སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་ཉི་ཤུ་པ། སྨན་གྱི་ནུས་པ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་ཉི་ཤུ་པ། སྨན་གྱི་ནུས་པ་བསྟན་པ།

དེ་ནས་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །སྨན་གྱི་ནུས་པ་རོ་ནུས་ངོ་བོ་གཉིས། །སྤྱི་དང་བྱེ་བྲག་ཅེས་སུ་གསུངས་པ་ཡིན། །

དང་པོ་ནུས་སྟོབས་ཡོན་ཏན་གསུམ་དུ་བཤད། །ནུས་པ་ལྕི་སྣུམ་བསིལ་དང་བརྟུལ་(རྟུལ་)བ་དང༌། །ཡང་རྩུབ་ཆ་(ཚ་)དང་རྣོ་དང་རྣམས་(རྣམ་)པ་བརྒྱད། །དང་པོས་རླུང་དང་མཁྲིས་པ་སེལ་བའོ། །འོག་མ་བཞི་ཡིས་བད་ཀན་སེལ་བར་བྱེད། །ཡང་རྩུབ་བསིལ་བ་གསུམ་གྱིས་རླུང་སྐྱེད་ཅིང༌། །ཚ་རྣོ་སྣུམ་པ་གསུམ་གྱིས་མཁྲིས་པ་སྐྱེད། །ལྗི་(ལྕི་)སྣུམ་བསིལ་རྟུལ་བཞི་ཡིས་བད་ཀན་བསྐྱེད། །ཡོན་ཏན་མ་ལུས་སྐྱེས་པར་གྱུར་པ་དང༌། །ནུས་པའི་ཁྱད་པར་ལྡན་པས་མཐུ་ཞེས་བརྗོད། །གང་(གངས་)ཅན་འབིག་བྱེད་ཟླ་ཉིའི་སྟོབས་ལྡན་ལ། །ཚ་བསིལ་ཕུལ་དུ་ཕྱུང་(བྱུང་)བས་ཞེས་ཀྱང་བྱ། །དེ་ལ་ཚ་བས་གྲང་བའི་ནད་རྣམས་སེལ། །བསིལ་བས་ཚ་བའི་ནད་རྣམས་མ་ལུས་སེལ། །ཡོན་ཏན་འཇམས་(འཇམ་)དང་ལྕི་དྲོ་སྣུམ་ལ་བརྟེན་(བརྟན་)། །གྲང་དང་བརྟུལ་(རྟུལ་)བ་བསིལ་མཉེས་(མཉེན་)སླ་དང་སྐམ། །སྐྱ་དང་ཚ་བ་ཡང་དང་རྣོ་རྩུབ་གཡོ། །བཅུ་དང་བདུན་གྱིས་མཚན་ཉིད་ཉི་ཤུ་འཇོམས། །དེ་ཕྱིར་ཡོན་ཏན་ཞེས་སུ་བཤད་པ་ཡིན། །དེ་དག་ཕལ་ཆེར་རོ་ལས་རྗེས་འབྱུང་སྟེ། །རོ་ནི་ས་སོགས་རྣམས་ལ་བརྟེན་པའི་ཕྱིར། །ལྕི་སྣུམ་ལ་སོགས་དེ་ལས་འབྱུང་བ་ཡིན། །བསྐ་མངར་ལན་ཚྭ་རྣམས་(རྣམ་)གསུམ་རིམ་བཞིན་ལྗི(ལྕི)། །དེ་བཞིན་མངར་སྐྱུར་ལན་ཚྭ་སྣུམ་པ་ཡིན། །བསྐའ་(བསྐ་)མངར་ཁ་བསིལ་ཁ་སྐ་(བསྐ་)མངར་བ་བརྟུལ(རྟུལ)། །སྐྱུར་ཚ་ཁ་བ་རྣམས་(རྣམ་)གསུམ་ཡང་ལ་རྩུབ། །སྐྱུར་དང་ལན་ཚྭ་ཚ་གསུམ་ཚ་ལ་རྣོ། །རོ་སོགས་མ་བཅོས་གང་ཡང་སྟོབས་ཆེན་ཡིན། །རོ་མཉམས་(མཉམ་)ནུས་པ་སོ་སོ་རྟེན་སྟོབས་དང༌། །གྱུར་པ་སྦྱངས་(སྦྱར་)བའི་དབང་ལས་འབྱུང་འགྱུར་ཏེ། །མི་མཐུན་འོག་མས་གོང་མ་ཟིལ་གྱིས་གནོན། །ཐམས་ཅད་མཐུན་ནས་(ན་)རོ་ཡིས་ལས་བྱེད་པ། །རོ་བཞིན་མི་གནོད་ཞུ་རྗེས་ལས་བྱེད་དེ། །རོ་ལས་གོ་ཟློག་(ལྡོག་)ནུས་པས་ལས་བྱེད་པ། །རོ་སྡེབས་ནུས་སྡེབས་ཞུས་(ཞུ་)རྗེས་སྡེབས་ལ་སྦྱོར། །

ངོ་བོ་རྫས་དེའི་ནུས་པ་བསྟན་པ་ནི། །རིན་པོ་ཆེ་ཡི་སྨན་དང་ས་རྡོའི་སྨན། །ཤིང་སྨན་རྩི་སྨན་ཐང་སྨན་སྔོ་སྨན་དང༌། །སྲོག་ཆགས་སྨན་དང་དབྱེ་(བ་)བརྒྱད་དུ་བཤད། །དང་པོ་རིན་པོ་ཆེ་ཡི་ནུས་པ་ནི། །གསེར་གྱིས་ཚེ་རིང་སྒས་(རྒས་)སྲ་དབྱིག་དུག་སེལ། །དངུལ་གྱིས་ཆུ་སེར་ནད་དང་རྣག་ཁྲག་སྐེམ། །ཟངས་ཀྱིས་རྣག་སྐེམ་གློ་མཆིན་ཚ་པ་སེལ། །ལྕགས་ཀྱིས་མཆིན་དུག་མིག་ནད་སྐྱ་སྦབ་(རྦབ་)སེལ། །གཡུ་ཡིས་དུག་དང་མཆིན་པའི་ཚ་བ་སེལ། །མུ་ཏིག་ཀླད་པ་འཛག་གཅོད་དུག་ནད་སེལ། །ཉ་ཕྱིས་ནུས་པ་མུ་ཏིག་ཁྱེད་(ཁྱད་)པར་མེད། །དུང་གིས་རྣག་སྐེམ་འགྱིང་འབིགས་རུས་ཚད་སེལ། །བྱུ་རུས་མཚན་(མཆིན་)ཚད་རྩ་ཚད་དུག་རྣམས་སེལ། །མུ་མེན་དུག་དང་ཆུ་སེར་མཛེ་ནད་སེལ། །རྡོ་ཡི་སྨན་གྱི་ནུས་པ་བསྟན་པ་ནི། །སྨུག་པོ་སྦལ་རྒྱབ་ཕོ་སྦལ་མོ་སྦལ་གཉིས། །ཆུ་སེར་འཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན། །རུས་པ་ཆག་པ་སྦྱོར་ཅིང་ཀླད་པ་སྡོམ། །དཀར་པོ་གཅིག་(ཆིག་)ཐུབ་སྦལ་རྒྱབ་དཀར་པོ་དང༌། །སྨུག་པོ་ཅིག་(ཆིག་)ཐུབ་ལ་སོགས་དེ་དང་འདྲ། །གང་ཐིག་(གངས་ཐིགས་)དེ་བཞིན་མཆིན་པའི་ཚ་བ་སེལ། །ཁབ་ལེན་མདེའུ་འབྱིན་གླད་(ཀླད་)རུས་རྩ་ནད་སེལ། །བེད་(བེལ་)སྣབས་རུས་སྦྱོར་སྨན་(རྨེན་)གཅོད་ཤའུ་སྐྱེད། །མན་འཇི་(མཉྫི་)ར་ཡིས་རུས་པའི་ཚད་པ་སེལ། །ཕག་མགོས་རུས་པ་གསོ་ཞིང་ཤའུ་ཆུ་སེར་འདྲེན། །བྱིལ་(བྱིའུ་)མགོ་དེ་བཞིན་ཤ་འུ་སྐྱེད་པར་བྱེད། །གསེར་སྡོ་(རྡོ་)དངུལ་རྡོ་ཆུ་སེར་འདྲེན་པར་བྱེད། །སྟག་(སྟང་)ཟིལ་གསེར་ཟིལ་དངུལ་ཟིལ་རུས་མདོག་འབྱིན། །གྲུ་བཞི་གླད་(ཀླད་)པ་གསོ་ཞིང་ཆུ་སེར་སེལ། །ལྕོག་(ཅོག་)ལ་མ་ཡིས་རྩ་དང་ལྷ་བ་འཛིན། །རྡོ་གླད་(ཀླད་)གླད་(ཀླད་)པ་གསོ་ཞིང་ཤ་འུ་བསྐྱེད། །ལི་ཁྲིས་རུལ་གཅོད་དྭ་(དོ་)་ཆུས་རུས་པ་སྦྱོར། །རྡོ་མཁྲིས་རྩ་སྡོམ་གཤའ་དཀར་ཤ་འུ་སྐྱེས། །ལྡོང་རོལ་(རོས་)བབ་(བ་)བླས་རྨ་ངན་རུལ་བ་གཅོད། །རྡོ་སོལ་རྡོ་རྣམས་འཇུ་ཞིང་རྩ་ཁ་སྡོམ། །བ་ནུ་རྡོ་རྒྱུས་མཐིང་རྒྱུས་ཁུ་(ཆུ་)བ་གསོ། །ཏི་ཚ་སེར་པོས་རྨ་དྲུབ་(འདྲུབ་)མིག་ལ་ཕན། །མཚལ་གྱིས་རྨ་འདྲུབ་གློ་མཆིན་རྩ་ནད་སེལ། །ལིག་བུ་མིགས་(མིག་)དང་བཙག་ཡུག་རྣམས་(རྣམ་)ལ་སོགས། །མིགས་(མིག་)ནད་རུས་ཚད་སེལ་ཞིང་ཆུ་སེར་སྐེམ། །ཅོང་ཞིས་འཁྲུ་གཅོད་བད་ཀན་ཚ་བ་སེལ། །རྡོ་ཐལ་ཕོ་བའི་བད་ཀན་འདྲིལ་བཤིག །ཧ་ཤིག་རྩ་སྦྱོང་མོ་རྡེ་རྡེལ་ནད་སེལ། །ས་ཡི་སྨན་གྱི་ནུས་པ་བསྟན་པ་ནི། །གསེར་གྱི་བྱེ་མས་མཁལ་ནད་ཆུ་འགགས་སེལ། །སིནྡྷུ་ར་ཡིས་རྩ་ནད་དོན་རྨ་གསོ། །རྣག་ཁྲགས་(ཁྲག་)སྐེམ་ཞིང་མེས་ཚིག་རྨ་ལ་ཕན། །ཟིལ་(ཟེ་)ཚྭས་རྡོ་འཇུ་རྡེ་འུ་རྡོ་སྐྲན་བཤིགས།ཡ་བག་ཤ་(བཀྵ་)རས་དྲོད་བསྐྱེད་སྐྲན་ནད་སྦྱངས་། །བུལ་ཏོག་རུལ་གཅོད་རྩམ་པ་མྱག་པར་བྱེད། །མུ་ཟི་སེར་པོས་གདོན་འཇོམ་(འཇོམས་)རྣག་ཁྲག་སྐེམ། །ནག་ཚུལ་(མཚུར་)སེར་མཚུར་རུལ་གཅོད་སྐྲན་ལ་བརྐོ། །བིག་པན་འབྲས་གཅོད་སྐྲན་བཤིག་ལིང་ཐོག་ལེན། །རྡོ་དྲེག་དུག་དང་ཚད་པ་རྙིང་པ་སེལ། །བྲག་ཞུན་ཚད་པའི་ནད་རྣམས་ཀུན་ལ་ཕན། །ཁྱད་པར་ཕོ་མཆིན་མཁལ་ཚད་སེལ་བར་བྱེད། །ཤིང་སྨན་རྩ་བ་ལྟུམ་(ལྡུམ་)བུ་སྡོང་པོ་དང་། །ཡལ་ག་རྐང་དང་ཤུན་པ་ཐང་ཆུ་དང་། །ལོ་མ་མེ་ཏོག་འབྲས་བུ་བཅུ་རུ་འགྱུར། །རྩི་སྨན་རྩ་ཤིང་སྲོག་ཆགས་ལས་བྱུང་གསུམ། །ཐང་སྨན་རྩ་བ་ལོ་མ་ངར་བ་དང་། །མེ་ཏོག་འབྲས་བུ་ལྔ་རུ་འགྱུར་བ་ཡིན། །དེ་དག་གང་ལ་གང་ཕན་ནུས་པ་ནི། །ག་བུར་ཚ་བ་རྒྱས་པ་ཐོག་བབས་གཅོད། །རྙིང་ཞིང་ཞེན་པའི་ཚ་པ་རྩད་ནས་གཅོད། །ཙན་དན་དཀར་པོས་གློ་སྙིང་འཁྲུག་(འཁྲུགས་)ཚད་སེལ། །ཙན་དན་དམར་པོས་ཁྲག་གི་ཚད་པ་སེལ། །ཨ་ཀ་རུ་ཡིས་སྙིང་སྲོག་ཚ་བ་སེལ། །གི་ཝཾ་རིམས་དུག་དུག་མཆིན་ཚད་ནད་སེལ། །ཅུ་གང་གློ་ནད་ཀུན་སེལ་རྨ་ཚད་གཅོད།གུར་གུམ་མཆིན་ནད་ཀུན་སེལ་རྩ་ཁ་སྡོམ། །སུག་སྨེ་(སྨེལ་)མཁལ་ནད་གྲངས་(གྲང་)བ་མ་ལུས་སེལ། །འཛའ་(ཛཱ་)ཏིས་རླང་(རླུང་)འཇོམས་སྙིང་ནད་མ་ལུས་འཇོམས། །ལི་ཤིས་སྲོག་རྩའི་ནད་དང་གྲང་རླུང་སེལ། །ཀ་ཀོ་ལ་ཡིས་ཕོ་མཆེར་གྲང་བ་སེལ། །གླ་རྩིས་དུགས་(དུག་)སྲིན་མཁལ་མཆིན་གཉིས་(གཉན་)ནད་སེལ། །དོམ་མཁྲིས་རྩ་སྡོམ་རུལ་གཅོད་ཤའུ་བསྐྱེད། །ཨུ་དཔལ་(ཨུཏྤལ་)གློ་མཆིན་ཚད་པ་མ་ལུས་སེལ། །ན་(ནཱ་)ག་པུས་པ་(པུཥྤ་)ན་(ནཱ་)ག་གེ་སེར་(སར་)དང་། །པདྨ་གེ་སར་གློ་མཆིན་སྙིང་ཚད་སེལ། །ཟི་ར་དཀར་པོས་གློ་བའི་ཚད་པ་སེལ། །ཟི་ར་ནག་པོས་མཆིན་པའི་གྲང་བ་སེལ། །ལར་ཕུད་ཀྱིས་ནི་ཕོ་ནད་གྲང་བ་སེལ། །སྲོ་(སོ་)མ་ར་ཙས་(ཛས་)པགས་ནད་ཆུ་སེར་སེལ། །ཐལ་ཀ་རྡོ་རྗེ་དག་ཀྱང་དེ་བཞིན་ནོ། །གསེར་གྱི་མེ་ཏོག་སྣོད་ཚད་མཁྲིས་ཚད་སེལ། །གསེལ་(གསེར་)གྱི་ཕུད་བུས་མཁྲིས་པ་གྱེན་དུ་འདྲེན། །དུག་མོ་ཉུང་གིས་མཁྲིས་ཚད་ཚ་འཁྲུག་(འཁྲུ་)གཅོད། །རྒུན་འབྲུམ་གློ་ནད་ཀུན་སེལ་ཚད་པ་སྦྱོང་། །འུ་སུས་ཕོའོ་(ཕོ་བའི་)བད་ཀན་ཚ་བ་སེལ། །སྟར་བུས་གློ་བརྐོ་ཁྲག་འཇུ་བད་ཀན་གཅོད། །བསེ་ཡབ་བད་ཀན་ཚད་པ་སེལ་བར་བྱེད། །སེ་འབྲུས་ཕོ་བའི་ནད་རྣམས་(མ་)ལུས་སེལ། །མེ་དྲོད་བསྐྱེད་ཅིང་བད་ཀན་གྲང་བ་སེལ། །ན་ལེ་ཤམ་གྱིས་བད་ཀན་གྲང་བ་སེལ། །པི་པི་ལིང་གིས་གྲང་ནད་མ་ལུས་འཇོམས། །སྨན་སྒས་དྲོད་སྐྱེད་(བསྐྱེད་)ཟས་ལན་(ལེན་)བད་རླུང་འཇོམས། །སྒ་སྐྱས་བད་རླུང་སེལ་ཞིང་ཁྲག་འཁྱག་འཇུ། །ཙི་ཏྲི་(ཏྲ་)ཀ་སྟོབས་མེ་འདྲ་མེ་དྲོད་བསྐྱེད། །འོད་(འོར་)ནད་གཞང་འབྲུམ་སྲིན་ནད་མཛེ་ནད་སེལ། །ཤིང་ཚས་ཕོ་མཆིན་གྲང་རླུང་སེལ་བར་བྱེད། །ཀ་རན་འཛ་(རཉྫ་)ཡིས་ཕོ་བའི་མེ་དྲོད་བསྐྱེད། །ཤིང་ཀུན་སྲིན་འཇོམས་གྲང་ནད་སྙིང་རླུང་སེལ། །བྱི་ཏང་ཀ་ཡིས་སྲིན་སེལ་མེ་དྲོད་བསྐྱེད། །མེ་(མ་)རུ་ཙེ་ཡིས་སྲིན་ནད་སེལ་བར་བྱེད། །སྤོས་དཀར་ཆུ་སེར་སྦྱོང་ཞིང་སྐེམ་པར་བྱེད། །གུ་ཁུལ་(གུལ་)ས་གནོད་(གདོན་)ལྷོག་པ་གཉེན་(གཉན་)གཟེར་འཇོམས། །ཤེལ་ཏས་ལྷ་རུས་ཆུ་སེར་བཙོན་དུ་འཛིན། །རྒྱ་ཚས་རུས་གཅོད་རྕ་སྦྱོང་ཆུ་འགག་འབིག །རྒྱམ་ཚས་མ་ཞུ་བད་ཀན་གྲང་བ་སེལ། །ལྕེ་མྱང་ཚད་(ཚ་)ཡང་དེ་བཞིན་མིག་ལ་ཕན། །ཁ་རུ་ཚྭ་དང་ཙབས་རུ་ཚྭ་གཉིས་ཀྱིས། །དྲོད་སྐྱེད་སྦོས་སྒྲེག་འགྱིང་དང་བད་རླུང་འཇོམས། །ར་(རྭ་)ཚ་ཐལ་ཚྭ་གཉིས་ཀྱིས་གྲང་བ་སེལ། །མཛེ་ཚྭས་ཁྲག་འཇུ་རྨ་ཡི་ཆུ་སེར་འདྲེན། །ཚ་ལས་རྨ་འདྲུབ་ཁྲག་འཇུ་བསུ་བར་བྱེད། །ལྦ་ཚྭས་ལྦ་བ་འཇོམས་པར་བྱེད་པ་ཡིན། །ཨ་རུ་ར་ནི་ལན་ཚྭ་མ་གཏོགས་རོ་ལྔ་ལྡན། །འཚོ་བྱེད་དྲོད་སྐྱེད་ཟས་འཇུ་འཕྲོད་པར་བྱེད། །རླུང་མཁྲིས་བད་ཀན་ལས་གྲུབ་ནད་ཀུན་འཇོམས། །དེ་ལ་རིགས་ལྔ་རྣམ་རྒྱལ་འཇིགས་མེད་དང་། །བདུད་རྩི་འཕེལ་བྱེད་སྐེམ་པོ་ལྔ་ཡིན་ཏེ། །རྣམ་པར་རྒྱལ་བ་ཀུ་བའི་མཇུག་མ་འདྲ། །རླུང་མཁྲིས་བད་ཀན་འདུ་བའི་ནད་རྣམས་སེལ། །ཁྱད་པར་བཀྲ་ཤིས་དོན་ཀུན་འགྲུབ་པར་བཟང་། །འཇིགས་མེད་ཟུར་ལྔ་མིག་ནད་གདོན་ལ་བསྔགས། །བདུད་རྩི་ཤ་མཐུག་སྐེམ་པོ་ཤ་འཕེལ་བྱེད། །འཕེལ་བྱེད་ཟླུམ་པོ་བུམ་འདྲ་རྨ་ལ་བསྔགས། །སྐེམ་པོ་སུལ་མང་བྱིས་པའི་མཁྲིས་ནད་སེལ། །བ་རུ་ར་ཡིས་བད་མཁྲིས་རླུང་གསུམ་སེལ། །སྐྱུ་རུ་ར་ཡིས་བད་མཁྲིས་ཁྲག་ནད་སེལ། །སྙིང་དང་མཁལ་མ་གླ་གོར་ཞོ་ཤ་གསུམ། །སྙིང་ཚད་མཁལ་ཚད་མཆེར་ཚད་སེལ་བར་བྱེད། །ཨ་འབྲས་སྟ་(སྲ་)འབྲས་འཇམ་འབྲས་མཁལ་ནད་སེལ། །འབྲ་གོས་བན་(བད་)ཀན་སྨུག་སེར་ཕོ་ནད་སེལ། །མ་ནུས་(ནུ་)པ་ཏྲས་རླུང་ཁྲག་ཚ་བ་སེལ། །པུས་ཀར་(པུཥྐར་)མུ་(མཱུ་)ལས་བད་ཀན་ཚ་བ་སེལ། །རུ་རྟས་རླུང་ཁྲག་ཕོ་བ་སྦོས་པ་སེལ། །གློ་ནད་གག་པ་ཤ་རོ་གཅོད་པར་བྱེད། །ཡོང་(ཡུང་)བས་དུག་སེལ་རུལ་གཅོད་གཉན་ནད་འཇོམས། །ཆུ་(ཤུ་)དག་མ་ཞུ་བ་དང་གག་ལྷོག་སེལ། །པུ་ཤེལ་སྐྱུགས་གཅོད་བད་ཀན་ཚ་བ་སེལ། །ཁྱུང་སྡེར་དཀར་སྨུག་དུག་ཚད་སེལ་བར་བྱེད། །དཔའ་བོ་དཀར་སེར་དཔའ་རྒོད་དེ་བཞིན་ནོ། །བོང་བ་(ང་)དཀར་པོས་རིམས་དུག་མཁྲིས་ཚད་སེལ། །བོང་ང་དམར་པོས་ཤ་དུག་བཙན་དུག་སེལ། །ཤིང་མངར་གློ་ནད་རྩ་ནད་(ཚད་)སེལ་བར་བྱེད། །སླེ་ཏྲེས་ཀན་རྟག་(ཀཎྜ་)ཀ་རིས་རླུང་ཚད་སེལ། །ཏིག་ཏས་མཁྲིས་པའི་ཚད་པ་མ་ལུས་སེལ། །བ་ཤ་ཀ་ཡིས་ཁྲག་ཚད་རོལ་དུ་གསོད། །བ་ལེ་ཀ་ཡེས་(ཡིས་)གློ་མཆིན་སྣོད་ཚད་སེལ་བར་བྱེད། །ག་དུར་རིམས་དང་གློ་ཚད་རྩ་ཚད་སེལ། །སྟབ་སེང་རུས་ཆགས་(ཆག་)སྦྱོར་ཞིང་རུས་ཚད་སེལ། །སྒྲོན་ཤིང་བད་རླུང་ཆུ་སེར་གྲང་བ་སེལ། །སྐྱེས་(སྐྱེར་)པ་སེ་རྒོད་དུག་སྡུད་ཆུ་སེར་སེལ། །སེང་ལྡིང་(ལྡེང་)ཁྲག་དང་ཆུ་སེར་སྐེམ་པར་བྱེད། །སོ་འཆས་(ཆས་)ནད་ཀུན་གྱེན་འདྲེན་སྐྱག་ལན་(སྐྱུག་སྨན་)མཆོག །དོན་(དན་)རོག་ཤི་རི་ཁན་དྷ་(ཤྲཱི་ཁཎྜས་)དྲག་པོར་སྦྱོང་། །དོང་གས་མཆིན་ཚད་སེལ་ཞིང་འཇམ་པོར་འཁྲུང་(འཁྲུ་)། །ཀ་པེད་ད་དྲིག་(ཏྲིག་)སྨག་དང་མོན་ཆ་རས། །འཁྲུ་བའི་ནད་རྣམས་ཚ་གྲང་མེད་པར་གཅོད། །སྔོ་ཡི་སྨན་གྱི་ནུས་པ་བསྟན་པ་ནི། །ཧུང་(ཧོང་)ལེན་ཁྲག་སྐེམ་འཁྲུག་(འཁྲུགས་)ཚད་དོན་ཚད་སེལ། །སྤང་རྩི་དོ་ཡིས་དུག་དང་རྙིང་(རྙིངས་)ཚད་སེལ། །རེ་སྐོན་ཁྲག་སྐེམ་སྨུག་པོ་རྩ་ཚད་སེལ། །ཁྱི་ལྕེས་སྣོད་ཚད་མཁྲིས་པའི་ཚ་བ་སེལ། །སུམ་ཅུ་ཏིག་གིས་མཆིན་ཁྲིས་(མཁྲིས་)ཚ་བ་སེལ། །པྲི་ཡངྐུ་ཡིས་ཕོ་མཆིན་ཚ་བ་སེལ། །ཟངས་ཏིག་ལྕགས་ཏིག་མཁྲིས་པའི་ཚ་བ་སེལ། །སྲོ་ལོ་སུག་འདྲས་གློ་ཡི་ཚད་པ་སེལ། །གཡའ་ཁྱི་(ཀྱི་)མ་ཡིས་མཁྲིས་པ་ཞི་སྦྱོང་བྱེད། །གང་ག་(གཱ་)ཆུང་གིས་དུག་དང་ཚད་འཁྲུ་གཅོད། །བྱ་རྒོད་སྤོས་ཀྱིས་གདོན་དུག་རིམས་ཚད་སེལ། །སྲོག་(སྲོལ་)གོང་པ་ཡིས་མགོ་ཆགས་(ཆག་)དུག་ཚད་སེལ། །སྤུ་(ཡུ་)མོ་འདེལ་(མདེ་)འབྱིན་བུ་རོན་(རོ་)ཟུག་རྔུ་འབྱིན། །དར་ཡ་ཀན་གྱིས་བྱང་ཁོག་ཆུ་སེར་སྐེམ། །རྟ་ལྤགས་ལྷ་བ་འཛིན་ཞིང་ཆུ་སེར་འདྲེན། །ཨ་བི་ཤ་(ཥ་)ཡིས་མགོ་ཆག་དུག་ཚད་སེལ། །སྤང་རྒྱན་དཀར་པོས་གྲེ་བའི་དུག་ཚད་སེལ། །ཡུ་གུ་ཤིང་གིས་རྨ་འདྲུབ་དུག་ཚད་སེལ། །སྟག་ཤས་རྨ་འདྲུབ་གཉེན་(གཉེན་)གསོ་དུག་ཚད་སེལ། །རྩོད་(བཙོད་)དང་རྒུ་རྒུ་ཐུབ་ལྡུམ་སྟག་དུག་ཚད་སེལ། །ཨ་བྱག་མགོ་ཆག་གསོ་ཞིང་ཆུ་སེར་སྐེམ། །གསེར་སྐུད་གློ་མཆིན་རྩ་ཚད་དུག་རྣམས་སེལ། །ཚེར་སྔོན་རུས་ཆགས་(ཆག་)གསོ་ཞིང་ལྷ་བ་འདེགས། །(སྨུག་ཆུང་མདན་ཡོན་དག་ཀྱང་དེ་བཞིན་ནོ།།) ལུག་རུ་སྨུག་པོས་དུག་བསྡུད་(སྡུད་)ཤ་དུག་སེལ། །ལུག་རུ་སེར་པོས་ཆུ་དུག་ཆུ་འཐུང་བྱེད། །སེ་བའི་མེ་ཏོག་མཁྲིས་སེལ་རླུང་ཁ་གནོན། །ཏང་ཀུན་སྙིང་གི་ཚད་པ་དུག་ནད་སེལ། །འབུ་སུག་(སུ་)ཧང་གིས་རྨ་འདྲུབ་གློ་ནད་སེལ། །སྒོང་ཐོག་པ་ཡིས་ཤ་དུག་འཁྲུགས་ཚད་སེལ། །ཨ་ཀྲོང་གློ་ཡི་ཚད་པ་སེལ་བར་བྱེད། །ཚར་བོང་གྲེ་བའི་ཚད་པ་གློ་ནད་སེལ། །སེ་རྒོད་འབྲས་བུས་དུག་ཚད་མཆིན་ཚད་སེལ། །ཤུག་པ་ཚེར་ཅན་མཁལ་ཚད་ལྷོག་པ་སེལ། །སྐྱེར་པའི་མེ་ཏོག་འབྲས་བུས་འཁྲུ་བ་གཅོད། །ཐང་ཕྲོམ་ལང་ཐང་ཙེ་ཡིས་སྲིན་ནད་སེལ། །སྲིན་ཤིང་སྣ་མའི་འབྲས་བུ་དེ་བཞིན་ནོ། །དྲེས་མའི་གེ་སར་སྲིན་གསོད་གླང་ཐབས་འཇོམས། །དཀར་པོ་ཅིག་(ཆིག་)ཐུབ་དུག་སྡུད་གཉེན་(གཉན་)སྲིན་འཇོམས། །ཨ་བས་བྱང་ཁོག་རྨ་དྲུག་(འདྲུབ་)མིག་ལ་ཕན། །ཞིམ་ཐིག་ལེ་ཡིས་མིག་གི་ལིང་ཐོག་ལེན། །པར་པ་ཏ་ཡིས་རིམས་དང་དུག་ཚད་སེལ། །དྭ་བའི་རྩ་བས་སྲིན་གསོད་རུས་མཛེར་འགོག ། །འདམ་བུ་ཀ་རས་གློ་མཆིན་ཚད་པ་སེལ། །འབྲི་ཏ་ས་འཛིན་རྣག་ཁྲག་ཆུ་སེར་འདྲེན། །བྱ་ཕོ་ཙི་ཙིས་བུད་མེད་ཟླ་མཚན་གཅོད། །ཤུ་མོ་ཟ་ཡིས་གློ་རྣག་འཁྲུག་(འཁྲུ་)བ་གཅོད། །སྙི་བས་བློ་(གློ་)བུར་བྲང་ཚད་ཆམ་པ་སེལ། །གཡར་(གཡེར་)ཤིང་པ་ཡིས་འབྲུམ་པའི་ཚ་བ་སེལ། །མེ་ཏོག་སེར་ཆེན་རྨ་འདྲུབ་རྩ་རྒྱུད་གཅོད། །བྲག་སྐྱ་ཧ་བོས་དུག་སེལ་ཚད་འཁྲུ་གཅོད། །བྲག་སྤོས་རྣག་སྐེམ་རྨ་འདྲུབ་ལྷ་བ་འཛིན། །རྒྱ་སྤོས་སྤང་སྤོས་ཚད་སྙིང་(རྙིང་)དུག་ཚད་སེལ། །མྱང་རྩི་སྤྲས་ཀྱིས་ཆུ་འཐུང་རིམས་ཚད་སེལ། །རྒུ་དྲུས་རྨ་འདྲུབ་རྩ་འཐུང་(མཐུད་)རྒྱུ་གཟེར་སེལ། །འབམ་པོས་སྐྲངས་འཇོས་(འཇོམས་)ཁོང་འབྲས་བཤིག་པར་བྱེད། །མེ་ཏོག་ལུག་མིག་དུག་དང་རིམས་ནད་སེལ། །མཁན་པས་ཁྲག་གཅོད་ཡན་ལག་སྐྲངས་པ་འཇོམས། །ཆུ་མ་རྩི་ཡིས་ཆུ་སེར་དམུ་ཆུ་སྦྱོང་། །བྱི་ཚེར་རིམས་དུག་མཁལ་མའི་ཚ་བ་སེལ། །དེ་བས་རིམ་(རིམས་)སེལ་རྩ་མཁྲིས་མཁྲིས་ཚད་སེལ། །རེ་རལ་འོམ་བུས་ཤ་དུག་སྦྱར་དུག་སིལ(སེལ)། །ཞུ་མཁན་ཚོས་བཙོད་གློ་མཁལ་འདོམ་(འགྲམས་)ཚད་སེལ། །ལྕམ་པས་ཆུ་འགག་འཁྲུ་བ་སྐོམ་དད་སེལ། །བྲག་ལྕམ་རྨ་འདྲུབ་རྟི་(རྟ་)རྨིག་རྩ་སྒོ་འགགས།བྲ་མའི་རྩ་བས་ཤ་ཚད་རྩ་ཚད་སེལ། །མཛོ་མོས་འཁྲག་(ཁྲག་)འཁྱག་འཇུ་ཞིང་ཁྲག་ཚད་སེལ། །འཕོང་(ཕང་)མའི་འབྲས་བུས་སྙིང་ཚད་མོ་ནད་སེལ། །སྲེད་ཀར་(སྲད་དཀར་)བ་ཡིས་དམུ་ཆུ་སྐྱ་སྦ་(རྦབ་)སྦྱོང་། །བྱི་རུག་རྨ་ཡི་འབུ་སྲུང་སྲིན་ཕོལ་འཇོམས། །མཛེ་(མཚེ་)ལྡུམ་རྕའི་(རྩ་ཡིས་)ཁྲག་གཅོད་མཆིན་ཚད་སེལ། །དྲེ་(བྲེ་)གས་གློ་དང་མཁལ་མའི་ཚ་བ་སེལ། །ལུགས་(ལུག་)ཆུང་རིམས་དུག་སྨུག་པོད་(པོས་)རྩ་ཚད་སེལ། །ལུག་ངལ་དུག་སེལ་ཡན་ལག་སྐྲངས་པ་འཇོམས། །ཟངས་རྩི་བ་ཡིས་མཁྲིས་ནད་མིག་སེར་སྦྱོང་། །རྙ་(སྙ་)ལོས་རྒྱུ་ལོང་སྣོད་ཀྱི་ཚ་བ་སེལ། །ཤོ་མང་རྨ་ཡི་ཚད་པ་སེལ་བར་བྱེད། །པ་ཡག་རྩ་བས་གློ་གསོ་གློ་ནག་འདྲེན། །བྱའུ་ལུ་ཕུད་(བྱེའུ་ལ་ཕུག་)ཤ་དུག་སེལ་བར་བྱེད། །ཨུག་ཆོས་རྣ་བའི་ནད་སེལ་སྦོས་པ་སྦྱོང་། །སྐྱི་བའི་འབྲས་བུས་མཁྲིས་པ་གྱེན་ལ་འདྲེན། །ས་རྫི་ཀ་ཡིས་ཕོ་བའི་མེ་དྲོད་བསྐྱེད། །སྲུབ་ཀས་རུལ་གཅོད་དྲོད་སྐྱེད་ཆུ་སེར་འདྲེན། །ལྕེ་ཚ་དབྱིངས་(དབྱི་)མོང་གཉིས་ཀྱང་དེ་བཞིན་ནོ། །བ་ལུས་བད་ཀན་ཚ་གྲང་འཐབ་པ་སེལ། །གོ་སྙོད་རླུང་ཚད་དུག་དང་མིག་ནད་སེལ། །ཐ་རམ་བྱ་རྐང་འཁྲུ་བ་གཅོད་པ་ཡིན། །སོགས་(སོག་)ཀ་པ་ཡིས་སྐྱུག་པ་མ་ལུས་གཅོད། །དབང་པོ་ལགས་(ལག་)པས་ལུས་སྟོབས་ཁུ་བ་སྐྱེད། །རི་ཤོས་མཁྲིས་པ་སྤྱང་ཚེར་བད་ཀན་འདྲེན། །དུར་བྱིད་ཐར་ནུས་ཚ་གྲང་ནད་ཀུན་སྦྱོང་། །སྔོན་བུས་ཆུ་སེར་ཁྲོན་བུས་མཁྲིས་པ་སྦྱོང་། །ལྕིམ་(ལྕུམ་)རྩས་དུག་ཚད་སྣོད་ཚད་བད་ཀན་སྦྱོང་། །ཆུ་རྩས་གཉན་སྦྱོང་རྨ་ཡི་སྐམ་རྩིས་(རྩི་)བྱེད། །རེ་ལྗག་(ལྕག་)པ་ཡི་འབྲས་བུས་གཉན་ནད་སྦྱོང་། །ལྕ་བས་ཆུ་སེར་མཁལ་རྐེད་གྲང་བ་སེལ། །ཉེར་(ཉེ་)ཤིང་རམ་མཉེས་ཚེ་བསྲིང་ཆུ་སེར་སེལ། །ཨ་ཤོ་གནྡྷས་སྨད་གྲང་ཆུ་སེར་སེལ། །གཟེ་མས་གཅིན་སྲི་གྲུམ་བུ་མཁལ་ནད་སེལ། །སྲོག་ཆགས་ལས་བྱུང་ར་(རྭ་)དང་རུས་པ་དང་། །ཤ་ཁྲག་མཁྲིས་ཚིལ་ཀླད་པ་ལྤགས་(པགས་)སེན་སྤུ། །ཆུ༌བྲུན་བུབ་(བུབས་)རིལ་ལུས་དང་བཅུ་གསུམ་འབྱུང་། །དེ་དག་གང་ལ་གང་ཕན་ནུས་བསྟན་པ། །བསེ་རུས་བྱང་ཁོག་རྣག་ཁྲག་ཆུ་སེར་སྐེམ། །ཁ་ཤའི་རས་(རྭ་)ཡང་དེ་དང་འདྲ་བ་ཡིན། །གཙོད་དང་རྒོ་བའི་ར་(རྭ་)ཡིས་འཁྲུ་བ་གཅོད། །རྒྱ་རུ་ལུག་ཐུག་ར་(རྭ་)ཡིས་བུ་འབྱིན་བྱེད། །རྒོད་གཡག་ར་(རྭ་)ཡིས་དྲོད་སྐྱེད་སྐྲན་ནད་བཤིག །རྙན་(གཉན་)གྱི་ར་(རྭ་)ཡིས་རིམས་ནད་སེལ་བར་བྱེད། །མི་ཡི་དུར་ཐོད་ཆུ་སེར་སྐེམ་པར་བྱེད། །མི་རུས་བཙའ་མ་སོག་ཐལ་གྱིས། །ཚད་རྙིང་ལུས་ལ་ཞེན་པ་འགོགས། །མི་ཡི་དཔྱི་རུས་ལྷོག་པ་གཅོད་པར་བྱེད། །འབྲུག་རུས་རུལ་གཅོད་རྨེན་པ་འདྲུབ། །སྟག་གི་རུས་པས་ལྷ་བ་འགུགས། །འགྲོན་བུས་ཁྲག་གཅོད་རྣག་ཆུ་སྐེམ། །ཐོག་གིས་བསད་པའི་རུས་པ་དང་། །རྒྱུ་གཟེར་ཐོད་པས་རྒྱུ་གཟེར་འཇོམས། །ཕག་གི་རུས་པས་བད་ཀན་སྨུག་པོ་སེལ། །ལུག་གི་རུས་པས་རླུང་ནད་སེལ། །སེ་ར་(བ་)རུས་ཀྱིས་ཆུ་འགགས་སེལ། །བསེ་(ཟེར་)མོའི་རུས་པས་ཁྲག་ཤོར་གཅོད། །སྤྲེའུའི་རུས་པས་བུ་འབྱིན་བྱེད། །འབུ་སྐྱོག་(སྐྱོགས་)སྲིན་སེལ་དམུ་ཆུ་སྦྱོང་། །བཤུལ་ཆགས་རུས་པས་ཆུ་སེར་རུས་ཞེས་(ཞེན་)སེལ། །མི་ཡི་ཤ་ཡིས་འབྲས་རླུང་དུག་སེལ་གཉན་ནད་སྦྱང་། །སྦྲུལ་ཤས་འདྲིལ་བཤིག་འགག་འབྱིན་མིག་ལ་ཕན། །བྱ་རྒོད་ཤ་ཡིས་དྲོད་བསྐྱེད་ལྦ་བ་འཇོམས།རྨ་བྱའི་ཤ་ཡིས་མཁྲིས་པ་དུག་ནད་འཇོམས། །ད་བྱིན་(ད་བྱིད་)ཤ་ཡིས་མཁལ་སྐེད་གྲང་བ་སེལ། །སྲམ་གྱི་མཆིན་པས་ཆུ་འགགས་སེལ། །འཕྱི་བའི་མཆིན་པས་རུས་པ་སྦྱོང་། །ར་ཡི་མཆིན་པས་སྲོ་རྔོ་མིག་ལ་ཕན། །གློ་སྙིང་ཕོ་མཆིན་མཁལ་ཤས་རང་ནད་སེལ། །སྤྱང་ཀིའི་ཕོ་བས་དྲོད་བསྐྱེད་མ་ཞུ་འཇུ། །སྤྱང་ཀིའི་ལྕེ་ཡིས་ལྕེ་སྐྲངས་འཇོམས། །ཕག་གི་ལྕེ་ཡིས་རུས་འཛེར་འགོག །ཁྱི་ཡི་ལྕེ་ཡིས་རྨ་རྣམས་དྲུག(འདྲུབ)། །བོང་བུའི་ལྕེ་ཡིས་འཁྲུ་བ་གཅོད། །ཐུག་འབྲས་རོ་ཙ་ཁྱི་རླིག་བུ་རོག་འབྱིན། །ཝ་དང་ཁུག་རྟ་དག་དག་གིས་གློ་རྡོལ་གཅོད། །བྱ་ཝང་ཤ་ཡིས་སྐྱུག་པ་གཅོད་པར་བྱེད། །མཆིས་(མཆིལ་)པ་ནས་ཟན་རྕང་(རྩངས་)པས་ཁུ་བ་སྐྱེད། །ངུར་པའི་ཤ་ཡིས་ཉྭ་ལོག་སེལ་བར་བྱེད། །ཤ་བའི་ཁྲག་གིས་སྲིན་སེལ་མངའ་(མངལ་)ཁྲག་གཅོད། །ར་ཁྲག་དྲོད་མོས་རེག་དུག་འབྲུམ་ནག་སེལ། །གཡག་རྒོད་ཁྲག་དང་གཙོས་(གཙོད་)ཁྲག་འཁྲུ་བ་གཅོད། །ཕག་ཁྲག་དུག་དང་སྨུག་པོ་བྱེར་བ་སྡུད། །བོང་ཁྲག་གྲུམ་བུས་(བུ་)ཚིགས་མིག་ཆུ་སེར་སེལ། །བྱ་ཕོའི་ཟེ་ཁྲག་ཤ་གསོ་ལྷ་བ་འཛིན། །བུད་མེད་མངལ་ཁྲག་རྩ་སྡོམ་ཤའུ་བསྐྱེད། །མཁྲིས་པ་ཐམས་ཅད་རྩ་ཁ་སྡོམ་པ་ཡིན། །རུལ་གཅོད་ཤ་གསོ་དུག་སེལ་མིག་ལ་ཕན། །སྦྲུལ་གྱི་ཚིལ་བུས་མདེའུ་འབྱིན། །ཤ་ཚིལ་སྲིན་སྲེལ་དུག་ནད་སེལ། །ཕག་ཚིལ་དུག་སྡུད་ཤུ་ཐོར་སེལ། །མི་ཚིལ་རླང་(རླུང་)འཇོམས་ཤུ་ཐོར་སེལ། །ར་ཡི་ཀླད་པས་ཆུ་རྒྱུས་ཆད་པ་གསོ། །ལུག་གི་ཀླད་པས་མགོ་འཁོར་འཚོ་(མཚོ་)འཁྱོམས་སེལ། །རི་དགས་(དྭགས་)གླད་(ཀླད་)པས་འཁྲུ་བ་གཅོད། །རི་བོང་གླད་(ཀླད་)པས་རྒྱུ་གཟེར་སེལ། །མི་ཀླད་སྐྲངས་འཇོམས་ཆུ་སེར་འཇིག །སྦྲུལ་ལྤགས་ཤ་བཀྲ་གླང་ཤུ་སེལ། །བསེ་ཀོ་གླང་ཀོ་འབྲུམ་ནག་སེལ། །བྱི་བའི་ལྤགས་(པགས་)པས་རྣག་སྣ་འདྲེན། །ཆུ་སྲིན་སྡེར་མོས་རུས་ཚད་སེལ། །བོང་བུའི་རྨིག་པས་ཆུ་འགགས་འབྱིན། །རྟ་ཡི་རྨིག་པས་སྐྲན་ནད་འཇོམས། །རྟ་བོན་སོ་ཡིས་ཉྭ་ལོག་འཇོམས། །རྨ་བྱའི་མདོང་(མདོངས་)དུག་གློ་ནད་སེལ། །སོ་བྱའི་སྒྲོ་ཡིས་ཆུ་འགགས་སེལ། །འུག་པའི་སྒྲོ་ཡིས་དམུ་ཆུ་སེལ། །བྱ་མ་བྱིལ་(བྱིའི་)གྱི་སྒྲོ་ཡིས་མངལ་ནད་འཇོམས། །རྣ་བའི་སྤུ་ཡིས་དུག་ནད་སེལ། །ར་ཐུག་རྨོན་(རྨོང་)སྤུས་ལྷོག་པ་འཇོམས། །མི་ཆུས་གཉན་ནད་སྲིན་སེལ་རིམ་པ་(རིམས་བསྲུང་)དང་། །བ་ཆུས་ཆུ་སེར་ཚད་རྙིང་སྦྱོང་། །རྒོད༌བྲུན་དྲོད་སྐྱེད་སྐྲན་བཤིག་སྐྲངས་པ་འགུགས། །ཕག༌བྲུན་མ་ཞུན་(ཞུ་)གཉན་རིམས་མཁྲིས་སྐྲན་སེལ། །མི༌སྦྲུན་(བྲུན་)མཁྲིས་ནད་དུག་སེལ་སྐྲང་པ་འཇོམས། །རྟ་བོན་སྲིན་སེལ་མཁྲིས་རླུང་སྐྱུག་པ་གཅོད། །རི་བོང༌སྦྲུན་(བྲུན་)གྱིས་དམུ་ཆུ་སྦྱོང་། །ཁྱི་སྤྱང་གོང་མོའི༌སྦྲུན་(བྲུན་)གྱིས་སྐྲངས་པ་འཇོམས། །བྱ༌སྦྲུན་(བྲུན་)བྱི༌སྦྲུན་(བྲུན་)རྣ་འགུག་རྣག་སྣ་འདྲེན། །ཕུག་རོན༌སྦྲུན་(བྲུན་)གྱིས་སྐྲངས་པ་རྣག་ཏུ་འགུག །བྱང་པས་རྩ་ཡི་ནད་རྣམས་སྦྱོང་། །སྡིག་སྲིན་ཆུ་སྦུར་(ཆུ་)འགགས་སེལ། །བསེ་སྦུར་བྱིང་བྱིང་ཐུ་ལུས་གླང་ཐབས་འཇོམས། །སྤྲུ་མའི་འབྲུ་ཡིས་རྩ་ཁྲག་གཅོད། །ན་བུན་བུ་མོས་ཀླད་པ་འཛག་པ་གཅོད། །ཆུ་བྱི་རྦ་བྱས་(བྱིས་)ཤ་དུག་སེལ་བར་བྱེད། །རྨིགས་པས་སྲིན་ནད་དུག་ནད་སེལ། །སྨན་རྟ་བུ་རམ་གྲང་རླུང་སེལ་བའི་རྟ། །ཀ་ར་ཁྲག་མཁྲིས་ཚ་བ་སེལ་བའི་རྟ། །སྦྲང་རྩི་ཆུ་སེར་བད་ཀན་སེལ་བའི་ཏ(རྟ)། །དེ་དག་སོ་སོའི་ནུས་པ་སྟེ། །དཔྱད་བུ་ཁྲི་ཤེས་ཡིད་ལ་འདི་ལྟར་ཟུངས། །ཞེས་གསུངས་སོ།།

གསོ་བྱེད་དཔྱད་འབུམ་ཁྲ་བོ་ལས་སྨན་གྱི་ནུས་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་པའོ།། །།




 

མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 10:49 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།