས་པར་འགྱུར་བ་ཡིན། །ཐ་མར་འཆོར་པ་[ས]མཁལ་མར་ལམ་བཏོན་[དོན]པས། །ཆུ་སྲི་མཁལ་རྐེད་ན་ལ་རྣ་བ་འོང་[འོན]། །བཞི་པ་འདུས་རིམས་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་དང་པོ་བར་དང་ཐ་མ་གསུམ། །འདུ་[འདུས་]རིམས་ཐོག་མ་དངས་མར་བབས་པའི་ཕྱིར། །དངས་མ་བད་མཁྲིས་གཉིས་ཀྱི་གནས་ཡིན་པས། །བད་ཀན་ཅན་དང་མ་སྨིན་རྟགས་མི་གསལ། །དེ་འོག་མ་ཞུ་སྨུག་པོ་ལྟ་བུ་སྣང༌། །མཁྲིས་ཤས་ཆེ་ན་མ་སྨིན་རྟགས་འགའ་ནི། །རྣ་བ་མི་གསལ་ཤེས་པ་ཟ་ཟི་འོང་། །དེ་འོག་མཁྲིས་པ་ལྟར་[ལྟ་]བུར་མིག་ཆུ་སེར། །བར་དུ་རྒྱས་དུས་སེམས་རྨུགས་རྣ་བ་འོན། །གཉིད་འོག་[ལོག་]ཞབ་[དུས་]ན་ཟ་ཟི་རླབས་ཆོལ་[བླ་འཆོལ་]འོང་། །ལུད་པ་དམར་སེར་དཀར་པོ་འབྱར་བག་ལུ། །རྐང་དང་རྐེད་པ་རུས་ཚིགས་སྡོང་ཞིང་ན། །གྲེ་ཚ་འཛིན་སྦྲིད་ཆུ་མང༌[གྲེ་བ་ཚ་འཛེར་སྦྲིད་པ་སྣ་ཆུ་མང]། །མིག་དམར་རྩིབ་ལོགས་ན་ལོ་[ཞིང་]སྐོམ་དད་ཆེ། །ཚ་བ་ཆུ་ལྕི་[བཤང་གཅི་]རྔུལ་དང་གཉིད་མི་སྙོམས། །ལུས་ལ་ཐོར་འབྲུམ་ཕྲན་བུ་འབྱུང་ཡོང་[ཡང་]སྲིད། །དང་[དངས་]མ་ཁྲག་སོགས་ལུས་ཟུངས་ཀུན་གནས་ཕྱིར། །ནད་རྟགས་(མི་)མཐུན་སྣ་ཚགས་[ཚོགས་]འགའ་རེ་འོང་། །ངོས་བཟུང་སྨིན་དཔྱེད་[བྱེད་]གསད་འབྱང་དཀའ་བ་ཡིན། །ངེས་ཤེས་རྣ་བ་མི་གཅང་[གསང]ཟ་ཟིང་[ཟིས་]ཤེས། །མཁྲིས་ཆེ་ཟུངས་ཞུ་ཐ་མ་དངུལ་[རྔུལ་]བ་འོར་[འོང་]། །རླུང་ཆེ་སྨྲ་མང་དྲོད་རྒྱས་འདར་ཞིང་སྐྱུག །བད་ཀན་ཆེ་ན་ཧམ་ཀྱང་[སྐྱ་]ལུས་དྲང་[གྲང་]ཞིང་། སྙིང་[རྙིང་]པ་རླུང་ལྡན་མགོ་དང་རྐང་པ་ན། །དེ་དག་རི་ཐང་མཚམས་སུ་ཕེབས་རྟགས་ཡིན། །ཞག་མ་བཅོ་བརྒྱད་ཉི་ཤུ་གཉིས་ནས་འཚོ་འཆི་གོ་[ཕྱེད]། །གཉིས་པ་བྱེ་བྲག་སོ་སོར་རྟགས་[བརྟགས་]པ་ལ། །འདུས་རིམས་རྒྱུན་རིམས་དང་[དངས་]མར་བབས་པས། །བད་མཁྲིས་ལྡན་པའི་ནད་རྟགས་འབྱུང་བ་ཡིན། །ཁྲག་ལ་བབས་པ་རྟགས་[རྟག་]པའི་རིམས་ཡིན་ཏེ། །རོ་སྟོད་ཕོ་མཆིན་མི་བདེ་སྣ་ཁྲག་འཛག །གློ་མང་ལུད་པ་མི་གཙང་མིག་ཆུ་དམར། །ཞག་གཅིག་ནང་དུ་ཚ་བ་ན་བ་དང་། །ནད་ཟུག་ཉིིན་རེ་ལན་རེ་གཉིས་རེ་ལྡན་[ལྡང་]། །ཤ་ལ་བབས་པ་ཉིན་གཅིག་པ་ཡི་རིམས། །རྔུལ་མང་དྲོད་ཆེ་ལུས་དང་ཤེས་པ་ལྕི། །ཚ་བ་ནད་ཟུག་ཉིན་རེ་ལེན་[ལན་]རེ་ལྡང༌། །ཚིལ་ལ་བབས་པ་ཉིན་གསུམ་པ་ཡི་རིམས། །ཁྱད་པར་དང་པོ་ཉིད་ནས་མགོ་ལ་བབས། །བད་མཁྲིས་ཤས་ཆེ་སྐེ་དང་འཕྲག་[ཕྲག་]པར་འབབས། །རླུང་དང་བད་ཀན་ཤེས་[ཤས་]ཆེ་རྐེད་པར་འབབ། །ཉིན་རེ་བདེ་ལ་ཉིན་གཉིན་[གཉིས་]བསྟུད་ནས་ན། །རུས་ལ་བབས་ན་ཉིན་བཞི་པ་ཡི་རིམས། །ཁྱེད་[ཁྱད་]པར་རྐད་[རྐེད་]པ་རྐང་རུས་ཚིགས་གཞི་ན། །ཀླད་པར་བབས་ཚེ་མགོ་འཁོར་ཆབས་པ་[ཆམ་པས་]འདེབས། །སྟོབས་ཆེ་ཁ་ཡོ་མིག་སླེ་གཟའ་དང་མཚུངས། །བད་ཀན་ཆེ་ན་བྱིན་(པ་ན་)བར་བྱེད། །རླུང་ཤས་ཆེ་ནས་[ན་]ཁྱད་པར་ཀླད་པ་ན། །ཞག་གཉིས་བདེ་ལ་ཞག་རེ་ན་རེས་བྱེད། །ལྔ་པ་གཉེན་[གཉན་]རིམས་མཁྲིས་པ་རྩར་རྒྱུག་བྱ་བ་ནི། །ནད་འདི་བྱང་སྨན་ཀླུ་ཡིས་རྐྱེན་བྱས་ནས། །མཁྲིས་ཚད་ཕྱི་རོལ་རྔུལ་གྱི་སྒོར་ཞུགས་ནས། །ནང་དུ་མཆིན་མཁྲིས་དོན་སྣོད་གཉིས་ལ་བབས། །རང་སར་(མི་)གནས་རྩ་མིག་ཀུན་ཏུ་རྒྱུག །ཡར་ལ་མགོ་དང་ཀླད་པར་བད་ཡུལ་འཕྲོག །མར་ལ་མཁལ་མ་གཞུང་[རྒྱུངས་]པར་ཆུ་ཡུལ་འཕྲོག །བར་དུ་གློ་དོན་[དོན་གློ་]སྙིང་ལ་རླུང་ཡུལ་འཕྲོག །ཕོ་ལོང་རྒྱུ་མའི་སྣོད་དུ་འཁྲིས་[མཁྲིས་]ཡུལ་འཕྲོག །ཤ་ལྤགས་[པགས་]ཕྱིར་མར་ཤོར་སྟོབས་དང་ཁ་དོག་འཕྲོག །གཞུག་ཏུ་མཁྲིས་གནས་རླུང་གིས་སྤྱད་བྱས་ནས། །རང་གནས་སྲོག་རྩར་ཤོར་ན་འཚོ་བ་ཉུང་། །དེ་རྟགས་གྲང་ཤུམ་བྱེད་ཅིང་རྒྱུ་བ་ཞན། །རྩ་ཡང་སྟོང་ལ་མྱུར་ཞིང་ཆུ་སེར་སྙོག་[ཉོག] །མགོ་དང་ཚིག་[ཚིགས་]གཞི་ན་ཞིང་ཟ་ཟི་མང་། །བར་དུ་ནད་རྒྱས་ཆུ་ན་[ནི་]མར་ནག་འདྲ། །མིག་སྤྲིན་ལྕེ་འོག་མུར་ཁོང་[གོང་]ཤ་མདོག་སེར། །ཁ་ཁ་ལུས་ཚ་གཉིད་ཆུང་དང་ཁ་འགགས། །སེན་མོ་རྙིལ་དང་ལྕེ་མཆུ་སྐྱ་བོར་འོང༌། །མགོ་གཟེར་ལྕེ་མཆུ་འགས་ཤིང་སོ་དྲེག་ཆགས། །མཆིན་མཁྲིས་སྟེང་དུ་འདྲིལ་དང་མནན་མི་བཟོད། །ནད་ཀྱི་དྲི་དུགས་སྟོབས་དང་གཟི་མདངས་འཆོར། །སྨིན་པའི་ལོང་མེད་བདུན་དགུའི་དུས་ན་འཆི། །གླེན་པ་འགའ་ཞིག་སྨིན་དགོས་ཟེར་ཏེ་སྡོད། །རྩ་སྤུན་ཤེས་པ་ཡོང་[ཡང་]ལ་ལུས་སྟོབས་འཆོར། །ཕྱི་ཡི་དྲོད་ཆུང་ལྤགས་[པགས་]མདོག་སེར་པོར་འགྲོ། །དུས་འདས་རང་གནས་སླེབ་[སླེབས་]པས་ཟློག་ཐབས་མེད། །དེ་བས་སྨིན་མི་དགོས་པར་ཐོབ་ཤ་གྱིས། །ཁྱད་པར་གཉེན་[གཉན་]རིམས་མགོར་བྲོས་མགོ་གཟེར་སྣ་ཁྲག་འཛག །གློར་བབས་རོ་སྟོད་གཟེར་ལ་ལུད་པ་སེར། །མཁལ་བབས་མཁལ་རྐེད་གཟེར་ལ་དྲི་ཆུ་སྡོམ། །ཕོ་བར་བབས་ན་ཁ་ཁར་[ཁ་]མཁྲིས་པ་ལྕུགས་[སྐྱུག]། །རྒྱུ་མར་བབས་ན་ཟུག་ཆེ་ཙན་[ཚན་]ཅན་འཁྲུ། །དེ་དག་རིམས་མི་འགྱུར་བའི་ནད་རྟགས་ཡིན།  །གསུམ་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་མ་སྨིན་དུས་སུ་མ་ནུ་བཞི། །ཡང་ན་སླེ་ཁྲེས་[ཏྲེས་]ཐང་གིས་སྨིན་པར་བྱ། །ཟས་དང་སྤྱོད་ལམ་བསིལ་དྲོད་སྙོམས་པར་བཅོས། །རྒྱས་པར་ཚ་བ་སྤྱི་བཅོས་ལེ་འུར་ལྟོས། །བར་དུ་སྨིན་རྒྱས་ཏིག་ཏ་གསེར་མེ་ཏོག །དྷེ་[དེ་]བ་པར་པ་ཏ་དང་ལི་ག་དུར། །ཨ་རུ་ར་ཡི་ཐང་བཏང་རྔུལ་དབྱུང༌བྱ། །ཚ་སྟོབས་ཆེན་[ཆེ་]ན་དེ་སྡིང་[སྟེང་]ག་ཕུར་[པུར་]དང༌། །གྷི་ཝང་ཇུ་[ཅུ་]གང་གུར་གུམ་བོང་(ང་)དཀར། །ཏིག་ཏ་ཀ་ར་སྦྱར་བའི་ཐང་གིས་ཕུལ། །སྨན་ཞུ་རྔུལ་དབྱུང་རིམས་ཚད་ཀུན་ལ་ཤིས། །མིག་ཆུ་སེར་ན་རྒྱལ་བློན་བཤལ་གྱིས་སྦྱངས༌། །ཡང་ན་འབྲས་བུ་གསུམ་དང་དུར་བྱིད་པི་པི་ལིང་དང་། །ན་[ནཱ]ག་གེ་སར་ཀ་ར་སྦྲང་རྩི་སྦྱར། །རིམས་ཚད་ཀུན་ལ་གསར་རྙིང་མེད་པར་ཤེས་[ཤིས]། །ཆུ་ལྕགས་[ལྕག་]བྲབ་ལ་ནད་དགའ་[དག་]བསིལ་གྱིས་བཅད། །ཟས་དང་སྤྱོད་ལམ་རྒྱས་ཚད་སྤྱི་དང་འདྲ། །ཁྱེད་[ཁྱད་]པར་རིམས་རིགས་ཀུན་ལ་ཞོ་གནོད་པས། །བཅུ་གསུམ་འདས་ནས་འོ་མ་བདུད་རྩི་འདྲ། །ཐ་མར་རི་ཐང་མཚམས་ཡིན་ཚ་[སད་]མདའ་ནི། །ཚ་བ་ཆེ་ན་ཁྱི་ལྕེ་མེ་བསྲེག་བཏང་། །ཁ་ཟས་གློད་ལ་ཚ་བཞུགས་[གཞུག་]གདོན་པའི་ཐབས། །རི་ཐང་འཚམས་[མཚམས་]ཀྱི་ལེའུ་བཅུ་བཞིར་ལྟོས། །བིག་པན་སྲི་[སྲད་]དཀར་སྙ་ལོ་ཁྱི་ལྕེ་བཞི། །ཚ་བའི་སྟོབས་སྦྱར་དུ་བ་མ་ཤོར་བསྲེགས། །ཐལ་བ་ཨ་རུ་ཟུར་ལྔ་པ་དང་སྡེབས། །མགོ་ན་དེས་ཕན་སྣ་ཁྲག་འཛག་ན་མཚེ་ཐལ་སྡེབས། །གློ་བ་ན་ར་སྐག་ཐལ་སྡེབས་[གློ་ལུ་བ་ལ་རྒྱ་སྐྱེགས་ཐལ་བ་སྡེབ]། །རྩིབ་ལོག་[ལོགས་]གཟེར་ན་མ་ནུའི་ཐལ་བ་སྡེབས། །མིག་ཆུ་སེར་ན་ཤོ་རྩའི་ཐལ་བ་སྡེབས། །ཚིགས་གཞི་བབས་ལ་རྟ་ལྤགས་ཐལ་བ་སྡེབས། །དྲ་[དྲི་]མ་འགག་ན་ལ་ཕུག་ཐལ་བ་སྡེབས། །དྲི་ཆུ་སྡམ་ན་གཟེ་མའི་ཐལ་བ་སྡེབས། །རླུང་རིམས་ཀུན་ལ་རུས་ཁུས་ཕུལ་ལ་བཏང༌། །རི་ཐང་མཚམས་སུ་ཆང་འཁྱེར་[ཁྱོར་]རེ་ཡིས་ཕུལ། །ཆང་འཐུང་གཉིད་ལོགས་[ལོག་]ག་ཕུལ་[པུར]ནག་པོ་ཡིན། །རླུང་ལྡན་རིམས་རིགས་ཀུན་ལ་སྨན་པ་སྟེ། །ཁྱེད་[ཁྱད་]པར་རི་ཐང་མཚམས་སུ་བསྔགས་པ་ཡིན། །ཡར་གྱི་རི་ཐང་མཐའ་ཡི་ཞུ་འཁྱག་[འཁྱགས་]མཚས་[མཚམས]། །མ་སྨིན་རི་ཐང་མཚམས་གཉིས་རིམས་ལ་གཅེས། །འདི་དུས་ཏེ་མཁས་པས་གཟའ་[གཟབ་]པ་གལ་ཆེའོ། །གཉིས་པ་བྱེ་བྲག་བཅོས་ཐབས་རྣམ་པ་གསུམ། །བབས་པ་[ས་]གནས་དང་རིམ་པ་དུས་ཏེ་ནད་གཞིའི་རིགས། །དངས་[དང་]པོ་བབས་པ་[ས་]གནས་དང་སྦྱར་ལ་བཅོས་པ་ནི། །བ་སྤུ་བབས་དུས་ལྟོ་བཀུག་ཆུ་བསྐོལ་བཏང༌། །ཁ་ཟས་བསིལ་ཕྱོགས་མི་བཏང་སྨིན་པ་དཀའ། །བསིལ་ཐང་ཕྱེད་[ཕྱེ་]མ་མི་བསྟེན་རྙོང་[རྙོག་]ནས་འགྲོ། །སྣུམ་བཅུད་མི་བསྟེན་ཚ་བ་རུས་ལ་ཞེན། །དེ་ནས་པགས་བབས་མ་ནུ་བཞི་ཐང་བཏང་། །ཚ་བ་ཆེ་ན་འབྲས་གསུམ་སླེ་ཁྲེས་[ཏྲེས་]བཏང་། །འདི་དུས་བསྲེག་ན་ཚ་བ་ཁོང་དུ་འཆོར། །དྲོད་བཅུད་བརྟེན་[བསྟེན་]ན་ཚ་བ་རྩི་ལྟར་ཞེན། །བསིལ་ཕྱེད་[ཕྱེ་]མི་བསྟེན་ཚ་བ་སྐྱེ་འཕྲོ་འགགས། །ཁྱེད་[ཁྱད་]པར་གཏར་ཁ་བཤལ་དང་བསིལ་རྩབ་[བཅུད་]ཡང་[སྤང༌]། །ཚ་བའི་ནད་ལ་བྱ་འཆོར་རྔུལ་དབྱུང་སྤང་། །དེ་ནས་རྩ་ལ་བབས་དུས་བཟང་དྲུག་བ་ཤ་ཀ། །ག་དུར་ཀར་སྦྱར་ཟས་སྐོམ་བསིལ་ཡང་བསྟན་[བསྟེན]། །འདི་དུས་རྩ་འགག་པས་ན་ཐང་བཏང་སྤངས༌། །སྣུམ་བཅུད་གམ་[གབ་]འགྱུར་བསྲེགས་ན་ཚ་བ་འདྲེགས། །སྐྱུར་ཤོར་ངན་ཁྲག་རྩར་ཤོར་གསོ་བ་དཀའ། །ཤ་ལ་བབས་དུས་གྷི་ཝང་བསིལ་གསུམ་ཨ་རུ་ར། །ཀ་ར་སྦྱར་བའི་བསིལ་འཇམ་ཕྱེ་མ་བསྟེན། །བསྲེགས་ན་གཟེར་སྣོན་གཏར་ན་རྗེས་མི་ཆོད། །འདི་དུས་ཚ་བ་རྔུལ་དུ་འདོན་པ་ཤེས་[ཤིས]། །ཐང་བཏང་རྩར་ཞེན་བཅུད་འཆོར་ཚ་སྟོབས་རྒྱས། །ག་དུར་[བུར་]བཏང་ན་རླུང་འཁྲུགས་ཚ་བ་འཐོར། །དེ་ནས་སྣོད་བབས་ཏིག་ཏ་བྱི་ཚར་[ཚེར་]གསེར་མེ་ཏོག །བང་[བོང་]ང་ག་དུར་དུག་ཉུང་ཀ་ར་སྦྱར། །རྔུལ་ཐང་བསྲེགས་དང་དྲོད་བཅུར་[བཅུད་]ཤིན་ཏུ་གནོད། །སྣད་[སྣོད་]དུ་བབས་དུས་ཨ་རུ་ལྕིམ་[ལྕུམ་]རྩ་ཡི། །ཐང་བཤལ་འདི་ནི་འདི་དུས་ཤེས་[ཤིས་]པ་ཡིན། །དོན་བས་[བབས་]ཚ་བ་རབ་འབྲིང་བྱེ་བྲག་གིས། །རབ་ལ་ག་པུར་འབྲིང་ལ་ཙན་འདན་[དན་]དང་། །ཐ་མ་གྷི་ཝང་གསུམ་གྱི་གཙོ་བྱས་ནས། །བསིལ་གསུམ་ག་དུར་ཏིག་ཏ་བང་[བོང་]ང་དཀར། །ཧུང་[ཧོང་]ལེན་ཀ་ར་སྦྱར་བའི་ཕྱེ་མ་བསྡུད་[བསྟུད]། །རླུང་མཁྲིས་བད་ཀན་ཁྲག་ཤས་ཆེ་བ་ལ། །རླུང་བསྲེགས་མཁྲིས་སྦྱར་[སྦྱོངས་]བད་ཀན་རྔུལ་དབྱུང་ཁྲག་གཏར་རོ། །དེ་ཡང་ཆེ་བར་མ་ཡིན་ཅུང་ཟད་བརྟེན་[བསྟེན]། །རྒྱུ་དྲགས་རླུང་འཁྲུགས་བཅུད་སྔས་ཚ་བར་ལྟོགས་[ལྡོག]།རུས་བབས་སྲེ་ལོང་བུར་ཞོ་ཤ་གསར་ཚོག་གུས་[ཚོ་ཁུས་]ཆད། །རླུང་ངོ་ཟས་ཡིན་རླན་[གླན་]བསིལ་གྱིས་ཚད་བཞུག་[གཞུག་]འདོན། །བསིལ་དྲགས་ཟས་ཡིན་[ཡེན་]ཟུངས་ཟད་ལ་རྒལ་དགོས་[འགྱུར]། །རླུང་འཕེལ་གསར་འཇོམ་[འཇམ་]བྲིད་ལ་དྲུག་བདུན་བསྲེག །གཉིས་པ་རིམ་པ་དུས་ཀྱིས་བཅོས་པ་ནི། །བད་ཀན་དུས་ལ་འབྲས་བུ་གསུམ་དང་མ་ནུའི་ཐང་། །ཡང་ན་སླེ་ཁྲེས་[ཏྲེས་]བྱི་ཚེས་[ཚེར་]ཏིག་ཏ་བཏང་། །རྔུལ་དབྱུང་ཚ་བ་བྲིད་ན་གཉེན་ལྟར་བསྟེན། །གཉིས་པ་འཁྲིས་[མཁྲིས་]དུས་ཏིག་ཏ་གསེར་མེ་ཏོག །ཨ་རུ་རའི་བསྡུས་ཐང་གྲང་བ་བསྟེན། །བཟང་དྲུག་གསེར་གྱི་མེ་ཏོག་བ་ཤ་ཀ །ག་དུར་ཀ་ར་སྦྱར་བའི་ཕྱེ་མ་བསྟེན། །མགོ་བོ་ན་ན་དཔྲལ་རྩ་ཁ་ཕྱེ་ཙམ་ཞིག་གཏར། །ཆུ་ཚགས་[ལྕག་]བྱས་པས་ཚ་སེལ་སྐྲ་མི་འབྱེད་[འབྱི]། །གསུམ་པ་ཁྲག་དུས་ག་ཕུར་[པུར་]ཙན་འདན་[དན་]དང་། །གྷི་ཝང་བསིལ་གསུམ་ག་དུར་ཕྱེ་བསྟུད། །ཁྲག་མཁྲིས་སྟོབས་ཆེ་ཆུང་[ཅུང་]ཟད་གཏར་ཅིང་སྦྱང༌། །བྱིང་འཐིབས་དངུལ་བསྟོན་[རྔུལ་གདོན་]ཟས་སྤྱོད་བསིལ་གྱི་བསྟན་[དུ་བསྟེན]། །བཞི་པ་ཁྲག་རླུང་འཐབ་དུས་ཛཱ་ཏི་དང་། །སྙིང་ཞོ་ཤ་དང་བི་བན་[བིག་པན་]ཐལ་བ་དང་། །བུ་རམ་སྦྱར་ལ་ནང་ནུབ་རུས་ཁུས་ཕུལ། །ག་པུར་རྒྱལ་བློན་གསུམ་དང་ལྟག་པ་སྤྲད། །དྲན་མེད་རླུང་ཆོལ་[སྨྲ་འཆལ་]མི་ལ་འཛིང་ངམ་སྣོམ། །ཟས་བྱིན་ཁམ་[ཁྱེམ་]བུ་སོས་འཛིན་མིག་རྩ་གྲུང༌། །ག་ཕུར་[པུར་]ཆང་སྦྱར་བཏང་ལ་དྲུག་པ་བསྲེགཁ་ཟས་བསིལ་དྲོད་གུང་བསྟེན་སྒོག་ཆུ་[ཆབ་]བླུད། །སྐྱེ་[སྐྱེད་]ཆུང་ཨ་སོ་གཏར་ལ་རྒྱལ་བློན་གསུམ། །ཛཱའ་[ཛཱ་]ཏི་ཀ་ར་སྦྱར་ནས་བཏང་བ་ཡིན། །བཅུ་གསུམ་ལོན་ནས་རི་ཐང་འཚམས་[མཚམས་]བབས་དུས། །ཆང་གསར་ཤ་ཚོགས་བུར་ཞོ་སྲེ་ལོང་ཐང༌། །ཚད་[སད་]འདས་ངོ་བླང་[གླན་]མུས་ཀྱི་[ཆ་ཡིས་]བྲིད་ནས་བཏང་། །སྐྱུ་རུ་ཙན་དན་ག་ཕུར་[པུར་]བིག་བན་[པན་]ཐལ། །ཀ་ར་སྦྱར་བས་ཚད་ལྷག་སྐེམ་པའི་ཕྱིར། །ཡུན་བསྲིང་སྟེང་དུ་གུང་གཉིས་བག་རེ་བསྟེན། །ཚ་བ་ཐོན་ངེས་གང་འཕྲོད་ཟས་ཀྱིས་གསོ། །གསུམ་པ་ནད་གཞིའི་རིགས་དང་སྦྱར་ནས་གསོ་བ་ནི། །རླུང་མཁྲིས་བད་ཀན་འདུས་རིམས་དང་གཉེན་[གཉན་]རིམས་ལྔ། །དང་པོ་རླུང་རིམས་མ་སྨིན་བུ་རམ་གོ་སྙོད་ཐང༌། །རུས་བཅུད་གསུམ་དང་སླེ་ཁྲེས་[ཏྲེས་]ཅིག་[ཆིག་]ཐང་བཏང་། །ཡང་ན་བྱི་ཚེར་ག་དུར་སླེ་ཁྲེས་[ཏྲེས་]སྒ་ཐང་བཏང༌། །སྨིན་ནས་བར་དུ་བཟང་དྲུག་སླེ་ཁྲེས་[ཏྲེས་]པིག་[བིག་]པན་ཐལ། །ཀ་རའི་ཕྱེ་མ་རུས་ཁུས་འཕུལ་ལ་བཏང་། །རླུང་འཁྲུག་[འཁྲུགས་]ཡིན་པས་ག་པུར་གཏར་བཤལ་སྤངས། །བསིལ་ཤ་གསར་དང་མར་གསར་ཡེས་[ཡོས་](ཐུག་)བསྟེན། །ཚ་བ་ཆུང་ན་ཞག་མ་དགུ་ལོན་དུས། །ལྟག་ཁུང་སྐྲ་འཚམས་[མཚམས་]ཡེར་བུའི་ཨན་ཏོང་[སྟོང་]བསྲེག །ཐ་མ་མ་ཐུབ་སྲོག་རྩར་ལམ་སྟོད་[དོན་]སྨྱོ་བའི་དུས། །ཛཱ་ཏི་གུ་གུལ་རུ་ཏ་[རྟ་]ཨ་རུ་ར། །སྒོག་ཐལ་བུ་རམ་སྦྱར་བ་རུས་ཁུས་འཕུལ། །རུས་བཅུད་ཁུ་བར་ཛཱ་ཏི་བཏབ་ནས་བཏང༌། །མ་ཐུབ་གཞུག་ཆུང་བདུན་ལྔ་ཆང་དུ་བཙོ། །ཁུ་བར་པ་ཕུར་[པུར་]ཅུ་གང་བཏབ་ལ་བཏང་། །དྲུག་བདུན་ཨན་ཏོང་[སྟོང་]ལྟག་པའི་སྐྲ་འཚམས་[མཚམས་]བསྲེགས། །དེ་ལྟར་བཅོས་པས་མ་ཐུབ་རྩ་རླུང་ལོག །རྩ་སྤུན་རྔམ་པ་རྩེག་ན་འཆི་བ་ཡིན། །སྣ་ལོན་དྲན་པ་གསལ་ན་འཆེ་[འཚོ་]བ་ཡིན། །ཆུ་གདོང་[དྭངས་]ལྕེ་རློན་རྐང་པའི་དྲོད་སྙེད་[རྙེད་]ཅིང༌། །སྣབས་སྐམས་ལུང་འགོགས་[འགོག་སླ་]རྣ་བ་གསང་ན་སོས། །གཉིས་པ་མཁྲིས་རིམས་དང་པོ་མ་སྨིན་དུས། །ཏིག་ཏ་བྱི་ཚེར་ཐང༌བསྐོལ་གྲང་དུ་བཏང་། །ཡང་ན་བྱི་ཚེར་ག་དུར་རྩ་མཁྲིས་སྐྲ་བཟང་བཏང་། །ཨ་རུ་ག་དུར་ཏིག་ཏ་སྐྲ་བཟང་བཏང༌། །སྨིན་ནས་ག་ཕུར་[པུར་]ཙན་དན་གྷི་ཝང་གསུམ། །རབ་ལ་གསུམ་ཀ་[ག་]འབྲིང་གཉིས་ཐ་མ་གཅིག །ཚ་སྟོབས་སྦྱར་ནས་སུག་སྨེ་[སྨེལ་]ལི་ག་དུར། །ཏིག་ཏ་དུག་ཉུང་གསེར་མེ་བོ་[བོང་]ང་དཀར། །ཧུང་[ཧོང་]ལེན་བ་ཤ་ཀ་དང་ཀ་ར་སྦྱར། །ཚ་བ་ཆེ་ལ་ཁྱེད་[ཁྱད་]པར་མིག་ཆུ་སེལ་[སེར]། །འབྲས་གསུམ་ལྕིམ་[ལྕུམ་]རྩ་དུར་བྱེད་[བྱིད་]ཐང་གིས་བཤལ། །མཁྲིས་རིམས་ལེ་རྒེན་[བརྒན་]སྣ་ཁྲག་འཛག་པ་ལ། །ཙན་འདན་[དན་]དམར་པོ་མཚེ་ཐལ་དོམ་མཁྲིས་ཀ་ར་སྦྱར། །སྨིན་མའི་བར་དུ་སྤྲ་ཚུག་[ཚུགས་]ལྔ་ཡིས་བསྡམ། །གློ་ལུ་སྟོད་གཟེར་ལུད་པ་དམར་བ་ན། །ཙན་དན་དཀར་པོ་ཅུ་གང་གུར་ཀུམ་དང་། །རྒྱ་སྐག་ཤིང་ཐལ་ཀ་ར་སྦྱར་བྱས་ལ། །ཚོགས་གུས་[ཚོས་ཁུས་]འཕུལ་བཏང་གློ་བ་[རྩ་]ཅུང་ཟད་གཏར། །ཀླད་པ་གཟིར་[གཟེར་]ན་མུར་འགྲམས་[འགྲམ་]འཁྲུག་[འཁྱུག་]རྩ་བསྲེགས། །དཔྲལ་བའི་རྩ་ཁ་འབྱེད་པ་ཙམ་ཞིག་གཏར། །གླ་རྩི་སྤང་སྤོས་ཕུར་ཐལ་ཨ་རུ་ར། །ཤུག་པ་སྤང་རྒྱན་དཀར་པོ་སྦྱར་ལ་བཏང་། །སྐྲ་འཚམས་[མཚམས་]གྱེན་སོར་བཞི་པའི་འཚོགས་[མཚོགས་]སྟེང་སྲེགས་[བསྲེག] །ཐ་མ་ཕོ་བར་ལམ་བཏོང་[དོན་]དུས་ལ་ནི། །འབྲས་གསུམ་དུར་བྱིད་ལྕིམ་[ལྕུམ་]རྩའི་བཤལ་གྱིས་སྦྱངས། །དེ་རྗེས་ཛཱ་ཏི་ཤིང་ཀུན་ཀ་ཀོ་ལ་དང་གསུམ། །བུར་ཆང་འཇམ་དང་ཚོ་གུ་[ཁུ་]ཆད་[ཆང་]འཇམ་བསྟེན། །དེ་ལྟར་མ་བཅོས་ཕོ་བའི་མི་ཤོ་[མེ་ཤི་]ནས། །ཁ་ཟས་མི་འཇུ་སྟེང་[སྟོང་]སྐྱུག་བྱེད་ན་འཆི། །གོང་བཞིན་རྣ་[སྣ་]ལོན་རྟག་[རྟགས་]འབྱུང་འཚོ་བར་ངེས། །གསུམ་པ་བད་ཀན་རིམས་ལ་དང་པོ་མ་སྨིན་དུས། །མ་ནུའི་བཞི་ཐང་ཡང་ན་བྱི་ཚེར་དང་། ག་དུར་བ་ཤ་ཀ་དང་སྒ་ཐང་བཏང་། །ཡང་ན་བླ་[གླ་]སྒང་པར་པ་ཏ་ཡི་སྨན་[སྨིན་]ཐང་བཏང༌། །སྙུང་[སྨྱུང་]པ་ཁ་བཀུག་ནང་ནུབ་ཆུ་བསྐོལ་བཏུང༌། །སྨིན་ནས་བཟང་དྲུག་ཏིག་ཏ་འབྲས་བུ་གསུམ། །ཨུ་དཔལ་[ཨུཏྤལ་]ག་དུར་ཀ་ར་སྦྱར་ལ་བཏང༌། །འབྲས་བུ་གསུམ་དང་ཏིག་ཏ་ལི་ག་དུར། །བསྡུས་གྲང་[ཐང་]དྲོན་མོ་བཏུང་རྔུལ་མང་དབྱུང༌། །འབྱུང་དཀའ་ཚ་བ་མི་ཆགས་བཤལ་སྦྱངས་ཏེ། །ལྕིམ་ཙ་[ལྕུམ་རྩ་]དུར་བྱེད་[བྱིད་]ཨ་རུ་སྐྱེར་ཤུན་སྦྱང་། །ཁྱེད་[ཁྱད་]པར་སྨོང་[རྨོངས་]བུའི་རིགས་ལ་ར་དཀར་པོའི། །ར་རུ་སྤུ་བསྲེག་གཞོབ་དང་བལ་ཚིལ་[ཚི་]སྦྱོར། །ལུས་ཀུན་བྱུགས་རྗེས་སྐབས་སུ་ག་དུར་[བུར་]རྒྱལ་བློན་གསུམ། །བལ་ཚི་སྦྱར་བ་ཁང་[ཁོང་]བཏང་རྔུལ་དབྱུང་བྱ། །རླབས་ཆོལ་[བླ་འཆོལ་]མང་ན་ལྟག་པའི་སྐྲ་འཚམས་[མཚམས་]ནས། །གྱེན་དུ་ཚངས་[ཆག་]གང་བཅལ་བའི་བདུད་[སྡུད་]སྒོ་བསྲེག །སྐྱུག་ཏུ་བྱུང་ན་ཚིགས་པ་དང་པོ་བསྲེག །ཁ་ལྐུག་ག་དུར་[བུར་]རྒྱལ་བློན་གསུམ་པ་དང༌། །ཛཱ་ཏི་སྦྱར་བཏང་མཐིལ་བཞི་མཐོབ་[མཐེབ་]སྙིང་བསྲེ་[བསྲོ]། །དེ་སྟེང་ལྕེ་འོག་རྩ་ལ་གཏར་བར་བྱ། །ཐ་མ་མཁལ་མ་ལམ་གཏོད་དུས་སུ་ན། །གཟེ་མ་པི་པི་ལིང་དང་བུ་རམ་དང་། །གདུང་ཐོང་[གདུས་ཐང་]དྲོན་མོས་མཁལ་མའི་རླུང་སྣ་བླན་[གླན]། །དེ་ལྟར་མ་བཅོས་མཁལ་མའི་ཟུངས་ཉམས་ན། །རྐང་པའི་དྲོད་འཆོར་དབུག་[དབུགས་]རྒོད་སྣ་ཆུ་འོང༌། །བླ་རྩ་བྲོས་ན་མི་ཐུབ་འཆི་བར་ངེས། །སྣ་ལོན་གོང་གི་རྟགས་ཚངས་[ཚང]འཚང་[འཚོ]བ་ཡིན། །བཞི་པ་འདུས་རིམས་བཅོས་ཐབས་སྤྱི་དང་བྱེ་བྲག་གཉིས། །སྤྱི་བཅོས་དང་པོ་སྨིན་དང་བར་དུ་ཞི་ཞིང་སྦྱངས། །ཐ་མ་གསོ་བ་དང་ནི་གསུམ་ཡིན་ཏེ། །དང་པོ་སྨིན་བྱེད་དངས་མར་བབས་པ་ཡིན། །འདུས་རིམ་[རིམས་]ཕོ་བའི་རྩ་འགགས་དང་[དངས་]མ་རྒྱུ་བའི། །རྩ་ལམ་འགགས་པས་རྒད་པོ་མ་ཡིན་པས་[པར]། །སྙུང་[སྨྱུང་]བ་ལྟ་[ལྟོ་]བཀུག་ནང་ནུབ་ཆུ་དྲོན་བཏུང་། །འབྲས་སམ་ཡོས་ཐུགས་[ཐུག་]སྤོད་དང་འུ་སུ་དང་། །རྒྱམ་ཚ་པི་པི་ལིང་དང་ཚ་མར་བཏུང་། །བཅའ་ལྒ་བྱི་ཚེར་པར་ཏ་གང་རུང་ལ། །བླ་སྒང་སྡེབས་ནས་བསྐོལ་ཐང་རྩེ་འཇམ་བཏང༌། །ཡང་ན་སླེ་ཁྲེས་[ཏྲེས་]གླ་ལྒང་[སྒང་]རྩ་མཁྲིས་སྒ་ཐང་བཏང༌། །ཁྱེད་[ཁྱད་]པར་བད་རླུང་ཆེ་ན་མ་ནུའི་བཞི་ཐང་བཏང་། །ཁྲག་མཁྲིས་ཆེ་ན་འབྲས་བུ་གསུམ་ཐང་བཏང༌། །ཟས་སྤྱོད་ཚ་གྲང་གཉིས་སྤང་དྲོད་འཇམ་བརྟེན་[བསྟེན]། །དེའི་སྨན་[སྨིན་]རྟགས་རྔུལ་གཡོས་ཕྲུམ་སེར་བཏང་[སངས]། །དེ་ནས་བར་དུ་ཞི་བས་བཅོས་བྱ་སྟེ། །དེ་ཡང་བཅོས་པའི་ཐབས་ལ་གསར་སྙིང་[རྙིང་]གཉིས། །གསར་དུས་ཉེས་པའི་སྟོབས་ཀྱིས་བཅོས་པ་དང་། །ཚ་བའི་ནད་སྦྱར་སྟོབས་ཀྱིས་བཅོས་པ་གཉིས། །ཉེས་པའི་སྟོབས་སྦྱར་རླུང་མཁྲིས་བད་ཀན་གསུམ། །འཁྲིས་[མཁྲིས་]པར་ཨ་རུ་ར་དང་སླེ་ཁྲེས་[ཏྲེས་]རླུང་ལ་བཏང་། (བད་ཀན་པི་པི་ལིང་གི་ཆིག་ཐང་བཏང་།) །ཆ་མཉམ་པ་ལ་འབྲས་(བུ་)གསུམ་ཐང་བསྟེན། །ཟས་སྤྱོད་སྨན་དཔྱད་དེའི་གཉེན་པོ་བསྟེན། །གཉིས་པ་ཚ་བའི་སྟོབས་དང་སྦྱར་ཏེ་བཅོས་པ་ནི། །ཡུལ་དུས་ན་ཚོད་ནད་ཁམས་ཟས་སྤྱོད་ཀྱིས། །ཚ་སྟོབས་ཆེ་ཆུང་གཉིས་སུ་འགྱུར་བ་སྟེ། །མ་སྨིན་དུས་འདས་གཉིས་ཀྱིས་སྲོག་ལ་རྒོལ། །སྟོབས་ཆེ་སྨིན་དུས་བསྡད་པའི་དུས་མིན་པས། །ཞག་ཅིག་[གཅིག]་ལྟོ་བཀུག་ནང་པར་གསར་བར་[ཤ་]སྦྱིན། །དེའི་ནང་པར་གསེར་ཕུད་སྐྱུགས་ཀྱིས་དྲངས། །སྐྱུག་བྱས་ནངས་པར་ཧུང་[ཧོང་]ལེན་བཤལ་གྱིས་སྦྱངས། །དེ་ཡིས་ཕོ་བའི་ནད་[བད་]མཁྲིས་བསལ་བྱས་ནས། །དེ་རྗེས་ག་ཕུར་[པུར་]རྒྱལ་བློན་གསུམ་ལྔ་བདུན་པ་བཏང་། །རིན་ཆེན་ཞག་[ཞགས་]པ་ལུས་ཟུངས་ཚ་སྟོབས་སྦྱར། །སྐབས་སུ་སྨིན་[སྨན་]བཏང་ཞུ་བའི་ཕྱི་རྗེས་ལ། །ཚད་ལུམ་[ལམ་]གསལ་[བསལ་]ཏེ་རྔུལ་འདོན་མང་དུ་བྱ། །སྣོད་ཚད་ཆེ་ལ་རྒུན་འབྲུམ་མངར་སྦྱང་བཏང་། །སྟོད་གཟེར་ལུད་པ་དམར་སེར་གནས་སྦྱར་བཏང་། །སྟོད་ཀྱི་རྩ་རླུང་སྨད་ཀྱི་ལོང་རྩ་དང་། །མདུན་གྱི་སྣོད་ཁ་རྒྱབ་ཀྱི་སྒང་རྩ་གཏར། །ཚ་བའི་རླངས་འདོན་ཁྲག་བུང་[བོངས་]ཆེ་མི་ཉན། །སྟོབས་ཆུང་བྱ་ཀྱི་[ཀྲྀ་]སྐྱེར་པ་ཏག་ཀ་པ་ཏོ་ལ་ཏ་རི་དང་[སྟོབས་ཆུང་བྱ་ཀྲྀ་སྐྱེར་པ་པ་ཏོ་ལ]། །ཧུང་[ཧོང་]ལེན་སྒྲོན་ཤིང་བླ་[གླ་]སྒང་འབྲས་བུ་གསུམ། །བསྒོལ་[བསྐོལ་]གྲངས་བཏང་རྗེས་གཙོར་[གཙོ་]བོ་བརྒྱད་པ་ལ། །གླང་སྒངས་[གླ་སྒང་]པར་པ་ཏ་དང་དུག་མོ་ཉུང་། །པ་ཏོ་ལ་དང་རྩ་མཁྲིས་བསྣན་ལ་བཏང་། །ཟླ་འདས་རིམས་རྙིང་བྱར་ཅིང་བསྣམས་[ཚ་བ་རྣམས]། །སླེ་ཁྲེས་[ཏྲེས་]པི་པི་ལིང་དང་འབྲས་བུ་གསུམ། །(སྐབས་)སུ་རྔུལ་དབྱུང་མིག་ཆུ་བར་དང་[སེལ་ན་སྦྱང་]། །དུར་བྱིད་རྒུན་འབྲུམ་མངར་བཤལ་བྱ་བས་ཕན། །གཤང་ལྕི་[བཤང་གཅི་]འབྱིན་[འཕྱེན་]འགག་པ་ལ་བྱ་ཏྲི་[ཀྲི་]དང་། །གཟེ་མ་འོ་མ་བུར་སྙིང་[རྙིང་]བསྐོལ་བ་ཕན། །མདོག་སྔོ་ཤ་སྐམས་དང་ཁ་བདེ་བ་ན། །ཚ་བ་ཕྱི་རུ་བྱེར་བས་ཆུ་འཁྱག་[ལྕག་]ཕན། །རྩ་སྦྲིད་སྲིང་ལྗི་ན་དེ་བར་གཏར་[རྩ་སྦྲིད་ན་འཕྲེན་ལྕི་ན་ཅུང་ཟད་གཏར]། །ཚིགས་མིག་རུས་པ་ན་སྐྲང་ཆུ་ལུམ་[ལུམས་]བྱ། །རིམ་[རིམས་]རྗེས་སྣ་རྩ་སྐྲངས་ན་གང་ཉེ་གཏར། །གུར་ཀུམ་ཀ་ར་མར་གཡར་[གསར་]སྣ་སྨན་བསྣན་[བཏང་]། །བྲག་ཞུན་སྟག་ཤ་ཧུང་[ཧོང་]ལེན་དྲི་ཆུ་བྱུག །ཁོལ་བུར་ན་ཞིང་གཟེར་ན་ཚན་དུག་[དུགས་]བྱ། །སྟོབས་མེད་སྨད་ཚད་སྐྱེས་ན་འོ་མ་དང་། །ལྕིམ་[ལྕུམ་]རྩའི་བྲིད་བཏང་སྨད་འདྲེན་མས་སུན་བཏང་། །ཟུངས་ཟད་གཉིད་མེད་རོ་སྨད་དྲོད་ཡལ་ལ། །བུ་རམ་པི་ལིང་འོ་མའི་འཇམ་རྩི་བྱ། །སྟོབས་མེད་གཏིང་ཚད་མ་ཐོན་རླུང་སྐྱེས་ན། །ཏིག་ཏའི་སྨན་མར་སྦྲང་རྩི་སྦྱར་བ་བསྟེན། །མདོར་ན་ཚ་བ་དང་མར་བཅས་པའི། །ནད་ཟུངས་ཀུན་དང་འབྲེལ་ནས་ཡོད་པའི་ཕྱིར། །འཐོར་བུ་མང་ན་སྣ་ཚོགས་འབྱུང་བ་[བས་]ན། །ཚ་བ་སྤྱི་བཅོས་སྡེབས་[བསྡེབས་](ཏེ་)ནད་སྣ་བསལ། །ཐ་མ་རི་ཐང་འཚམས་[མཚམས་]སུ་ཟུངས་གསོ་སྟེ། །འདུས་རིམས་ནད་རྟགས་ངེས་མེད་ནོར་ལ་རེ། །ངེས་པར་ཚེ་[ལེགས་]བརྟགས་ཁ་ཟས་རིམ་པས་གློད། །འདྲར་སྣང་སླུ་བྲིད་འཕྲང་ལ་མ་ཤོར་གཅེས། །གཉིས་པ་འདུས་རིམས་བྱེ་བྲག་བཅོས་པ་ནི། །རྒྱུན་རིམས་པ་ཏོ་ལ་དང་གསེར་མེ་ཏོག །དུག་ཉུང་ཧུང་[ཧོང་]ལེན་གསུམ་པའི་ཐང་བཏང་ཞིང་། །ཁྱེད་[ཁྱད་]པར་བད་ཀན་ཤས་ཆེ་སྒྲོགས་[སྒྲེག་]སྐྱུགས་སམ། །འཇུ་དཀའ་དང་ཁ་འགགས་ན་སོ་ཆ་རྒྱ་ཚས་སྐྱུགས། །འཁྲིས་[མཁྲིས་]བབས་མིག་ཆུ་སེར་བ་དུར་བྱིད་དང་། །རྒུན་འབྲུམ་ཨིན་ཏྲ་[ཨིཎྜ་]བཞི་ཐང་བཤལ་གྱིས་སྦྱངས། །སྲིན་འཁྲོས་ཕོ་བར་ཟུགས་[ཟུག་]ལ་བུ་རམ་དང་། །སྦྱར་བའི་རིལ་ལུས་[བུས་]གོ་ཕྱེས་[བྱེས་]བསད་[གསད]པར་བྱ། །རྟགས་[རྟག་]པའི་རིམས་ལ་ཧུང་[ཧོང་]ལེན་གསེར་མེ་ཏོག །བ་སྤྲུ་པ་ཏྲ་གླ་སྒང་ཧུང་[ཧོང་]ལེན་ལྔ་པ་སྦྱར། །ཁྲག་ངན་གར་བབས་རྩ་ལ་རིགས་པས་གཏར། །ཉིན་ཅིག་པ་ལ་གླ་སྒང་བརྒྱད་པ་སྟེ། །གླ་སྒང་པ་ཏོ་ལ་དང་འབྲས་བུ་གསུམ། །ནིམ་པ་དུག་མོ་ཉུང་དང་རྒུན་འབྲུམ་བཏང་། །གཙོ་བོ་རྔུལ་མང་དབྱུང་ཞིང་ཆུང་ཆགས་[ཆུ་ལྕག་]བྱ། །ཉིན་གསུམ་པ་ལ་བཅའ་ལྒ་ཙན་དན་དང་། །ཏིག་ཏ་སླེད་ཁྲེས་[སླེ་ཏྲེས་])ལྒ་ཡི་བཞི་ཐང་བཏང༌། །བྱེ་[བྱི་]རུག་སྤོས་དཀར་ཡུང་བ་སྐྱེར་པ་དང་། །བྲག་ཞུན་དུག་མོ་ཉུང་དང་འབྲས་བུ་གསུམ། །བོང་ང་བྱེ་[བྱི་]རུག་བཅུ་པ་ཞེས་བྱ་སྦྲང་སྦྱང་[སྦྱར་]བཞིན་[བྱིན]། །ཉིན་བཞི་པ་ལ་སླེ་ཁྲེས་[ཏྲེས་]གླ་སྒོང་[སྒང་]དང་། །སྐྱུ་རུ་ར་སླེ་ཁྲེས་[ཏྲེས་]གསུམ་ཐང་བཏང་། །སླེ་ཁྲེས་[ཏྲེས་]བྲག་ཞུན་སྦྱར་བྱུག་མཁན་ཆུས་བྲན། །རུ་རྟ་ཨ་རུ་འོ་མའི་འཇོམ་[འཇམ་]རྩི་བྱ། །ཚིགས་ལ་བབས་ན་ཁ་ཕྱེ་ཟུང་[ཟུག་]ཆེ་བསྲེག །ཀླད་བབས་ཁ་མིག་ཡོ་དང་ལག་རང་ནི་[རེངས་ན]། །སྣ་བཤལ་བཏང་ངམ་ཆུ་ཚན་བླ་[གླ་]རིལ་གྱི། །ལུས་ཀུན་བདུག་ལ་ནང་རྩ་སྦྱོང་ཀྱིས་[གིས་]བྲག་[ཕུད]། །རྗེས་ལ་རྩ་(བ་)ལྔ་པའི་འབྲུ་མར་སྦྱར། །ཀུན་ལ་པ་ཏོག་[ཏོ་]ལ་དང་པུ་ཙེ་ཤེལ། །གླ་སྒང་ཤིང་མངར་ཨ་རུ་ར་དང་ལྔ། །པ་ཏོལ་ལྔ་པ་ཞེས་བྱ་ཐང་ཕྱེ་གང་བྱས་ཕན། །རིག་[རིམས་]གང་དེ་ལྔས་ཚ་བ་མ་ཆག་ན། །འཚོ་བ་དཀའ་སྟེ་ལགས་[ལག་]རྩ་ལན་འགའ་གཏར། །ཉིན་གཅིག་མི་གཏར་བཞི་པོ་རང་རང་རྩ། །རྒྱུན་རིམས་གར་བབས་རྩ་གཏར་རྟགས་[རྟག་]པའི་རིགས་[རིམས]། །དྲུག་འགོ་སྣོད་[བསྣོལ་]མ་གཏར་ལ་ཉིན་གསུམ་ལ། །རྩེ་ཆུང་གཏར་ལ་ཉིན་བཞི་ལྟག་རྩ་གཏར། །གཏར་བབས་རིམ་གྱིས་ཚ་བ་རྩད་ནས་ཆོད། །བྱེ་བྲག་ཀུན་ལ་རིམ་ཐོང་[རི་ཐང་]མཚམས་སུ་གཟབ། །ལྔ་པ་གཉན་རིམ་[རིམས་]བཅོས་ཐབས་སྤྱི་དང་བྱེད་[བྱེ་]བྲག་གཉིས། །སྤྱི་བཅོས་དང་པོ་རྩའི་འཕྲོས་འཕྲད་[འབྲོས་འཕྲང་]བསྡམ། །གཉིས་པ་གཉེན་པོ་སྤྲད་ནས་བཅད་པར་བྱ། །གསུམ་པ་ནད་དབྱུང་བཞི་པ་ནད་ལྷག་བསལ། །དང་པོ་རྩ་བའི་[ཡི་]འབྲོས་ལམ་བཅད་པ་ནི། །མི་དོམ་མཁྲིས་པ་གླ་རྩི་བོང་ང་དཀར། །རྒུན་དུས་[རྒུ་དྲུས་]ཆོས་སྨན་བྲག་ཞུན་ཡོང་[ཡུང་]བ་རྣམས། །ལོ་བརྒྱད་ཆུ་དང་སྦྱར་ནས་ཁོང་དུ་བཏང་། །སྨིན་བྱིད་[བྱེད་]མ་ནུ་བཞི་ཐང་ལྟག་སྤྲད་ཤིང་། །བདུད་[སྡུད་]སྒོ་འཚོགས་[མཚོགས་]མ་དྲུག་པ་བཅུ་གསུམ་དང་། །ནང་ལོང་འཕར་རྩ་སྤྲ་བ་བཞི་ལྔས་བསྲུང་། །དེས་ནི་རྩ་རུ་[ཡི་]འབྲོས་འཕྲང་འགེག་པར་བྱེད། །སྨིན་བྱེད་ཐང་དང་ལྟགས་[ལྷག་]པ་སྤྲད་པ་ཤིས། །གཉིས་པ་གཉེས་[གཉེན་]པོ་འཛིམ་པ་བོང་ངའི་མེ་ཏོག་དང༌། །ལྷག་[ལྷོག་]དུག་ཨ་རུ་ཤ་ཆེན་ཆ་ཡིས་བསྐྱེད། །དྲི་ཆུས་རིལ་ལུ་[བུ་]སྲིན་[སྲན་]ཙམ་ཐེབས་[ཐེངས་]འགའ་བཏང༌། །སྤྱི་དངུལ་[ལྕི་རྟུལ་]ཕྱི་དྲོད་ཆེན་[ཆེ་]ན་སད་དྲགས་[རྟགས་]ཡིན། །གཟེར་བཤལ་རོ་དབྱུང་མ་ཐེབ་[ཐེབས་]སྐྱར་[བསྐྱར་]ལ་སྦྱོངས། །སྐྱར་[བསྐྱར་]ལ་མ་སློང་སྲོག་རླུང་ཀམས་[ཉམས་]པས་འཆི། །ལེགས་འཁྲུ་དྲི་ཆེ་མདོག་སེར་རོ་ཐོན་རྟགས། །མིག་སེར་མཁྲིས་པ་ཐོན་ཆུང་བསྐྱར་ལ་སྦྱང་། །འབྱོངས་ན་མིག་ཡུམ་[སྤྲིན་]ཆུ་དང་དཀར་པོ་འགྲོ །ཕྱི་[ཕྱེ་]མ་གྷི་ཝང་གུར་ཀུམ་དུག་མོ་ཉུང༌། །ཧུང་[ཧོང་]ལེན་ཏིག་ཏ་སྐྱེར་ཤུན་བོང་ང་དཀར། །ཁྱི་ལྕེ་གུ་གུལ་ལྕིམ་[ལྕུམ་]རྩ་སྒྲོ་པུས་པ། །ཞིབ་བཏག་[བཏགས་]དུས་བཞིར་ཆུས་ཕུལ་ཚད་ལྷག་འཇོམས། །ཚ་ཡང་ག་པུར་སྲོག་རླུང་ལྡོག་པས་སྤང༌། །གཉེན་[གཉན་]མ་པོད་[སོད་]ཚེ་གཏག་[གཏར་]ཁ་མངར་ཤ་སྤངས༌། །འབྲས་དང་ཡོས་ཐུད་[ཐུག་]ཆུ་གྲོགས་[གྲོག་]བསྐོར་དྲོང་[བསྐོལ་གྲང་]བསྟེན། །གཉིས་པ་གཉེན་[གཉན་]ཚད་སོ་སོར་བཅོས་པ་ནི། །བྱེ་བྲག་གར་བབས་ནད་ཀྱི་མིག་བརྟགས་ནས། །མགོར་བབས་གང་ཐིག་[གངས་ཐིགས་]དོམ་འཁྲིས་[མཁྲིས་]གྷི་ཝང་། །ཨ་བྱག་བོང་ང་ཀ་ར་སྦྱར་ལ་བཏང༌། །འཚོམས་[མཚོག་]མ་བདུད་[སྡུད་]སྒོ་མུར་འགྲམ་མེ་ཡིས་བསྲེགས་[བསྲེག་]། །སྣ་ཁྲག་འཛག་ན་གུར་གུམ་དོམ་འཁྲིས་[མཁྲིས་]དང༌། །མཚེ་ཐལ་སྤྲད་[སྲད་]དཀར་སྙ་ལོ་ཁྱི་ལྕེ་བ། །རྡོ་དྲེག་སེར་པོ་ཀ་ར་སྦྱར་ལ་བཏང་། །གློར་བབས་ཙན་དན་གུར་གུམ་ཅུ་གང་དང༌། །སྐྱེར་པའི་ཤིང་འབྲས་བོ་[བོང་]ང་དཀར་པོ་དང་། །ཀ་ར་སྦྱར་བཏང་དྲུག་མགོ་སྣོད་ཁ་གཏར། །མཁལ་བབས་གླ་རྩི་གུར་ཀུམ་སུག་སྨེ་[སྨེལ་]དང༌། །སྐྱེར་ཤུན་བྲག་ཞུན་ཉི་དགའ་ཨ་རུ་ར། །ཤུག་ཚེར་སྦྱར་བཏང་བཅུ་བཞིའི་རྩ་ནག་བསྲེགས་[བསྲེག] །ཕོ་བར་བབས་ན་སྤྱི་དང་ཁྱེད་[ཁྱད་]པར་གཉིས། །སྤྱི་རུ་ཕོ་བར་བབས་པའི་རིགས་རྣམས་ལ། །ཕག་རིལ་ཐལ་བ་དོམ་མཁྲིས་སྦྱར་ལ་བསྔགས། །གླ་རྩི་དུག་ཉུང་བཙོད་དང་ལི་ག་དུར། །དོམ་འཁྲིན་[མཁྲིས་]བོང་དཀར་སྐྱེར་པའི་བར་ཤུ་[ཤུན་]སྦྱར། །ཁྱེད་[ཁྱད་]པར་གཉན་ཤས་ཆེ་ན་བསད་རྗེས་སྦྱངས། །ཕག་རིལ་སྲད་དཀར་ཧུང་[ཧོང་]ལེན་དྷེ་[དེ་]བ་བཞི། །སྤ་[སྤར་]བ་རེ་རེ་སོ་སོར་བསྲེགས་ཐལ་རྣམས། །དམར་ཟལ་བ་གཅིན་འདམ་ཐགས་བྱས་པའི་ཕྱེ། །ཀ་རས་ཁ་བླངས་[གླན་]རིམས་ཚད་ཀུན་ལ་སྨན། །ཁྱེད་[ཁྱད་]པར་འདུས་རིམས་རིམས་མྱོན་[སྨྱོན་]ཏྲི་ཏྲི་[ཏྲེ་ཏྲེ་]ཧོ། །གཉན་རིམས་ཕོ་བ་བབས་པའི་བདུད་རྩི་ཡིན། །མཁྲིས་ཡུལ་རླུང་གིས་ཕྲོག་[ཕྲོགས་]ན་ཁ་རུ་ཚ། །ཛཱ་ཏིའི་ཐང་དང་བུར་ཆུང་བཏང༌བར་བྱ། །རི་ཐང་འཚམས་[མཚམས་]སུ་ག་པུར་ནག་པོ་ཆང་སྦྱར་བཏང་། །མ་ཞུས་རྐྱེན་བྱས་སྒྲག་[སྒྲེག་]སྐྱུག་ཟས་མི་འཇུ། །རྒྱམ་ཚ་ཨ་རུ་མཆུ་སྙུང་གསེར་མེ་ཏོག །པི་པི་ལིང་སྟེ་རྒྱམ་ཚ་བཞི་ཐང་བཏང་ནས་བཤལ། །རྒྱུ་མར་བབས་ན་དང་པོ་གཉན་བཤལ་བཏང་། །དེ་རྗེས་གཉེན་པོ་ཐོག་རུས་དགུ་དྲུས་དང༌། །གླ་རྩི་ཆོས་སྨན་བོང་ང་དཀར་པོ་དང་། །ཆུ་རྩ་དྲི་ཆུར་སྦྱར་བཏང་རྩེ་ཆུང་གཏར། །རིམས་ཚ་[ཚད་]དང་པོ་མ་སྨིན་སྙན་གསན་འབེབས། །བར་དུ་ཚ་བ་སྨིན་རྒྱས་གཞི་ལ་གནོན། །ཐ་མར་གཞུགས་རྒྱན་[གཞུག་རྒྱས་]འཐོར་[ཐོར་]བུའི་ཞབས་ཏོག་བྱེད། །དེ་ཕྱིར་འཐོར་[ཐོར་]བུ་ནད་ཀྱི་བཅོས་ཐབས་གཅེས། །རིགས་པས་ཚ་བ་སྤྱི་དང་ཁོག་འཁྲུལ་[འཕྲུལ་]བཅོས། །ཞེས་གསུངས་སོ།།

གསོ་བྱེད་ནད་འབུམ་ནག་པོ་ལས་རིམས་ཚད་བལ་ནད་བཅོས་པའི་ལེའུ་སྟེ་ཉི་ཤུ་(རྩ་)གསུམ་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:35 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།