སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཉེར་གཉིས་པ། འཁྲུགས་ཀྱི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཉེར་གཉིས་པ། འཁྲུགས་ཀྱི་ཚ་བ་བཅོས་པ།

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །འཁྲུགས་ཚད་བཅོས་ཐབས་བསྟབ་གྱིས་རིགས་པར་[པས་]ཟུངས། །འདི་ལ་རྒྱུ་རྐྱེན་ངོ་བོ་མིང་དང་བཞི། །དབྱེ་བ་རྟགས་དང་བཅོས་ཐབས་བདུན་ཡིན་ཏེ། །དང་པོ་རྒྱུ་ནི་མཁྲིས་པ་ཚ་བའི་རང་བཞིན་ལ། །གཉིས་པ་འཁྲུག་[འཁྲུགས་]རྐྱེན་དུས་གདོན་ཟས་སྤྱོད་བཞི། །ཉེས་གསུམ་མཁྲིས་པ་འཁྲུགས་ནས་ཁྲག་ཚད་རྒྱས། །བཞི་པ་ལུས་ཟུངས་ཚད་པས་བསྲེག་པ་འཁྲུགས་ཚད་ཟེར། །ལྔ་པ་དབྱེ་བ་རྒྱས་སྟོངས་འཇོམ་[འཇམ་]འཁྲུགས་གསུམ། །རྒྱས་འཁྲུགས་ཡུལ་དུས་རང་བཞིན་ན་སོ་སྟེ། །ཚད་སྒོ་སྟོན་ཁ་འཁྲིས་[མཁྲིས་]པ་དར་བ་དང་། །ནད་འཁམས་[ཁམས་]ཁྲག་མཁྲིས་ཅན་གྱི་མི་རྣམས་ལ། །ཟས་སྐོམ་ཤ་གསར་ཆང་མར་བཅུད་དྲགས་པས། །སྤྱོད་ལམ་ལུས་ངག་དྲག་ཤུལ་ཞེ་སྡང་གིས། །འཁྲིས་[མཁྲིས་]རྒྱས་འཁྲུགས་པས་ཚ་བ་ཁྲག་རྒྱས་ཡིན། །སྟོངས་འཁྲུགས་ཡུལ་དུས་རང་བཞིན་ན་སོ་ནི། །བད་ཀན་ཅན་དང་དབྱར་ཁ་རླུང་དང་རྒས་པ་ལ། །ནད་ཁམས་རླུང་ཤེས་[ཤས་]ཆེ་བ་རྐྱེན་སྤྱོད་ནི། །མྱ་ངག་[ངན་]གདུང་གྲག་[དྲག་]ལས་གཉིད་ཆགས་[ཆག་]དང་། །ཉལ་པོ་ཀའི་[དཀའ་]ཐུབ་ཤེད་མེད་སྟོ་[ལྟོ་]སྟོང་དུས། །ལུས་ངག་དྲག་ཤུལ་རྐྱེན་གྱིས་རླུང་ཁྲག་འཁྲུགས། །མཁྲིས་ཚད་སྐྱེས་ནས་རླུང་གིས་བུས་པའོ། །འཇམ་འཁྲུགས་ཡུལ་དུས་རང་བཞིན་ན་སོ་ནི། །རླན་ཅན་དཔྱིད་ཀ་འདུས་པ་བྱིན་[བྱིས་]པ་ལ། །ནད་ཁམས་བད་ཀན་ཆེས་ལ་འཁྲུགས་བྱུང་བས། །ཁྲག་མཁྲིས་ཚ་བ་བད་ཀན་མགོ་མནན་ཡིན། །དེ་གསུམ་དང་པོ་རྒྱས་འཁྲུགས་དབྱེ་བ་ནི། །ནད་རིགས་བབས་སྒོ་ལུད་པས་དབྱེ་བ་(གསུམ)། །ནད་ཀྱིས་དབྱེ་ན་ཚ་འཁྲུགས་ཚ་འགྲམས་ཚ་རིམས་གསུམ། །ཁྲག་མཁྲིས་འཁྲུགས་ཚ་རྐྱང་པ་ཚ་འཁྲུགས་ཡིན། །དེ་ལས་ཡང་དབྱེ་ཚ་རྒྱས་ཚ་ལྐུག་[ལྐུགས་]དུག་ཐབས་གསུམ། །འཁྲམས་[འགྲམས་]ལས་བརྟེན་བྱུག་[བྱུང་]འཁྲུགས་ལ་ཚ་འགྲམས་ཡིན། །དེ་ལས་ཡང་དབྱེ་ཚ་རྡོ་[རྡོལ་]ཚ་རླུང་[རྨུགས་]གཉིས། །འཁྲུགས་ཚད་རིམས་དང་བསྡོངས་པས་ཚ་རིམས་ཡིན། །དེ་ལ་ཡང་དབྱེ་གཉན་ཚ་འདུས་པའི་རིམས། །དེ་ལྟར་འཁྲུགས་རིམས་རྣམ་པ་བདུན་དུ་འགྱུར། །གཉིས་པ་བབས་སྒོ་གློད་[གློ་]ཉིང་[སྙིང་]མཆིན་མཚེར་མཁལ་མ་དང༌། །མཁྲིས་པ་རྩ་དང་རླུང་ལ་བབས་པ་བརྒྱད། །དེ་ལས་ལུས་[ལུད་]པའི་ཁ་དོག་དེ་བཞིན་ཤེས་པར་བྱ། །དེ་རྟགས་སྤྱི་དང་བྱེ་བྲག་ཀེག་དུས་གསུམ། །སྤྱི་རྟགས་རྩ་རྒྱུད་སྦོམ་དྲག་མཁྲང་ལ་མགྱོགས། །ཆུ་མདོག་དམར་སེར་དྲི་དུགས་རླངས་པ་ཆེ། །ཕྲུག་[ཕྲུམ་]སེར་ཡུན་ཐུང་གཟེར་དྲག་དགྱེ་དགུ་དཀའ། །དབུགས་རྒོད་ལུད་པ་དམར་སེར་དུད་མདོག་འོང༌། །བྱེ་བྲག་ཚ་རྒྱས་ནད་སྟོབས་རྒྱས་པ་དེ། །དོན་ལ་བབས་ན་ཤིན་ཏུ་གཟེར་དྲག་འོང་། །སྣོད་དུ་བབས་ན་མིག་ཆུ་ལུད་པ་སེར། །གཏར་སྨན་མི་ལེན་ཕོ་མཆིན་མནན་མི་བཟོད། །ཚ་ལྐུགས་ལུད་པ་མི་ཐོན་ཐང་པོར་ལུ། །ལུང་རྟིང་དམར་སེར་དུད་མདོག་སྲན་ཙམ་འོང་། །དུག་ཐབས་ན་མ་ཐོག་ནས་བཅེར་[བཅར་]ཐེབས་འོང་། །ལུད་པ་དུད་མདོག་ཡུང་བསྲེགས་ཁུ་བ་འདྲ། །གློ་མཆིན་ཚ་བས་འཇིག་ཅིང་རྔུལ་བར་བྱེད། །ཚ་རྡོལ་ལུད་པ་དམར་པོ་ཁྲག་ཏུ་འོང་། །རྩ་ཁ་རྡོལ་ནས་ཁྲག་མང་དུ་སྐྱུག་ན་འཆི། །ཚ་རྨུགས་དང་པོ་གློ་བ་ཁྲག་རྒྱས་ཏེ། །ལུད་པ་གྱེན་ལ་མ་རྡོལ་དོན་ལ་སྨུགས་[རྨུགས]། །གཞུག་ཏུ་ཕལ་ཆེ་[ཆེར་]རྣག་ཏུ་རྡོལ་པ་མང་། །མགོ་ན་ལུས་ལྗི་[ལྕི་]དང་ཁ་འགག་ན་དེ་རྟགས་ཡིན། །སྟོད་རྒྱངས་གསང་མིག་གཟེར་ལ་རྣག་ཁྲག་ལུ། །འདུ་བའི་ཚ་རིམས་ཕྲུམ་སེར་ཁྱེར་བ་དང༌། །ཚིགས་གཞི་མགོ་ན་ཟ་ཟི་རིམས་དང་འདྲ། །གཟེར་ཆེ་མི་གཙང་ལུད་པ་གློ་རྩར་[ཚར་]འབྱུང་། །གཉན་ནད་ཚ་རིམས་གཟེར་ཐུང་ཞེས་བྱ་བ། །གཟེར་མིག་འཕྲོ་[འཕོ་]མ་ལུད་པ་འགྱུར་ལྡོག་མང་། །ལྕེ་མཆུ་སྐྱེ་[སྐྱ་]སེར་ལུས་དང་ཤེས་པ་ཡང༌། །གཉིས་[གཉིད་]ཆུང་ཉ་[བ་]སྤུ་ལོགས་[ལོག་]ཅིང་ཡམས་ཐབས་འབྱུང༌། །སྙིང་ལ་བབས་ནས་[ན་]མིག་དམར་ནུ་འཇིང་གཟེར། །ལྕེ་སྐམས་དྲན་པ་མི་གསལ་རླབ་ཆོལ་[བླ་འཆོལ་]སྨྲ། །གློ་ལ་བབས་ན་ལུད་པ་རྣག་ཁྲག་ལུད། །དཔུང་མིག་སྒྲོག་རུས་སོགས་བྲག་[སོག་ཕྲག་]བྲང་མདོ་ན། །མཆིན་བབས་གཡས་ཀྱི་རྩབ་[རྩིབ་]ཐུང་མཆིན་སྟེངས་ན། །ཤེད་ཆུང་སྙིང་འདོན་[ལང་འདོད་]བཤུལ་ཤ་ལྗི་[ལྕི་]བ་ཡིན། །མཚེར་བབས་འབྲིང་ཚུག་[འབུར་ཚུགས་]ལྟ་[བལྟ་]ལ་སྦྲིད་པ་མང༌། །རྩིབ་ཐུང་གཡོན་གཟེར་ལུས་ལ་ཆུ་འབྲུམ་འོང༌། །མཁལ་བབས་མཁལ་སྐེད་ན་དགྱེ་དགུ་དཀའ། །རྩ་འཁྲུགས་ལུས་སྦྲིད་མིག་དམར་སྨྲ་བ་འཚེར། །ཁ་སྐམ་ལྕེ་ཐུང་ཆུ་འདོད་གྲེ་བ་ཚ། །མཁྲིས་བབས་ཁ་ཁ་ལུས་སེར་སྐྲང་[སྐྲ་]འདབ་རྔུལ། །རླུང་འཁྲུགས་ཁ་སྐམ་སྙིང་འཕྱོ་གཡེལ་[གཡལ་]སྐིག་འབྱུང༌། །ལུད་པ་སྐྱ་སོབ་དམར་སེར་སྨུག་དང༌ནག།བསྲེ་ལ་[སྲེའོ་]དམར་ཐང་སེར་གདང་[དངས]སྔོན་པ་[པོ་]དང་། །སྦུ་[ལྦུ་]བ་ཅན་དང་རིགས་ནི་བརྒྱད་འོང་བརྟགས་[བརྟག]། །ཞག་ཀེག་གློ་ཚ་དུག་ཐབས་བདུན་ཡིན་ཏེ། །དེ་ཡི་སྒོ་ནས་འཆི་དུས་བརྟག་པ་ནི། །ཞག་མ་དགུ་ཡིན་བཅུ་གཅིག་འདས་ན་འཚོ། །གློ་བུ་སྙིང་མཆིན་བབས་ན་སྲེག་[སྲོག་]ལ་འོང་། །མཁལ་མཚེར་ཉིན་[ཉེན་]ཆེ་གློ་མང་[མ་]མཁྲིས་བབས་འཚོ། །མདོ་ན་[མོད་ནས་]ལུས་སྟོབས་འཚོར་[འཆོར་]ལ་གཟི་མདང་[མདངས་]ཉམས། །ལུད་པ་ཤ་སྐྱེ་[སྐྱོ]ཟེར་[གཟེར་ལ]སྐྱེད་མེད་ན། །དབུགས་ཐུང་ལུད་པ་གསོབ་[གསོག]ལ་འདྲེ་ཁ་རྒོད། །ནད་ལ་ལྡོག་མང་གནད་དུ་བབས་པས་འཆི། །ཞག་སྐེག་[ཀག]འདས་ཀྱང་འཚེ་[འཚོ]བ་ག་ལ་བ་[སྲིད]། །ནད་ལ་ལྡོག་ཉུང་དབུགས་ལ་[དལ་]ལུད་པ་འགོག།སྨན་གཏར་གཟེར་ལུད་ཚ་བ་བཅོས་བསྐྱེད་[སྐྱེད་]ཆེ། །འཚོ་བར་ངེས་པས་ཐེ་ཚོམ་མི་དགོས་ཆོས་[འཆོས]། །དེ་ནས་སྟོང་འཁྲུག་[སྟོངས་འཁྲུགས་]རིག་པས་བརྟག་པ་ནི། །ཚ་སྟོངས་སྟོབས་བེ་[ཆེ་]གྲང་སྟོང་[སྟོངས་]སྟོབས་ཆུང་གཉིས། །སྤྱིད་[སྤྱི་]རྟགས་གཡལ་མང་འདར་དང་གཟེར་བ་འཕོ། །སྙིང་མི་དགའ་ལ་བྲང་རྒྱབ་རྒྱས་ནས་ན། །དང་ཁ་མི་བདེ་སྤུ་རྩེ་[བརྩེ་]ཕྲུམ་སེར་ཁྱེར། །ཆུ་དམར་ཁམས་ངན་མགོ་འཁྱོམ་རུས་ཚིགས་ནི་[ན]། །ལུད་པ་སྐྱབས་[སྐྱ་]གསོབ་ཐོང་[ཐེང་]པོ་འགོག་པ་དཀའ། །ཁྱད་པར་ཚ་སྟོབས་ཆེ་ན་སྟོང་ལ་མགྱོགས། །ཆུ་དམར་སྦུ་[ལྦུ་]བ་ཆེ་ལ་རླངས་པ་འཚུབ། །མིག་དམར་ལྐེ་[ལྕེ་]སྐམ་ལུས་ཀྱི་ཤ་དྲོད་ཆེ། །སྐོམ་དད་ཆེ་ལ་ཟ་ཟ་[ཟི་]ཆལ་ཆོལ་འོང༌། །གྲང་སྟོངས་ཆུ་མདོག་སྔོ་ལ་སྦུ་[ལྦུ་]གསོབ་འོང། །རྩ་ནི་སྟོང་དལ་ལུས་ཤད་[ཤེད་]ཉམས་སྟོབས་ཆུང༌། །གཉིད་སེར་[མེད་]སྙིང་འདར་ཤུས་འདེབ་[འདེབས་]སྟོང་སྐྱུག་བྱེད། །འཇམ་འཁྲུགས་རྟགས་ནི་ལུད་པ་མི་གཙང་བ། །དམར་སེར་འབྱུང་ལ་གཟེར་ཕྲན་ལྡང་བ་དང་། །རྩ་དང་ཆུའི་ཚ་བ་བགས་ཀྱིས་སྐྱེས་[སྐྱེ]། །མདོར་ན་འཁྲུགས་ཕྲན་ནད་སྟོབས་ཆུང་བ་ཡིན། །བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གཉེན་པོ་གཉིས། །བཅོས་པ་ཚ་འཁྲུགས་མཁྲིས་པ་བབས་པའི་ཕྱིར། །ཚ་བ་རླངས་གསོད་གྲང་བ་རྩད་ནས་སྦྱང་། །ཞི་སྦྱང་མཁྲིས་པའི་གཉེན་པོས་བཅོས་པ་གཅེས། །ཚ་འདྲེས་[འགྲམས་]དོན་ལ་ཁྲག་ཚད་རྒྱས་པའི་ཕྱིར། །ཚད་རླུང་གསང་[གསད་]ཅིང་རྩད་ནས་དྲང་བ་གཅེས། །ཚ་རིམས་མཁྲིས་ཚད་རྔུལ་(ལ་)བབས་པའི་ཕྱིར། །ཚ་བ་རོལ་གསད་བ་སྤུ་དབྱུང་བ་གཅེས། །གཉིན་[གཉན་]པོས་གསད་རྗེས་བཤལ་གྱིས་སྦྱང་བ་ཡིན། །སྟོང་འཁྲུག་[སྟོངས་འཁྲུགས་]ཁྲག་མཁྲིས་རླུང་གིས་འབུ་[འབུད་]པའི་ཕྱིར། །ཚ་བ་གཉའ་བཅག་མེ་དྲོད་བཅུད་ཀྱིས་གསོ། །རླུང་འདུལ་མཁྲིས་ཚད་བསིལ་ཕྱེ་བཤལ་གྱིས་གསང་[གསད]། །ཁྲག་རོ་ཐང་དང་གཏར་ཁས་འདོན་པར་བྱེད། །ཚ་འཁྲུག་[འཁྲུགས་]ཚད་མགོ་བད་ཀན་མནན་པ་དེ། །འཇམ་ཞིང་བཅོས་ལ་བད་ཀན་རྔུལ་དབྱུང་བྱ། །གཉེན་པོ་སྨན་དཔྱད་ཟས་དང་སྤྱོད་ལམ་བཞི། །རྒྱས་འཁྲུགས་རྒྱས་ཚད་ཡིན་པས་སྨན་[སྨིན་]མི་དགོས། །ཏིག་ཏ་སླེ་ཁྲེས་[ཏྲེས་]སྐྱུ་རུ་བ་ཤ་ཀ །བསྐོལ་གྲང་ཐང་གིས་ཚད་བསད་ཁྲག་དབྱེ་ནས། །རྩེ་ཆུང་དྲུག་མགོ་སྣོད་ཁ་གང་རྒྱས་རྩ། །བཏུད་[བསྡུད་]ནས་གཏར་ལ་ཁྲག་བོངས་(ཆེ་)བར་བཏོན། །ག་ཕུར་[པུར་]གུར་གུམ་ཙན་དན་ཇུ་[ཅུ་]གང་ཀ་ར་སྦྱར། །ནད་སྟོབས་ཆུང་ན་རྒྱལ་ལྔ་དེ་བཏང་། །འབྲིང་ལ་གྷི་ཝང་དོམ་མཁྲིས་བསྣན་པ་བདུན། །ཆེ་ལ་ཏིག་ཏ་ཧུང་[ཧོང་]ལེན་བསྣན་དགུ་བཏང་། །སྨན་བཏུད་[བསྟུད་]རྔུལ་དབྱུང་ཚན་གྱི་[ཀྱི་]ལྕེ་ཞེས་བདུག །ཚ་བའི་སྟོབས་རྒྱས་མཆིན་དྲིར་བབས་པའི་རྟགས། །སྦྱོང་བྱེད་དུར་བྱིད་རྒྱལ་བླང་[བློན་]དྲི་ཆུ་སྦྱར་བས་སྦྱངས། །ཁ་བསྒྱུར་ཚ་བ་སྟོབས་རྒྱས་གྷི་ཝང་དང་། །བཅོས་བརྡུག་[རྡུགས་]ཚ་ལ་གུར་གུམ་ངང་སྨན་བཏང་། །ཚ་འཁྲུགས་བྲག་ཞུན་མཆིན་དྲི་དུག་ཉུང་བཏང་། །དུང་[དུད་]ཁུ་ག་ཕུར་[པུར་]སེ་རུལ་ཚ་ལྐགས་[ལྐུགས་]ལ། །སྟར་རུ་རུ་རྟ་ཚ་ལ་བཏང་བས་འདྲོང་། །ཚ་རྡོལ་མ་ཆོད་ཚ་ལ་ལྒ་དང་བ་ཤ་ཀ །ཚ་རིམས་མ་འཆུན་ཏིག་ཏ་བོང་ང་ལི་ག་དུར། །དེ་རྣམས་གང་དགོས་སྟེང་དུ་རྒྱལ་བློན་རྣམས། །ཀ་རས་བཅིང་ཁ་བསྒྱུར་ནས་སྦྱར་ཏེ་བཏང་། །དྲི་ཆེ་ཁ་དོག་སེར་ན་ནད་ཐོན་རྟགས། །ཆུ་དྲོན་ལུག་གིས་བྱ་བ་[བྲབས་]ནས་དག་པར་སྦྱངས། །སྦྱངས་རྗེས་མི་བདེ་ཤེས་འཆོལ་ཟུང་[ཟུངས་]ངན་ནམ། །དག་པར་འབྱོངས་ན་བསིལ་གྱིས་འཕྲོ་གཅད་དོ། །ཟུངས་བཟང་ནད་སྟོབས་ཆེ་ན་སྦྱང་[སྦྱོང་]སྨན་བསྣན། །སྨན་གཏར་སྦྱོངས་ཀྱིས་གཟེར་བྱེར་བཅོས་བརྡུག་[བརྡུགས་]ན། །བུར་ཆང་ཕྱེ་ཕུར་[ཕལ་ཕྱེད་]གར་བ་བྱེར་བ་བསྡུ། །འདྲེགས་པ་སྐོག་[བཀོག་]ལ་འདོན་ཅིང་གཉེན་པོས་གསད། །ཁ་ཟས་ཆག་ཕྱེ་[ཚེ་]བ་རའི་ཞོ་དར་དང༌། །ཁུར་མང་སྐྱབས་ཚོད་ཆུ་གྲོགས་བརྟེན་[གྲོག་བསྟེན]། །ཚྭ་དང་ཤ་ཆང་ལས་[ལ་]སོགས་དྲོད་བཅུད་བསྟེན། །སྤྱོད་ལམ་མེ་ཉི་ལུས་ངག་དྲག་ཤུལ་སྤང༌། །བསེར་བུ་གྲིབ་མ་བསིལ་པར་[སར་]དལ་བར་བསྟོད་[བསྡད]། །དེ་ལྟར་བཅོས་རྗེས་ཚ་སྟོབས་ཅུང་ཉམས་ན། །རྩ་དལ་(ལུད་)པ་འགྱུར་ན་གཟེར་བ་བཞི། །དེ་ནས་ཙན་དན་གྷི་ཝང་བསིལ་གསུམ་དང་། །ཏིག་ཏ་བ་ཤ་ཀ་དང་ཀ་ར་སྦྱར། །གློ་མང་ཤིང་མངར་འགེག་[འགོག་]དཀའ་སྟར་བུ་བསྣན། །གཟེར་མེད་ལུད་པ་གཙང་ལ་དང་ཁ་བདེ། །ལུས་དང་ཤེས་པ་ཡང་ལ་སྙིང་རྩ་སེང༌། །རི་ཐང་མཚམས་སུ་སླེབ་[སླེབས་]པས་གསར་བཅུད་གློད། །གཉིས་པ་བྱེ་བྲག་སོ་སོར་བཅོས་པ་ནི། །ནད་རིགས་བབས་པས་ལུད་པ་བརྟག་ལ་བཅོས། །རྒྱས་ཚད་དོན་བབས་གཏར་སྨན་བཏུད་[བསྟུད་]ལ་བཅོས། །སྣོད་བབས་བྲག་ཞུན་དུག་ཉུང་བསིལ་ལས་གཅེས། །ཚ་ལྐུགས་སྟར་བུ་ན་[ནཱ་]ག་གེ་སར་དང༌། །རུ་རྟ་ཚ་ལ་དུད་པ་བྱ་བལ་མ། །ཀ་ར་སྦྱར་ལ་ཐུན་སྐྱུང་གྲངས་མང་བཏང༌། །གཟེར་མིག་ཚན་དཀར་པར་སྦང་[ཚར་བོང་]དྲོས་[དྲོ་]འཇམ་བདུག །དེས་མ་ཐོན་ན་སྟར་བུ་ཚ་ལ་བཤལ། །དུག་ཐབས་རྒྱལ་བློན་གསུམ་སྦྱར་རྩེ་ཆུང་བསྣོལ། །ནད་དང་སྨན་དཔྱད་སྲོག་ལ་གང་ཐོབ་བྱ། །སྐྱེད་མེད་སེ་རུས་[རུལ་]ཁུ་བ་ཁོང་བཏང་རྗེས། །ག་ཕུར་[པུར་]གྷི་ཝང་ཙན་དན་བསེ་རུ་དང་། །གུར་ཀུམ་དོམ་འཁྲིས་[མཁྲིས་]ཧུང་[ཧོང་]ལེན་མཚལ་དང་བརྒྱད། །ག་ཕུར་[པུར་]བརྒྱད་པ་དེ་ནི་ཀ་རས་ཕུལ། །ག་དུར་སེ་རུལ་ཁུ་བ་བསྐོམ་[སྐོམ་]དུ་བསྟེན། །དུད་ཁུ་རྣག་ཏུ་འགྱུར་ན་ཐུབ་རྟགས་ཡིན། །ཚ་སྟོབས་[རྡོལ་]དོམ་མཁྲིས་གུར་གུམ་སྲན་པུས་པ། །ཀ་ར་ཚོམ་[ཚོས་]ཁུས་ཕུལ་ལ་ཆུ་ལྕག་བྱ། །ཁྲག་མ་ཆོད་ན་ཚ་ལ་ཚོས་དང་བ་ཤར་[ཤས་]སྦྱང་། །ཁྲག་སྨུག་སྐྱུ་རུ་བ་ཤ་ཁ་ཐང་བཏང་། །ག་ཕུར་[པུར་]ཙན་དན་དཀར་དམར་ཇུ་[ཅུ་]གང་དང་། །དོམ་མཁྲིས་ཏིག་ཏ་བ་ཤ་ཀ་དང་མཚལ། །ག་ཕུར་[པུར་]དགུ་པ་དེ་བསྟུད་ཡང་ཡང་གཏར། །ཚ་འགྲམས་གཉིས་ནི་དོན་ལ་ཁྲག་རྒྱས་པས། །བཅོས་ཁམས་གཙོ་བོ་གང་འབབ་གཏར་བ་ཡིན། །ནད་དང་དཔྱད་གཉིས་ཁྲག་ལ་ཐོབ་ཤ་བྱ། །རྣག་རྨུགས་བསེ་རུ་ཙན་དན་དཀར་དམར་དང་། །ཇུ་[ཅུ་]གང་གུར་གུམ་དོམ་མཁྲིས་ཏིག་ཏ་ཀ་ར་དང་། །བསེ་རུ་བརྒྱད་པ་དེ་ཡིས་རྣག་ཚད་གསད། །དེ་རྗེས་སྟར་བུས་པན་ཙས་[པཉྫས་]གློ་རྣག་འདྲེན། །སྣག་[རྣག་]ཟད་རྗེས་ལ་ཐང་དང་སྨན་མར་དང་། །འདི་དགུ་དམར་པོ་གསུམ་གྱིས་གློ་བ་གསོ། །འདུ་བའི་ཚ་རིམས་དང་པོ་འབྲས་གསུམ་དང་། །ཏིང་ཏ་སླེ་ཁྲེས་[ཏྲེས་]ཐང་གིས་དབྱེ། །རིན་ཆེན་ཞགས་པའི་ཕྱེ་མས་ཚ་བ་རོལ་དུ་གསང་[བསད]། །ཡང་ན་རིམས་འཁྲུགས་ལྡན་པར་གཙོ་བོ་བརྒྱད་ཤིས་སོ། །རིམས་ཡིན་སྦྱར་བའི་རྔུལ་དབྱུང་འཁྲུགས་ཡིན་ཅི་རིག་[རིགས་]གཏད་[གཏར]། །ཚ་བ་ཆོམས་དཀའ་ཏིག་ཏ་བོང་ང་ག་དུར་བཤལ་གྱིས་སྦྱངས། །གཟེར་ཐུང་ཐོག་མར་སླེ་ཁྲེས་[ཏྲེས་]ཨ་རུས་[རུ་]ར། །བཙོད་ཐག་[ཐང་]བཏབ་[བཏང་]བས་སྨིན་སྡུད་འབྱེད་པར་བྱེད། །དེ་ནས་གཟེར་སྨན་ཐར་སྣུ་[ནུ་]ཆུ་རྩ་དང་། །ར་དུག་མི་[མེ་]ཏོག་ཨ་བྱག་ཤ་ཆེན་དང་། །གཉེན་པོ་ལྔ་དེ་ཏྲི་[དྲི་]ཆུ་སྦྱར་བ་ནི། །ཐུན་སྐྱུངས་ནང་ནུབ་གཉིས་ལ་བསྟུད་ནས་བཏང་། །ཡང་ནང་[ན་]གཟེར་སྨན་ཆེན་པོ་ཤིས་པ་སྟེ། །བཟང་དྲུག་གླ་རྩེ་[རྩི་]གུར་གུམ་མིང་ཅན་དང་། །ཤད་[ཤ་]ཆེན་དུག་སུས་[པུས་]ཆུ་དག་དཀར་པོ་དང་། །ཐར་ནུ་ཆ་རྩ་རེ་ཅག་[ལྕག་]ཏྲི་[དྲི་]ཆུ་སྦྱར། །སྦྱང་རྗེས་གཟེར་བཤལ་ཚ་བ་གསད་པ་ལ། །གྷི་ཝང་ཙན་དན་ཇུ་[ཅུ་]གང་གུར་གུམ་དོམ་དང་། །གླ་རྩི་བོ་[བོང་]ང་དཀར་པོ་བཙོས་[བཙོད་]ཁུས་འཕུལ། །གཟེར་མིག་སྟེང་དུ་སྤུ་[སྤྲུ་]ཚན་གྲང་མོས་བདུག།ག་བུར་གཏར་ཁ་གཉན་མ་སོད་པར་སྤངས། །དཀར་(དང་)དམར་[མངར་]བག་མི་བཏང་དུག་དང་མཚུངས། །སོད་རྟགས་གཟེར་དང་ལུད་པས་ཟིན་(པའི་)དུས། །གཏར་ཀ་ག་པུར་འདུས་པ་ལྟར་དུ་ཚ་སྟོབས་སྦྱར། །བབས་པ་[ས་]གནས་དང་སྦྱར་ནས་བཅོས་པ་ནི། །བསིལ་གསུམ་ཙན་དན་དཀར་པོ་རླུང་མི་ཀུན་ལ་གཅེས། །ཛ་[ཛཱ་]ཏི་གེ་སར་གསུམ་དང་མི་མཁྲིས་དང་། །ལྕགས་ཕྱེ་ཀ་ར་ཨ་རུ་ར་སྡེབས་པས། །ཛ་[ཛཱ་]ཏི་བདུན་པ་དེས་ནི་སྙིང་འཁྲུགས་སེལ། །ཤིང་མངར་ཨ་རུ་རྒུན་འབྲུམ་བ་ལེ་ཀ། །ཀ་ར་ཤིང་མངར་བཞི་པས་གློ་འཁྲུགས་སེལ། །དོམ་མཁྲིས་ག་དུར་ཨ་བ་ཀ་ར་དང་། །དོམ་མཁྲིས་གསུམ་པ་ཞེས་བྱ་དེ་སྟེང་ན། །ཏིག་ཏ་བ་ཤ་ཀ་དང་དུག་མོ་ཉུང་། །པ་ཏོ་ལ་དང་ཀ་ར་ལྔ་བསྣན་པས། །དོམ་མཁྲིས་དགུ་པ་ཞེས་བྱ་མཆིན་འཁྲུགས་སེལ། །ཨ་རུ་ཏིག་ཏ་བ་ཤ་ཀ་དང་དུག་མོ་ཉུང་། །སུམ་བཅུ་[ཅུ་]ཏིག་ཏ་ཀ་ར་སྦྱར་བ་སྟེ། །ཏིག་ཏ་བཞི་པ་ཞེས་བྱ་མཁྲིས་འཁྲུགས་སེལ། །ཛ་[ཛཱ་]ཏི་བདུན་པའི་རླུང་ནད་སེལ་བ་སྟེ། །ཛ་[ཛཱ་]ཏི་སུག་སྨེ་[སྨེལ་]སླེ་ཁྲེས་[ཏྲེས་]པུ་ཤེལ་ཙེ་[རྩེ]། །ཤིང་ཚ་པི་ལིང་ཀ་ར་བདུན་ཡིན་ནོ། །ཀུན་ལ་ཀ་ར་དཀར་པོའི་རྟ་ལས་[ལ་]སྐྱོན་[བསྐྱོན]། །དོན་སྣོད་གང་བབས་རང་རང་སྒོས་རྩ་གཏར། །རྩ་འཁྲུག་[འཁྲུགས་]གཏར་བ་ཤེས་[ཤིས་]ལ་རླུང་ལ་སྤང་། །ལུད་པའི་མདོག་ལ་བརྟགས་ནས་བཅོས་པ་ནི། །ལུད་པ་སྐྱ་གསོབ་སྙིང་གི་འགྲམས་འཁྲུགས་ཡིན། །ཛ་[ཛཱ་]ཏི་ཙན་དན་དཀར་པོ་སྙིང་གི་ཞོ་ཤ་དང་། །ཅུ་གང་ཀ་ར་སྐྱུ་རུའི་ཐང་གིས་ཕུལ། །སྣོད་ཁ་ཐོང་རྩ་གཉིས་ཀ་གཏར་བར་བྱ། །ལུད་པ་དམར་ན་གློའི་གམ་[གབ་]འཁྲུགས་ལ། །ལི་ཤིང་[ཤི་]དུག་ཉུང་ཅུ་གང་ལྔ་པ་ཚོས་ཁུས་ཕུལ། །སྒང་རྩ་དྲུག་མགོ་གཉིས་པོ་གཏར་བ་ཡིན། །ལུད་པ་དམར་སེར་མཆིན་པའི་གམ་[གབ་]འཁྲུགས་ལ། །གུར་ཀུམ་བདུན་པ་བ་ཤའི་ཐང་གིས་ཕུལ། །ལི་ཤི་དུག་ཉུང་དོམ་མཁྲིས་སྐྱེར་པ་དང་། །བྲག་ཞུན་གསེར་མདོག་ཀ་ར་བདུན་ཡིན་ནོ། །ལུད་པ་སྨུག་ནག་མཚེར་པའི་གམ་[གབ་]འཁྲུགས་ལ། །གྷི་ཝང་གུར་ཀུམ་བ་ལེ་ཀ་དང་མཚལ། །ཨ་རུ་ར་དང་ཀ་རའི་རྟ་ལ་སྦྱར། །གྷི་ཝང་ལྔ་པ་སེ་རུལ་ཐང་གིས་ཕུལ། །མཆིན་མཚེར་གཉིས་དང་གཡས་གཡོན་རུ་ཐུང་གཏར། །ལུད་པ་བསྲེ་[སྲེ་]བོ་མཁལ་མའི་གམ་འཁྲུག་[གབ་འཁྲུགས་]ལ། །བྲག་ཞུན་བརྒྱད་པ་བཙོད་ཁུས་ཕུལ་བྱིན་གཞུག་གཏར། །ལུད་པ་དམར་ལ་བཏང་[ཐེང་]ལུ་རྩ་འཁྲུག་[འཁྲུགས་]ཡིན། །དོམ་མཁྲིས་དྲུག་པ་ག་དུང་[དུར་]ཐང་དབུལ་ཏེ། །ལི་ཤི་ག་དུར་ཧུང་[ཧོང་]ལེན་གུར་གུམ་མཚར་[མཚལ་]དང་དྲུག གཟེར་བ་གང་ཉེ་གང་རྒྱས་རྩ་དེ་གཏར། །སེར་ལ་དང་བ་མཁྲིས་པའི་གམ་[གབ་]འཁྲུགས་ལ། །ཏིག་ཏ་གསེར་གྱི་མེ་ཏོག་དུག་མོ་ཉུང་། །དོམ་མཁྲིས་བ་ཤ་སྐྱེར་པ་ཀ་ར་དྲུག །ཏིག་ཏ་དྲུག་དེ་གྷི་ཝང་ཐང་གིས་ཕུལ། །གསེར་མདུང་འཁྲིས་[མཁྲིས་]རྩ་བཤའ་རིང་[གཤའ་རིངས་]གཏར་བ་ཡིན། །ལུད་པ་སྔོན་པོ་སྦུ་གསོག་[ལྦུ་གསོབ་]རླུང་འཁྲུགས་ལ། །ཨ་དཀར་[གར་]ཛ་[ཛཱ་]ཏི་སུག་མེ་[སྨེལ་]སླེ་ཁྲེས་[ཏྲེས་]དང་། །(གུ་)གུལ་དཀར་པོ་རུ་ཏ་[རྟ་]པུ་ཤེལ་རྩེ། །མ་ནུ་བཞི་ཐང་དྲོ་འཇམ་རྒྱུན་དུ་བསྟེན། །ཨ་དཀར་[གར་]བདུན་པ་རུས་གསུམ་ཁུས་[ཁུ་]བས་དབུལ། །དང་པོ་ཚ་བའི་སྟོབས་རྒྱས་དུས་ལ་སྤྱི་བཅོས་བྱ། །སྟོབས་བྲི་སྒོས་བཅོས་མདེལ་[མདེ་]ཁར་འཚོ་སླ་གདག་[གདགས]། །ཛ་[ཛཱ་]ཏི་སུག་མེ་[སྨེལ་]པུ་ཤེལ་སླེ་ཁྲེས་[ཏྲེས་]རུ་ཏ་[རྟ་]གུར་གུམ། །དེ་ནི་སྟོངས་འཁྲུགས་བཅོས་ཐབས་བསྟན་པ་ནི[ཡིན]། །རླུང་དང་ཚ་བ་སྟོངས་པ་འཕྱིང་[ཕྱིང་]དྲིལ་བཅོས་དགོས་ཏེ། །དང་པོ་རྭ་གསུམ་མ་ནུ་བཞི་ཐང་བསྲེས་ལ་བཏང༌། །རླུང་འདུལ་ཚ་འཇོམས་ངན་ཁྲག་འབྱེད་པར་བྱེད། གཟེར་མིག་འཁར་[མཁར་]གོང་ཆང་བྲན་བསྲོས་པས་བདུག །བ་ཞོ་བ་དར་ཤ་གསེར་[གསར་]རླུང་སྣ་ལེན་[གླན]། །གཟེར་ན་ངན་ཁྲག་རྩ་ཁ་ཕྱེ་ཙམ་གཏར། །ཚིགས་པ་བྱེད་[ཁ་བྱེ་]དང་ན་པར་[སར་]མི་[མེ་]ཡིས་བསྣན་[མནན]། །བར་དུ་ག་པུར་རྩ་ལྔ་རུས་གསུམ་ཁུ་བས་ཕུལ། །ཚ་བ་མ་ཆོམས་མར་ལྡན་བཤལ་གྱིས་སྦྱངས། །ཐ་མ་རྗེས་ལ་ཏིག་ཏའི་སྨན་མར་བསྟེན། །གྲང་སྟོངས་རུས་བཅུད་གསུམ་པའི་ཁུ་བས་[བ་]བསྟེན། །མ་ནུ་བཞི་ཐང་དྲོ་འཇམ་རྒྱུན་དུ་བསྟེན། །རུས་སྙིང་[རྙིང་]དུགས་བྱ་མཐིལ་བཞི་རླུང་གསང་བསྣན་[མནན]། །ཤ་ཆང་མར་དང་བུ་རམ་གསར་བཅུད་བརྟེན་[བསྟེན]། །འབྲས་བུ་གསུམ་པའི་མར་བསྟེན་རླུང་གསང་བསྲེག།མདོར་ན་རླུང་ཞི་ཚ་བ་མི་འཕེལ་བཅོས། །ཆགས་པ་སྨྲ་བརྗོད་སེམས་ལ་[ལས་]བསེར་བུ་དང༌། །ཞེ་སྡང་དྲག་ཤུལ་རུས་[རུལ་]སྐྱུར་བཅུད་དྲགས་རྣམས། །ཚ་གྲང་སྟོངས་པ་གཉིས་ལ་སྤང་བ་ཡིན། །འཇམ་འཁྲུགས་བཅོས་པར་རྭ་གསུམ་གདུས་གྲང་གིས་[ནི]། །ཡུན་བསྟན་[བསྟེན་]ཁྲག་ཕྱེད་དུས་ན་གང་གཟེར་གཏར། །གཙོ་བོ་བརྒྱད་ཀྱི་ཕྱེ་མས་ཚ་བ་གསོད། །བད་ཀན་ཚ་བ་སྐབས་སུ་རྔུལ་དབྱུང༌བྱའོ། །ཕྱེ་ཐུགས་[ཐུག་]བ་ཤ་བ་ཞོ་ཆུ་གག་[གྲོག་]བཏང་། །བསྐྱེད་ཆུང་སྦྱངས་རྗེས་ག་བུར་རྩ་ལྔ་བསྟེན། །གཉེན་པོ་ཐལ་ལུས་[ལས་]མ་སོང་ཚད་ལྡན་དགོས། །ཞེས་གསུངས་སོ། །

གསོ་བྱའི་ནད་འབུམ་ནག་པོ་ལས་འཁྲུགས་ཚད་བཅོས་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:36 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།