སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་ཉེར་གཅིག་པ། འགྲམས་ཀྱི་ཚ་བ་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་ཉེར་གཅིག་པ། འགྲམས་ཀྱི་ཚ་བ་བཅོས་

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །འགྲམས་ཚད་བཅོས་པའི་རིག་[རིགས་]པ་བསྟན་གྱིས་ཟུངས། །འདི་ལ་རྒྱུ་རྐྱེན་ངོ་བོ་མིང་དང་བཞི། །དབྱེ་བ་རྟགས་དང་བཅོས་ཐབས་བདུན་ཡིན་ཏེ། །རྒྱུ་ནི་ནད་དང་ལུས་ཟུངས་འགྲམས་ལས་བྱུང་། །གཉིས་པ་རྐྱེན་ནི་བྱ་བ་དྲག་ཤུལ་བྱས། །བང་མཆོངས་རྩལ་དང་ལྗི་[ལྗིད་]ཅན་བཏེག་པ་དང་། །མི་ཐེག་ཁུར་པོ་ཁུར་དང་གཞུ་སྲན་འཐེན། །ས་སྲན་བརྐོས་དང་རྦབ་འདྲིལ་གཡང་ལ་ལྷུང་། །འཐིབས་འོག་སོང་དང་རྒྱབ་བཙོག་དབྱུག་བརྡུང་དང་། །གསུམ་པ་ལུས་ཟུངས་འགྲམས་པས་མཁྲིས་ཚད་ཁྲག་འཁྲུགས་བསླང་། །བཞི་པ་དེ་ལྟར་འགྲམས་པས་འགྲམས་ཚད་ཟེར། །ལྔ་པ་དབྱེ་ན་ནང་གི་དོན་སྣོད་འགྲམས་པ་དང་། །ཕྱི་ཡི་ཡུལ་བཞི་འགྲམས་དང་རྣམས་[རྣམ་]པ་གཉིས། །ཡུལ་བཞི་ཤ་རུས་རྩ་དང་ཆུ་རྒྱུས་དང་། །ནང་[ནད་]འགྲམས་དོན་(ལྔ་)སྣོད་དྲུག་འགྲམས་པ་དང༌། །འགྲམས་རྟགས་དེ་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་རྟགས་ནང་འགྲམ་[འགྲམས་]ན་ལ་གཟེར་ཟུག་ལྡན་[ལྡང་]། །རྩ་ནི་འཕྲ་[ཕྲ་]ལ་གྲིམས་ཏེ་ཆུ་དམར་དུགས། །གདོང་སྣུམ་རྔམ་རྩེགས་ལུས་པོའི་བྱ་བ་དཀའ། །བྱེ་བྲག་སོ་སོར་ནད་ཀྱི་རྟགས་པ་ནི། །སྙིང་འགྲམས་ཁ་ལྐུགས་འགུལ་ན་འབོག་ཅིང་འགྱིལ་[འགྱེལ]། །སེམས་ཉོག་གཉིད་ལོག་སད་དུས་ཡོད་ཡེད་བསྔང་། །ནུ་འཇིང་སོག་འཕྲག་[ཕྲག་]གཟེར་ལ་མིག་རྩ་ཧར། །སྲོག་རྩར་འགྲམས་པོ་[ན་]མིག་ཧར་ཁུ་ཡིས་འདེབས། དྲན་པ་མི་གསལ་ཟུག་ཆེ་ས་ལ་འབྲད། །གློ་འགྲམ་[འགྲམས་]གློ་འདབས་[འདབ་]རྒྱས་ཤིང་ཉལ་མི་ཤེས། །སྣ་འབུད་དབུག་[དབུགས་]མི་བདེ་ལ་གྲེ་བ་ཤུ། །གློ་ལུ་མི་མི་ཤེས་ཐལ་གོང་མནན་སྙམས་[སྙམ་]བྱེད། །བྲང་དང་རྒྱབ་གཟེར་དགྱེ་དང་དགུ་ལ་དཀའ། །ལུད་པ་འགེག་[འགོག]དཀའ་ཁྲག་སྣག་[རྣག་]འདྲེས་ངོ་[པ་ལུ]། །མཆིན་འགྲམས་མཆིན་སྒང་མཆིན་སྣ་ན་ཞིང་གཟེར། །ལུད་པ་ཁྲག་འོང་ལེན་[ལན་]རེ་སྣ་ཁྲག་འཛག །གློ་སྙིང་མི་བདེ་ལྟོད་[སྟོད་]རྒྱངས་དབུགས་མི་ཐེགས་[ཐེག]། །མིག་སྤྲིན་དམར་ལ་མི་གསལ་ཕོ་སྟོད་ལྒང་[སྒང༌]། །མཆིན་དྲི་འགྲམས་ན་ཐད་ཀ་[ཤ་]སྔོ་ལ་རོ་སྟོད་རྒྱངས། །ཡང་ཡང་འགུལ་ན་སྙིང་རྡུང་འགྲོ་མི་ཤེས། །ལུས་པོ་གྱོང་ལ་མི་དགེ་བཅུས་[གཅུས]པ་འདྲ། །མིག་སྤྲིན་རྒྱས་ལ་རྩ་ཕུང་[རྩེ་ཆུང་]ལྷག་པར་རྒྱང་[རྒྱངས]། །མཚེར་འགྲམས་ཕོ་སྟོད་སྦོས་ལ་གཡོན་ངོས་གཟེར། །གདོང་པའི་བཞིན་ལོག་སྦོས་འཁྲོག་སྐབས་སུ་འཁྲུ། །གཡོང་[གཡོན་]གྱི་རྩའི་[རྩིབ་]སྒང་རྩའི་[རྩིབ་]སྣར་གཟེར་ཞིང་འཕྲིབ་[འཕྲིག]།མཁའ་[མཁལ་]འགྲམས་ཚང་ར་མི་ཐེག་དགྱེ་དགུ་དཀའ། །མཁལ་ཁུང་སྣེ་དང་སྤྱི་མི་[དཔྱི་མིག་]བླ་ལྒང་[བརླ་སྒང་]གཟེར། །དྲི་ཆུ་ཁྲག་ཏུ་འཛག་ལ་འབྲས་བུ་སྐྲངས། །ཕོ་བ་འགྲམས་ན་སྒྲེག་པ་དྲགས་[དྲག་]པོ་འོང༌། །ཕོ་སྟོད་སྦོས་འཁྲུག་གང་ཟོས་སྐྱུག་ཅིང་རྟོག །ཕོ་ལྒང་[བསྒང་]ཉལ་མི་ཤེལ་[ཤེས་]ལ་གླང་ཐབས་ལྡང་། །ལོང་འགྲམས་ལོང་ཕུག་[ཕུགས་]གཟེར་ཅིང་ལྒང་སྦོས་འགྲོག་[འཁྲོག] །གློས་[གློ་]ཐེག་རོ་བསྟོད་[སྟོད་]གང་ནས་འགྲང་སྙམས་[གྲང་སྙམ་]བྱེད། །དབུགས་ངན་རྗེས་(ལ་)དྲི་མ་མི་ཐུབ་འཆོར། །རྒྱུ་མ་འགྲམས་ན་ཚ་བབ་[འབྲབ་]འཁྲིལ་སྙམ་བྱེད། །སྣེ་པར་[སར་]ལྷུང་སྙམ་ཆུ་སོ་སྡོམ་ལ་རྒྱུ་མ་གླང་ཐབས་བྱེད། །མཁྲིས་འགྲམས་མིག་སེར་ཤ་སྔོ་མགོ་བོ་ལྗི་[ལྕི]། །མཆིན་པ་སྐྲངས་སྙམས་[སྙམ་]མཁལ་མ་མཆིན་དྲི་ན། །རོ་སྟོད་གང་སྙམས་[སྙམ་]ཆུ་དམར་གླང་ཐབས་ཡིན། །ལྒང་པར་འགྲམས་ན་རྒྱུ་ཞབས་མཁལ་ཁུང་ན། །ཆུ་མི་ཐུབ་ལ་སྣེ་པར་[སར་]ཚ་བབས་[འབྲབ་]བྱེད། །བསམ་སེལ་[སེའུ་]འགྲམས་ན་སྤྱི་[དཔྱི་]མིག་བླ་སྲུབས་[བརླ་སུལ་]ན། །ཐེར་[སྟ་]ཤ་འཆད་སྙམས་[ཆད་སྙམ་]བྱེད་ནས་ལངས་མི་ཤེས། །རྐང་པ་བཤལ་སྦྲིད་ཚང་ར་འབྲེལ་མཚམས་ན། །སྐབས་སུ་དྲི་མ་[ཆུ་]མི་ཐོན་སྡོམ་སྙམ་བྱེད། །ད་ནི་ཕྱི་ཡི་ཡུལ་བཞིའི་འགྲམས་རྟགས་སྟོན། །ཤ་འགྲམས་ཉ་[ཉྭ་]དང་ཉ་[ཉྭ་]ཤ་གཞན་འགྲམས་གཉིས། །ཉ་[ཉྭ་]འགྲམས་ཉ་[ཉྭ་]སྣ་སྐྲངས་ཤིང་བྱ་བླས་ལུས་[བ་ཉམས]། །ཤ་རྣམས་བསྡུང་[བརྡུང་]བརྡུང་འདྲ་ལ་སྐྲངས་པོར་དམར། །རུས་འགྲམས་ཚིགས་རྐང་མགོ་སྲུབས་རྩིབ་མ་བཞི། །ཚིགས་འགྲམས་འགུལ་དཀའ་ཟུག་ཆེ་གོང་མགོ་[འོག་]སྐྲངས། །རྐང་འགྲམས་འགུལ་ན་ན་ཞིང་དལ་ན་བདེ། །སྲུབས་འགྲམས་དྲན་པ་མི་གསལ་སྐྱུག་ཅིང་འཁྱོམ། །རྩིབ་མ་འགྲམས་ན་ཟུག་ཆེ་མནན་མི་བཟོད། །རྩ་འགྲམས་མགོ་དང་ན་ལ་བྱང་ཁོག་ཡན་ལག་གསུམ། །མགོའི་རྩ་རྒྱུད་འཁྲི་ཞིང་[ཁྲིད་ཅིང་]ན་ན་འགྲམས། །རྩ་སྟེང་སྐྲངས་ནས་རྩ་འབྲུམ་འོང་བ་ཡིན། །བྱང་ཁོག་འགྲམ་[འགྲམས་]ལུ་ནང་གི་རྩ་འགྲམས་གཟེར། །ཚ་བ་སྐྱེ་ཞིང་སྐྲངས་རྗེས་རྣག་ཏུ་འོང་། །ཡན་ལག་འགྲམས་ན་ཡན་ལག་རྩ་རྒྱུད་སྐྲངས། །དམར་ལ་རྩ་[ཚ་]འཁྱུག་བརྐྱང་བསྐུམ་བྱ་བ་དཀའ། །ཆུ་རྒྱུས་འགྲམས་པས་དགྱེ་དགུ་མི་ཤེས་སྐྲངས། །ཆུ་བ་རྒྱབ་གནས་རྒྱུས་པ་བདུན་[མདུན་]ན་གནས། །བདུན་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་ཐབས་སྨན་དཔྱད་ཟས་སྤྱོད་བཞི། །དང་པོ་སྨན་ལ་གཉིས་ཏེ་ཐང་དང་ཕྱེ་མ་ལ། །དང་པོ་ཐང་ལ་ཧུང་[ཧོང་]ལེན་བ་ཤ་ཀ །སྤང་རྩི་ཁྱི་ལྕེ་རྣམས་[རྣམ་]པར་བཙོད་དང་དྲུག །ཚ་བའི་སྟོབས་སྦྱོར་གཉིས་བཞི་དྲུག་བསྡེབས་ནས། །གདུ་[གདུས་]གྲང་ཁུ་བ་བསྟེན་པས་འགྲམས་ཚད་འཇོམས། །ཡང་ན་སེང་ལྡིང་[ལྡེང་]སྐྱེར་པ་སྐག་དང་བཙོད། །བསྡུས་གྲང་འགྲམས་ཚད་ཀུན་ལ་བདུད་རྩི་འདྲ། །གཉིས་པ་ཕྱེ་མ་ཚ་བ་རབ་འབྲིང་ནི། །ག་ཕུར་[པུར་]ཙན་དན་གུར་ཀུམ་གཙོ་བོ་ལ། །དོམ་མཁྲིས་རྣམ་པར་ག་དུར་ཨ་རུ་ར། །ཨ་བྱག་སྟབས་[སྟབ་]སེང་ཀ་ར་དྲུག་འགྱུར་སྦྱར། །རྗེས་གཅོད་འབྲས་བུ་གསུམ་དང་དམར་པོ་གསུམ། །སེང་ལྡིང་[ལྡེང་]རྩ་བ་ལྔ་ལ་སོགས་པ་ཡི། །གང་འཕྲོད་སྨན་མར་སྦྱར་བས་ཕྱི་རྗེས་བཅད། །གཉིས་པ་དཔྱད་ལ་སྣོད་ལ་གཏར་བཤལ་རྩ་ལ་དུགས་དང་ལུམས། །རྒྱུ་ལོང་ལྒང་པ་ལ་སོགས་མས་སུན་བཏང་། །ཕྱི་ནང་འགྲམས་ལ་ཆུ་ཆགས་[ལྕག་]འགྲམས་ཚད་བསྙོལ་[སྙོལ]། །གསུམ་པ་ཟས་སྤྱོད་ལམ་བསིལ་དལ་བྱ། །རྟས་བརྡབས་གཡང་ལྷུང་འཐིབ་[འཐིབས་]འོག་ཚུད་པ་ལ། །བྱང་ཁོག་འགྲམས་ནས་རྒྱས་ན་སྨུག་ཟིལ་འོང་། །ག་པུར་བདུན་པ་དགུ་པ་སྦྱར་ནས་བཏང་། །སྨན་རྗེས་རྔུལ་དབྱུང་རྩ་གཏར་བཤལ་གྱིས་སྦྱང་། །གཉིས་པ་བྱེ་བྲག་སོ་སོར་བཅོས་པ་ནི། །སྙིང་འགྲམས་ག་ཕུར་[པུར་]ཇུ་[ཅུ་]གང་གྷི་ཝང་དང་། །ཙན་དན་བཞི་སྡེབས་ཨ་གར་བཞི་སྟེང་སྦྱོར་སྟེང་ཨ་གར་དང་། །ཙན་དན་དཀར་དམར་ཛ་[ཛཱ་]ཏི་ལི་ཤི་དང་། །བསེ་རུ་གླ་རྩི་སྙིང་ཞོ་ཤ་དང་ཨ་རུ་སྦྱར། །ཡང་ན་ཛ་[ཛཱ་]ཏིའི་ཅུར་སྦྱར་གུར་གུམ་ཀ་ར་ཇུ་[ཅུ་]གང་དང་། །སུག་སྨེ་[སྨེལ་]ན་[ནཱ་]ག་གེ་སར་སྙིང་ཞོ་ཤ་བཏང་ནས། །སྙིང་རྩ་ཆེ་ཆུང་སྣོད་ཁ་ཐོང་རྩ་གཏར། །དབེན་སར་གཡོ་འགུལ་ཉུང་བྱས་བདེ་བར་ཉལ། །ཁ་ཟས་བསིལ་བསྟེན་ཚིགས་པ་བདུན་དྲུག་བསྲེག །སྲོག་རྩ་འགྲམས་ན་བཅོས་ཐབས་སྙིང་དང་གཅིག །ཁྱད་པར་སྤྱི་གཙུག་རྐང་མཐིལ་སྤྲ་ཆུག་[ཚུགས་]ལྔ་ཡོག་[ཡིས་]བསྲེག །གློ་འགྲམས་ག་དུར་བ་ལེ་གསུམ་ཐང་བཏང། །ག་པུར་གསུམ་དགུ་ཅུ་གང་ལྔ་པ་སྦྱར། །ཚ་བའི་ཤུགས་སྦྱར་གཏར་གྱིས་ཟུག་གཅོག་སྟེ། །ཚ་བ་རབ་ལ་རྩེ་ཆུང་འབྲིང་ལ་དྲུག་མགོ་དང་། །ཐ་མ་སྐྱོར་གོང་གཏར་བས་ཟུག་ཆག་[བཅག་]གོ། །རྣག་ཏུ་ལུ་ན་སྲིན་བྱའི་ཀླད་པ་བཏང༌། །བ་རའི་འོ་དྲོན་འཁྱོར་[ཁྱོར་]རེ་ལྟོ་སྟོང་བཏང་། །ཚ་བ་འབྲིང་ན་[བྲི་ནས་]སྲོ་ལོའི་བསིལ་[བསིངས་]ཆང་དང༌། །ཇུ་[ཅུ་]གང་འདི་[ལྡེ་]གུ་སྦྱར་ལ་ཚད་རོ་བཅག །རྗེས་ལ་ཚིག་གིས་དང་[ཚིགས་པ་]བཞི་ལྔ་བྲང་ཁབ་[སྐས་]ཆེ་ཆུང་བསྲེག །མཆིན་འགྲམས་ཐོག་མར་ག་པུར་དགུ་པ་སྦྱར། །དེ་ནས་གུར་གུམ་གཡུ་རྙིང་གཏིང་དཔག་ཀྱུང་[ཏིང་སག་ཀྱུ]། །ར་མར་སྦྱར་བསྐོལ་རླངས་ཡལ་ཁོང་དུ་བཏང་། །དང་པོ་རྩེ་ཆུང་བར་དུ་རུ་ཐུང་ཐ་མ་མཁྲིས་རྩ་གཏར། །དེ་རྗེས་དགུ་པ་མཆིན་པའི་ཟུར་གསང་དང་། །ནུ་མ་གཡས་ནས་ཐུར་ཚོན་གསུམ་བཅལ་བསྲེག །འདི་དང་མཆིན་དྲིའི་རྗེས་གཅད་རྩ་སྦྱོང་བཏང་། །རྩིབ་མ་བཞི་པའི་སྟེང་ནས་གཡས་གཡོན་དུ། །ཁ་གསུམ་དང་ནི་བརྒྱད་པ་མེ་ཡིས་བསྲེག །འབྲས་བུའི་སྨན་མར་སྦྲང་རྩི་བུ་རམ་བསྟེན། །མཚེར་འགྲམ་[འགྲམས་]བཟང་དྲུག་ཤིང་ཚ་མོན་ཅ་[ཆ་]ར། །ག་དུར་དོང་ཁ་[ག་]པི་པི་ལིང་ལ་སོགས་པ། །ཀ་ར་སུམ་འགྱུར་ཆུ་སྐོལ་ཕུལ་ལ་གཏར། །རྟ་ཐུར་སྲིན་ལག་རྒྱབ་རྩ་གཉིས་ལ་གཏར། །དེ་ནས་རྒྱམ་ཚ་ཚ་ལ་ལྕེ་མྱང་ཚ། །ཀ་ར་དམར་གཏར་[མར་སྦྱར་]ཕོ་མཚར་[མཚེར་]གསང་འགའ་བསྲེག །མཁལ་འགྲམས་དང་པོ་ཙན་དན་གུར་ཀུམ་སུག་སྨེ་[སྨེལ་]དང་། །གླ་རྩི་འཇམ་འབྲས་རུ་རྟ་ཨ་རུ་ཀ་ར་སྟེ། །ཙན་དན་བདུན་པ་བྱ་སྟེ་དེ་བཏང་ངོ་། །བར་དུ་ཞོ་ཤྭ་གསུམ་དང་ཀ་ར་བཏང་། །དེ་རྗེས་ཡོབས་[ཡོབ་]བྱིན་མཇུག་ལོང་རྩ་གཏར། །ཐ་མ་ཤུགས་[ཤུག་]པའི་མར་དང་བདུད་རྩི་ལྔ། །སྦྱར་ནས་དུགས་དང་ཆུ་ཡི་ལུམས་བྱ་སྟེ། །སྤ་ཤུགས་[ཤུག་]སྐྱེར་པའི་འབྲས་བུ་གཟེ་མ་དང་། །ལྕམ་པ་ཀ་ཤོ་ཀ་བྷ་[ཀམྦྷ་]མར་སྦྱར་ནས། །དེ་ལ་སྡིག་པ་གུར་གུམ་བུ་རམ་སྦྱར། །རྗེས་ལ་བཤུལ་ཤ་བུར་ཆང་དྲོད་བཅུད་བསྟེན། །མཁལ་ཁུང་གསང་དང་ཚིགས་པ་བཅུ་གསུམ་བསྲེག །ཕོ་བ་འགྲམས་ན་སྤྱང་ཚེར་ཅིག་[ཆིག་]སྐྱུག་བྱ། །མཚེར་འགྲམས་འོལ་སེ་སོ་འཆའ་[ཆ་]འོ་སྦྱར་བཏང༌། །རྒྱམ་ཚ་(ཚ་)ལ་ལ་ཕུག་ས་བོན་དང༌། །ཅོང་ཞི་ཚ་[ཚྭ]གསུམ་སྦྲང་ལ་རིལ་ལུ་[བུ་]བྱ། །རུ་ཐུང་སྣོད་ཁ་སྲིན་ལག་བར་རྩ་གཏར། །རྗེས་ལ་ཕོ་གསང་མདུན་རྒྱབ་དཔྱད་ལ་བསྲེག །ལོང་འགྲམས་ཤིང་ཀུན་ཁ་རུ་ཚ་ལ་སོགས། །པི་པི་ལིང་གི་བསྐོལ་གྲང་ཐང་དུ་བཏང༌། །ཡང་ན་ལ་ཕུག་ས་བོན་ཁ་རུ་ཚ། །ཤིང་ཚ་བུ་རམ་ཤིང་ཀུན་ཅུར་ཐང་བསྟེན། །ལོང་རྩ་གཏར་ཅིང་གུར་གུམ་ཨ་རུ་ར། །དབྱེ་[དབྱི་]མོང་བསྡུས་ཁུར་དུར་བྱིད་བཏབ་པས་སྦྱང་། །སྐབས་སུ་ནི་རུ་ཧས་འདྲེན་ལོང་གསང་ཕྱི་ནང་བསྲེག །རྒྱུ་མ་འགྲམས་ན་གུར་ཀུམ་པི་པི་ལིང་། །དུར་བྱིན་[བྱིད་]མར་བུ་རམ་སྦྱར་བ་ཡི་སྦྱངས། །ལོང་རྩ་རྒྱུ་མའི་རྩ་གཏར་ལྕེམ་[ལྕུམ་]རྩ་དང་། །ལྕེ་མྱང་ཚ་དང་ཚ་བས་རིལ་[རེང་]བུ་བྱ། །ཚ་ཡོས་རྡོ་བསྲོས་ཚ་དུགས་བྱས་པའི་རྗེས། །རྒྱུ་ལོང་ཕྱི་ནང་གསང་བསྲོས་བཅུ་བདུན་བསྲེག །མཁྲིས་འགྲམས་ཏིག་ཏའི་ཐང་བཏང་དེ་རྗེས་ལ། །བ་ལེ་ཀ་དང་ག་ཕུར་[པུར་]འཁྲིས་[མཁྲིས་]སྨན་བཅུ་གཉིས་ཡིན། །བཟང་དྲུག་གསེར་མེ་མི་དོམ་སྦྲུལ་གྱི་མཁྲིས། །ཀ་རའི་རྟ་བསྐྱོན་ཕྱེ་མ་བཏང་བ་ཡིན། །མཁྲིས་རྩ་ཀུན་གཏར་པ་ཏོལ་གུར་གུམ་དང་། །ཨ་རུ་དུར་བྱིད་ཐང་གིས་སྦྱོང་བཏང་སྦྱང༌། །རྗེས་ལ་ཚིགས་པ་བཅུ་པ་མེ་ཡིས་བསྡམས། །ལྒང་པ་འགྲམས་ན་མཁལ་མའི་བཅོས་འདྲ་སྟེ། །སྐབས་སུ་(ཆུ་)སྨན་གསུམ་པ་རྒྱ་ཚད་[ཚ་]དང་། །སྡིག་སྲིན་ཉི་དགའ་བསྟེན་པའི་རྗེས་ལ་ཡང་། །ཚིགས་པ་བཅོ་བརྒྱད་གཡས་གཡོན་ཁ་གསུམ་བསྲེགས། །དེ་ན་[ནས་]ཕྱི་ཡུལ་བཞི་ཡི་འགྲམས་བཅོས་ནི། །ཉྭ་འགྲམས་ཨ་པའི་[སའི་]ལུམས་དང་འབའ་ཆས་དུགས་[བདུག] །གང་ཉེའི་རྩ་གཏར་རྣག་ཤོར་སྤྱི་དང་འདྲ། །ཤ་འགྲམས་ལུམས་དང་[གཏར་]དེ་བཞིན་དེབ་རྣམས་བྱ། །ཚིགས་འགྲམས་དྲོད་དང་བཅས་ལ་ཆུ་ལྕགས་[ལྕག་]བསྡེག་[བརྡེག] །མཚན་མོ་བྱེ་རློན་བ་ལྕིའི་ཡུམས་[ལུམས་]སུ་གཞུག །སྐབས་སུ་ཕྱིང་པ་ཆུར་བཅུག་ཚིག་[ཚིགས་]ཁ་བསྡམ། །གང་རྒྱས་རྩར་གཏར་རྗེས་ལ་ཕྱིང་དེབ་བྱ། །དྲོད་མེད་ན་ཚ་ཆུང་ལ་སྐྱངས་[སྐྲངས་]པ་གསོབ། །ཕྱིང་པ་སྣུམ་ལྡན་གླན་ལ་ཆུ་རྡོས་བསྲོ། །ཨ་ས་འབའ་ཆའི་དུགས་བྱེད་དེབ་ཏུ་བཅིང་། །ཚིགས་ཀུན་དང་པོ་དལ་བྱས་རྗེས་བཅག་ཕན། །ཀང་[རྐང་]འགྲམས་རྩ་[སྐྱ་]སྦྱོར་བྱས་ལ་ཕྱིང་འདེབས་[དེབ་]ཅིང་[བཅིང་]། །མགོ་སྲུབས་འགྲམས་ལ་རྒྱ་སྲུབ་[སྲུབས་]མཚམས་རྣམས་ནི། །ཚན་རྡོ་མེ་བཙའ་རྒྱ་ཆིངས་འཚོགས་[མཚོག་]ཁ་བསྡམ། །རྩིབ་མ་སྒྲོག་[སྒྲོག་]རུས་ཆག་འགྲམས་སྣུམ་ནོན་[ནན་]བྱ། །ཆག་ཚབས་ཆེ་ན་བསྲེག་རྗེ་[རྗེས་]དེབ་སྲུ་[ཆས་]གཞུག །མགོ་བོའི་(རྩ་)འགྲམས་སྤང་རྩི་བ་ཤ་ཀ །སྟབས་[སྟབ་]སེང་སྐྱུ་རུའི་ཐང་རྗེས་གྲང་[གར་]འགྲམས་གཏར། །གར་གཟེར་དུགས་འབྲུ་སྣ་བདུད་རྩི་ལྔ་ཡིས་རྒྱ་ཆེར་བདུག །བདུད་[སྡུད་]སྒོ་གསུམ་དང་རྩ་སྒོ་གར་འཁྲུག་[འཁྱུག་]ལྟག་རྩ་བསྲེག །བྱང་ཁོག་རྩ་འགྲམས་ག་དུར་བ་ཤ་ཀ །ཏིག་ཏ་སྐྱུ་རུའི་ཐང་རྗེས་དྲུག་མགོ་རྩ་ཆེན་གཏར། །གང་གཟེར་དུགས་དང་བདུད་རྩིའི་རླངས་ལུམས་བྱ། །ཡན་ལག་རྩ་འགྲམས་དུགས་དང་གོང་འོག་བསྲེག །སྟབས་[སྟབ]སེང་སྐྱུ་རུ་ཧུང་[ཧོང་]ལེན་བ་ཤ་ཀ །ཁྱི་ལྕེ་དཀར་པོའི་ཐང་བཏང་གང་ཉེ་གཏར། །མདོ་འདུས་[མདོར་བསྡུས་]ཁྲག་རྩ་གཏར་ལ་འཕར་རྩ་བསྲེག །ཧུང་[ཧོང་]ལེན་ཏིག་ཏ་ཁྱི་ལྕེའི་ཞོ་དེབ་མནན། །ཆུ་རྒྱུས་འགྲམས་ན་སུག་པ་ཉེ་ཤིང་ལ། །མཁན་པ་འབུལ་[བུལ་]ཏོག་ཕབས་སྦྱར་ཆུ་འཇམ་བསྲོ། །བཟོད་ཚད་ཆུང་[ཆུར་]སྦང་བདུད་རྩི་ལྔའི་རླངས་ལུམས་བྱ། །ཆང་དང་འོ་[ལོ]་མར་ཀུ་[བསྐུ་]མཉེ་མེ་ཡིས་བསྲོ། །གླ་སྒང་ཐལ་བ་དོམ་མཁྲིས་རྡོ་རྒྱུས་དང༌། །མཐིང་ཤུན་བག་ཕྱེ་སྦང་དཀར་[གར་]སྒྱུས་པའི་ཤིང་[རྒྱུས་པའི་ཤ]། །ཚོས་[ཚྭ་]ཁུ་སྦྱར་བྱུགས་ཕྱིང་དེབ་བཏང་ལ་བཅིང་། །མདོག་དམར་སྐྲང་དང་དྲོད་ཆེ་གང་ཉེ་གཏར། །སྦོས་སྐྲངས་རྔམ་[རྔབས་]རུས་གྲང་[དྲང་]ལ་ཆུ་སྒོ་དབྱེ། །མལ་ཅིག་མི་བཞག་ཐབས་ཀྱིས་བརྐྱང་བསྐུམ་བྱ། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་འགྲམས་ཚད་བཅོས་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །།




མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 4:37 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།