སྨན་རྩིས་དྲ་བ། - ཕྱི་མ་རྒྱུད།

ལེའུ་ཉི་ཤུ་པ། དཔྱད་ལྔ་གཏར་ག་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
ཕྱི་མ་རྒྱུད། >>

 

ལེའུ་ཉི་ཤུ་པ།   དཔྱད་ལྔ་གཏར་ག་བསྟན་པ།

 དེ་ནས་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

དཔྱད་ལྔའི་མཆོག་གྱུར་གཏར་གའི་བརྡེག་ཐབས་ལ། །ཆ་བྱད་དང་བརྟག་པ་དང་ཐབས་དང་སྐྱོན་དང་ཡོན་ཏན་དང་ལྔལས།

དང་པོ་ཆ་བྱད་ནི་རྣོ་ཞིང་མཉེན་དང་ལྡན་པའི་ལྕགས །མགར་བ་མཁས་པས་བྱེའུ་སྦུ་གུའི་སྒྲོ་དང་འདྲའི་དབྱིབསཅན་ཏེ་དེ་ཡང་ །རྩེ་སྒུར་པོ་ནི་ཟོར་བ་ཁ་སྟེ་ཚེས་གཉིས་ཀྱི་ཟླ་བའི་དབྱིབས་་ལྟ་བུ་འམ། ཡང་ན་ལྟག་ཉལ་ནི་སོ་ཐམས་ཅད་དྲང་ལ་བྲང་བ་ཅན་གྲིའི་དབལ་ལྟ་བུ་དང་ནི། ཡང་སྟ་རེའི་ཁ་དང་འདྲ་བ་སོགས་ཀུན་ཀྱང་རིང་ཐུང་ཚད་སྲིད་སོར་དྲུགཔ། དེ་ཡང་ཞུན་ཐར་འབྱོངས་ཤིང་ངར་དང་ལྡན་པ་བརྡུངས་འཐེམས་ཤིང་བརྡར་བ་ལེགས་པ། །རྣོ་བའི་ཚད་གྱེན་དུ་སྤུ་གཤོག་པར་ནུས་པ་དགོས་པ་སྟེ། ཅིའི་ཕྱིར་ན་གཟེ་བ་དང་མི་གཟེ་བ་དེ་ལ་རག་ལས་པསསོ གཙགས་བུ་ལེགས་པོི་དེ་ནི་རྟག་ཏུ་སྨན་པའི་ལུས་ལ་བཅང་བར་བྱབའི་གར་ཐོད་ཐོད་དུ་མི་བཞག་གོ།

གཉིས་པ་བརྟག་པ་ནི་རུང་བ་དང་མི་རུང་བ་ནད་གཞི་ལ་བརྟགཔ་དང་། གཏར་རན་པ་དང་མི་རན་པ་དུས་ཚོད་བརྟག་པའོ། དེ་ཡང་གཏར་དུ་རུང་བའི་ནད་གཞི་ནི་འགྲམས་དང་འཁྲུགས་དང་རིམསདང་ སྐྲངས་པ་དང་རྨ་དང་དྲེག་ནད་དང་སུར་ཡ་དང༌། །མེ་དབལ་དང་ཆུ་སེར་དང་མཛེ་ནད་ལ་སོགས་པའི། །ཚ་བ་དང་ཁྲག་དང་མཁྲིས་པ་ལས་གྱུར་པ་ཕལ་ཆེར་གཏར་བའི་ནདཡིན་ནོ།

གཏར་མི་རུང་བ་གདོན་ཅན་དང་ཟུངས་ཟད་པ་དང་སྦྲུམ་མ་དང༌། བུ་བཙས་པའི་རྗེས་དང་སྐྱརྦབ་དང་གཅོང་ཆེན་དང་མེ་དྲོད་ཉམསཔ་སོགས །མདོར་ན་བད་ཀན་སྐྱ་བོ་དང་རླུང་ལས་གྱུར་པའི་ནད་ཐམས་ཅད་ལ་སྤང༌དགོས་ལ། གཞན་ཡང་ཡན་ལག་བརྒྱད་པར། དེ་ཡང་བཅུ་དྲུག་མ་ལོན་དང་། །བདུན་ཅུ་འདས་པར་ཁྲག་མི་དབྱུང་། །ཞེས་དང་། དེ་བཞིན་ལས་ལྔ་བྱས་ལའང་མིན་ཞེས་བཤལ་སོགས་ཀྱི་རྗེས་ཀྱི་མཐར་ཡང་མི་རུང་བར་གསུངས་སོ།།

འོན་ཀྱང་ཁྲག་མ་ཕྱེད་པ་དང་རིམས་མ་སྨིནཔ་དང་ །སྟོངས་ཚད་དང་སྦྱར་དུག་གཉེན་པོས་མ་གསོད་པ་དང་གཉན་ཚད་དང༌། ལུས་ཟུངས་ཟད་པའི་མི་ལ་ནི་ཚ་བ་ཡིན་ཡང་གཏར་མི་རུང༌ངོ་ ཡང་བད་ཀན་སྐྱ་བོ་དང་རླུང་ནད་ཡིན་ཀྱང་ཡན་ལག་བརྒྱད་པར། ཚབས་ཆེན་ནད་ནི་མ་གཏོགས་པར། །གྲང་ལ་ཚ་ཆར་རླུང་དུས་ཡིན། །ཞེས་གསུངས་སོ། །དེ་ཉིད་ལ་ཁྲག་དང་མཁྲིས་པ་དང་བསྡོངས་ན་གཏརདུ་རུང་ངོ་ །དོག་པ་དང་ཤ་སྨེན་རྩའི་གནད་གཉན་རྩ་མདུད་ཀྱི་སྟེང་དུ་བླ་གནས་སར་མི་གཏརརོ །བླ་གནས་འདི་གསང་སྔགས་ཀྱི་རྒྱུད་རྣམས་སུ་ལུས་ཀྱི་རྩ་རླུང་བྱང་སེམས་འབྱུང་བ་ཐམས་ཅད་ཀྱི་དྭངས་མ་བདེ་བར་གཤེགས་པའི་སྙིང་པོའི་བྱེ་བྲག་རྒྱས་འགྱུར་གྱི་རིགས་པ་དེ་ཉིད་ལུས་ཀྱི་ཆ་ཤས་རྣམས་སུ་ཡི་གེའི་ཚུལ་གྱིས་གནས་ཤིང་ཚེས་རེ་བཞིན་ནུས་པ་འཕོ་བར་གསུངས་ལ། རིགས་བྱེད་པའི་ལུགས་སུ་ལུས་ལ་སྲོག་གི་རྟེན་སྲིན་བུ་བདུན་ཡོད་པ་ཚེའི་རྩ་དང་བརྟེན་རྟེན་པའི་ཚུལ་དུ་གནས་པ་ཞག་རེ་བཞིན་འཕོ་བར་བཤད་དོ།།
གཏར་བའི་
དུས་ཚོད་ནི་ཐོག་མ་དང་བར་དང་ཐ་མ་དང་གསུམཡིན་ལ ཐོག་མར་གཏར་བ་ནི་བྱང་ཁོག་ཏུ་ཁྲག་བབས་པ་དང་དོན་ལ་ཟིན་པ་དང༌། །ཁྲག་མ་ཆོད་པ་དང་རྒྱས་པ་དང་ཁྲ་ག་འཁྲུགས་སོགས་སྨིན་ལོང་མེདཔ་རྣམས་ནི གཏར་བའི་དུས་ལ་མ་བབས་ཅེས་མི་བསྡད་པར་འབད་པ་དང་བརྩོན་པས་ཐུག་ཕྲད་དེ་མ་ཐག་ཐོག་མར་གཏརབར་བྱའོ།

བར་དུ་གཏར་བའི་དུས་ནི་གཟེར་དུས་གྲང་ཤུམ་ཆདཅིང་ །རྩ་རྒྱུད་ལྕི་ཞིང་རྩ་སྦྲིད་པ་དང་རྩ་རྒྱས་པའི་དུས་ན་གཏརརོ ནད་ཁྲག་ཟུངས་ཁྲག་ཕྱེད་པའི་རྟགས་ནི་ཁ་སྣ་རྐུབ་སོགས་ནས་བབས་པའི་ཁྲག་ལ་བལྟས་པས་ཟུངས་ཁྲག་དམར་སལ་ལེ་བ་དང་ནད་ཁྲག་མདོག་གཞན་དུ་སྣང་བ་འདྲེས་པའི་རི་མོ་མེད་ན་དུས་ལ་ཕེབསཔ་ལྟར་རན་པ་ཡིན །དེ་ལྟར་མིན་ན་ཨ་བར་སྐྱུར་གསུམ་ཐང་གིས་ནད་ཁྲག་ཟུངས་ཁྲང་ཕྱེ་ལ་ད་གཟོད་གཏར

ཁྲག་བྱེར་བ་དང་མཁྲིས་པ་བྱེར་བ་དང་ངན་ཁྲག་རྩ་མིག་ཏུ་བྱེར་བ་དང༌། མི་འཕྲོད་པའི་ཟས་ཀྱིས་ཚ་བ་ལ་སོགས་པའི་ནད་རོ་བསྐྱེད་པ་ལ་ཐ་མར་གཏརདགོས་ཏེ།

གཏར་བ་སྔས་ན་ནི་རླུང་སྐྱེ་ཞིང་ཚ་བ་སླར་འབྱེརརོ ཡང་ཕྱིས་དྲགས་ན་ནི་ངན་ཁྲག་དེ་རྩར་འགྲམས་པས་རོ་མི་ཐོནཔ་དང་ ལྷག་པར་ཚ་བ་སྟོབས་ཆེ་ལ་གཏར་བ་འཕྱིས་ན་ཚ་བའི་དེའི་སྟོབས་ཀྱིས་རྩ་དང་དོན་ལྔ་ལ་སོགས་རྣག་ཏུ་འདྲུལཉེན་ཆེའོ།

གཏར་ཐབས་ལ་སྔོན་འགྲོ་དང་དངོས་གཞི་དང་ཕྱི་རྗེས་དང་གསུམལས །གཏར་བའི་སྔོན་འགྲོ་ལའང་རིང་དང་ཉེ་བ་གཉིས། །རིང་བ་ནི་མ་སྨིན་པ་སྨིན་པར་བྱ་བ་དང༌། །ནད་ཁྲག་ཟུངས་ཁྲག་ཨ་བར་སྐྱུར་གསུམ་ཐང་གིས་དབྱེ་བར་བྱ། །ནད་ཁྲག་དང་ཟུངས་ཁྲག་འབྱེད་པ་ལ་ཨ་བར་སྐྱུར་གསུམ། རླུང་ཚད་འབྱེད་པ་ལ་སླེས་ཏྲེས། བད་ཁྲག་འབྱེད་པ་ལ་མ་ནུ་དང་སླེ་ཏྲེས། འཐབ་པ་དང་འདུས་ནད་འབྱེད་པར་སྐྱུར་རུ་ར། ཁྲག་མཁྲིས་འབྱེད་པ་ལ་བ་ལེ་ཀ་དང་སླེ་ཏྲེས། ནད་ཁྲག་རྩར་དྲང་བར་པི་པི་ལིང་གི་ཐང་སྨིན་བྱེད་མྱུར་དུ་དགོས་ཚེ་སླེས་ཏྲེས་ཀྱི་ཐང་ཤིང་སོ་ཞེས་མཁས་པ་ཨ་ཙ་ར་ཕྱག་རྡུམ་གྱིས་གསུངས་སོ།  །ཐང་མ་བཏང་བར་གཏར་ན་ཟུངས་ཁྲག་འཆོརཞིང་ །ནད་ཁྲག་མི་ཐོན་ལ་རླུང་སྐྱེ་ཞིང་ཚད་རོ་ལྡསལུས་པའི་སྐྱོམ་ཡོད་དོ།

ཉེ་བའི་སྔོན་འགྲོ་ནི་མེ་དང་ཉིས་དྲོས་པར་བསྲོ། འདྲེ་འགྲུལ་བསྲུང་བ་དང་བསྙལ་བལ་ཆུ་སོགས་བསྙལ་ཞེས་རྩ་མལ་དུ་གཟུད་པའི་དོན་ཡབ་ཆ་གང་དགོས་སྟ་གོན་བྱའོི།

དངོས་གཞི་ལ་བསྙལ་ཐབས་དང་གདབ་ཐབས་དང་གདབ་དམིགས་དང༌། །ཁྲག་པྲ་དང་དབྱུང་ཚད་དང་ལོག་གནོན་བསྟན་པའོ། དང་པོ་བསྙལ་ཐབས་ནི་དཔྲལ་རྩ་ལྟག་རྩ་མཚོགས་གསང་རྣམས། །སྨིན་མའི་སྟེང་དུ་ཐི་གུས་བསྐོར་ལ་ཤིང་བུས་གཅུ། །རྩེ་ཆུང་གཉིས་ལ་མཆན་ཁུང་ནས་ག་ཤར་སེ་རལ་ཁར་བསྡམས། །ཐོང་རྩ་ཁའི་ཐི་གུས་སྐེ་བསྐོར་རྒྱབ་ནས་འཐེན། །ལྕེ་རྩ་ལ་སྨྱུག་མའི་སྐམ་པ་དར་གྱིས་དྲིལ་བའི་བར་དུ་ལྕེ་ལྟེམ། །དཔུང་རྩ་ལ་ལུག་གཞུག་གི་འོག་ཏུ་ཐི་གུས་བསྡམ། །ཨ་སོ་དྲུག་འགོ་སྒང་རྩ་རུ་ཐུང་དང༌། །གཤའ་རིངས་ལ་སོགས་པ་ལ་གྲེ་ཁུང་ནས་སོར་གསུམ་གོང༌། །སྐྱོར་གོང་ཕྲན་བུ་རྒྱབ་རྩ་དྲུག་འདུས་སོགས། །པྲན་རྩེའི་བར་རྩ་མཁྲིག་མའི་གོང་དུ་བསྡམ། །རྩ་བོ་ཆེ་ལ་པུས་མོའི་ནང་མཛུབ་གང་སར། །སྒབ་རྩ་རྟ་མཐུར་བྱིན་གཞུག་ལྷམ་སྒྲོག་འཆིང་པའི་སྟེང༌། །ལོང་རྩ་གདོང་རྩ་ཡོབ་གོང་བྱིན་ཀྱོག་དང༌། འོག་རྒྱུ་རྩ་ལ་སོགས་ལོང་བུའི་སྟེང་དུ་བསྡམ། །སྦུབས་ཀྱི་རྩ་རྣམས་རྩ་རྒྱུད་ཤིང་བུས་གཅུ། །དར་རམ་རས་བལ་དཀར་པོ་ཡིས། །དམ་ལྷོད་ལྷམ་སྒྲོག་ཚད་ཙམ་བསྡམ། །རྩེ་སོར་བཞི་ཡི་གོང་དུ་ནས། །ཤ་མ་འཆུས་པར་གཤེལ་པར་བསྡམ། །བསྙལ་མ་ཐོག་ཏུ་གཏར་ཏེ། །ཁྲག་རྣམས་རང་སར་བཞིན་དུ་བཞུག། །གཏར་མ་ཐོག་ཏུ་མི་གློད་དོ། །རྩ་འགྱུར་བ་དང་སྐྲངས་པར་བྱེད། །ཅེས་སོགས་ཀྱང་ཨ་ཙ་ར་ཕྱག་རྡུམ་གྱིས་གསུངས་སོ།།

གང་ཡང་བསྙལ་སྟན་དར་རས་བལ་སོགས་སྟེང་དུ་བསྙལ་ཐག་གིས། །པགས་པ་མ་འཆུས་པར་ལག་པའི་ཤེད་རྩལ་ལ་ཐི་གུའི་སྣེས་གཉིས་ནས་ཕན་ཚུན་མཉམ་པོར་འཐེན་ལ་བསྡམ། སྦྲིད་ཆིལ་བ་དང་རྩ་རྒྱུད་དེ་ལྟང་གིས་བྱུང་ན་སྡོམསཔ་ཡིན་ལ དེ་ཡང་མ་སྡོམས་ན་མི་ཐེབས་ཤ་པགས་རྩ་སོགས་འཆུས་ན་ཁྲག་མི་ཐོན། །བསྙལ་རྗེས་རྩ་རྣམས་ལག་པས་མཉེ་ཞིང་བསྲུབ། །ཤ་སྦྲིད་ཅིང་རྩ་རྣམས་རྒྱས་པས་ཐེབས་པ་སླ། །བསྙལ་མ་ཐོག་དེ་མ་ཐག་ཏུ་མི་གཏར་ཐེབས་པ་དཀའ

གདབ་ཐབས་རྩ་མ་འཆུས་པར་ལག་གཡོན་པའི་མཐེ་བོས་མནནནས །ཅུང་ཟད་ཐུར་དུ་འཐེན་པས་རྩ་མི་འགྱུརབ་ཡིན །ཕལ་ཆེར་བསྙལ་བའི་འོག་སོར་གསུམ་ཙམ་གྱི་འོག་ཏུ་གཏར། གཏར་ཐབས་ཀྱང་རྩ་ལ་གློ་ཕུག་དང་རྩའི་སྒང་དུ་གཤགས་པ་དང་འདེབས་གཅིག་བྱས་པ་དོལ་ཆོད་དང་སྔོན་དུ་པགས་པ་དྲས་གཟོད་རྩ་བཤགས་པ་ཉིས་ལེན་དང༌། གསེག་དུ་གདབ་པ་སྨྱུག་ཁ་ལ་སོགས་གདབ་གང་བདེ་ཞིང་རང་ཉིད་གང་གོམས་པ་ལྟར་གདབ། བྱུང་ན་དེ་ཡང་རྩ་ཆེན་རྣམས་ལ་སྒང་གཤགས་བྱ། །རྩ་ཕྲན་རྣམས་སྨྱུག་ཁ་དང་ཤིན་ཏུ་ཕྲ་བ་རྣམས་བཅདལ་གདབ སྣོད་ཁ་སོགས་གནད་ཀྱི་སྟེང་གི་རྩ་ལ་ཉིས་ལེན་ཁོ་ན་བསྔགས་པ་ཡིན། །ཁྲག་པས་རླངས་ཕན་རྨ་ཁ་ཆེ་བར་བྱ། །རྨ་ཆུང་ན་སྐྲངས་པ་དང་ཁྲག་གི་རླངས་པ་མི་ཐོན། །རྩ་ཁ་ལྤགས་ཁ་མཉམ་ན་ལེགས་པ་ཡིན། །རུས་སྟེང་གི་རྩ་ལ་སྟ་རེ་སོ་ཡིས་གཏར། སྟ་རེའི་ཁ་དེ་ཡང་རྩའི་སྟེང་དུ་མི་འགྱུར་བར་འཕྲེད་ལ་བཙུགས་ལ་སྟེང་དུ་བེམ་ཏོལ་བརྡེགགོ།

གཏར་བའི་རྩ་ནི་ལྟག་རྩ་སྡུད་སྒོའི་གཡས་གཡོན་གྱེན་སོར་གསུམ། །རྩ་སྟེང་ཐིག་གདབ་གཏར་རྗེས་མེ་བཙའ་ཡིས་བསྲུང༌། །མཚོགས་གསང་ནི་སྐྲ་མཚམས་ནས་མར་སོར་བཞིའི་སར་གྱེན་དུ་གཤགཔར་གདབ། །མུར་གོང་འཕར་རྩ་སྐྲ་ཡི་གསེབ་ཏུ་གཏར། །རྩེ་ཆུང་མས་ཀྱི་སོར་བཞི་བཅལ་བར་གཏར། །རུ་ཐུང་གཞུ་མཆོག་སྣ་ནས་སོར་བཞིར་གཏར། །བྱིན་གཞུག་རྟིང་པའི་གྱེན་མཛུབ་གང་དུ་གཏར།གཏར་མ་ཐོག་ཏུ་མི་གློད་ཁྲག་མི་ཐོན། །མགོ་སྐེ་ལོང་རྩ་གསུམ་ལ་གློད་མི་བྱ། །གཞན་དག་ཁྲག་ཆད་དུས་ན་ཆ་ཡིས་གློད

གདབ་དམིགས་ནི་གཉའ་བ་རེངས་ཤིང་འགྱུར་བ་དཀའ་ན་ལྟག་རྩ་གཏར། །བད་མཁྲིས་མགོ་ནད་ཆང་འཐུང་དྲོས་ཚེ་ནབ་དང་ །དཔྲལ་བ་གཟེར་མཚོགས་མའི་ཁ་ལྕི་ཞིང་མིག་མི་ཐེགན། མཚོགས་གསང་དབྱེ་ཞིང་གསེར་མདུང་དངུལ་གདུང་གཏར། །མིག་སྤྲིན་དམར་བ་དང་ལིང་ཐོག་མོད་ན་མོར་གོང་གཤོང་གི་མིག་རྩ་གཏར། །སྣ་ནད་ལ་སྣ་རྩ་རྣ་བའི་ནད་ལ་རྣ་རྩ་གཏར། །སྙིང་ཚད་ཁ་སྐོམ་པ་དད་སྨྲ་བ་དཀའ་ན་ལྕེ་རྩ་གཏར། སོ་དང་མིག་དང་སྣ་འགྲམས་པའི་ནད་ལ་མུར་གོང་བར་གྱི་ལྟག་རལ་འཁྱུག་རྩ་གཏར། ཡང་སོ་ནད་ལ་སོ་རྩ་དང་རྩེ་ཆུང་དཔུང་རྩ་གཏར། །གློ་ལུ་བ་དང་སྙིང་ཚད་ཀྱིས་མྱོས་ཤིང་དབུགས་མི་བདེབ་དང་ །སྐད་འགགས་པ་ལ་ཨོལ་གོང་བར་གྱི་ཐོང་རྩ་གཏར། །ཀླད་སྲིན་དང་བྱང་ཁོག་གི་ཁྲག་བབས་པའི་ནང་ལ་དོན་ལྔ་ལ་ཟིནཔ་དང་ །རྒྱས་ཚད་དང་འཁྲུགས་ཚད་གློ་བ་འགྲམས་པ་དང་སོ་ལ་ནད་དང་ཁྲག་ཚད་རྒྱསཔ་དང་ །སྐྲངས་ལོང་བྱུང་བ་དང་འབྲས་ནད་སོགས་ཀུན་ལ་རྩེ་ཆུང་གཏར།

སྟོད་གཟེར་དང་གློ་ཚད་དང་མགོ་ན་བ་ལ་དཔུང་རྩ་གཏར། །གློ་ཚད་ཀྱི་སྟོད་ལྕི་བ་དང་དབུགས་ཐུང་ཞིང་གཟེར་ཆེ་བ་ལ། །དྲུག་འགོ་དང་གློ་བའི་སྒང་རྩ་གཉིས་ལ་གཏར་བར་བྱ། །གློ་བ་དང་སྙིང་དང་མཆིན་དྲི་དང་བྲང་རྒྱབ་མདུན་སྦྲགས་ཤིང་ནབ་དང་ །དོན་སྣོད་ཐུན་མོང་བའི་ནད་གང་ལའང་ལ་སྣོད་ཀ་གཏརབ་དང་ །གློ་སྙིང་ལ་ཁྲག་རྒྱས་ན་གློ་སྙིང་འདོམ་རྩ་སྣོད་ཀ་དང་དྲུག་མགོ་འདྲིལ་བ་ཡིན་གཏར། །མིག་སེར་ཞིང་ལུས་ལྕི་དང་ག་འགགས་པ་ལ། །མཁྲིས་རྩ་གཤའ་རིངས་དང་ཕྲན་བུ་ཞེས་པ་རུ་ཐུང་དང་ཉེ་བའི་ལག་ངར་གྱི་ནང་གཉིས་ན་རྩ་རིང་པོ་གཉིས་ཡོད་པ་ཡིན་གཉིས་ལ་གཏར། །མཆིན་པ་དང་མཆེར་པ་དང་མཆིན་དྲི་དང་འགྲམས་ཤིང་འཁྲུགས་ནས་གཟེར་བ་དང༌། སྨུག་པོ་ཚ་བའི་སྐྲན་ལ་རུ་ཐུང་གཏར། །སྐད་འགགས་ཤིང་གཅོང་ཐབས་སུ་ལུ་བ་ལ་སྒང་རྩ་གཏར། །རོ་སྟོད་དང་ཕོ་མཆིན་དང་མཆིན་དྲི་འཁོར་ཞིང་ནབ་དང་ །མཆན་འོག་གཟེར་བ་ལ་གློ་མཆིན་འདོམ་རྩ་སྒང་རྩ་དང་རུ་ཐུང་གི་སྣེ་མོ་འཁྲིག་མའི་ཕྱི་ཟུར་དུ་འདོམས་པར་གཏར། །ཁྲག་མཁྲིས་ཀྱི་ནད་ལ་མཆིན་མཁྲིས་འདོམ་རྩ་མཁྲིས་རྩ་གཤའ་རིང་དང་མཆིན་རྩ་རུ་ཐུང་མཁྲིག་མའི་ཟུར་དུ་འདོམས་པར་གཏར། །ཕོ་མཆིན་ཁྲག་ནད་ལ་རྒྱབ་རྩ་དང་དྲུག་འདུས་གཏར

རྒྱུ་མ་དང་ལོང་ལ་མཚོན་ཕོག་པ་དང་འགྲམས་པ་དང་རླིག་པ་སྐྲངསཔ་དང་ །སྨད་ལྕི་བ་དང་གཞང་འབྲུམ་དང་མངལ་ནད་ལ་བརླའི་རྩ་ཆེན་གཏར། །གཞུང་པ་རེངས་པ་དང་ལྟག་པ་འགྱེ་བ་དང་དཔྱི་རྐེད་འཁོར་ཞིང་ན་བ་དང༌། །མངལ་ཁྲག་འཛག་པ་ལ་སྒྱིད་ཁུང་སྒབ་རྩ་གཏར། །མཆེར་པ་སྣད་ཅིང་འགྲམས་པ་དང་ཤུ་བ་དང་ཟ་རྐོང་དང༌། །མཁྲིས་ནད་དང་ཆུ་སེར་དང་འོར་ལ་རྟ་མཐུར་གཏར། །མཁལ་མ་འགྲམས་པ་དང་དེ་ལ་མཚོན་ཕོག་པ་དང་རྐེད་པ་སྨད་མི་ཐེགཅིང་། །རྐང་བཤལ་བ་དང་བྱིན་པ་ན་ནས་འགས་སྙམ་བྱེད་པ་དང་དཔྱི་མིག་གཟེརབ་དང་ །སུར་ཡ་དང་མངལ་ཁྲག་འབྱམས་པ་ལ་བྱིན་གཞུག་གཏར། །སྨད་དུ་མཚོན་ཕོག་པ་དང་གླང་ཐབས་དང་མངལ་ཁྲག་འཛགཔ་དང་། །དྲི་ཆུ་འགག་པ་ལ་ལོང་རྩ་གཏར་བར་བྱ། །རྒྱུ་མར་ཁྲག་རྒྱས་པ་དང་མགོ་སྐྱོན་གྱིས་ཐིགས་སྙིང་ལ་བབསཔ་དང་ །སྙིང་ནད་ཅིས་ཀྱང་མ་ཕན་པ་ལ་རྒྱུ་རྩ་རྐང་པའི་རྒྱུ་མ་ཁུགས་སུ་གཉེར་མ་གསུམ་ཡོད་པའི་དབུས་མའི་འོག་ཏུ་གཏར། །རྐང་པའི་མཐིལ་དང་བོལ་སྐྲངས་པ་དང་ཚ་འབྲབ་བྱེདཔ་དང་ །ཆུ་སེར་གྱི་ནད་ལ་གདོང་རྩ་དང་ཡོབ་གོང་ལ་གཏར

མདོར་ན་སྟོད་ནད་ཕལ་ཆེར་ལ་རྩེ་ཆུང་དང་སྒང་རྩ་གཉིས་ལ་གཏར། །སྨད་ཀྱི་ནད་ཕལ་ཆེར་ལ་ལོང་རྩ་དང་བྱིན་གཞུག་གཉིས་ལ་གཏར། །བར་གྱི་ནད་ཕལ་ཆེར་ལ་སྣོད་ཀ་རུ་ཐུང་གཉིས་ལ་གཏར། །རོ་སྟོད་ཀྱི་ནད་ལ་གློ་བའི་སྒང་རྩ་དང་དྲུག་འགོ་ལ་གཏར། །ནུ་མཆིན་འཆིང་པ་སོགས་བྲངགི་ནད་སྣོད་ཀ་དང་རུ་ཐུང་ལ་གཏར། །སྙིང་ཚད་ལ་སྣོད་ཀ་དང་ལྕེ་རྩ་དང་ཐོང་རྩ་ལ་གཏར། །གློ་ཚད་ལ་དྲུག་འགོ་དང་གློ་བའི་སྒང་རྩ་དང་ཀྱོར་གོང་ལ་གཏར། །གློ་སྙིང་གཉིས་འདོམས་པའི་ནད་ལ་རྩེ་ཆུང་དང་གློ་སྙིང་འདོམས་རྩ་ལ་གཏར། །མཆིན་པའི་ཚ་བ་ལ་རུ་ཐུང་དང་སྒང་རྩ་ལ་གཏར། །མཆེར་ཚད་ལ་རྟ་མཐུར་དང་སྲིན་ལག་རྒྱབ་རྩ་ལ་གཏར། །ཕོ་ཚད་ལ་ཕོ་བའི་རྭ་རྩ་དང་དྲུག་འདུས་ལ་གཏར། །མཁྲིས་ཚད་ལ་གཤའ་རིངས་རུ་ཐུང་ནས་ནང་དུ་གྱེས་པ་དང་གཤང་རིང་གི་ཐད་རྩ་སྨད་གཞུ་མཆོག་ནས་སོར་དྲུག་གི་སར་ཐུར་དུ་གནས་པ་ཕྲན་བུ་དང་མཆིན་ཚད་ལས་ནང་དུ་གནས་པ་གསེར་མདུང་ལ་གཏར། །མཁལ་ཚད་ལ་བྱིན་གཞུག་དང་ཕོ་མཚན་འགྲམ་རྩ་ལ་གཏར། །རྒྱུ་ལོང་ནད་ལ་ལོང་རྩ་ལ་གཏར་བ་དང་དཀུ་མངལ་འགྲམས་ལ་བྱིན་ཀྱོག་ལ་གཏར། །ཤ་ཡི་ཚད་པ་ལ་གློ་མཆིན་རྩ་ལ་གཏར། །རུས་པའི་ཚ་བ་ལ་མཁལ་མའི་རྩ་བྱིན་གཞུག་ལ་གཏར། །ལྤགས་པའི་ཚད་པ་དང་ཆུ་སེར་ལ་མཆིན་མཁྲིས་རྩ་ལ་གཏར། །ཟུག་ཆེ་ན་གློ་རྩ་ལ་ཏར་བ་དང་བྱིང་ཞིང་འཐིབས་པ་ལ་རུ་ཐུང་ལ་གཏར། །དང་ག་འགགས་ན་བད་མཁྲིས་བད་ཀན་གཤའ་རིང་དང་མཁྲིས་པ་གཤའ་རིང་གཉིས་ཀྱི་རྩ་ལ་གཏར།

འོན་ཀྱང་ནད་དམིགས་གང་དང་ཉེ་ཞིང་རྩ་གང་རྒྱས་པ་དེ་གཏར་བ་ཤིས། །ཚ་བ་སྟོབས་ལྡན་རྩེ་ཆུང་ནས་མར་ཡས་བབས་སུ་གཏར། །སྟོབས་ཆུང་ནད་ལ་རྩ་ཕྲན་རྣམས་མས་ནས་འཛག་གཏར། །ཚབས་ཆེའི་ནད་ལ་རྩ་ཕྲན་མང་པོགཏར་བ་ །རྩེ་ཆུང་ལ་སོགས་རྩ་ཆེན་གཅིག་ཙམ་ཡང་གཏར་བ་བསྔགས།

དེ་ལྟར་མ་ཡིན་པར་གཏར་བའི་དམིགས་མ་ཤེས་པས། །སྨད་ཁྲག་སྟོད་དུ་དྲངས་པས་ལུས་ཟུངས་འཆོར། །སྟོད་ཁྲག་སྨད་དུ་དྲངས་ན་མེ་དྲོད་འཆི།

ཁྲག་ལ་པྲ་བརྟག་པ་ནི་གཏར་བའི་ཚེ་རྩའི་རྨ་ནས་ཁྲག་ཤུགས་དྲག་ཅིང་སླ་ལ་སེར་བ་དང་དྲི་དུགས་ཆེ་བ་དང་སྦུ་བ་སྦོབ་དང་ །བྱ་ཝང་གི་རྒྱབ་འདྲ་དཀར་ཁྲ་ཤིག་གི་བ་དང་ལྦུ་བ་དཀར་བ་དང༌། །བེ་སྣབས་དང་རྣག་དང་མཁྲིས་པ་སོིགས་ཆགས་ན་ནད་ཀྱི་ཁྲག་ཡིན་སྟེ། དེས་ནི་ཟུག་ཆོགས་སྐྱེད་ཆེ་ནད་འབྱང་སླ་བ་ཡིན

ཁྲག་ཆགས་པའི་སྟེང་དུ་དམར་ནག་གི་རི་མོ་བྱུང་ན་སླར་ཨ་བར་སྐྱུར་གསུམ་ཐང་བཏང་རྗེས་སུ་ཡང་གཏར། ཁྲག་གི་སྟེང་དུ་རྣག་དང་མཁྲིས་པ་ཆགས་ན་ལུས་ཟུངས་གསོ་ཞིང་སླར་ཡང་གཏར། ཁྲག་མདོག་དམར་ལ་སྐ་ན་ཕན་པ་མེད་པས་གཏར་བའི་སྐྱེད་དང་སྦྱརལ་སླར་དབྱིབས་བལྟས་བྱེད།

དེ་ཡང་སླར་གཏར་དུ་མི་རུང་བའི་ཁྲག་ནི་རླུང་གི་ཁྲག་ནི་ནག་ཅིང་རྩུབ་ལ་ལྦུ་བ་དམརསེར་ཡོང་རིགས །མཁྲིས་པའི་ཁྲག་ནི་སེར་ལ་སླ་ཞིང་རྣག་གི་དྲི་མ་མནམཔ་འབྱུང་ །བད་ཀན་གྱི་ཁྲག་ནི་དམར་སྐྱ་ལ་སྐ་ལ་འཇམཔ་འབྱུང་ །མཚལ་དང་རྒྱ་ཁུ་ཚོས་ཀྱི་ཁུ་འདྲ་བ་ནི་ཟུངས་ཁྲག་ཡིནཔས །དེ་རྣམས་ནི་ཅུང་ཟད་ཙམ་ཡང་གཏར་མི་རུང༌ངོ་།

དབྱུང་པའི་ཚད་ནི་ནད་ཁྲག་ཐོན་ནས་ཟུངས་ཁྲག་དམར་གསལ་བ་བྱུང་ན་འཕྲོ་བཅདདེ་ཡང་།ལུས་ཀྱི་ཟུངས་ཁྲག་གཏོང་གྱུར་ན། །སྙིང་ཕྱུང་བ་དང་ཁྱད་པར་མེད། །ཅེས་ཨ་ཙ་ར་ཕྱག་རྡུམ་གྱིས་གསུངས་སོ། །ཟུངས་ངན་ན་ནད་ཁྲག་གི་ཞབས་ཐོན་པ་མེད་ཀྱང་རན་ཚོད་བཟུང༌ལ་བཅད །དོན་ལྔའི་གཟེར་ཟུག་གཅོག་པ་དང་ཁྲག་ནད་ཀྱི་གཟེར་དབྱུང་བ་དང༌། ཁྲག་འོལ་ཀ་བསྒྱུར་བ་དང་གསུམ་པོ་ལ་ནི་ཟུངས་ཁྲག་འབབ་པ་ཡིན་ཡང་མི་བཅད་པར་ཅི་མང་དུ་གདོནདགོས་ །ཟུངས་ཟད་པ་དང་རླུང་ལྡན་གྱི་ནད་ནི་ངན་ཁྲག་འབབ་པའི་མུ་ཡིན་ཡང་འཕྲོ་བཅད་ལ་བཞགགོ། ཁྲག་རྒྱས་པ་དང་འཁྲུགས་གཟེར་དང་བྱང་ཁོག་ནང་དུ་ཁྲག་རྒྱས་པ་དང༌། །ཡན་ལག་སྐྲངས་ཤོར་བ་སོགས་ལ་ནི་ཁྲག་བུངས་སྐྱེད་ལ་གཏར་བ་ལ་ཁྲག་གི་ཤེད་སྨདདོ །དེ་མ་ཡིན་པ་ཕལ་ཆེ་བ་ལ་ཁྲག་ཐོན་མང་དུ་གཏར་ཞིང་གདོན་ཚད་ཉུང་དུ་དབྱུང༌། ཁྲག་གི་ལྦུ་བ་ལ་ཁྲག་དམར་ཞིང་སྤྲིས་མ་གཡོགས་པ་བྱུང་ན་གཏར་འཕྲོ་བཅད། །ཟུངས་ངན་པའི་ཁྲག་གཏར་ཚད་ཁྲག་མིན་པར་རྣག་ཏུ་འོང་བ་འམ། །གཏར་བའི་ཁྲག་ཆུ་དང་འདྲ་ན་གཏར་ཚོད་བཟུང༌། མི་མཁས་པས་རྣག་ལ་བལྟས་ནས་མང་དུ་གཏར་བ་ཡིས། །ཟུངས་འཛད་ནད་གསོ་དཀའ་མཐར་དམུ་ཆུར་འགྱུར་བ་ཡོདདོ།

ལོག་གནོན་ནི་ཁྲག་མ་ཐོན་པ་དང་ངན་ཁྲག་མེདཔ་དང་ །ཁྲག་མ་ཆོད་པ་དང་སྐྲངས་པ་དང་འབོག་པ་དང་རླུང་སྐྱེས་དང་དྲུགགོ། །དང་པོ་ལུས་གྲང་བ་དང་གཉིས་པ་མཚོན་རྟུལ་བཙགས་བུ་རྣོ་མེད་པ་དང་གསུམ་པ་འགྲངས་དྲགས་པ་དང་བཞི་པ་བྲེདཔ་དང་ ལྔ་པ་འདྲེ་གདོན་བརྒྱབ་པ་དང་འགྲུལ་སྣ་འབྱུང་དང་བདུན་པ་རྨ་ཁ་ཆུང་པ་དང་བརྒྱད་པ་སྡོམས་པའི་དུས་ཆུང་པགས་པ་འཆུསཔ་དང་ དགུ་པ་བསྙལ་མ་ཐོག་ཏུ་གཏར་བ་དང་། སོ་མ་རཱ་ཛཱ་ར། གཏར་དང་བསྲེག་པ་དེ་བཞིན་ནོ། །བསྙལ་མ་ཐོག་ཏུ་གཏར་མི་བྱ། །གཏར་མ་ཐོག་ཏུ་མི་གློད་དོ། །སྔ་མ་བསྲེག་ཅིང་ཕྱི་མི་གཏར། །ཞེས་སོ། །བཅུ་པ་གཏར་མ་ཐོག་ཏུ་གློདཔ་དང་ །དེ་དག་རྣམས་ནི་ཁྲག་མི་འབྱུང་པའི་རྒྱུ་བཅུ་ཡིན་པས། །རྒྱུ་བཅུ་པོ་དེ་སྤངས་ན་གཏར་ག་བརྡུགས་པའི་དོགས་པ་མེདདོ།

གཉིས་པ་རྩ་ཆེན་གཏར་ན་ཡང་ངན་ཁྲག་ཡོང་རྒྱུ་མེད་པ་ན། སྔ་ན་གཏར་བ་རྗེས་ཤུལ་དེ་བོར་ལ་ཡང་རྩ་གཞན་གང་འཐད་གཡར་པོ་བྱས་ཏེ། །ནང་པར་གཏར་བས་ནད་ཁྲག་འབྱུང་བ་ཡིནནོ །ཚ་བ་ལམ་ཆད་པ་ཞེས་རྩ་ནང་སྟོངས་ནས་ཁྲག་འབབ་རྒྱུ་མེད་ན། །ཁོང་ཁྲག་ཕྱིར་ལ་འཕུལ་བའི་མན་ངག་ནི་ཨ་རུ་བ་རུ་སྐྱུར་རུ་བ་ལེ་ཀ་ཨུཏྤལ་སླེ་ཏྲེས་ཏིག་ཏ་བོང་དཀར་ག་དུར་བ་ཤ་ཀ་རྣམས་གྲང་བཏང་བ་གཅེས

གསུམ་པ་ཁྲག་མ་ཆོད་ན་རྩ་རྒྱུད་ཆུ་ཡིས་བསྒྲང༌ཆུ་བསིལ་འབྱར་དང་རྡོ་གྲང་གླན་ལ་ལུས་གྲངས་སུ་གཞུག །ཕྱིང་པ་ཆུར་བཅུག་རྨ་ཁར་གླན་ལ་དཀྲིས་མས་དམ་པར་བསྡམ

བཞི་པ་རྨ་ཁ་སྐྲངས་ན་ཚྭ་དང་མར་སྦྱར་བ་ཁྱི་སྤུ་མེར་བསྲེགས་པའི་གཞོབ་བྱུགས་ལ་རྨ་ཁ་མཐེ་བོང་གིས་མཉེ། །དེས་མ་ཐུབ་ན་ཟན་དྲོན་ཨ་ས་བ་ཡིས་རྨ་ཁར་བདུག

ལྔ་པ་ཁྲག་གིས་ཁ་རླུང་ལངས་ནས་བརྒྱལ་ཞིང་བོག་ན་གསུར་བདུག་བཏང་གདོན་ལ་ཁ་ཕྲུ་གདབཁོང་ཁྲག་རང་ལོག་གི་གཉིས་གསུམ་རྩམ་བཏང་ན་ཕན་པའི་མན་ངག་ཡིན་འདུག་པར་ཁ་ཟ་མ དེས་མ་ཕན་ན་ཚབས་ཆེ་བ་ལ་སེམས་ཅན་གཞན་ལས་གཏར་པའི་གསོན་ཁྲག་དྲོན་མོ་དེའི་གོད་སོབས་སུ་ཁར་བླུད།

དྲུག་པ་གཏར་བའི་རྗེས་ལ་རླུང་སྐྱེས་ན་བསྐུ་མཉེ་བྱ་བུ་རམ་ཁར་མུར། །བུར་ཆང་དང་རུས་ཐང་དང་འཚོ་ཁུས་རླུང་སྣ་གླན།

ཕྱི་རྗེས་ལ་བསྙལ་བ་བཀྲོལ་ལ་རྨ་ཁ་མཐེབ་མོས་མཉེ། །རྡོ་གྲང་གླན་ཞིང་བལ་དཀྲི་འགྲོ་བདང་འགུལ་བ་ལ་གཟབ། །ཁྲག་ངན་སྐྱེ་བས་ཆང་བསིངས་མི་བཏང་བསྲུང༌།

གཏར་བའི་སྐྱོན་དམན་པ་དང་ལྷག་པ་དང་ལོག་པ་དང་ཉེས་པ་དང་བཞིལས །གཏར་དབྱུང་བ་ཞན་ན་ཁྲག་རོ་མི་ཐོན་ནད་གཞུག་ལུས། །མཆིན་སྐྲན་དང་སྨུག་པོ་དང་མཛེ་ནད་དང་འབྲས་དང་སུར་ཡ་སྐྱེད། །བྱང་ཁོག་དང་ཡན་ལག་གི་ཆུ་སེར་རྣག་ཏུ་འགྱུར།

གཏར་དྲགས་ན་ཟུངས་འཛད་རླུང་སྐྱེ་ཕོ་བའི་མེ་དྲོད་འཆི། །གྲང་སྐྲན་དང་སྐྱ་རྦབ་དང་དམུ་ཆུར་འགྱུར་བ་མང༌།

ལོག་པ་ནི་མི་རུང་བའི་ནད་ལ་གཏར་བ་འམ། གཏར་ཉེས་པས་ཤ་གདན་སྣད་དམ་ཆུ་རྒྱུས་བཅདཔ་དང་ ཤ་པགས་རྩའི་གནད་ལ་སོང་ངམ་འཕར་རྩ་བཅད་པ་ཡིས། །སྨན་པའི་ལག་དགྲས་བྱ་ཉེས་པས་ནད་པ་བསད་པ་ཡང་ཡོད། །དེ་ཕྱིར་སྐྱོན་ལ་མཁས་པས་གཟབ་པར་རིགས།

གཏར་ལེགས་པའི་ཡོན་ཏན་ནི་རྩ་ནད་དང་ངན་ཁྲག་སྦྱོང༌བ་དང་ །གཟེར་བ་དང་ཟུག་གཅོག་སྐྲངས་པ་རྒྱུ་ནས་འཇོམས། ཁ་སྐམ་སོགས་འདྲུལ་བ་དང་བརྟས་ཏེ་རྒྱས་པ་བྱེད་པ་དང་རྣག་ཆུ་རྩད་ནས་གཅོདཔ་དང་ ལུས་སྟོད་སྨད་ཀྱི་རྨ་ཡི་མདོག་ངན་པ་བཟང་པོར་འབྱིན་པ་དང་ཁོལ་བུའི་ནད་རླངས་འདོནཔ་དང་ ལུས་སྦོམ་པོ་འབྲི་ལ་སྐེམ་པོ་ཤ་རྒྱས་པར་བྱེདཔ་ །ནད་དངོས་སུ་ཕྱིར་འབྱིན་པར་དཔྱད་མཆོགནི་གཏར་གཡིན་པར་བཤདདོ །ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ལྔ་གཏར་གའི་ལེའུ་སྟེ་ཉི་ཤུ་པའོ།

 

 

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 4:16 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།