སྨན་རྩིས་དྲ་བ། - མན་ངག་རྒྱུད།

ལེའུ་གྱ་བདུན་པ། སྦྱར་བའི་དུག་བཅོས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 23.02.2021
མན་ངག་རྒྱུད། >>

 

ལེའུ་གྱ་བདུན་པ། སྦྱར་བའི་དུག་བཅོས་པ།

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་དྲང་སྲོང་ཆེན་པོ་རིག་པའི་ཡེ་ཤེས་ལགས། །ཕྱི་ཡི་རྐྱེན་ལས་ནད་དུ་གྱུར་པ་ཡི། །དུག་ནད་གསོ་བའི་སྐབས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས།  སྟོན་པས་གསུངས་པ། 

ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག དུག་ལ་སྦྱར་བའི་དུག་དང་གྱུར་པའི་དུག །རང་བཞིན་དུག་དང་རྣམ་པ་གསུམ་དུ་བཤད། །དེ་ལ་དང་པོ་སྦྱར་དུག་ཅེས་བྱ་བ། །ལྔ་བརྒྱ་དུས་ཀྱི་ཐ་མར་གྱུར་ཙ་()ན། །དུས་ངན་དབང་གིས་སྦྱོར་ངན་སྣ་ཚོགས་བྱེད། །སྔོན་དབང་ཕྱུག་སོགས་ཀྱིས་བསྟན་པའི་གཞུང་མང་དུ་ཡོད་པ་དང་བློ་བུར་དུ་དེ་དུས་མུ་སྟེགས་བསམ་ངན་སྦྱོར་བ་དར།   །རྐང་གཉིས་སྲོག་ལ་དུག་གི་ཆན་པས་འདེབས།  །དེ་ལ་རིགས་དང་འཇུག་ཚུལ་ངོས་བཟུང་དང༌། །བཅོས་ཐབས་ལོག་གནོན་ཕྱི་རྗེས་བཅད་པ་དྲུག

སྤྱི་དོན་དང་པོ་དུག་རིགས་བསྐུར་བའི་རྟ་ཡིས་དབྱེ། །མཐོང་བ་ཉི་མའི་ཟེར་ལ་བསྐུར་བ་དང༌།  །དུ་བ་རླུང་གི་རྫི་ལ་བསྐུར་བ་དང༌། །འགོམས་པ་ས་ཡི་རླངས་ལ་བསྐུར་བ་དང༌། །རེག་པ་སྣུམ་གྱི་རྟ་ལ་བསྐུར་བ་དང༌། །ཁོང་པར་ཟས་ལ་བསྐུར་བ་རྣམ་ལྔའོ། །དེ་ལ་དབྱེ་བ་ཡུལ་དང་རྫས་སྦྱོར་དང༌། །ནད་ཀྱི་རིགས་དང་ལྡང་བའི་དུས་ཀྱིས་དབྱེ། །དང་པོ་ཡུལ་ནི་རྒྱ་གར་རྒྱ་ནག་དོལ་པོ་མོནནས་འབྱུང་ལ། །རྟགས་ནི་མཚོན་ཆ་ལ་བསྐྱོན་པ་དང་ཡུལ་གྲུ་དེ་རྣམས་སུ་དུག་སྦྱིན་པའི་རྟ་མཚོན་ཆས་བསྐྱོན་པ་དུག་མདའ་སོགས་དང་གསལ་ཤིང་ལ་བསྐྱོན་པ་སྨྱུག་མའི་རྩ་བ་ལ་དུག་བསྐྱོན་པ་སོགས་དང་ཧོས་ཞེས་པ་མཐའ་འཁོབ་ཀྱི་ཡུལ་ལ་ལར་བཟའ་བཏུང་གི་མིང་ཡིན་ཡང་བཟའ་བཏུང་ལ་བསྐྱོན་པ་དང་རྩི་ཞེས་བརྩི་ཤིང་ལ་བསྐྱོན་པ་དང་སྲོག་ཆགས་གསོན་པོ་བསླབས་ཏེ་བུ་གར་ཞུགས་ནས་ནང་གྲོས་ཟ་བར་ནུས་པ་སོགས་མང་དུ་བཤད་པ་རྣམས་ཡིན་པས་འདི་ཚོ་ཤེས་དགོས་སོ། །གསལ་ཤིང་ལ་བསྐྱོན་པ་དང་ཧོས་ལ་བསྐྱོན་པ་དང་རྩི་ཤིང་ལ་བསྐྱོན་པ་དང་བཞི། །དེ་ཡང་རེ་རེ་ལ་ཡང་སྟོང་དང་རྩ་བཞིར་སྦྱོར། །གཉིས་པ་རྫས་སྦྱོར་རྒྱས་བསྡུས་གཉིས་ལས་དང་པོ་རིན་ཆེན་རྡོ་དང་ཤ་སྦྱོར་དང༌། །རྩི་སྦྱོར་དངོས་དང་སྔོ་ལས་སྦྱར་བ་དྲུག  དང་པོ་རིན་པོ་ཆེ་ལ་གསེར་ཟངས་འཁར་བ་དང༌། །ལྕགས་དང་དངུལ་ཆུ་ཞ་ཉེ་ལས་སྦྱོར་ཏེ། །ཁྱད་པར་ཞ་ཉེ་དངུལ་ལ་སྦྱར་བ་མང༌། །བཞི་བ་རྡོ་ནི་སྦལ་རྒྱབ་ཏི་ཙ་ཅོང་ཞི་མཚལ། །མུ་ཟི་ཕ་ཝཾ་ལོང་བུ་རྣམས་ལ་སྦྱོར། །གསུམ་པ་ཤ་སྦྱོར་ཤ་ཁྲག་མཁྲིས་པ་སྤུ་རུས་ལྔ། །ཤ་ནི་ཚེ་ཚེ་ར་དང་མཁའ་ལྡིང་བྱ། །ཁྱི་དང་སྲེ་མོང་བྱང་པ་ཉ་སྔོན་པོ་སྦལ་པ་ཨོ་རོག་སྡོམསྦུར་ལེན། །སྡིག་པ་ཀ་ལ་ར་བགྲད་དང་སྐེ་རིང་གཉིས་རྩངས་པ་རྒྱ་རྩངས་དང་བོད་རྩངས་ལ་སོགས་སྣ་ཚོགས་སྦྱོར།   །ཁྱད་པར་ར་ཁྱི་བྱ་དང་བྱང་པ་མང༌། །བཞི་བ་རྩི་སྦྱོར་དུག་རིགས་ཀུན་གྱི་བཅུད་བསྡུས་ཡིན། །ལྔ་བ་དངོས་ལ་སྦྱོར་བ་བོང་ང་ནག་པོ་ལྷོ་མོན་ནས་འབྱུང་བ་ཧ་ལ་ནག་པོི་དང༌། །བཙན་དུག་ར་དུག་པ་འདྲ་བ་ལ་ཁེར་སྐྱེས་ཞོ་ངན་ལོ་མ་སེབ་མེ་ཏོག་མཐིང་ནག་རྩ་བ་ནག་པོ་ཅན་ར་དུག་ཡོངས་སུ་གྲགས་པ་གསུམ་ལ་སྦྱར་བའོ། །དྲུག་པ་སྔོ་ལ་སྦྱར་བ་ཐང་ཕྲོམ་རྒྱ་ཐང་ཕྲོམ་གཡའ་ཐང་ཕྲོམ་གངས་ཐང་ཕྲོམ་སོགས་འོལ་མོ་སེབ་དམར་ལུམ་ལུམ། །ཞོ་ཤ་སྙིལ་མཁལ་གླ་གོར་གཟེ་མ་དུར་བྱིད་ཏྲི་བྱེད་ཏྲྀ་ཏ་ཤ་མ་དང་གསུམ་ཐར་ནུ་སོགས། །སྣ་ཚོགས་ཀུན་ལ་སྦྱོར་བ་བྱེད་ན་ཡང༌། །གཙོ་བོར་ཐང་ཕྲོམ་པ་ལ་སྦྱར་བ་མང༌། །དེ་ལ་ལྡན་འདུས་དུ་མར་འགྱུར་བ་ཡིན། །སྦྱོར་བ་མང་པོར་ཕྱེ་ནས་བཏང་བས་རྟོགས་པ་ཤིན་ཏུ་དཀའ། །གསོ་བའི་གཉེན་པོ་ལོག་ན་སླར་ཉིད་གནོད་པར་འགྱུར། །གཉིས་པ་མདོར་བསྡུས་ཚ་སྦྱོར་གྲང་སྦྱོར་གཉིས་སུ་འདུས། །རིན་ཆེན་དང་རྡོ་ལ་སྦྱོར་བ་ལ་ཚ་བ་མི་སྲིད་པས་གྲང་བ་སྟེ། །ཤ་དང་རྩི་དང་སྔོ་ལ་སྦྱོར་བ་དང་ཧ་དུག་ལས་གཙོ་བྱས་ལ། །གྲང་བར་མི་སྲིད་པས་ཚ་སྦྱོར་དུག་ཏུ་འགྱུར། །འདྲེས་པའི་སྦྱོར་བ་ཚ་གྲང་འཐབ་པར་བྱེད། །གསུམ་པ་ནད་རིགས་མཛེ་དུག་སྨྱོ་དུག་གྲི་རྒོད་དུག །ཁ་རྨ་རྒྱུ་སྐམས་ཟ་རེམ་ལྟག་དགྱེ་དང༌། །རྒྱ་ནད་རེངས་འཁུམས་སྲིན་བུ་སྣ་ཟན་དང་། །སྨུག་པོ་འཇུ་སྐེམས་མཁྲིས་ནད་མིག་སེར་དང༌། །རིམས་ནད་རྩ་བྱེར་ནག་པོ་ཐོག་རྡེག་དང༌། །འཁྱམ་པོ་གཟའ་ནད་གཟེར་ནད་ཆུ་འགགས་སོགས། །ངོ་མཚར་ཆེ་བའི་ན་ལུགས་དུ་མ་འབྱུང་བ་ཡོད། །བཞི་བ་ལྡང་དུས་ལོ་ཟླ་ཞག་གིས་བྱེད་པའི་ཕྱིར། །ཞག་དུག་ཟླ་དུག་ལོ་དུག་གསུམ་དུ་འགྱུར།

སྤྱི་དོན་གཉིས་པ་འཇུག་ཚུལ་ཉི་ཟླའི་ཟེར་ལ་བསྐུར་བ་མདངས་ཕྱིའི་པགས་པའི་སྐྱི་ཆུང་ལ་འཇུག །དུ་བ་དང་རླུང་གི་རྫི་ལ་བསྐུར་བ་རྩ་སྒོ་སྣ་ནས་འཇུག །ས་ཆུའི་རླངས་ལ་བསྐུར་བ་སྣ་སྒོ་བ་སྤུ་གཉིས། །བྱུག་པ་སྣུམ་ལ་བསྐུར་བ་བ་སྤུའི་སྒོ་ནས་འཇུག །བཟའ་བཏུང་ཟས་ལ་བསྐུར་བ་སོ་ལམ་ཁ་ནས་འཇུག །དེ་ཉིད་དང་པོ་ཕོ་བའི་ནང་དུ་འབབ། །དུག་དེ་དྭངས་མ་ལ་ཞོན་ནད་བཅས་ཕྱིར། །སྒྲེག་སྐྱུག་ཟས་ལ་འཁྲེན་པས་དང་པོ་མ་ཞུའི་ཚུལ། །དེ་རྗེས་དྭངས་མ་མཆིན་པའི་གནས་སུ་སོང་ནས་ཁྲག་ཏུ་གྱུར་པས། །མཆིན་པ་དང་རོ་སྟོད་ན་གཟེར་རྩ་རྣམས་འཁྱུག །དེ་རྗེས་ཁྲག་ལས་ཤར་གྱུར་པས་སྔོ་སྐམས་ཀོ་ལེར་ཁོལ་བུར་ན། །དེ་རྗེས་ཤ་ལས་ཚིལ་དུ་གྱུར་པས་ཤེད་མེད་གཉིད་མི་སྙོམསརེས་ཆེ་རེས་ཆུང་། །རྗེས་ཚིལ་དེ་ལས་རུས་པར་གྱུར་པས་སོ་དང་སེན་མོ་ན། །ཚིགས་གཞི་རུས་པ་ཁོལ་བུར་ན་བ་ཡིན། །དེ་རྗེས་རུས་པ་ལས་ཀླད་པ་དེ་ནས་གཞུང་པ་དང་རྐང་དུ་འགྱུར་བའི་ཕྱིར། །མགོ་འཁོར་ཉི་མ་མི་བཟོད་རྐང་རྣམས་འཁྱུག །སྒལ་ཚིགས་ཁ་བྱེ་བཙིར་ན་ཕན་སྙམ་བྱེད། །ཀླད་པ་དང་གཞུང་པ་ནས་ས་བོན་དཀར་དམར་གཉིས་སུ་སྨིན། །སྐྱེས་པའི་བཅུད་འཛག་ཆགས་པ་འཆོར་བ་དང༌། །བུད་མེད་ཟླ་མཚན་འབྱམ་མམ་འཁྱིལ་བར་བྱེད། །མཐར་ས་བོན་དེའི་དྭངས་མ་མདངས་སུ་གྱུར་ནས་སྙིང་ལ་གནསཔས་ན། །མདངས་འཕྲོག་བརྗེད་ངས་མྱོས་དང་སྙིང་མི་དགའ། །མདོར་ན་དྭངས་མའི་རྟ་ལ་དུག་ཞོན་པས། །ལུས་ཟུངས་བདུན་དང་དྲི་མ་ཀུན་ལ་ཁྱབ། །གནས་ཀྱིས་བསྒྱུར་བ་ནད་རྟགས་ཅིར་ཡང་སྟོན། །རླུང་མཁྲིས་བད་ཀན་འདུ་བ་འཁྲུག་པར་བྱེད། །དེ་ཕྱིར་དང་པོ་བར་དང་ཐ་མའི་དུས། །ངོས་བཟུང་བཅོས་དང་རྗེས་གཅོད་ཤིན་ཏུ་དཀའ། །སྦྱོར་བའི་རིགས་དང་ལུས་ཀྱི་ནད་ཁམས་དང༌། །ཁ་ཟས་རྟ་ཡིས་བསྒྱུར་བས་དོན་ལ་འབབ། །སྣོད་དུ་ལྷུང་རུས་ལ་ཞེན་རྩ་རུ་རྒྱུག་པ་དང༌། །ཤ་དང་ལྤགས་ལ་སོགས་མ་ངེས་གར་ཡང་འབབ

སྤྱི་དོན་གསུམ་པ་བརྟག་པའི་ཐབས་ལ་རྣམ་པ་གསུམ་ཡིན་ཏེ། །སྤྱི་རྟགས་འཁྲུལ་མེད་མི་འགྱུར་ངོས་བཟུང་དང༌། །ནད་རིགས་བབས་ས་སོ་སོའི་བརྟག་པ་དང༌། །མི་འཚོ་འཆི་ལྟས་བརྟགས་ལ་སྤང་བ་གསུམ། །སྤྱི་རྟགས་དང་པོ་ངོས་བཟུང་ཕྱི་ནང་གསང་བ་གསུམ། །དང་པོ་ཕྱི་རྟགས་དུག་ནད་དང་ནད་འདུ་བ་གཞན་དང་མ་འདྲེས་པར་སོ་སོར་འབྲལ་ཏེ་རྒྱབ་ཤ་བཅད། །གཉིས་པ་ནང་རྟགས་རྩ་ཆུ་ན་ལུགས་སློང་རྐྱེན་གྱིས། །ནད་ཀྱིས་ངོས་བཟུང་གསུམ་པ་གསང་བས་ངེས་པ་བསྐྱེད། །དང་པོ་ནམ་ལངས་མ་ཐག་ཁ་ངག་ནས་ཚིག་མ་ལབས་ཤིང་ཁ་ཟས་མ་ཟོསཔའི་གོང་། །ཁ་ནང་གི་མཆིལ་མ་མ་དཀྲོགས་པའི་རང་ལུགས་དེ་ཆུ་གཙང་གི་ནང་དུ་བླུགཔས་མཆིལ་མ། །ཁར་ལྡིང་ན་དུག་མེད་ལ་མཆིལ་མ་ཆུའི་ཞབས་སུ་སོང་ན་དུག་ཡོད། །ཡང་རྒྱ་རུ་ལ་མཆིལ་མ་བྱུགས་ཤིང་སྟེང་དུའང་མཆིལ་མ་བཏབ་པས་མཆིལ་མ་སྦུ་བ་ཆིར་ཆིར་ཁོལ་ན་ཡིན། །དཀར་གོང་སྲིན་མེད་མེས་བསྲེགས་པའི་སྟེང་དུ་མཆིལ་མ་བླུགཔ་གྲང་ནས། །བཅག་པས་ནས་རེ་ལྕེ་ནག་པོར་སོང་ན་དུག་ཡིན། །ཡང་བ་མེན་གྱི་རྭ་ནང་དུ་ནད་པའི་དྲི་ཆུ་ཆང་དང་བསྲེས་པ་བླུགཔ་དེ།གཟུག་མོ་བྱི་ཐུར་གྱིས་དཀྲུགས་པས་འཇའ་ཚོན་འདྲ་ན་དུག་ཡིན། །ཡང་ན་ནད་པའི་དྲི་ཆུར་མུར་འགྲམ་གོང་གི་སྐྲ་བཅུག་སྟེ། །ཞག་གཅིག་ལོན་པའི་ཕྱིར་ནང་པར་བལྟས་པས་སྐམ་ཀྱོག་ཚིག་པ་འདྲ་ན་དུག་ཡིན། །དྲི་ཆུར་བྱ་ཡི་ཟེ་བའི་ཁྲག་བླུག་ལ། །བོང་ང་བཏབ་པས་རྣག་ལྟར་སོང་ན་ཡིན། །ཡང་ན་ར་གན་མེད་པའི་དངུལ་དག་པོ་ལེབ་མོར་བྱས་པ་ནད་པའི་སོ་ནང་སྲད་བུས་རྟོད་ལ་བཞག །ནང་པར་བལྟས་པས་དངུལ་གྱི་རང་མདོག་ཉམས་ཤིང་གཡའ་ཕྱི་བ་དཀའ་ན་དུག་ཡིན། །ཡང་ན་ཆང་ཁྱོར་གང་དང་ཧུ་ལུ་ཀ་སྤྱིར་ཧུལླུ་ཀ་ཞེས་པ་འུག་པའི་མིང་གི་རྣམ་གྲངས་ཡིན་ཡང་འགའ་ཞིག་གསོ་དཔྱད་ཀྱི་སྐབས་འདིར་བྲག་སྐྱ་ཧ་བོ་ཡིན་ཟེར་བ་བརྟག་གོ། །འུག་པ་ལ་བྱེད་ན་དེའི་ཤ་ཁྲག་སྦྱར་བ། །སྲོད་ལ་འཐུངས་ལ་མི་སྨྲ་བ་ཉལ་ལ་ནང་པར་བལྟ། །ལྕེ་དང་རྙིལ་དང་རྐན་ལ་འཇའ་ཚོན་སྣང་ན་དུག་ཡིན།  །རྨ་བྱའི་མདོངས་གཅིག་མར་གྱི་ནང་དུ་གྲིལ་ཁྱུར་མིད་བྱ། །ནང་པར་འོག་སྒོ་ཐོན་པའི་མདོངས་པ་རྣམས་ཆུས་བཀྲུས་པས་མདོག་མ་ཉམས་ན་དུག་ཡིན། །དེ་ལྟར་ཕྱི་ནས་བརྟག་ཐབས་ཀུན་ཚང་ན། །དུག་གི་ནད་ཡིན་པར་ངེས་ཏེ་ད་དུང་དུག་མེད་ཀྱང་སྲིད་པས་ངེས་མེད་ཕྱིར། །གཉིས་པ་ནང་གི་རྟགས་ཀྱིས་ནད་ཀྱི་ངོས་བཟུང་བ། །རྩ་རྒྱུད་མ་ངེས་ཇི་ལྟར་འདུག་གྱུར་ཀྱང༌།  །འགྱུར་ལྡོག་མང་ལ་ཁྱད་པར་གདོན་རྩ་འདྲ་ན་ཡིན། །ཆུ་མདོག་དཀར་དམར་ནག་པོི་སོགས་མ་ངེས་ཇི་ལྟར་འདུག་ན་ཡང༌། །འཁར་བའི་སྣོད་ཁ་སྦྱར་ནང་དུ་ནད་པའི་དྲི་ཆུ་བླུགས་པ་ས་འོག་བཅུག་པ་བཀབ་ལ་ཞག་གཅིག་རླངས་བསུབས་ནས་ནང་པར་ལྟས་པས། །ས་དང་རྡོ་དང་རིན་ཆེན་སྔོ་ཡི་སྦྱོར་བ་ལ་ཕྱེ་མ་དངོས་སུ་འོང་བ་འམ། །ཤ་སྦྱོར་ལ་སྦལ་པའི་སྒོང་ང་འདྲ་བ་དང་དཔེ་ལ་ལར་སྦལ་མགོ་ཟེར་བའང་འདུན་ནག་རྙིུགས་རྙིངས་དང་འཇའ་ཚོན་འོད། །ཡང་ན་དྲི་ཆུ་དེ་སྔ་མ་བས་ཁ་དོག་དྭངས་ཀུ་ཡ་སངས་འདུག་ན་དུག་ཏུ་ངེས་པ་ཡིན་སྟེ། །དྲི་ཆུ་དེ་ཟངས་དམར་སྣུམ་མེད་ལ་བྱུགས་ན་ནག་པོར་འགྲོ་ན་དུག་ཡིན། །ན་ལུགས་ནི་དུག་དེ་ཉིད་ཁོང་དུ་སོང་བའི་ཟླ་གཅིག་ཙམ་ནས། །སྔོན་ཚུལ་གློ་ཆམ་མོད་ཅིང་ཤེད་ཆུང་ཁམས་མི་བདེ། །ཟླ་བ་གཉིས་ནས་ཡང་ཡང་ལྡང་དུབ་བྱེད། །གསུམ་ནས་གང་དུ་དུག་དེ་ཉིད་བབས་པའི་གནས་དེར་ན། །བཞི་ནས་ཟས་སྤྱོད་མི་འཕྲོད་པའི་རྐྱེན་གྱིས་སློང༌། །དེ་ཡང་སྦྱོར་བའི་རིགས་དང་ནད་ཁམས་གང་ཤས་ཆེ་བ་དང་ཟས་ཀྱི་རྟགང་ལ་བྱས་པ་དང་། །བབས་སའི་དབང་གིས་རྟགས་ལ་གཅིག་ཁོ་ནར་ངེས་པ་མེད། །འོན་ཀྱང་ཕལ་ཆེ་བ་ལ་སྤྱི་རྟགས་འདི་རྣམས་འབྱུང༌། །ཟས་ལ་བྲོ་མེད་སྒྱིད་སྐྱུར་ཉམ་ཆུང་བའམ་སྤྲོ་བ་ཞན་པ་ཚིག་པ་ཟ། །ལུས་ལྕི་སྟོབས་འཆོར་ཤ་སྐམ་ཁ་དོག་སྔོ། །ལྕེ་འགས་བ་སྤུ་བརྩེ་ལ་སེན་མོ་རྩ་བ་སྦྲིད། །མགོ་འཁོར་ཤེས་པ་ཟི་ལ་གོམ་པ་འཁྱོར། །མགོ་དང་ཕོ་མཆིན་ཁ་འཁོར་རོ་རྒྱབ་ན། །ཤ་སྣ་འགུལ་འཕྲིག་ཉྭ་གཞི་རྐང་རྣམས་ན། །མེ་ཉི་བསིལ་གྲིབ་སྙེག་ཅིང་དེ་རྣམས་སུ་ཡུན་རིང་འདུག་མི་ཚུགས། །ལུས་ཀྱི་རྔུལ་དང་ཚད་པ་དྲོད་ཚ་གྲང་དང་གཉིད་ལ་འཕེལ་འགྲིབ་བྱེད། །མིག་འགྲིབ་ཁ་མངལ་ཁ་གླག་དག་ལ་གཡལ་དང་སྦྲིད་པ་མང༌། །སྐབས་སུ་འཁྲུ་སྐྱུག་དྲི་ཆུ་སྲི་བ་དང༌། །གསང་གནས་མཇེ་མི་ལྡང་སྐབས་སུ་སྙིང་མི་དགའ། །སྟོད་སྨད་ཡན་ལག་ཁོལ་བུར་ན་ཞིང་འཕོ། །ཟླ་མཚན་མི་རྒྱུ་ལྕེ་ཡི་བད་ཀུན་དག །མིག་འབྲས་སོ་དང་རྣ་བ་མགོ་བོ་གཟེར། །མཇིང་པ་རེངས་དང་གྲེ་བ་འཛེར་བ་སོགས། །ངེས་མེད་སྣ་ཚོགས་དུ་མའི་རྟགས་འབྱུང་སྟེ། །ཁ་སོ་རུས་པ་ན་བས་རླུང་དང་འདྲ། །མིག་སེར་ཚ་བ་སྐྱེ་བས་མཁྲིས་པ་འདྲ།  །འཇུ་དཀའ་སྒྲེག་སྐྱུག་འཚིངས་པས་བད་ཀན་འདྲ། །རྩ་འཁྱུག་རོ་སྟོད་གཟེར་བས་ཁྲག་ནད་འདྲ། །ཟ་འཕྲུག་སྦྲིད་ལ་བེམ་པས་ཆུ་སེར་འདྲ། །གྲང་ཤུམ་ཚིགས་གཞི་ན་བས་རིམས་དང་འདྲ། །ཁྲག་སྐྱུག་ཕོ་མཆིན་ན་བས་སྨུག་པོ་འདྲ། །སྟོབས་ཆུང་ཤ་ལྤགས་སྐམ་པས་ས་བདག་འདྲ། །དེ་དག་སྦྱོར་ངན་ཟས་ཀྱི་ན་ལུགས་ཡིན། །ཁྱད་པར་རྩ་དང་ཆུ་གཉིས་འདི་ཡིན་མིན་གཅིག་ཏུ་རྟག་མི་ཐུབཔར་འགྱུར་ལྡོག་མང་  །སྣ་ཚོགས་ནད་སྣ་མང་ཞིང་འགྱུར་ལྡོག་ཆེ། །ཟོས་ཀྱང་མི་ཕན་ཤ་འབྲོས་ལུས་སྟོབས་འཆོར།  །ཕོ་མཆིན་མི་བདེ་ཆམ་པས་འདེབས་ཤིང་སྙིང་མི་དགའ། །དོན་མེད་པར་ན་ཞིང་བྱས་པ་མེད་པར་དར་རེ་སྐབས་སྐབས་སུ་འདྲག །དེ་བདུན་ལྡན་ན་ངེས་པར་དུག་ཡིན་པར་གདོན་མི་ཟ། །ཕན་གནོད་བསྟེན་པ་ཉལ་པོ་རྟ་ཞོན་ནས་བང་བཏང་བ་དང༌། །ཉ་ཤ་དང་ཕག་ཤ་དང་རུལ་པ་དང་དང་པོ་གང་ལ་སྦྱར་བའི་ཟས་ཀྱི་རྟགང་ཡིན་པ་དེ་དང་། །དུད་འགྲོ་གང་རུ་ལ་གཏར་བའི་ཁྲག་གི་ཚོད་མ་ཚ་བབཏང་བས་ལྡང་ན་ནང་རྟགས་ཡིན། །ནང་རྟགས་དེ་རྣམས་ཚང་ན་དུག་ཡིན་པས་རྟགས་མི་འགྱུར་ཏེ། །རྟགས་དེ་རྣམས་མེད་པར་ངོས་མ་ཟིན་ན་གསུམ་པ་གསང་བར་བརྟགསྟེ། །ཆུ་ཆུང་བ་བྲག་བྱ་ཧ་བོ་འགྲེལ་པ་འདོད་འཇོར་ཆུ་སྐྱུར་མ་ཞེས་ཆུ་བཤག་ཏུ་སྐྱེ་ལོ་མ་སྒོར་ཆུང་སྡོང་པོ་དམར་འབྲས་བུ་རལ་བ་ཅན་ཆུ་རྩ་འདྲ་བ་ལ་དེ་བས་ཆུང་བ་དེ་ཡིན་ནམ་ཞེས་བཤད་ཡི་ཚོད་མ་ཚ་བར་ཚོད་མ་ཉ་དང་ཕག་པའི་ཤ །བཏབ་པའི་ཚོད་མས་ནད་ལྡང་ན་དུག་དང་ངེས་པར་ཡིན། །རུ་རཀྵ་མིག་མེད་པ་ལྔ་ཆུར་བསྡུས་སྲོད་ལ་ཁྱོར་གང་བཏང༌། །ཁམས་འཁྲུགས་ལུས་ལྕི་ཕྲུམ་སེར་ཁྱེར་ན་དུག་ཡིན། །རེ་རལ་བ་འོར་བུལ་ལུད་ཚོད་མར་བཏབ་པ་བཏང་པས་རབ་སྐྱུག་ཆིང་ཐ་མ་དང་ག་བཀག་འང་དུག་ཡིན། །རྣམ་པར་ཡུག་གུ་ཤིང་ཙན་དན་དཀར་པོ་སྐྱེར་པའི་བར་ཤུན་ཕྱེ། །སྤྱི་ཞུར་ཁུས་འཕུལ་འཁྲུའམ་སྐྱུག་ཞིང་གཟེར་ན་དུག་ཡིན། །ཨ་རུ་སྤང་རྒྱན་སེ་རྒོད་དང་སྐྱེར་པའི་བར་ཤུན་ཐང༌། །བཏང་བས་ཚིགས་གཞི་རྐང་ལག་གི་པྲན་རྩེ་ལ་ན་ན་དུག་ཡིན། །ཤུག་པའི་འབྲུ་ཤིང་ཀུན་གླ་རྩི་འབྲས་བུ་ཨ་བར་སྐྱུར་གསུམ། །བ་ཆུར་བསྐོལ་བ་བཏང་བས་གར་བབས་སུ་ཟུག་ལྡང་ན་དུག་ཡིན། །སེ་རྒོད་འོམ་བུའི་ཐང་བཏང་ཆུར་བཙོས་པས། །འདྲིལ་ན་དགོང་མོ་སེར་རྒོད་དང་འོམ་བུའི་བར་ཤུན་གྱི་ཐང་བཏང་། ཞོག་པའི་དྲི་ཆུ་སྣོད་གཙང་དུ་བཙོས་པས་ཆུ་ཆོད་སོ་སོར་འདྲིལ་ན་དུག་ནད་ཡིན་ཞེས་འགྲེལ་བ་འདོད་འཇོ་བཤད་དོ་དུག་ནད་ཡིན་པའི་ངེས་ཤེས་བསྐྱེད། །དེ་རྣམས་ཀུན་གྱིས་མ་རྟོགས་ན་འོག་གི་སྡུད་སྨན་རྣམས་གང་རུང་བཏང་བས་གསལའདུས་པ་པའི་རྟགས་ཇི་ལྟར་བཤད་པ་བཞིན་བྱུང་ན་དུག་ནད་ངེས་པར་ཡིན། །དེ་དག་མ་བྱུང་རྟགས་གཞན་བྱུང་ཡང་དུག་དང་འདྲ་བའི་ནད་རིགས་ཡིན་གྱི། དུག་ནད་དངོས་མ་ཡིན་པས་དུག་དང་འདྲ་བ་རྣམས་དུག་ནད་ལ་ངོས་མ་འཛིན་ཞིག་གོ། །རྒྱུད་ཆུང་བདུད་རྩི་སྙིང་པོར། སྡུད་སྨན་བཏང་བས་འདུས་ན་ངེས་པར་ཡིན། །ཞེས་གསུངས་སོ། །གཉིས་པ་བྱེ་བྲག་བརྟག་པ་འཇུག་སྒོ་རྫས་རིགས་དང༌། །ནད་རིགས་ལྡང་དུས་བབས་སའི་སྒོ་ནས་བརྟག །དང་པོ་འཇུག་སྒོ་རིགས་ཀྱིས་བརྟག་པ་ནི། །ཉི་ཟེར་དང་དུ་བ་དང་རླངས་ལས་བྱུང་བའི་དུག །དང་པོར་མཚུལ་པ་ཚ་ཞིང་མགོ་བོ་ན། །ལུས་སྤྱིར་སྙོམ་ལ་སྒྱིད་སྐྱུར་ཚིག་པ་ཟ། །ཚིགས་གཞི་བྱིན་ཉྭ་ན་ཞིང་ཕྲུམ་སེར་ཁྱེར། །ཚབས་ཆེ་གཡོ་སྐམ་ཞ་འཁུམས་གཟའ་ཕོག་འདྲ། །རེག་པའི་དུག་དང་པོ་པགས་པ་ཚ་སྦྲིད་ཟ། །ཕྲུགས་རྗེས་འབྲུམ་ཐོར་ཤུ་བ་སྐྲངས་འབུར་འོང༌། །དེ་ནས་ཁ་ཅིག་མིག་སོགས་རྩ་ལ་བྱེར་བར་འགྱུར། །ཁ་ཅིག་ལྷོག་པར་དུ་འགྲོ་ཁ་ཅིག་འབྲས་སུ་འགྲོ། །ཐ་མ་ཤ་རུལ་རྩ་ཆད་རུས་པ་ཟ། །གཉིས་པ་རྫས་རིགས་སྦྱོར་བའི་སྒོ་ནས་བརྟག་པ་ནིརྒྱས་བསྡུས་གཉིས་ལས། །དང་པོ་དབྱིག་དུག་ཤེད་ཆུང་ཤ་སྐེམས་ཁ་དོག་ཇེ་སྔོར་འགྲོ། །ན་ཚ་མི་ཆེ་ཕོ་བར་ཟུག་ཅིང་གྲང༌། །ཁ་ལ་རིན་པོ་ཆེའི་གཡའ་དྲི་བྲོ་མཚན་མ་ལྡང་མི་འགྱུར། །མིག་སེར་སྦོ་སྒྲེག་ཞོ་ཟོས་ཁྲག་ཏུ་འཁྲུ་བ་འབྱང༌། །གཉིས་པ་རྡོ་སྦྱོར་ཕོ་བ་སྲ་ཞིང་ལྕི་ལ་ཡན་ལག་ཕྲ། །གདོང་སྦོ་ཚ་བའི་སྔོན་ཚུལ་སྟོན་ལ་ནད་དངོས་གྲང་བར་ལྡོག །མཆིན་མཁྲིས་ཕོ་མཆེར་སྟེང་དུ་སྐྲན་དུ་འདྲིལ། །གསུམ་པ་ཤ་སྦྱོར་ཕོ་མཆིན་མི་བདེ་མིག་སྤྲིན་དམར། །མིག་འགྲིབ་མིད་པ་ལྟེབ་འབྱར་བ་ལ་གྲེ་བ་འཛེར། །ཁྲག་ཏུ་ཁྲུ་འམ་ལུད་པ་ཁྲག་ཏུ་ལུ། །མགོ་དང་སྐེ་མཇིང་ཕྱི་ཤ་ནང་ཁྲོལ་སོགསཀྱི་ཤ། །གང་ལ་སྦྱར་ནས་བཏང་བའི་གང་དེར་འབབ་ཅིང་ཁོལ་བུར་ན་བར་བྱེད། །བཞི་བ་སྟག་གི་སྨ་ར་སོགས་སྤུ་སྦྱོར་རྒྱུ་ཞབས་སྲིན་བཞིན་འཁྱུག་ཅིང་ན། །རྒྱུ་མ་ཁྲག་གིས་ཟོས་ནས་འདྲེས་ནས་རུལ་ཤིང་ནང་རྩ་རྩ་ཆེན་པོ་གང་ཡོད་གཟེར་བ་ཡིན། །ལྔ་བ་རྩི་སྦྱོར་གཞོགས་ཕྱེད་ན་ཞིང་གང་ན་ངོས་དེའི་ཤ་སྐམ། །མགོ་རྐང་ཚིགས་གཞི་ན་ཞིང་ཕྲུམ་སེར་ཁྱེར། །ཚ་བ་སྐྱེ་ཞིང་མིག་འགྲིབ་མཆིན་དྲི་འཁོར། །དྲུག་པ་བོང་ང་ཐང་ཕྲོམ་སོགས་དུག་རིགས་དངོས་ལས་སྦྱར་བ་ལྕེ་དང་སེན་རྩ་སྦྲིད། །མིག་འགྲིབ་སོ་ནག་ལྕེ་མཆུ་འགས་པ་ཡིན། །བདུན་པ་སྔོ་སྦྱོར་རུ་ཤིང་བཏང་ལ་རུ་ཚིགས་ཉམས་པའམ་རྐང་ལག་རུས་རྐང་ན་ཞིང་ཆུ་བ་རེངས༌།  །ལུས་གྲང་སྙིང་འདར་སེམས་འཕྱོ་འགྲོ་ན་འབུབ། །རང་གིས་ཚོར་བས་ཁ་མཆུ་སྐྲངས་སྙམ་བྱེད། །གཉིས་པ་རྫས་རིགས་དེ་རྣམས་ཀྱང་མདོར་བསྡུས་ན་ཚ་བ་དང་གྲང་བའི་སྦྱོར་བ་རྣམ་པ་གཉིསཡིན་ལ། །དེ་ཡང་ཚ་སྦྱོར་རྩ་གྲིམས་ཆུ་སྨུག་ཀུ་ཡ་མཐུག  །རུས་ཚིགས་ཉྭ་གཞི་མགོ་ན་གྲང་ཤུམ་བྱེད། །རོ་སྟོད་ཕོ་མཆིན་གཟེར་ཞིང་ཁ་ལྕེ་སྐམ། །མཆུ་འགས་སོ་ནག་ཁོང་པ་ཚ་འཁྲུག་བྱེད། །ཤེས་པ་ཟི་ལ་རྨི་ལམ་མང་བ་སྟེ། །གཙོ་བོར་མཆིན་མཁྲིས་གཉིས་ལ་འབབ་པ་ཡིན། །གཉིས་པ་གྲང་སྦྱོར་སྦོ་སྒྲེག་ཁ་ཟས་མི་འཇུ་འཁྲེན། །རྩ་དལ་ཆུ་སྔོ་ལྕེ་སྐྱ་གདོང་པ་གཡོ། །མཇུག་ཏུ་སྐྲན་དུ་འདྲིལ་ལམ་ཆུ་རུ་ལྡོག །གཙོ་བོར་མ་ཞུ་ཕོ་བར་འབབ་པ་ཡིན། །སྦྱོར་བ་འདྲེས་པ་ཕོ་མཆིན་གཉིས་ཀར་འབབ། །ངོ་བོ་གྲང་ཡང་ལྟར་སྣང་ཚ་ཚུལ་དང་ངོ་བོ་ཚ་ཡང་ལྟར་སྣང་གྲང་ཚུལ་སྟོན། །གསུམ་པ་ན་ལུགས་སྒོ་ནས་བརྟག་པ་མཛེ་དུག་ནི། །མཛེ་ཁྲག་དང་བསེ་ཞོས་ཕལ་ཆེར་གཙོ་བྱས་པས། །འགུལ་འཕྲིག་ཟ་བེར་རྩ་འཁྱུག་རུས་རྐང་ན། །གྲེ་བ་མི་བདེ་ཤ་སྦོ་ཐོར་ཤུ་འོང༌།  ཐ་མ་རུས་ལ་བབས་པ་ནི་ཕོ་མཛེ་ཡིན་པས་སྐམས་ནས་འཆི། །ཤ་དང་རྩར་བབས་པ་ནི་མོ་མཛེ་ཡིན་པས་རུལ་ནས་འཆི། །སྨྱོ་དུག་ཕལ་ཆེར་གོང་མོའི་ཁྲག་དང་ནི། །ཐང་ཕྲོམ་པ་ཡིས་སྦྱོར་བའི་གཙོ་བྱས་མང༌། །སྟོད་རྒྱངས་ཤེས་པ་འཕྱོ་ཞིང་ཁ་ནས་ཤུ་ཡིས་འདེབས། །ལུས་འདར་ཞིང་ཁྲོ་བ་དང་བརྡེག་པར་བྱེད་ཁ་ནས་གཏམ་སྣ་ཚོགས་འདོན།  །ཡང་ན་སོས་སོ་འཆའ་ལ་སྐབས་སུ་འགྱེལ་ཞིང་དྲན་མེད་དུ་འབོག །གྲི་དུག་ནི་ཆང་ཚ་སིངས་བྱས་པ་དང་ལྦུ་བ་དང་སྔོི་རྒྱ་ཤོམོའི་འབྲུདང་། །འདྲེ་འདར་འདྲེ་བབ་ནས་ཤི་བའི་ཀླད་པ་གྲི་ཁྲག་སོགས་ལ་སྦྱོར། །རྟ་གྲི་ཆུ་གྲི་རྦབ་གྲི་གཡང་གྲི་དང༌། །ལྕེབ་གྲི་སོགས་ཀྱིས་འཆི་བར་བྱེད་པ་ཡིན་སྟེ། །སྐབས་སུ་མགོ་འཁོར་ལྡང་ཞིང་སྙིང་མི་དགའ། །འཁྱགས་ན་སྟོད་སྒང་དྲན་པ་བག་རེ་ཉམས། །གཡའ་ཟ་རྩ་རྒྱུད་ཐམས་ཅད་སྦྲིད་ཅིང་འགྲོ་སྙིང་འདོད་པ་འབྱུང་། །དེ་ལ་ཏིག་ཏའི་ཐང་བཏང་ཉི་མ་ལ་ཉལ་བས། །མིག་ལ་འོད་ཟེར་སྣ་ཚོགས་འཕྲོ་བའི་ཉམས་དང་དྲི་ཆུ་ཁྲག་ཏུ་འབྱུང་། །ཁ་རྨ་དང་རྒྱུ་སྐམས་རིན་པོ་ཆེ་ལ་སྦྱར། །ཁ་ཐམས་ཅད་ལ་རྨ་འབྱུང་ཟས་སྐོམ་ཟ་མི་ཤེས། །རྒྱུ་མ་སྐམས་ན་ཟུག་ཆེ་དྲི་མ་འགག །ཟ་རེམ་དང་ལྟག་དགྱེ་ལྟོ་ཆེ་ལ་མཇིང་པ་རེངས། །རྒྱ་ནད་རེངས་འཁུམས་ཁྲག་ཏུ་བཤལ་བ་ལ། །ལག་རྐང་རེངས་འཁུམས་བརྐྱང་བསྐུམ་རང་གིས་བྱེད་མི་ཤེས་པ་མི་ཡིས་བརྐྱང་བསྐུམ་གྱི་གྲོགས་བྱེད་དགོས། །སྲིན་བུ་སྣ་ཟན་རྟག་ཏུ་སྲིན་ནད་ལྡང༌།  །སྨུག་པོ་འཇུ་སྐེམས་རྣམས་ནི་སྦྱོར་བ་ཕལ་ཆེར་འདུས་པའི་ནདཡིན་པས། །ཕོ་མཆིན་མི་བདེ་ཁྲག་འཁྲུ་སྣ་ཁྲག་འཛག །ཤ་སྐམས་ཤེད་མེད་ཐ་མ་མཆིན་པ་རུལ་ནས་འཆི། །མཁྲིས་པ་མིག་སེར་རི་བོང་མཁྲིས་པ་དང་གི་ཝཾ་དང་ག་བུར་ལ་སྦྱརབ་ཡིན་པས། །མཁྲིས་པའི་ཡུལ་ཆེར་རྒྱས་ནས་མིག་སྤྲིན་དང་ཤ་མདངས་སེརཔོར་འགྲོ། །རིམས་ནད་རྩ་བྱེར་འདི་ཟླ་གསང་གི་རྒྱུད་སོགས་སུ་གསུངས་པའི་རིམས་ཁྲག་ལ་སྦྱར་ནས་བྱེད་པ་དེ་ཡིན་རིམས་ཀྱི་ན་ལུགས་དང་འདྲ། །ནག་པོ་ཐོག་རྡེག་དུག་སྦྲུལ་གྱི་མགོ་དང་བྱིང་བྱིང་ཐུ་ལུ་ལ་སྦྱརབས། །མིག་སྦྲིད་ཅིང་ཀླད་པའི་དཀྱིལ་ནས་ཟུག་གཟེར་ལྡང་གསུས་པ་ལྟོ་བ་སྦོ། །འཁྱམ་པོ་གཟའ་ནད་ཤ་དང་སོ་ལ་སྦྱར་བས་འཕྲལ་དུ་རེངས་ཀྱིན་འགྱེལ། །རྐང་ལག་བཤལ་སྦྲིད་མིག་འབོར་མིག་གི་ཁ་སྐོར་ཤ་སྐམ་ནས་འཆི།  །གཟེར་ནད་ཆུ་འགགས་བྱང་པ་ལ་སྦྱར་བས། །རྩ་མིག་རྒྱུ་ཞབས་གཟེར་ལ་དྲི་ཆུ་འགག །གཞུག་ལ་རྩར་བྱེར་ཁྲག་སྐྱུག་སྣ་ཁྲག་འཛག །དེ་ལ་སོགས་ཏེ་སྦྱོར་བ་སྣ་ཚོགས་ལས། །ནད་རིགས་སྣ་ཚོགས་དུ་མ་འབྱུང་བར་འགྱུར། །བཞི་བ་ལྡང་དུས་སྒོ་ནས་བརྟག་པ་ཞག་གི་དུག །སྦྱོར་བ་དེ་ཁོང་དུ་མ་སྨིན་པ་ཡང་རྣོ་འམ་སློང་བའི་རྐྱེན་དང་ཕྲད་པསལངས་མ་རན་པར། །གློ་བུར་དུ་ལངས་ཏེ་མ་ཞུ་བ་ལྟ་བུ་འམ། །སྨུག་པོའམ་རིམས་ལྟར་ན་བ་ཕལ་ཆེ་སྟེ། །འཕྲལ་དུ་མིག་ལོང་ལྕེ་མཆུ་འགས་པ་དང༌། །རེངས་སམ་འགྱེལ་ཞིང་དྲན་པ་ཉམས་ཀྱང་སྲིད། །ཟླ་བའི་དུག་ཤ་སྐམས་སེན་མོའི་བཀྲག་མེད་ཅིང་ལུས་སེམས་གཉིས་ཀ་ངལ། །མཆུ་སྐམ་སོ་ནག་མིག་འགྲིབ་རྣ་བ་འུར། །ཁོང་སྦོ་ཚིགས་གཞི་ལ་སྨུག་པོའི་ཐིག་ལེ་འོང༌། །ཞོ་འཐུངས་དུས་སྦོ་ཞིང་ཆང་འཐུངས་དུས་ཤེས་པ་ཟ་ཟི་མང༌། །ལོ་དུག་ཤ་སྐམས་མཆིན་པ་ཐུར་དུ་དཔྱད་པ་ལྟར་འཕྱོངས་ནས་ན། །སྤྲོ་ཐུང་ངུ་སྙིང་འདོད་ཅིང་རྣ་བ་འུར། །མཁལ་མ་གྲང་ཞིང་ལྟོ་བ་ཆེ་ལ་བག་རེ་རྔུལ། །ལུས་ཀྱི་སྲིན་བུ་ལྡོག་ཅིང་ཆང་འཐུངས་པའི་ཚེ་ལུས་ཉམ་ཆུང༌། །སོ་ན་རྩིབ་ལོགས་འཕོ་ཞིང་ལྟག་པ་དགྱེ། །གཉིད་མེད་ཕོ་བ་གཟེར་དང་ཟ་འཕྲུག་བྱེད། །ལྔ་བ་བབས་ས་གནས་ཀྱི་སྒོ་ནས་བརྟག་པ་ནི། །སྙིང་ལ་བབས་ན་ལྕེ་ལྡིབ་ཤེས་པ་འཕྱོ། །རྔུལ་ཆེ་སྦྲིད་པ་མང་ལ་ཤུགས་ཏུ་ཤུ་རིང་བྱེད། །གློ་བབས་སྣ་འགགས་གཡལ་ལ་སྦྲིད་པ་འབྱུང༌། །གློ་མང་གྲེ་བ་འཛེར་ལ་སྐྱིགས་བུ་མང༌། །མཆིན་པར་བབས་ན་མིག་ཚིལ་ཞུ་མཆིན་དྲི་གཟེར། །མཁྲིས་སྐྱུག་མཚོགས་མ་ལྕི་ལ་ཁ་ཆུ་འཛག །མཆེར་པར་བབས་མཆུ་ན་སྦོ་ཞིང་རྩིབ་ཐུང་ན། །མཆེར་པའི་སྣ་དངགདོང་པ་གྲང་ན་ཕོ་མཆེར་འགྱིང་ཞིང་ཚ་ན་ཕོ་མཆེར་ན་འགྱུང༌འགྱུང་བྱེད། །མཁལ་བབས་མཁལ་རྐེད་གྲང་ཞིང་མཁལ་རྩ་ཁྲིད། །རྐང་པ་ལྕི་ལ་ཆུ་སྲི་རྣ་བ་འུར། །སྣོད་དྲུག་གང་དུ་ལྷུང་ན་སྒྲེག་སྐྱུག་ཟས་མི་འཇུ། །རྒྱུ་ལོང་སྦོ་འཁྲོག་ཚ་ལ་ན་འགྱུང་འགྱུང་བྱེད་ཅིང་འཁྲུ་བ་ཡིན། །ཤར་བབས་འགུལ་འཁྲིག་གྲིམས་ཤ་ཚགས་ལྷོད་ལ་ཤ་ཆུང་པགས་པ་སྔོ།  །རྩ་གྲིམས་རྩ་རྣམས་འཁྲིད་འཁྱུག་སྦྲིད་པ་སྟེ། །ཆུ་བ་ལ་བབས་བཤུལ་རེངས་ཡན་ལག་འཁུམ། །གོང་དུ་བཤད་པ་ལྟར་རུས་བབས་ཚིགས་པ་ན་ཞིང་མཉེས་ན་ཕན། །ཚིགས་ཁ་འཁོར་སྐྲངས་བརྐྱང་བསྐུམ་དཀའ་བ་དང༌། །རུས་པ་ཐམས་ཅད་སྐམ་ཁོལ་བྱེད་པ་ཡིན། །དེ་ལྟར་བྱེ་བྲག་སོ་སོའི་ནད་རྟགས་རྣམས། །གཞན་དང་འཁྲུལ་ཕྱིར་ངེས་པ་རྙེད་དཀའ་བས། །གོང་དུ་བཤད་པ་ལྟར་ཕྱི་ནང་གསང་རྟགས་གསུམ་གྱི་བར་ནས་འདོན། །དེ་ཡིས་འཁྲུལ་མེད་ངེས་པར་གཏན་ལ་ཕེབས། །ཤིན་ཏུ་གསང་བའི་བརྟག་པ་འདི་ནི་གསང༌། །བསེ་རུ་བོང་ང་དཀར་པོ་ཨ་རུ་ར། །ཞིབ་བཏགས་ཆུས་སྦྱངས་ན་མ་འགའ་རུ་བཏང༌། །ཆུ་དེ་སེམས་ཅན་གང་བླུད་མང་ན་འཆི། །འདི་ནི་ཤིན་ཏུ་གསང་བའི་གསང་བའོ། །གསུམ་པ་བཅོས་སོང་ཀྱང་མི་ཐུབ་པའི་འཆི་ལྟས་ནི་ཤ་ཟད་མུར་གོང་རྡིབ། །དང་ག་འགགས་སམ་ཟས་སྐོམ་ཟོས་ཚད་སྐྱུག །ལྕེ་རྙིལ་སེན་མོའི་བཀྲག་ཤོར་ལུས་སྟོབས་ཟད། །ལུས་ལ་འབྲུམ་པ་ནག་པོས་ཁྱབ་དང་དབུགས་རྔམ་པ་ཐུང༌། །གནས་ཕོ་བ་བྲང་ཞོལ་བཅུ་དྲུག་མདོ་མཆིན་པ་མགོ་བོའི་འདུས་སོ་གསུམ་སྟེ་ལྔར་སྐྲངས་དང་སྨྱོ་བ་དང་དུག་སྨན་གང་བཏང་ཡང་མི་ལེན། །ནང་གྲོལ་རུལ་པའི་ཁུ་བ་འཁྲུ་བ་དང་གསོན་ཁྲག་དྲི་མནམ་པ་འཁྲུ་སྐྱུག་བྱེད། །དེ་རྟགས་ལྡན་ན་མི་འཚོ་སྤང་བར་བྱ

སྤྱི་དོན་བཞི་བ་གསོ་བའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་སྤྱི་ལ་དུག་ནད་སྨན་གྱིས་གསོ་བ་དང༌། །དུག་ནད་དུག་གིས་གསོ་དང་སྔགས་ཀྱིས་གསོ། །དང་པོ་དུག་ནད་ཚ་སྦྱོར་གསོ་བ་དང་གྲང་སྦྱོར་གསོ་བ་རྣམ་པ་གཉིས། །དང་པོ་ཚ་སྦྱོར་གསོ་བ་ལའང་གསར་རྙིང་དང་ལུས་ཟུངས་སྟོབས་ཟངས་ངན་དང་སྦྱར། །གསར་རྙིང་གང་ཡང་དང་པོ་སྨན་གྱིས་གཞི་བཟུང་ལབཅོས་ཚུལ་གཉིས་ཏེ། །ཟུངས་བཟང་གསར་པ་ཡིན་ན་ཐོག་མར་བསྡུ་བར་དུ་བསད་ཐ་མར་སྦྱང་བས་བཅོསབཤད། །ཟུངས་ངན་རྙིངས་པ་ཡིན་ན་བསྡུ་བསད་སོ་སོར་མི་བྱ་བར་ཆིག་ཆོད་བྱ། །དེ་ལའང་དང་པོ་ལ་རིམ་གྲོ་ཚོགས་བསགས་ཤིང་གནོད་པའི་གདོན་ཡང་ཡས་ཀྱིས་བཅོས། །སྔ་དྲོ་སྨན་འཇུ་བའི་ཕྱིར་ཟས་བསྲུང་ཞིང་ཕྱི་དྲོ་ཁ་ཟས་ནན་ཏུར་ཆེར་བསྐྱེད། །ཉ་ཕག་བཤུལ་ཤ་སྔོ་ངད་རུལ་སྐྱུར་སྤང། །བ་ལང་གནའ་དགོ་ཤ་གསར་ཁུར་མངས་དང༌། །འབྲས་དང་ཡོས་ཐུག་ཇ་དང་ཆུ་བསིལ་བསྟེན། །ཟུངས་ངན་དྲོད་ཆུང་རྒས་ལ་ལུག་ཤ་གསར། །སྐམ་ཡིབ་ཆང་གསར་ཚོད་དང་སྦྱར་ཞིང་བཏང༌། །མེ་ཉི་ངལ་དུབ་ཉལ་པོ་བཞོན་པ་དང༌། །སྨྲ་བརྗོད་རླན་གྲང་ཉིན་གཉིད་སྤང་བར་བྱ། །དུག་ནད་ཚད་པ་ཅན་ལ་ཨ་རུ་གསེར་མདོག་ཐང༌། །དུག་ནས་གྲང་བ་ཤས་ཆེ་ལ་འབྲས་ཨར་བར་སྐྱུར་གསུམ་པི་པི་ལིང༌གི་ཐང་། །ཁྱོར་རེ་སྔ་དྲོ་ཞག་བདུན་བར་དུ་བསྟེན། །དེ་ཡིས་འདུ་བ་སྙོམས་ཤིང་ནད་དང་ལུས་ཟུངས་སོ་སོར་འབྱེད། །རྟགས་སུ་རྔུལ་ཆད་ལུས་ཡང་དང་ག་བདེ་བ་དང༌། །བྱ་བ་ནུས་སྙམ་བྱེད་ན་སྨིན་པ་ཡིན། །དེ་ནས་ནད་མ་བྱེར་བ་དང་གསར་པ་ལ་བསྡུ་མི་དགོས། །རྙིངས་ཤིང་བྱེར་བར་གྱུར་ན་ནི་བསྡུ་བ་གཅེས། །དང་པོ་སྡུད་བྱེད་སྨན་ལ་སྤྱི་དང་བྱེ་བྲག་གཉིས། །དང་པོ་ལུག་ཁྲག་འོ་མ་གཉིས་བཙོས་ལ། །དེ་ལ་ལུག་རུ་སྨུག་པོ་ཁ་ཚར་བཏབ་པས་སྡུད། །ཡུངས་ཀར་བོང་ང་དཀར་པོ་རེ་རལ་ཨ་རུ་ར། །ཛཱ་ཏི་ནཱ་ག་པུཥྤ་བ་ལང་ཁྲག །ལྕུམ་རྩ་དུད་འགྲོ་གང་རུང་གི་ཀླད་པ་མ་རུལ་ལན་ཚྭ་དང་སྦྱར། །མི་ཕྱུགས་གང་རུང་གི་གསོན་ཁྲག་ལྡུམ་གསེར་འོམ་སྐྱེར་པ་གསུམ་སམ་འོམ་བུ་མཆོང་ལྡུམ་སེ་རྒོད་གསུམ་བར་ཤུན་དང༌། །ཆུ་ཆུང་བྲག་སྐྱ་ཧ་བོ་ཡུངས་ཀར་ཕྱེ་མ་སྦྱར་ལ་བཏང༌། །ཡང་ན་དཔའ་བོ་དཀར་པོ་སྔོ་དཀར་པོ་ཆིག་ཐུབ་དབང་པོ་ལག་པ་དང༌། །ཡུངས་ཀར་ཕག་ཁྲག་བི་ཥ་བཙན་དུག་ཀ་ར་སྦྱར།ཡང་ན་ཕག་ཁྲག་དབང་པོ་ལག་པ་ཡུངས་ཀར་དང༌། ལུག་གི་ཀླད་པ་སྦྱར་ཏེ་མ་འདུས་བར་དུ་བཏང༌། །འདུས་རྟགས་ལུས་ལྕི་སྒྱིད་སྐྱུར་དང་ག་འགག །ཁ་ལྕེ་སྐམ་ལ་ཕོ་བ་ཚ་རུབ་བྱེད། །དེ་རྟགས་མེད་ན་མ་འདུས་པ་ཡིན་པས་སྡུད་པའི་སྨན་ཐུན་ཆེར་བསྐྱེད། །ཕོ་བར་རུས་པའི་དུགས་དང་རྒྱུ་ཞབས་ལ་བྱེ་མའི་དུགས་བྱ། །རྐང་ལག་གི་མཐིལ་བཞི་བསྐུ་མཉེ་མན་ངག་དུག་སྣ་བཙན་དུག་བོང་ནག་ར་དུག་པ་གསུམ་ཨ་རུ་བདུན་འགྱུར་དྲི་ཆུའི་རིལ་བུ་བཏང༌། །དེ་ཡིས་འདུས་ནས་གཉེན་པོའི་སྨན་གྱིས་བསད། །མ་འདུས་བསད་པ་རི་དྭགས་ཐང་དེད་འདྲ། །བྱེར་བ་མི་གསོད་གསོད་ན་བཅོས་དཀའ་ཡུན་དུ་སྦྱོང༌། །འདུས་ན་མེ་སྟེང་ཆུ་བཞིན་ཆོམས་པ་སྐྱེན། །གཉིས་པ་བྱེ་བྲག་སོ་སོའི་སྡུད་བྱེད་བསྟེན་པ་ནི། །ཛཱ་ཏི་གུར་ཀུམ་ལྕུམ་རྩ་ལི་ཤི་ཡིས། །ཉེས་པ་རླུང་མཁྲིས་བད་ཀན་གསུམ་ལ་བབས་པ་སྡུད་པར་བྱེད། །མ་ནུ་བཞི་ཐང་སྟོད་དུ་བྱེར་བ་སྡུད། །གྲོ་སྲན་བོང་ཐོར་ནག་པོའི་གསོན་ཁྲག་སྣོད་ཕོ་མཁྲིས་རྒྱུ་ལོང་བཞིར་བྱེར་བ་སྡུད། །ཚར་འབྲུམ་ཚར་བའི་འབྲུམ་པ་དམར་པོ་(མི་དོམ་མཁྲིས་པ་དབང་ལག་)བཞི་པས་ཡན་ལག་ལ་བྱེར་བ་སྡུད། །ཁྲ་མེན་སྦྱོར་བས་(ར་མཆེར་རྟ་སྙིང་མཁལ་མ་ཞོ་ཤ་སྙིང་ཞོ་ཤ)ཚིགས་རྣམས་ལ་བྱེར་བ་སྡུད། །རྒྱལ་བློན་(ག་བུར་ཅུ་གང་གུར་ཀུམ་)གསུམ་གྱིས་གྲེ་བར་བྱེར་བ་སྡུད། །ཏིག་ཏ(་སླེ་ཏྲེས་གསེར་མེ་)གསུམ་པས་སོ་ལ་བྱེར་བ་སྡུད། །གཉིས་པ་འདུས་ནས་བསད་ཐབས་ལ་སྤྱི་དང་ཁྱང་པར་གཉིས་ལས་དང་པོ་ལ་རྣམ་པ་གསུམ་ཡིན་ཏེ། །སྔོ་སྦྱོར་རྩི་སྦྱོར་རིན་པོ་ཆེ་དང་གསུམ། །དང་པོ་སྟོབས་བཟང་ཚད་པ་ཆེ་ལ་ཕོ་བ་བཟང་། །གཉེན་པོ་བདུད་རྩི་སྔོ་སྦྱོར་བསྔགས་པ་ཡིནཔས་། །དེ་ནི་རེ་རལ་ཧོང་ལེན་འོམ་བུ་སྤང་རྩི་དོབོ་བཞི་པོ་གཙོ་བོ་ཡིན་པས་ཆ་ཆེར་སྐྱེད། །དེའི་འཁོར་དུ་རྣམ་པར་ཡུ་གུ་ཤིང་སེར་པོ་ཁྲག་རྐང་དང༌། །ཏིག་ཏ་སྤང་རྒྱན་སྐྲ་བཟང་གང་ག་ཆུང༌། །ར་མཉེ་བསྐོལ་ཁུ་ནང་གུང་ཐུན་སུམ་ཡར་ཡུན་དུ་བསྟེན། །ཚ་བ་ཤིན་ཏུ་ཞེན་ཆེ་བ་ལ་གཙོ་བོ་དྲུག་སྦྱོར་ནི་རྣམ་པར་ཡུག་ཤིང་དང༌། །རེ་རལ་སྤང་རྩི་འོམ་བུ་ཧོང་ལེན་དང༌། །ཏིག་ཏ་རྣམས་གཙོ་བོ་དྲུག་པ་ཡིན་ལ་དེ་ཡི་འཁོར། །བྲག་ཞུན་བོང་ང་དཀར་པོ་ཞིབ་བཏགས་ཆུ་གྲང་ལ་བསིངས་བྱ། །གང་ལ་བབས་པའི་ཁ་འཛིན་(དོན་ལ་བཟང་དྲུག་ཤ་ལ་ཨ་རུ་རུས་ལ་སྤྱི་ཞུར་རྩ་ལ་དོམ་མཁྲིས་)གྲོགས་དང་བཅས། །འཇུ་ཚོད་སྦྱར་ལ་མ་བརྗེད་རྒྱུན་པར་བཏང༌། །འཇུ་དཀའ་སྐབས་སུ་རྒྱམ་ཚྭ་བཅའ་སྒ་ཨ་རུ་གསུམ་པའི་ཐངབསྟེན། །ཚ་སྟོབས་ཆག་གམ་འོན་ཏེ་སྣོད་དུ་འདུས་པའི་རྟགས་བྱུང་ན། །ཨ་རུ་ལྕུམ་རྩ་དུར་བྱིད་བསྣན་ལ་སྦྱང༌། །ཡང་ན་གོང་གི་གཙོ་བོ་དྲུག་དང་དེ་སྟེང་སྤང་རྒྱན་དཀར། །སེ་རྒོད་སྐྱེར་པ་བྲག་སྤོས་ཐ་རམས་གང་ག་ཆུང༌། །གང་བབས་ཁ་འཛིན་(སྙིང་ལ་སྙིང་ཞོ་ཤ་གློ་ལ་སྲོ་ལོ་མཆིན་པ་ལ་གུར་ཀུམ་མཆེར་པར་ཀ་ཀོ་ལ་མཁལ་མ་ལ་ཙི་ཏྲ་ཀ་ཤ་ལ་ཡུང་བ་རུས་པ་ལ་སྤྱི་ཞུར་རྩ་ལ་འབྲི་ཏ་ས་འཛིན་)བཅས་པ་ཐང་དུ་བཏང༌། །ཡང་ན་མང་སྦྱོར་ཆེན་མོ་སྔོ་ཡི་མང་སྦྱོར་ཐུན་མོང་བ། །གཙོ་བོ་གཉེན་པོ་གྲོགས་དང་དམག་མིར་བཅས་(པ་ནི་གོང་གི་གཙོ་བོ་དྲུག་པ། །གཉེན་པོ་བོང་ང་དཀར་སེར་དམར་གསུམ་ཨ་བ་ཁུར་རྩ་ལྔ། །གྲོགས་གང་ག་ཆུང་སྟག་ཤ་ལུག་མིག་བྱི་ཚེར་གོ་སྙོད་པར་པ་ཏ་ཁྲག་རྐང་བདུན། །དམག་མི་སྲོ་ལོ་རེ་སྐོན་ཀྱི་ལྕེ་དེ་བ་སུམ་ཅུ་ཏིག་དར་ཡ་ཀན་སྒོང་ཐོག་ལྕང་མ་བརྒྱད)། །ཕྱག་བརྙན་ཁ་འཛིན་(སེ་རྒོད་ཕྱག་བརྙན་སྐྱེར་ཤུན་ལུག་རུ་སྨུག་པོ་གསུམ།  ཁ་འཛིན་པྲི་ཡངྐུ་ལྕགས་ཕྱེ་སྲོ་ལོ་ཨ་ཀྲོང་སྟར་བུ་ལྔ་དང་)བཅས་པའི་སྦྱོར་བ་ལ། །ནད་གཞིའི་(རླུང་ལ་རུ་རྟ་མཁྲིས་ལ་གསེར་མེ་བད་ཀན་ལ་མ་ནུ་ཁྲག་ལ་བ་ཤ་ཀ་ཆུ་སེར་ལ་སེང་ལྡེང་)དོན་(ལ་བཟང་དྲུག་)སྣོད་(ལ་དང་པོ་མ་སྨིན་པ་དང་ཐ་མ་གྲང་བ་སྐྱེས་ན་བཏང༌།  བར་དུ་ཚ་བ་འབྱུང་དུས་སུ་མི་བཏང༌།  སྦོ་འཁྲོག་བྱེད་ན་སེ་འབྲུ་ཚ་བ་གསུམ་བསྣན་)ཤ་(ལ་ཨ་རུ་ཡུང་བ་)རྩ་(ལ་དོམ་མཁྲིས་འབྲི་ཏ་)རུས་པ་(ལ་རྡོ་སྦལ་རྒྱབ་དཀར་སྨུག་གཉིས་གངས་ཐིག་མཉྫི་ར་བཞི་མཚལ་)དང༌། །གྲེ་བ་(ལ་ལི་ཤི་སྤང་རྒྱན་ཨ་རུ་)གང་ལ་བབས་པའི་སྣ་ཁྲིད་སྦྱར། །བསྡུས་གྲང་ཡུན་རིང་སུམ་ཡར་བཏང་བར་བྱ། །དེ་ལ་སོགས་པའི་སྔོ་སྦྱོར་གང་ལ་ཡང༌། །(པི་ལིང་བྲག་ཞུན་གཉིས་ཀྱི་)དུག་འདོན་(སྐྱུ་རུས་)ནུས་སྐྱེད་(ཨ་རུས་)ལུས་ཟུངས་བསྲུང་བ་གཅེས། །ཐང་རྗེས་འཁྲུར་མ་འདོད་ན་གྲོགས་པོ་(ལྕུམ་རྩ་དུར་བྱིད་མཆུ་རིང་)བསྣན། །གཟེར་ཟུག་གང་བྱུང་གཙོ་བོ་དྲུག་ནི་གོང་གི་ཚ་བ་ཤིན་ཏུ་ཞེན་ཆེ་རྣམ་པར་དང་། །ཞེས་སོགས་སོ། །གིས་བསྡུ། །ཚ་བ་ཆོམས་དཀའ་དེ་རྣམས་གང་ལ་ཡང༌། །སྦལ་རྒྱབ་མཚལ་དང་རྣམ་པར་ཡུ་གུ་ཤིང་ཁ་ཚར་གདབ། །ནད་ཀྱིས་སྨན་བླངས་ལུས་ཡང་དང་ག་བདེ། །སྙིང་རྩ་ཡང་སེང་སེང་བྱེད་ན་ནད་འགོ་ནོན་པ་ཡིན། །ཡང་ན་སྨན་གྱིས་ནད་བསླང་ནས་འཕྲལ་དུ་སྨན་དང་ནད་འཐབ་པ་ལ། །རྗེས་ལ་གོང་གི་རྟགས་ལྡན་ཕལ་ཆེར་འབྱུང་། །བསྲིངས་ཀྱིན་གནོད་ན་མི་འཕྲོད་སྤང་བར་བྱ། །ཟུངས་ངན་རྒས་སམ་ཕོ་བའི་མེ་དྲོད་ཆུང་ཞིང་དང་ག་ཞན། །དེ་ལ་གཉིས་པ་རྩི་སྦྱོར་ཕྱེ་མས་བཅོས་པ་ཡི། །རྒྱལ་བློན་ཉི་ཤུ་རྩ་བདུན་སྦྱར་བ་ནི། །བསེ་རུ་དཀར་པོ་དང་མུ་ཏིག་གིས་དབྱིགས་དུག་འཇོམས་ལྕགས་ཕྱེ་ཚ་ལ་མཚལ། །ཨ་མྲྀ་ཏ་ཆོས་སྨན་དང་གི་ཝཾ་བཟང་པོ་དྲུགརྣམས་ཀྱིས་རྩི་དུག་འཇོམས།བེ་སྐྱེས་རེ་རལ་འོམ་བུ་སེ་རྒོད་སྐྱེར་བར་ཤུནགྱིས་སྔོ་སྦྱོར་འཇོམས། །ཙན་དན་ཨ་རུ་སྤྱི་ཞུར་བོང་ང་དཀརགྱིས་དངོས་དུག་འཇོམས། །མི་དོམ་ཕག་མཁྲིས་ཕྱ་ཚན་མི་ཁྱི་རྟ་གསུམ་སྐྱེས་མ་ཐག་པའི་བྲུན་རྣམ་པ་གསུམགྱིས་ཤ་དུག་འཇོམས། །དུག་རིགས་རིན་ཆེན་རྩི་སྔོ་དངོས་དང་ཤ་སྦྱོར་འཇོམས། །དུག་དེ་གང་སྦྱོར་བའི་གང་གི་རྟགས་གང་དང་ལྡན་པདེའི་གཉེན་པོ་ཆ་ཆེར་བསྐྱེད་ལ། །སྔོ་ལ་སྟག་ཤ་གོ་སྙོད་ཀྱི་ལྕེ་ཤིང་མངར་རྒྱ་ཚོསརྟགས། །ཡུང་བ་གླ་རྩི་དྲི་ཆེན་མི་བྲུན་བྲག་ཞུན་དང༌། །མི་ཤ་ལྕགས་ཞུན་མའི་ཕྱེ་མ་ཀ་ར་གོང་གི་ཉེར་བཞིའི་སྟེང་དུ་སྦྱརབས་སོ་བདུན་པ་སྟེ། །སེང་ལྡེང་ཁུ་བས་འཕུལ་བས་དུག་རྣམས་འཇོམས། །ཚ་བའི་སྦྱོར་བ་ཤས་ཆེ་ན་དེ་སྟེང་ག་བུར་བསྣན་པས་སོ་བརྒྱད་པ། །ཡང་ན་རིན་ཆེན་གཉེན་པོ་བྲག་ཞུན་དང༌། །ཚ་ལ་ཨ་རུ་ར་གསུམ་དང་རྡོ་སྦྱོར་གྱི་གཉེན་པོ་ལ། །ཟེ་ཚྭ་རྨ་བྱའི་མ་རྙེད་ཁྱིམ་བྱ་མཚའ་ལུའི་ཤ་དང་པི་པི་ལིང༌། །ཤ་སྦྱོར་ལ་རོ་ཚན་མི་རྟ་ཁྱི་ཁོང་དུ་ཤི་བའི་བྲུན་གསུམ་དང་མི་དང་རའི་མཁྲིསཔ།དུག་ཅན་དངོས་ལ་སྦྱར་བའི་གཉེན་པོ་ཨ་རུ་ར། །བོང་དཀར་བོད་ཚ་སྟབ་སེང་སྤྱི་བར་ཙན་དན་དཀར། །སྔོ་སྦྱོར་ལ་ལྡུམ་བུ་སྐྱེར་པ་སེ་རྒོད་འོམ་བུ་གསུམ་དང་བོང་ང་དཀར། །རྩི་སྦྱོར་ཡི་གཉེན་པོ་གླ་རྩི་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག །དེ་རྣམས་གང་དང་གང་གི་རྟགས་དང་ལྡན་པདེའི་གཉེན་པོ་ཆེར་བསྐྱེད་ལ། །དེ་འཁོར་བསེ་རུ་ཆོས་སྨན་སརྦ་ཨམྲྀ་ཏ་ར་ས་ཡ་ན་ཡུང་བ་དང༌། །དཔའ་བོ་དཀར་སེར་ཁྱུང་སྡེར་དཀར་སྨུག་དང༌། །འོམ་བུ་སྐྱེར་པ་སྤང་སྤོས་ཤིང་མངར་ཚོས། །ལྕགས་ཕྱེ་སེང་ཕྲོམ་རྣམ་པར་སོ་མ་ར། །མཚལ་དཀར་སྤང་རྒྱན་རམ་བུ་ཀ་རའི་ཕྱེ། །ཚ་བ་ཆེ་ན་ག་བུར་འབྲིང་ཙན་དན་དཀར་པོ་ཆུང་ན་གི་ཝཾ་ཚ་སྟོབས་སྦྱར། །ནང་ནུབ་བྲག་ཞུན་ཁུ་བས་འཕུལ་ལ་བཏང༌། །ཡང་ན་བྲག་ཞུན་གླ་རྩི་རྨ་བྱའི་མ་རྙེད་ན་བྱ་མཚའ་ལུའིཤ །མི་དང་ར་ཡི་མཁྲིས་པ་རོ་ཚན་མི་རྟ་ཁྱི་ཁོང་ཤིའི་བྲུན་གསུམ།  བྲག་སྐྱེས་རེ་རལ་བོང་ང་དཀར་པོ་བཟང་པོ་དྲུག །དེ་འཁོར་ག་བུར་གི་ཝཾ་ཙན་དན་དཀར་དམར་གཉིས། །བསེ་རུ་ཨ་རུ་ར་དང་ཆོས་སྨན་རྩ་བརྒྱད་ཡན་ལག་སྟོང་སྦྱར་བསྒྲུབ་པའི་སྨན་མཆོག་དང༌། །ཡུང་བ་སྤང་རྩི་འོམ་བུ་སྐྱེར་པ་དང༌། །ཀྱི་ལྕེ་བྲག་སྤོས་ཤིང་མངར་ཧོང་ལེན་དང༌། །སྲོ་ལོ་སེང་ཕྲོམ་རྣམ་པར་བ་ལེ་ཀ །སོ་མ་ར་ཛ་སྤང་རྒྱན་གང་ག་ཆུང༌། །དཔའ་བོ་དཀར་སེར་ཁྱུང་སྡེར་དཀར་སྨུག་དང༌། །ཚ་ལ་ལྕགས་ཕྱེ་མཚལ་དཀར་ཚོས་རམ་བུ་རྣམས། །ཀ་ར་སྦྱར་བས་དུག་ཚད་ཐམས་ཅད་རོལ་དུ་དེ་མ་ཐག་པར་གསོད། །ཡང་ན་མཁྲིས་པའི་སྨན་སྦྱོར་ནི་མི་དོམ་སྤྲེའུ་འདི་ལ་ཚངས་པ་ལྷའི་བདུད་རྩི་སྦྱོར་བ་ཞེས་གྲགས་ཕག་པ་ནེ་ཙོ་རྣམས་དང༌།  །རྨ་བྱའི་མཁྲིས་པ་མ་རྙེད་མདོང་སྒྲོའི་གཞོབ་རེ་རལ་རོ་ཚན་མི་རྟ་ཁྱི་གསུམ་ཁོང་ཤིའི་བྲུན་གསུམ། །བསེ་རུ་ཡུང་བ་གླ་རྩི་ཨ་རུ་ར། །བདུད་རྩི་ཆོས་སྨན་གི་ཝཾ་འོམ་བུ་བོང་ང་དཀར། །ཙན་དན་དཀར་དམར་སྐྱེར་ཤུན་ཡུངས་ཀར་དང༌། །ཚ་ལ་བྲག་ཞུན་གངས་ཆུས་བསིངས་པས་དབུལ། །ཡང་ན་དོམ་དང་རྨ་བྱའི་མཁྲིས་པ་མ་རྙེད་ན་སྒྲོ་གཞོབ་དང༌། །མཁྲིས་པ་སྣ་ཚོགས་ཁྱུང་སྡེར་དཀར་སྨུག་ཨ་རུ་ར། །སྦལ་སྦྲུལ་ཟེར་མོའི་སྟོད་ཁོག་གི་སྟོད་ཤ་དང་མཆིན་པ་དང་མཁྲིས་པར་བཅས། །གི་ཝཾ་ཙན་དན་དཀར་པོ་གར་བབས་དང་བསྟུན་པའི་བཟང་དྲུག་གང་དགོས་དང༌། །གང་ག་ཆུང་རྣམས་ཀ་ར་སྦྱར་ལ་བཏང༌། །ཡང་ན་མི་དང་ཕག་དང་འཕྱི་བའི་མཁྲིས་པ་དང་སོ་མ་ར། །གླ་རྩི་ཤིང་ཀུན་སྤང་རྒྱན་ཀྱི་ལྕེ་དཀར། །རེ་རལ་སྐྱེར་པ་སྒོག་སྐྱ་ཆར་ཉུང་རྣམས། །རིལ་བུར་བྱས་པས་དུག་རྣམས་འཇོམས་པར་བྱེད། །སྦྱོར་བ་དེ་རྣམས་ནི་དུག་ནད་ཀུན་གྱི་གཉེན་པོ་ཡིན་སྟེ། །དུག་ཚད་ཐམས་ཅད་རོལ་དུ་སྟེ་མོད་ལ་གསོད་པའི་དམ་པ་ཡིན། །ཚ་བ་ཐོན་དཀའ་བ་དང་སྨན་དྲེད་ཤོར་བ་དང་བསོད་ནམས་དང་ལྡན་པའི་ནད་པ་ལ། །གསུམ་པ་རིན་པོ་ཆེ་ཡི་སྦྱོར་བས་བསད་པ་ནི། །གསེར་ཐལ་གཡུ་མུ་ཏིག་བྱུ་རུ་ཙན་དན་གཉིས། །རྡོ་དྲེག་ཅུ་གང་གུར་ཀུམ་ཨུཏྤ་ལ། །ཀ་ར་སྦྱར་བཏང་ཡང་ན་མུ་ཏིག་དང༌།  །ཉ་ཕྱིས་བྱུ་རུ་བསེ་རུ་དཀར་པོ་དང༌། །གླ་རྩི་མི་དོམ་མཁྲིས་པ་ཙན་དན་དཀར། །ཅུ་གང་གུར་ཀུམ་ཕྱེ་མ་ཀ་ར་ལ། །རླུང་མཁྲིས་བད་ཀན་ཁྲག་དང་ཆུ་སེར་དང༌། །དོན་སྣོད་གང་ལ་བབས་པའི་ཁ་བསྒྱུར་སྙིང་ལ་ཛཱ་ཏི་སོགས་རིག་པས་དཔྱད་དེ་བྱ། །གཉིས་པ་ཁྱད་པར་དབྱིག་དུག་ལ་སྦྱོངས་དང་བཟའ་བཏུང་དཀར་ཀུན་སྤང༌། །རྡོ་ཡི་དུག་ལ་མར་ནག་མར་རྙིང་སྤང༌། །ཤ་ཡི་དུག་ལ་ཉ་ཕག་རུལ་སྐྱུར་སྤང༌། །རྩི་ཡི་དུག་ལ་གཏར་ག་དང་ཁྲག་གི་ཚོད་མ་སྤང༌། །དུག་རིགས་གང་ཡིན་པ་གཉེན་པོའི་སྨན་གྱིས་མ་སོད་པར། །གཏར་དང་མེ་བཙའ་བཤལ་སྐྱུགས་བྱས་གྱུར་ན། །གཏར་གས་ནད་བྱེར་མེས་སྟོད་ལ་འཛིན་ཞིང་བཤལ་སྐྱུགས་ཀྱིས་ནད་སློང་བའི་ཕྱིར་དེ་རྣམས་སྤང༌། །དེ་ལྟར་གཉེན་པོ་སྨན་གྱིས་གསོ་དུས་སུ། །ནད་རླངས་རླུང་གི་རྟ་ལ་ཞེན་ནས་རྩ་མིག་ཏུ་རྒྱུག་ཅིང་འཁྲུག །དེའི་རྟགས་སུ་གཟེར་འཁྱུག་སྐྲངས་དང་ཚ་སྦྲིད་འབྱུང་བར་བྱེད། །གཟེར་སར་གོང་གི་གཙོ་བོ་དྲུག་པོ་བཙོས་ལ་བདུག །ཡང་ན་རེ་ལྕག་ཤོ་མང་རྩ་བ་དང་། །སྤང་རྩི་དོ་བོ་བཙོས་པས་བདུག་པར་བྱ། །ཡང་ན་ནད་པ་དེ་གང་ནའི་དེ་དང་མཚུངས་པས་དངོས་པོ་དུད་འགྲོ་གཞན་གྱིས་ཤ་རུས་བཙོས་པས་བདུག །ལྟོ་བ་སྐྲངས་ན་མཆོད་རྟེན་དཀར་ནི་མཆོད་རྟེན་ན་བཟའ་ཡིན་པ་དང་འདིར་མཆོད་རྟེན་སྤུ་ཞེས་གསུངས་པས་མཆོད་རྟེན་ལ་ཆགས་པའི་གྲོག་ཞིང་པ་ལ་ངོས་འཛིན་དགོས་སོ་སྤུ་ཡིས་བདུག །རུས་ཚིགས་སྐྲངས་ན་བྲག་ཕུག་ཁ་བྱང་ལྟས་ཀྱི་ཁྲུ་གང་འོག་ས་ཡིས་བདུག །ཐུར་བརྐྱང་གིས་ནད་རླངས་ཐོན་ཅིང་རྩར་འདུས་ན་ཁ་ཕྱེ་ཙམ་རེ་གཏར། །སྒལ་ཚིགས་དང་རྩིབ་མ་གཟེར་སར་མེ་ཡིས་མནན། །དེ་ལྟར་ནད་རླངས་མ་ཐོན་ཕྱིར་གྲམ་ནས། །ནད་རེམས་ཀྱི་ནན་རན་མེད་ན་གསོ་དཀའ་ལ་ནད་ཀྱི་རོ་མི་ཐོན་པ་ཡིན། །གསུམ་པ་བསད་རྗེས་ནད་འགོ་ཆོམས་ནས་ནད་རོ་སྦྱང་བནི། །སྤྱི་དང་བྱེ་བྲག་སྦྱང་བ་རྣམ་པ་གཉིས། །སྤྱི་རུ་ནད་གང་ཡིན་ཡང་བཤལ་གྱིས་སྦྱང༌། །སྔོན་འགྲོ་ཡུན་མི་རིང་ཙམ་དུ་ཁྲུས་དང་བསྐུ་མཉེ་བྱ། །སྟེང་རླུང་ཁ་ཡན་ནས་གཟེར་འཁྱུག་བྱུང་ན་མེ་ཡིས་མནན། །ཕོ་ལོང་སྲིན་ཁྲོས་ལྡང་དུབ་བྱུང་ན་གོང་གི་མན་ངག་རིལ་བུས་གདུལ། །སྣ་སེལ་འབྲས་བུ་ཨར་བར་སྐྱུར་གསུམ་དང་པྲི་ཡངྐུ། །ལྕུམ་རྩ་བྲག་ཞུན་སྐྱེར་པའི་བར་ཤུན་གྱི་ཐང་བཏང་ལ། །དངོས་གཞི་ཨ་རུ་བདུན་སྐྱུ་རུ་ར་ཆ་དནྡ་གཅིག་དང༌། །དོང་ག་བྱི་ཏང་ག་རེ་ཆུ་ལ་རིལ་བུ་སྦྱར༌།  དབྱིག་དུག་(ལ་ཤིང་ཀུན་ཁ་རུ་ཚྭ་ཤུ་དག་ཟི་ར་མ་ནུ་)རྡོ་དུག་(ལ་ཟེ་ཚྭ་ཚ་ལ་པི་ལིང་) རྩི་དུག་(ལ་གུར་ཀུམ་དོམ་མཁྲིས་སྤོས་དཀར་དུར་བྱིད་ཀ་ར་)ཤ་དུག་ལ་(ཀ་པེད་སོ་མ་ར་ཛ་ཆུ་སྲིན་སྡེར་མོ་དུར་བྱིད་ཀ་ར) །ནད་སྟེང་ཁྲིད་པ་གང་དང་གང་དགོས་ཁ་བསྒྱུར་བཤལ་གྱིས་སྦྱང༌། །བཤལ་འཕུལ་ཆུང་ན་ཨ་རུ་ར་དཀར་པོ་ལྔ་ཡི་ལྕགཐོག་ལྩག་ཚོམ་གཅིག། །མཆིན་པ་ན་ན་བྲག་ཞུན་ཁུ་བའི་ལྕག །ཕོ་བ་སྒངས་ན་རྒྱམ་ཚྭའི་ལྕག་གིས་བྲབ། །ཡང་ན་ཨ་རུ་སྐྱེར་པའི་བར་ཤུན་སོ་མ་ར། །དོང་ག་འབྲི་ཏ་ས་འཛིན་སྤང་རྒྱན་དཀར། །ལྕུམ་རྩ་བསྡུས་ཁུ་དུར་བྱིད་བཏབ་པས་སྦྱང༌། །ཡང་ན་ཐར་ནུ་དུར་བྱིད་རྨ་བྱའི་ཤམ་རྙེད་ན་བྱ་མཚའ་ལུ། །ཧོང་ལེན་ཚ་གྲང་གང་ཤས་ཆེ་བར་ཚ་བ་བྲག་ཞུན་དང་གྲང་ན་གངས་ཐིགས་ཀྱིས་ཁ་བསྒྱུར། །རིལ་བུ་ཕྱེ་མ་གང་འཕྲོད་རིག་པས་སྦྱང༌། །བྱེ་བྲག་སྦྱང་བ་ཕོ་བར་བབས་ན་རེ་ཤོ་དུར་བྱིད་བོང་ང་དཀར་པོ་སྐྱུགས།  །རྩ་ལ་བབས་ན་རྩ་བཤལ་ཕྱི་རྒྱུད་ལྟར་བྱ་བ་སྟེ། །ཤ་དང་ལྤགས་པ་དང་རུས་པ་ལ་བབས་པ་ནི་རྔུལ་དུ་དབྱུང༌། །དུག་གི་ནད་འདི་ཟུངས་དང་ཡུན་དུ་ཞེན་པའི་ཕྱིར། །བསྡུ་བསད་སྦྱང་གསུམ་ཟུངས་དང་སྦྱར་ལ་ལར་ཅི་རིགས་བསྐྱར། །བསྡུ་བསད་སྦྱོང་བའི་སྦྱོར་བའི་སྐོར་ཚར་རེའི་བར་དུ་ལུས་ཟུངས་གསོ། །གཉིས་པ་ཟུངས་ངན་དང་ནད་རྙིངས་པ་ལ་བསྡུ་བསད་གཉིས་ཀ་གཅིག་གོ་ཆིག་ཆོད་བྱབའོ  བཞི་བ་ཨ་རུ་བྲག་ཞུན་བོང་ང་དཀར་སེར་དམར་པོ་རྣམ་པ་གསུམ། །དཔའ་བོ་དཀར་སེར་ཙན་དན་དཀར་དམར་དང༌།  །ཅུ་གང་གུར་ཀུམ་གི་ཝཾ་ཆོས་སྨན་དང༌། །རེ་རལ་ཡུང་བ་དོམ་མཁྲིས་སེ་འབྲུ་དང༌། །སེ་རྒོད་སྐྱེར་པ་ཡུངས་ཀར་ཕྱེ་མ་སྦྱར། །བྲག་ཞུན་ཁུ་བས་འཕུལ་བས་བསྡུ་བསད་ཆིག་ཆོད་བྱེད། །ཡང་ན་བོང་ང་དཀར་པོ་མཐེ་བོང་ཙམ་དམར་པོ་ལུག་རིལ་ཙམ་སེར་པོ་སྲན་མ་ཙམ་གསུམ་དང་ཨ་རུ་ར། །གི་ཝཾ་བསེ་རུ་དཀར་པོ་ཙན་དན་དཀར་དམར་གཉིས། །དོམ་མཁྲིས་གླ་རྩི་ཚ་ལ་རེ་རལ་དང༌། །ཡུང་བ་འོམ་བུ་སྐྱེར་པའི་བར་ཤུན་ཀ་ར་སྦྱར། །བྲག་ཞུན་སེང་ལྡེང་ཐང་གིས་འཕུལ་ལ་བཏང༌། །ཡང་ན་ཨ་རུ་ར་དང་བོང་ང་དཀར། །སྐྱེར་པའི་བར་ཤུན་གི་ཝཾ་ཙན་དན་བསེ་རུ་དང༌།  དེ་སྟེང་ནད་གཞི་གང་བབ་དོན་སྣོད་སོ་སོའི་ཁ་འཛིན་སྔོའི་མང་སྦྱོར་སྐབས་ལྟར་དང་བཅས་པར་སྦྱར། །གངས་ཆུ་དྲི་ཆུ་ཆང་ཆུ་སྟེ་ཆུ་གསུམ་བསྲེས་པས་འཕུལ་ཏེ་བྲིད་ལ་སྨན་ཐུང་དང་པོ་ཆུང་ངུ་དེ་ནས་ཇེ་ཆེར་བཏང༌།  །ཡང་ན་མི་དོམ་རྨ་བྱའི་མཁྲིས་པ་མེད་ན་བྱ་མཚའ་ལུའི་མཁྲིས་པ་དང་། །དཔའ་བོ་དཀར་སེར་སྐྱ་སོབ་ཁོང་སྤུ་ཡོད་པ་དཀར་པོ་སེར་མཁྲེགས་སེར་པོ་གཉིས་ཀ་རོ་ཤིན་ཏུ་ཁ་བ་དབྱིབས་འདྲ་བ་ལ་བཏགས་སོ་ཁྱུང་སྡེར་དཀར་སྨུག་གཉིས།  །བོང་ང་དཀར་སེར་དམར་གསུམ་དང་རེ་རལ་རྒྱམ་ཚྭ་རྣམས། །ཐོ་རངས་ཐུན་རེ་གངས་ཆུས་འཕུལ་ལ་བཏང༌།  དུག་ནད་ཚ་སྦྱོར་གྲང་སྦྱོར་གང་ཡང་ཐུན་མོང་དུ་སེལ་བར་བྱེད་པ་སྐྱུག་ན་མི་སྐྱུགས་པའི་ཐབས་ཀྱིས་བསྲུང༌། །ཚ་སྦྱོར་བཅོས་པ་ཡང་ན་ཨ་རུ་ར་དང་བོང་ང་དཀར་སེར་དམར་གསུམ། །དཔའ་བོ་དཀར་སེར་ཁྱུང་སྡེར་དཀར་སྨུག་གཉིས། །སེ་རྒོད་དགུ་ཐུབ་ལྷོ་མོན་ནས་འབྱུང་བའི་སུ་མེ་སྨན་སྨུག་པོ་ཡིན། ཆར་ཉུང་མའི་ཁནྚ་ཡིན་ཡང་ཟེར་གླ་རྩི་རེ་རལ་དང༌། །ཚ་ལ་ཡུང་བ་དོམ་མཁྲིས་ཕྱྭ་ཚན་གསུམ། །བདུད་རྩི་ཆོས་སྨན་འོམ་བུ་བྲག་ཞུན་སྐྱེར་པ་དང༌། །གི་ཝཾ་བསེ་རུ་ཙན་དན་དཀར་པོ་རྣམས། །ཉེས་པ་བབས་སའི་ཁ་འཛིན་(རླུང་ལ་རུ་རྟ་མཁྲིས་ལ་ཏིག་ཏ་བད་ཀན་པི་ལིང་ཁྲག་ལ་ཚོས་ཆུ་སེར་སོ་ར་དོན་ལ་བཟང་པོ་ལྔ་སྲོག་རྩ་ལ་ལི་ཤི་)སྦྱར་བྱས་ཏེབཏང་བས། །ཟུག་བྱུང་བ་ལ་མི་སྐྲག་ནད་དང་འཐབ་པ་ཡིན། །ཡང་ན་གི་ཝཾ་བོང་ང་དཀར་པོ་ཨ་རུ་ར། །གུར་ཀུམ་ཅུ་གང་ཙན་དན་དཀར་པོ་མཁྲིས་སྣ་ཚོགས།  །སྦལ་སྦྲུལ་ཟེར་མོའི་ཁོག་སྟོད་ཀྱི་ཤ་དང་མཆིན་པ་དང་མཁྲིས་པར་དང་བཅས། །སག་རྩི་ནི་ལ་ཐོ་ཋ་སྟེ་བིག་པན་ཡིན་ནོ་ཕག་ཚིལ་ཀ་ར་གངས་ཆུས་དབུལ།  །ཡང་ན་རྨ་བྱའི་མཁྲིས་པ་ཆ་གཅིག་མ་རྙེད་ན་མདོངས་སྒྲོའི་གཞོབ་དང་བྱ་མཚའ་ལུའི་མཁྲིས་པས་ཚབ་རུང་དོམ་མཁྲིས་ཆ་གཉིས་གླང་ཆེན་མཁྲིསཔ་ཆ་གསུམ། །རིམ་པ་བསྐྱེད་དེ་ཀུནདང་སྦྲུལ་ཤ་ཁོག་སྟོད་ཆ་མཉམ། །ཨ་རུ་ར་དང་བོང་ང་དཀར་པོ་སྦྲུལ་ཤ་མཉམ། །བཟང་དྲུག་ནི་ནད་གང་ལ་བབས་པ་དེ་གོང་མ་གསུམ་དང་ཆ་འགྲེ་ལོག་ཏེ་ཉིས་འགྱུར་སྦྱར། །བྲག་ཞུན་དང་སྤྱི་ཞུར་ཐང་གིས་འཕུལ་ལ་བཏང༌། །མཆོག་ཏུ་ཟུངས་ངན་པ་དང་ཤ་ཟད་པའི་ནད་པ་ལ་བསྔགས། །ཡང་ན་རྨ་བྱའི་མཁྲིས་པ་མ་རྙེད་ན་སྒྲོ་གཞོབ་ཆ་གཅིག་རྩད་ཆ་གཉིས་དང་རྒུ་ཐུབ་སུ་མེ་སྨན་ཆ་བཞི་དང༌། །གླ་རྩི་ཆ་བརྒྱད་རེ་རལ་ཆ་བཅུ་དྲུག་རིམ་པས་ལོག་པོར་བསྐྱེད། །སྒོག་སྐྱ་བྱི་ཀུ་སག་རམ་རྩི་ནི་ལ་ཐོ་ཋ་མཉམ་ཉ་དང་མི་མཁྲིས་དང༌། །ལོ་བརྒྱད་དྲི་ཆུའི་རིལ་བུ་བྱས་ལ་བཏང༌། །དེ་དག་ཀུན་གྱིས་བསྡུ་གསོད་ཆིག་ཆོད་དུ་བྱེདཔ་ཡིན་ལ། །ཚ་བ་ཟུངས་ལ་རྩི་ལྟར་ཞེན་པའི་ཕྱིར། །བསྡུ་བསད་སྦྱང་བར་དར་དྲགས་པ་ཡིས་ནད་ཞེན་པ་དེ་མི་སེལ་བར། །ཕོ་བའི་མེ་དྲོད་འཆི་ཞིང་ཚད་རོ་ཡང་ལྡས་ལས་པའི་ཕྱིར། །ཐུན་བསྐྱུངས་ལ་ཡུན་རིང་དུ་བསྲིངས་ལ་རོལ་དུ་བསད། །སྐབས་སུ་གོང་གི་བཤལ་སྨན་གང་རུང་གིས་རྒྱུན་བཤལ་བཏང་ཞིང་ནད་རོ་སྦྱང༌། །ཤིན་ཏུ་ཟུངས་ངན་པ་ན་འཇམ་རྩི་ནི་རུ་སྤེལ། །རང་བབ་ཀྱི་བཤལ་དང་རང་བབ་ཀྱི་རྔུལ་བྱུང་ན་སྦྱང་མི་དགོས། །དུག་ནད་གྲང་སྦྱོར་བཅོས་པ་ལ་བྱི་སའི་བྲུན་པི་པི་ལིང༌། །སྒ་སྐྱ་ཚ་ལ་འོམ་བུ་སག་རམ་ནི་ལ་ཐོ་ཋ་རྩི། །རྒྱ་སྐྱེགས་བུ་རམ་སྦྱར་བ་ཆུ་སྐོལ་དབུལ༌།  །སྐབས་སུ་དུར་བྱིད་སྤོས་དཀར་པི་པི་ལིང༌། །ཨ་རུ་སྒ་སྐྱ་སྦྱར་བས་ནད་རོ་སྦྱང༌། །སྐྱ་རྦབ་སྐྲངས་ན་སྲད་དཀར་རྩ་བ་ཆུར་བཙིར་བ་བསྣན། །དེ་རྗེས་མུ་ཟི་ཟངས་ཐལ་འགྲོན་ཐལ་དང༌། །ཚ་བ་སྒ་པི་ཕོ་གསུམ་ཐལ་གོང་སྟེང་བསྣན་ཏེ་བསྐམ། །སྐྲན་དུ་འདྲིལ་ན་ཟེ་ཚྭ་ཡ་བཀྵ། །ཚ་བ་སྒ་པི་ཕོ་གསུམ་གྱི་ཐལ་བ་དང་འགྲོན་བུའི་ཐལ་བ་བསྣན། །ཚ་ལ་ཨ་རུ་སྐྱེར་ཤུན་བུལ་ཏོག་སྦྱར། །ཡང་ན་གྲང་སྦྱོར་སྤྱི་ལ་འགྲོན་ཐལ་དང་ཟངས་ཐལ་ཚ་བ་སྒ་པི་ཕོ་གསུམ་སོགས་ནུས་ལྡན་དུ་བསྲེགས་པའི་ཐལ། །གངས་ཐིགས་བུལ་ཏོག་ཚ་ལ་མི་རུས་བཙའ། །མི་དོམ་མཁྲིས་པ་བྲག་ཞུན་ཡུང་བ་དང༌། །ཁུར་རྩ་རྣམ་དྲི་ཆེན་སྣང་དོན་ལྔ་དང་གར་བབས་ཀྱི་ཁ་འཛིན་བཟང་པོ་ཅུ་གུར་ལི་ཛཱ་སུག་ཀ་དྲུག །ཨ་རུ་ཆུ་བསྐོལ་འཕུལ་བས་གསོད་ཅིང་སྦྱོང༌། །འཁྲུར་མ་འདོད་ན་དུར་བྱིད་པི་པི་ལིང༌། །ཚ་ལ་བ་ཆུར་སྦྱར་བས་ནད་རོ་སྦྱང༌། །ཡང་ན་ཅོང་ཞི་འཕྲུལ་གྱི་ཐལ་སྨན་ཕྱི་རྒྱུད་ལྟར་སྦྱར། །རྗེས་ལ་ཨ་རུ་དན་རོག་རིལ་བུས་སྦྱང༌། ། ནད་ཀྱི་ངོ་བོ་གྲང་ཡང་ལྟར་སྣང་ཚ་ཚུལ་སྟོན་ན་ཚ་བ་སྒ་པི་ཕོ་གསུམགྱི། །ཐལ་བ་དང་གོང་གི་སྔོ་རྩི་རིན་ཆེན་སྦྱོར་བ་སོགས་ཚད་འཇོམས་སྤྱི་སྨན་གང་འཕྲོད་དང་སྦྱར་བས་སེལ། །ཁ་ཟས་ལུག་ཤ་གསར་དང་སྐམ་ཡིབ་དང༌། །ཆང་འཇམ་ཟས་སྤྱོད་དྲོད་ལ་བསྟེན་པར་བྱའོ། །གཉིས་པ་བྱེ་བྲག་བཅོས་ཐབས་འཇུག་སྒོ་རྫས་རིགས་དང༌། །ནད་རིགས་ལྡང་དུབ་བབས་སའི་སྒོ་ནས་བཅོས།  །དང་པོ་འཇུག་སྒོའི་རིགས་ཀྱིས་བཅོས་པ་ནི། །དུད་པ་ཉི་ཟེར་རླངས་དུག་རྣམ་གསུམ་ལ། །གཙོ་བོ་དྲུག་སྦྱོར་གོང་གི་ཕྱེ་མའི་ཐང་ཡང་ན་གཙོ་བོ་དྲུག་དང་སྤང་རྒྱན་བཅུ་པ་སོགས་སྟེང་དུ། །བོང་ང་དཀར་པོ་བྲག་ཞུན་བསྣན་པས་དུད་པ་མ་འགྱུར་བའི་དུག་ནད་འཇོམས། །གཙོ་བོ་དྲུག་གོང་གི་ཚ་བ་ཤིན་ཏུ་ཞེན་ཆེ་རྣམ་པར་དང་ཞེས་སོགས་གི་ལུམས་ཀྱིས་ཕྱི་ནས་བདུག །རྗེས་ལ་དམར་པོ་ཚོས་བཙོད་འབྲི་མོག་གསུམ་སྦྱོར་གྱི་སྨན་མར་སྦྱར། །ཉི་ཟེར་དངརླངས་ལ་བསྐུར་བའི་དུག་ནི་བདུད་རྩིའི་རླངས་ལུམས་བྱ། །དེས་ལུས་ཀྱི་ཀོ་ལེར་ན་སྐྲངས་བྱུང་ན་ཐོན་པ་ཡིན། །རྗེས་ལ་གོང་གི་རྣམ་པར་སོགས་གཙོ་བོ་དྲུག་གི་གཙོ་བྱས་པའི་སྨན་མར་སྦྱར། །རེག་པའི་དུག་ནི་རྨ་དང་ཁོང་པའི་ནང་གཉིས་ནས་བཅོས་པར་བྱ། །དྲི་ཆུའི་ནང་དུ་་དྲི་ཆེན་བཙིར་བའི་ཁུ་བ་ལ། །གུར་ཀུམ་གླ་རྩི་ཤིང་ཀུན་སྒོག་སྐྱ་སྦྱར། །དེ་ཡི་ཁྲུས་བྱ་མུ་ཟི་སེར་པོ་ག་བུར་དང༌། །སོ་མ་ར་ཛ་ཆུ་རྩ་བུལ་ཏོག་དང༌། །གླ་རྩི་ཤིང་ཀུན་བྱང་པ་གཡེར་མ་དང༌། །ཁང་པའི་དུད་པ་ཞིབ་བཏགས་སྦང་གར་སྦྱར་ལ་བྱུག །ཡང་ན་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་མུ་ཟི་སེར་པོ་གླ་རྩི་དང༌། །བོང་ང་དཀར་པོ་སྤོས་དཀར་ཨ་རུ་ར། །བསེ་རུ་དཀར་པོ་དང་ར་ལུག་གི་རྭ་གཞོབ་མར་སྦྱར་བསྐུ། །ཀྱི་ལྕེ་སྔོན་བུ་སྤྱང་ཚེར་ལྕུམ་རྩ་སྒ། །པི་པི་ལིང་དང་ཟེ་ཚྭ་སྦྲང་རྒོད་སྦྱར། །བྱུགས་པས་དུག་ལས་གྱུར་བའི་མཛེ་དང་འབྲས་དང་ལྷོག་པ་སེལ་བར་བྱེད། །མཚེ་ཁྱོར་བ་གང་དང་བ་ལུ་ཁྱོར་བ་གང་ཤུག་པའི་འབྲུ་བྲེ་གང་ཙན་དན་དེ་བ་དཱ་ར་སྨུགཔོའི་མར་ཁུ་ཕུལ་གང་། །གླ་རྩི་ཨ་རུ་སྔོན་བུ་འབྲས་བུ་ཨ་བར་སྐྱུར་གསུམ། །ཙན་དན་དཀར་པོ་དབང་པོ་ལག་པ་དང༌། །སྙིང་ཞོ་ཤ་དང་གླ་གོར་ཞོ་ཤ་བ་ལེ་ཀ །ཆུར་བསྡུས་པ་དང་མི་ཚིལ་ཁྱོར་བ་གང་སྦྱར་ལ་བྱུག །ཨ་རུ་རུ་རྟ་བོང་ང་དཀར་པོ་དང༌། །མཛེ་ཚྭ་དོམ་དང་བ་ལང་གི་མཁྲིས་པ་རྣམས། །རྨར་བླུག་ར་ཚིལ་འཇིབས་བྱ་ཤ་རོ་ཆེ། །ལྕགས་ཏེལ་གྱིས་བསྲེགས་ལ་མེ་ཏོག་སྣ་ཚོགས་སྒོ་ངས་སྣ་ཚོགས་ཀྱིས་ཞག་གསུམ་མནན། །དེ་འོག་མུ་ཟི་སེར་པོ་དུར་བྱིད་ཐར་ནུ་དང༌། །རྒྱ་ཚིལ་ཁྱི་རྒྱ་བོ་དཀར་པོ་ཡིན་པ་དེའི་བྲུན་དཀར་པོ་དང་སེམས་ཅན་རྒྱ་བོ་ཚིལ་བུ་དང་སྤྱང་བྲུན་ལའང་འདོད་པ་སྣང་ངོ་རུས་པ་གང་བྱུང་བསྲེགས་པསདྲི་ཆེན་དང་སྦྱར་པསམནན། །ཤ་རོ་ཆོད་ནས་ར་རུ་བསྲེགས་པ་དང་། །ཕ་བ་དགོ་དགོ་དང་ལྷམ་རྙིང་པའི་ཨ་ཀྲད་དང་གསོམ་སའི་ཐལ་བ་དང༌། །ཨ་མྲྀ་ཏ་བདུད་རྩི་ཆོས་སྨན་དང་སྦྱར་ལ་རྨ་ལ་བྱུག །དུག་ནད་ཚ་བའི་རྨ་ལ་མི་བསྲེག་བསིལ་ཅུ་གུར་ལི་གསུམ་དང༌། །ག་བུར་ཙན་དན་དཀར་པོ་གི་ཝཾ་ཨ་རུ་ར། །གླ་རྩི་ལྕགས་ཕྱེ་ར་ཁྲག་སྦྱར་བ་བྱུག །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཙན་དན་དཀར་དམར་ཨ་རུ་ར། །གླ་རྩི་དཔའ་བོ་དཀར་སེར་སྤང་རྩི་དོ། །སྲོ་ལོ་ཏིག་ཏ་ཞིམ་ཐིག་ལེ་བ་ཤ་ཀ །སེ་འབྲུ་ཤུག་པའི་འབྲུ་སྐྱུ་རུ་ར་བོང་ང་དཀར། །དོམ་མཁྲིེས་དང་བ་ལང་མཁྲིས་པ་ཀ་ར་སྦྱར། །ཁོང་དུ་བཏང་ཞིང་ར་ཁྲག་ར་ཤ་ལྟོར་བསྟེན། །གཉིས་པ་རྫས་ཀྱི་སྦྱོར་བའི་སྒོ་ནས་བཅོས་པ་ནི། །རིན་ཆེན་སྤྱི་ཡི་གཉེན་པོ་བྲག་ཞུན་དང༌། །ཨ་རུ་མུ་མེན་མུ་ཟི་སེར་པོ་རྣམས་ཀུན་ལ་སྦྱོར་བར་གཅེས། །ཁྱད་པར་གསེར་ལ་སྦྱར་བས་མཁྲིས་པ་སྐྱེ་དེ་ལ་ཏིལ་དང་ཟར་མ་བསྣན། །ཟངས་ལ་སྦྱར་བས་ཤ་སྐོམ་དེ་ལ་ཚ་ལ་བསྣན་འཁར་བ་ལ་སྦྱར་བས་ཕོ་བ་ལྕི་དེ་ལ་སྒོག་སྐྱ་བསྣན། །དངུལ་ཆུའི་ལ་སྦྱར་ན་ཕོ་ལོང་དུ་འདྲིལ་ཁ་རྨར་འགྲོ་དེ་ལ་གཉེན་པོར་སྟར་བུ་བ་ཆུ་བཏང༌། །ཞ་ཉེ་ལོ་སྦྱར་བ་ཤ་སྔོ་སྒལ་ཚིགས་ན་ས་བོན་འཛག་དེ་ལ་མཛོ་མོའི་མར་དང་གནའ་བ་དང་གླང་གི་སྤུའི་གཞོབ། །ཡང་ན་གསེར་དངུལ་ཟངས་ལྕགས་མུ་ཏིག་གཡུ། །བྱུ་རུ་ཙན་དན་དཀར་དམར་རྡོ་དྲེག་དང༌། །ཨུཏྤལ་ཅུ་གང་གུར་ཀུམ་ཀ་ར་སྦྱར། །རིན་པོ་ཆེ་གང་ལ་སྦྱར་བ་རང་རང་དེ་ངོས་ཟིན་ན་གོང་གི་རང་རང་གི་གཉེན་པོ་སོ་སོས་མདེ་ཁ་བསྒྱུར། །ཡང་ན་དབྱིག་དུག་ར་ཁྲག་དངརཏྣ་སུ་ཝརྞ་རུ་པ་ལོ་ཧ་ར་སྦ་མུཀྟོ་ཀ་པི་རཱ་ཛ་ཏེ་གསེར་དདུལ་ཟངས་མུ་ཏིག་གཡུ་རྣམས་སྲན་མ་ཙམ་རེ་ཞག་དགུར་ལྟོར་བཏང༌བས་བསྡུས། །དེ་འོག་བསད་པ་ནི་བསེ་རུ་དཀར་པོ་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་ཨ་བི་ཥ། །ཨུཏྤལ་གླ་རྩི་གི་ཝཾ་ཀ་ར་དང༌། །ར་ཡི་མཆིན་པ་སྦྱར་ལ་བཏང་བར་བྱ། །ཡང་ན་བོང་ང་དཀར་་པོ་དོམ་དང་སྦྲུལ་གྱི་མཁྲིས་པའི་རིལ་བུ་བཏང༌། །རྡོ་སྦྱོར་སྤྱི་ཡི་གཉེན་པོར་ཚ་བ་སྒ་པི་ཕོ་གསུམ། །ཟེ་ཚྭ་རྒྱ་ཚྭ་ཚ་ལ་རྨ་བྱའི་ཤམ་རྙེད་ན་བྱ་མཚའ་ལུའི། །ཁྱད་པར་སྦལ་རྒྱབ་ལ་སྦྱར་བ་མཚལ་སྐྲན་སྐྱེ་ཏི་ཚྭ་སེར་པོ་ཅོང་ཞི་མཚལ༌།  མུ་ཟིལ་སྦྱར་བའི་གཉེན་པོར་ཆང་བཟང་པོ་དང་པི་པི་ལིང༌། །ཡུ་གུ་ཤིང་དང་སྒོག་སྐྱ་སྦྲང་རྩིས་བསྒྱུར། །ཡང་ན་གྲང་སྦྱོར་འཇོམས་པའི་སྨན་གོང་མའི་སྟེང་དུ། །ཟེ་ཚྭ་རྒྱ་ཚྭ་བསྣན་པས་འཇོམས་པར་ངེས། །ཡང་ན་རྒྱ་ཚྭ་རྒྱམ་ཚྭ་ཁ་རུ་ཚྭ། །ཟེ་ཚྭ་ཚ་ལ་ཚ་བ་སྒ་པི་ཕོ་གསུམ་སྦྱར་བཏང༌། །ཤ་སྦྱོར་སྤྱི་ཡི་གཉེན་པོར་དོམ་མཁྲིས་དང༌། །མི་རྟཁྱི་གསུམ་ཤི་བའི་རོ་ཚན་བྲུན་དང་ནི་སྔོ་སྟག་ཤ་བ། །འོམ་བུ་བོང་ང་དཀར་པོ་ཚ་ལ་རྣམས་གཏོང་བ་ཡིན།  །ཁྱད་པར་རའི་ཤ་་ལ་སྦྱར་བས་མཐེབ་གང་ཙམ་ཁོལ་བུར་ན་མགོ་དང་ཡན་ལག་ལ་འཐབ་དེ་ལ་གུར་ཀུམ་ཨ་རུ་ར། །ཨ་བི་ཥ་གསུམ་སྦྱར་བ་བྱ་ལ་མིག་སྤྲིན་དམར་གསལ་ཡང་དེ་ལ་གུར་ཀུམ་དང༌། །སྲེ་མོའི་སྨ་ར་བྱ་མོ་ནག་མོའི་ཤ། །ཁྱི་ཡི་ཤ་ལ་སྦྱར་བ་ལ་དུད་པ་བྱ་བལ་མདང་བསེ་རུ་ཙན་དན་དཀར་པོ་བསྣན། །སྲེ་མོའི་ཤ་ལ་སྦྱར་ན་གླང་ཐབས་སུ་ན་དེ་ལ་འུག་པ་དང་སྲིན་བྱའི་ཤ་བཏང༌།  །ཡང་ན་འབྲས་བུ་གསུམ་མམ་བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་སྦྱར། །བྱང་པ་ལ་སྦྱར་བས་རྩ་ཆུ་སྡོམ་དེ་ལ་ཆུ་ནང་གི་སྦུར་ཆུང་དང་ཆ་ག་པ་དང་བོང་ང་དཀརཔོ་བཏང་། །ཡང་ན་འབྲི་མོག་ཁུར་མང་གི་རྩ་ར་ཁྲག་གིས་འཇོམས། །ཉ་ཤ་ལ་སྦྱར་བ་ཕོ་སྟོད་མི་བདེ་ལུས་ལྗི་དེ་ལ་སྐྱར་མོ་དང་སྦལ་པ་དང་རྨིགས་འི་ཤས་འཇོམས། །སྡོམ་པ་ལ་སྦྱར་བ་སྐྱ་ཆབ་ཏུ་སྐྲངས་པ་དེ་ལ་སྲད་དཀར་བ་བཏང་སྡིག་པ་ལ་སྦྱར་ན་ལུས་ནག་གཉེར་མང་བ་དེ་ལ་ལྗོང་མོ་དང༌། །རྨིགས་པ་དང་སྦལ་པ་ལ་སྦྱར་བ་ན་ཞིང་ཤུ་ཐོར་འོང་དེ་ལ་དཔའ་བོ་སེར་པོས་འཇོམས། །གོང་མོའི་ཤ་ལ་སྦྱར་ན་སྙིང་རླུང་འོང་དེ་ལ་མཛེ་ཁྲག་ལ་སྦྱར་ན་མཛེ་འོང་དེ་ལ་ཏིག་ཏ་སྤང་རྩི་དོབོ་བཏང་། །རི་བོང་མཁྲིས་པ་ལ་སྦྱར་ན་བརྗེད་ངས་ཆེ་དེ་ལ་དོམ་མཁྲིས་ཕྱ་ཚན་མི་རྟ་ཁྱི་གསུམ་སྐྱེས་མ་ཐག་པའི་བྲུན་གསུམ། །གི་ཝཾ་ལ་སྦྱར་ན་མིག་ལྤགས་སེར་འགྲོ་དེ་ལ་ནི་ཁྱི་ལུད་དྲི་ཆེན་བཏང༌། །སྤུ་ལ་སྦྱར་བ་ལ་སྲིན་བུ་བགྱུར་དེ་བྲག་ཞུན་གུར་ཀུམ་ག་བུར་བསྣན། །ཡང་ན་རྒྱ་ཚྭ་རྒྱ་སྐྱེགས་བྲག་ཞུན་བཏང༌། །རུས་པར་སྦྱར་བ་ན་ཟུག་ལྡང་དེ་ལ་ཟེ་ཚྭ་མུ་ཟི་སེར་པོ་བོང་ང་དཀརཔོ་བཏང་། །དེ་རྣམས་མདེ་ཁ་ཡིན་པས་ཀུན་ལ་སྤྱི་སྨན་དང་སྦྱར་བས་འཇོམས་པ་ཡིན། །ཆུ་རོང་གི་རྦ་བྱེའུ་ཨོག་དཀར་གྱི་ཤ་ནི་ཀུན་ཤ་སྦྱར་གྱི་གཉེན་པོ་ལ་གཅེསཔ་ཡིན། །ཡང་ན་ཤ་སྦྱོར་ཀུན་ལ་གི་ཝཾ་ཉ་སྣེ་བུ་དང་གྲོང་གི་ཉྭ་གཉིས་སུ་འདོད་སྤྲེའི་མཁྲིས་པ་དང་། །གླ་རྩི་བྲག་ཞུན་བདུད་རྩི་ཆོས་སྨན་སྦྱར་ལ་བཏང༌། །ཡང་ན་སྔོ་སྦྱོར་དགུ་ཡི་ཐང་གིས་འཇོམས། །(དེ་ལ་རེ་རལ་བྲག་སྤོས་ཧ་བོ་གསུམ་སྐྱེར་པ་འོམ་བུ་པྲི་ཡངྐུ་གསུམ་རྩི་མར་སྤང་རྒྱན་སྟག་ཤ་གསུམ་བཏང་ཐབས་ཁ་བསྒྱུར་སྔོ་ཐང་དང་འདྲ་སྦྱར་དུག་ཀུན་སེལ་ཁྱད་པར་ཤ་སྦྱོར་འཇོམས་པར་བྱེད)། །སྤུ་དུག་ནི་རྩ་ལ་འབབ་མཚོགས་མ་གཟེར་དེ་ལ་ཁང་བའི་དུད་པ་རྣམས་ཀྱི་བྲང་ངམ་ཀྲད་རྙིང་ལྟག་གི་སྤུའི་གཞོབ། །རྗེས་ལ་རྣོན་པོ་(དུར་བྱིད་དུང་རྒྱ་ཚྭ་སྟར་བུའི)བཤལ་གྱིས་སྤུ་རོ་སྦྱང༌། །རྨ་བྱའི་སྒོང་དུག་ལ་ཁྱིམ་བྱ་མཚལ་ལུའི་མཁྲིས་པ་དང༌། །པུ་ཤུད་ཅོ་གའི་སྒོ་ངས་འཇོམས་པར་བྱེད། །རྩི་དུག་གཉེན་པོར་གླ་རྩི་ཨ་བི་ཥ། །བསེ་རུ་བཟང་དྲུག་ཆོས་སྨན་ཨ་མྲྀ་ཏ་གཅེས་པ་ཡིན། །ཁྱད་པར་རྩི་དུག་གི་གཉེན་པོར་གླ་རྩི་མེད་དུ་མི་རུང་ངོ༌། །ཡང་ན་ལྷ་ཡི་བདུད་རྩིས་གོང་དུ་བསྟན་ཟིན་པ་ལྟར་ལྷའི་བདུད་རྩི་ཞེས་པ་སྦྱོར་སྡེའི་མིང་ཡིན་གྱི། མཆན་བུ་ལ་ལར་སྒོག་གཅིག་མ་ཞེས་འདུག་ཀྱང་ལྷ་མིན་ཁྲག་དང་ལྷ་ཡི་བདུད་རྩི་སོགས་སྒོག་སྐྱ་ཡིན་ཀྱང་། འདིར་ལྷ་ཡི་བདུད་རྩི་ཞེས་གསུངས་པས། ལྷ་དང་ལྷ་མིན་གཉིས་ཁྱད་པར་ཆེ་ལ། མངོན་བརྗོད་རྣམས་སུའང་སྒོག་སྐྱ་ལ་ལྷའི་བདུད་རྩི་ཞེས་བཏགས་པ་མེད་པས་ནོར་རོ། །འགྲེལ་བ་འདོད་འཇོར་ལྷའི་བདུད་རྩི་ནི་སྦྱོར་སྡེའི་མིང་སྟེ། རྩི་སྦྱོར་སྤྱི་སྨན་དུ། ཡང་ན་མི་དོམ་སྤྲེ་ཕག་ནེ་ཙོ་དང་། །རྨ་བྱའི་མཁྲིས་པ་རེ་རེལ་རོ་ཚན་གསུམ། །བསེ་རུ་ཡུང་བ་གླ་རྩི་ཨ་རུ་ར། །ཆོས་སྨན་གི་གི་ཝམ་འོམ་བུ་བོང་ང་དཀར། །ཙན་དན་དཀར་དམར་སྐྱེར་ཤུན་ཡུངས་དཀར་དང་། །ཚ་ལ་བྲག་ཞུན་གངས་ཆུས་བསིངས་པའི་དབུལ། །ཞེས་པ་འདི་ལ་ལྷའི་བདུད་རྩི་ཞེས་བྱའོ་ཞེས་འབྱུང་། །འཇོམས་པར་བྱེད། །དུག་དངོས་ལ་སྦྱར་བ་ལ་བོང་ང་དཀར་སེར་དམར་པོ་འབྲི་མོག་ཚོས་བཙོད་གསུམ།  །ཨ་རུ་བྲ་སྐྱ་ཧ་བོ་ཕྱ་ཚན་གསུམ་ཡུང་བ་དང༌། །རྒྱ་ཚྭ་བུལ་ཏོག་དྲི་ཆུས་འཇོམས་པར་འགྱུར། །དུག་སྔོ་སྦྱོར་གྱི་གཉེན་པོར་འོམ་བུ་ལུག་མིག་པ། །ཁུར་མང་རྩ་བ་སྤྲ་བའི་ཐོག་གུ་བོང་ངདཀར་པོའི་ལོ་མས་འཇོམས། །ཡང་ན་བྲེ་གུ་སེར་ཐིག་སྔོ་སྤྲ་བའི་ཐོག་ཏུ་ཨུག་ཆོས་དང་། །གི་ཝཾ་བསིལ་ཅུ་གུར་ལི་གསུམ་བསེ་རུ་གླ་རྩི་དང༌། །རྩད་དང་ཀ་ར་དྲི་ཆུས་འཕུལ་བས་འཇོམས། །ཁྱད་པར་ཐང་ཕྲོམ་ལ་སྦྱར་བས་ཤེས་པ་འཁྲུལ་བ་ལ་རེ་རལ་བ་ཤ་ཀ །ཡང་ན་རྒྱ་ཚྭ་སྒོག་སྐྱ་བུད་མེད་ཀྱི་ནུ་ཞོས་འཇོམས། །འོལ་མོ་སེ་ལ་སྦྱར་བ་སྐྲ་དང་སྨིན་མ་འབྱི་གསུས་པ་ཆེ་རྐང་ལག་ཕྲ་དེ་ལ་བ་ལེ་ཀ་བ་ཤ་ཀ །ཞོ་ཤ་སྟེ་གླ་གོར་ཞོ་ཤ་ལ་སྦྱར་ན་གསུས་པ་ཆེ་རྐང་ལག་ཞ་དེ་ལ་སུག་སྨེལ་ཅུ་གང་ཏིག་ཏས་འཇོམས།  །དུར་བྱིད་ལ་སྦྱར་བ་རྒྱུན་དུ་འཁྲུ་དེ་ལ་སོགས་འཁྲུ་བྱེད་གཉེན་པོར་སྦྱར་བ་ལ་ནི། །དྲོད་སྐྱེད་སེ་སུག་ཤིང་པི་བཞུ་བ་ལ་ཚ་སྣའི་ཕྱེ་མ་དང་རོ་སྦྱང་ཨ་རུ་དོང་ག་ལྕུམ་རྩ་གཅོད་པ་ད་ཏྲིག་སྨན་སོགས་གཅེས། །འཁྲུ་བའི་དུག་ལ་རོ་སྦྱང་བའི་ཚེ་བཤལ་སྨན་དུར་བྱིད་དན་རོག་ཐར་ནུ་སོགས་ཀུན་མེ་དྲོད་ལ་གནོད་དེ། །དེ་ཕྱིར་ཨ་རུ་ལྕུམ་རྩས་བཀྲུ་བར་བྱ། །སྔོ་སྦྱོར་གྱི་དུག་ནད་ཀུན་ལ་གཉེན་པོ་རེ་རལ་བེ་བྲག་ཐང་སྐྱེས་གསུམ་གཅེས་པ་ཡིན། །གསུམ་པ་ན་ལུགས་སྒོ་ནས་བཅོས་པ་མཛེ་དུག་ལ། །རྩ་སྦྱོངས་བྱང་པ་རྒྱ་ཚྭ་མཚལ་སྡེ་སྲིན་ཁ་ཆེ་ལི་ཤི་ཧ་ཤིག་ཚ་ལ་གླ་རྩི་བོང་དཀར་སྤོས་དཀར་གུ་གུལ་གྱི་སྟེང་ལ་སྔོན་དུ་ཁྱུང་ལྔ་བསྣན་པའང་བཤད། (བཤལ་དྲག་པོ་བཏང་རྗེས་ལ་བ་ཤས་ཚས་བྱ་ལོ་བརྒྱད་དྲི་ཆུ་བཏུང་)ཐང་(སྐྱེར་ཤུན་གི་ཝཾ་བེ་དོ་ཨ་རུ་བོང་ང་ཏིག་ཏ་བྲག་ཞུན་ཞིམ་ཐིག་འདོད་འཇོར་ལ་ཐོ་ཤ་གསུངས་གངས་ཆུ་ལ་བསྡུས་ལ་བཏང་རྔུལ་མང་བྱུང་ན་ཁམས་གསོ་བར་བྱའོ་)ཕྱེ་(རེག་པའི་སྐབས་སུ་བཤད་པ་ལྟར་བཏང་)རིལ་བུ་(ལ་རའི་འོ་མ་ལྟོ་སྟོང་ལ་ཞག་ལྔ་བཏང་ཨ་རུ་རྨ་བྱའི་མདོངས་མུ་ཟི་ཅོང་ཞི་ཅུ་གང་ཀྱི་ལྕེ་ཀ་ར་མི་ཚིལ་སྦྲང་བུར་ལ་རིལ་བུ་བྱས་པའོ་)སྨན་རྩིས་(མཁྲིས་པ་སྣ་ཚོགས་དངུལ་ཐལ་དུར་བྱིད་ལྡོང་རོས་ཁྱི་ལུད་སེར་ག་མ་ར་ཐུག་གི་སྦྲེ་དྲི་ཆེན་ཨ་མྲྀ་ཏ་སྦྲང་པོ་སྦྲང་སྨྱོན་ཆེ་ར་ཁྲག་བུ་མོ་ལོ་བཅོ་ལྔ་ལོན་པའི་ཆུ་ལ་སྦྱར་བས་བྱུག)བཅོས། །སྨྱོ་བའི་དུག་ལ་སྤང་རྒྱན་དཀར་པོ་བཟང་ཅུ་གུར་ལོ་ཛཱ་སུག་ཀ་དྲུག་སྦྱར། །སྒོག་གཅིག་ཆ་གཅིག་ས་མཚུར་ཆ་གཉིས་གུར་ཀུམ་ཆ་གསུམ་བྲག་སྐྱ་ཧ་བོ་ཆ་བཞི་དང༌། །རེ་རལ་ཆ་ལྔ་རིམ་བསྐྱེད་བ་འོ་འདི་ལ་ར་འོ་བྱས་པའང་འདུག་སྦྱར་ལ་བཏང༌། །འབྲས་བུ་ཨ་བར་སྐྱུར་གསུམ་པོ་ཆང་དུ་སྦངས་ཁུ་བཏུང༌། །རུས་སྣའི་ཁུ་བར་ཤིང་ཀུན་པི་པི་ལིང༌། །ཁ་ཚར་བཏབ་བཏང་དྲུག་བདུན་ནུ་དབྲག་བསྲེག །འབོག་ན་སེ་འབྲུ་སྒོག་སྐྱ་དྭ་བའི་འབྲུརྣམས་ཀྱི། །སྨན་མར་སྦྱར་ལ་བཏང་བའི་རྗེས་ལ་གོང་བཞིན་རུས་བྲག་དྲུག་བདུན་བསྲེག །གྲི་རྒོད་དུག་ལ་བུ་མོ་ལོ་ལྔའམ། །ལོ་དགུ་ལོན་པའི་དོན་ལྔ་དབང་པོ་ལྔ། །ཉུང་གཞི་ལས་བྱུང་བའི་ས་བོན་བཙིར་བའི་མར་ཁུ་སྦྱར་ལ་སྔགས་འདི་གདབ།  །ཨོཾ་ཏྲིག་ལེ་ཏྲི་སྭཱཧཱ། །ཞག་གསུམ་ལྟོ་བ་བཀུག་ལ་བཏང་བར་བྱ། །ཁ་རྨ་རྒྱུ་སྐམས་ཤུག་ལོས་རྒྱུ་ཞབས་བདུག །ལྷམ་མཐིལ་ཀོ་ཀྲད་རྙིང་པ་སེར་ཙམ་བསྲེགས་པ་རྩ་ཨ་བ་རྭ་གཞོབ་མཁུར་བཀང་བཅང༌། །ཨ་བི་ཥ་དང་རྨ་བྱའི་མཁྲིས་པ་མ་རྙེད་ན་བྱ་མཚའ་ལུའི་དང་། །ཏེ་ལོ་དང་རྨིག་པའི་འདོད་འཇོར་སྟག་དང་ཏེ་ལེ་ཤ་ཞེས་པ་དང་སྣང་ངོ་ཤ་གཉིས་མ་རྙེད་ན་བྱ་མཚའ་ལུའི་ཤ་ཅོད་ཁྲག་སྦྲང་སྨྱོན་རིལ་བུ་སྦྱར། །ཟ་རེམ་ལྟག་དགྱེ་ལྡད་ཆུ་ཕྱུགས་ཀྱི་ལྡད་བྱས་པའི་ཆུ་འཛོར་ཀྱང་ཟུར་མཁར་བས་ཉ་ཁྲག་ལ་བཞེད་ཁྱིམ་བྱ་ཕོ་ཡི་ཁྲག  །གཙོད་ཁྲག་རྩད་སུ་མེ་དང་གླ་རྩི་སྦྱར་ལ་བཏང༌། །རྒྱ་ནད་རེངས་འཁུམས་དོམ་མཁྲིས་ཨ་རུ་ར། །(ཤིང་རྟ་མོ་འདབ་ཆགས་རྨིགས་པ་སྡིག་པའི་)ཤ་གསུམ་མཛོ་ཡི་མར་དང་སྦྱར་ལ་བཏང༌། །སྲིན་བུ་སྣ་ཟན་བྱ་ཁྱུང་ལྔར་སྲིན་སྨན་གྱི་ཁ་ཚར་ཅན་གྱི་རིལ་བུས་འཇོམས། །སྨུག་པོ་འཇུ་སྐེམས་སྨུག་པོ་སྤྱི་རྡོ་རྩི་སྔོ་གསུམ་གང་རིགས་ཡི་སྨནདང་། །དུག་གི་མང་སྦྱོར་ཆེན་མོ་ལྟག་པ་སྤྲད་པས་འཇོམས། །མཁྲིས་པ་མིག་སེར་དང་པོ་(ར་ཁྲག་ཁྱི་ལུད་དྲི་ཆེན་ཁུ་བ་དང་སྦྱར་བའི་)ཁྲག་བཤལ་བཏང༌། །དེ་འོག་(སྐྱེར་ཤུན་ཁུ་བ་ཕུལ་ཕྱེད་བྱིན་ཆུ་སྐོལ་ལན་བཞི་བཏང་བའི་)སྐྱུགས་དང་(ཞི་བྱེད་སྦྲང་དང་བ་ཆུ་ཕུལ་གང་བསྲེས་ལ་བྱིན་རའི་རྭ་གཞོབ་ཆུ་ལ་སྦྱངས་ལ་བཏང་ཞག་བཞི་ནས་ལོང་རྩ་ལ་)གཏར་གྱིས་བཅོས།  །རིམས་ནད་རྩར་བྱེར་སྔོ་ཐང་ཆེན་མོ་གོང་གི་གཙོ་བོ་དྲུག་འཁོར་ཁ་བསྒྱུར་བཅས་པ་བཏང༌། །དེ་ནས་གོང་གི་རྩི་སྦྱོར་གང་རིགས་ལ་ཤ་སྦྱོར་སྤྱིའི་གཉེན་པོ་སྡེབས་པས་ཕྱེ་མ་བཏང་རྗེས་ལ་མེ་ཡིས་བཅད། །ནག་པོ་ཐོག་བརྡེག་གཉེན་པོ་གི་ཝཾ་སྟེ། །ཤ་སྦྱོར་སྤྱི་ཡི་གཉེན་པོར་གོང་གི་གི་ཝཾ་དང་ཉ་སྤེ་བའི་མཁྲིེས་པ་དེ་བསྡེབས་ཏེ་སྦྱར། །བཞི་པ་བདུན་པའི་སྦྱོར་བ་ནི་འཁྱམ་པོ་གཟའ་ནད་གཉེན་པོ་བཞི་པ་བདུན་པའི་སྦྱོར་བ་འདི་ཐོག་མར་འཁྱམས་པོ་གཟའ་ནད་ཀྱི་གཉེན་པོ་ལྟ་བུར་གསུངས་ནས་དེའི་མཇུག་ཐོག་ཏུ་མཚོན་ཆ་སོགས་ཐམས་ཅད་བཞག་བདུན་གྱིས་གསོ་ཐུབ་པ་དུག་རིགས་ཐམས་ཅད་ཀྱི་སྤྱི་སྨན་ངོ་མཚར་ཅན་གསུངས་པ་ཁ་པོ་ཆེར་སྣང་ངོ་། །གུ་གུལ་ནགཔོ་ཆ་གཅིག། བེར་སྐྱེར་རེ་རལ་ཆ་གཅིག་ཨ་རུ་ར་གསེར་མདོག་ཆ་གཉིས་དང་ཁང་པའི་དུད་པ་ཆ་གཉིས་ཏེ་སྨན་འདི་བཞི་བ་ཆུས་རིལ་བུ་དྲིལ་དང༌། །གསེར་སྐུད་རྒྱ་ཚྭ་ཨ་ཤོ་བ་སྤྲུ་གནྡྷ་དང༌། །རྩ་ར་སྲུས་མ་ལྕུམ་རྩ་རྒྱ་སྣེ་སྣེའུ་རྒྱབ་དམར་པོ་ཡོད་པ་བུལ་ཏོག་དུག་ནད་ཐམས་ཅད་འཇོམས། །སྨན་དང་པོ་གཉིས་ཆ་རེ་རེ་གཉིས་པ་ཉིས་ཆ་གཉིས་གཉིས་སྨན་གོང་མ་བཞི་རིལ་བུ་དང་འོག་མ་བདུན་དུ་ཕྱེ་མ་དུ་སྦྱར། །གོང་མ་བཞི་བ་འོའི་བྱེད་བ་ཡི་ཆུ་ལ་རིལ་བུ་སྦྱར་འོག་མ་བདུན་པོ་ཕྱེ་མ་བྱ། །བཞི་བའི་རིལ་བུ་བདུན་བདུན་ཚ་ན་གླང་གི་ཆུ་དང་གྲང་ན་ཆང་གིས་དབུལ། །བདུན་པའི་ཕྱེ་མ་ཞོ་རེ་ཕུལ་རེ་བཤད་གྲང་ན་ཆང་དང་ཚ་ན་དྲི་ཆུས་དེད། །མཚོན་ཆ་གསལ་ཤིང་ཧོས་དང་རྩི་ལ་སོགས། །ལོ་ཟླ་ཞག་དང་ཕྱི་ནང་སྦྱོར་བའི་རིགས། །ནད་རིམས་མི་འདྲ་སྣ་ཚོགས་གཏོང་གྱུར་ཀྱང་། །བཞི་བ་བདུན་པའི་སྦྱོར་བ་འདིས་ནི་ཞག་བདུན་གྱིས་ནི་ངེས་པར་གསོས་པར་ནུས། །དེ་རྣམས་ནི་སྡུད་གསོད་སྦྱོང་བ་ཆིག་ཆོད་སྦྱོར་བ་བྱེད་པ་ཡིན། །གཟེར་ནད་ཆུ་འགགས་ལ་གླ་རྩི་བོང་ང་དཀར། །ཆུ་ནང་གི་སྦུར་ཆུང་ནག་པོ་ཡུང་བ་ཐལ་ཀ་རྡོ་རྗེ་དང་། །འབྲི་མོག་ཁུར་རྩ་ར་ཁྲག་སྦྱར་བས་འཇོམས། །དེ་འོག་རྩ་སྦྱོངས་རྗེས་ལ་དམུ་ཆུའི་སྨན་གང་འཕྲོད་བསྟེན། །བཞི་བ་ལྡང་བའི་དུས་ཀྱི་སྒོ་ནས་བཅོས་པ་ནི། །ཞག་དུག་གཉེན་པོ་གོང་གི་བཞི་བ་བདུན་པའི་སྦྱོར་བ་དང་འདྲ་བ་གཞན་ན་མེད། །ཟླ་དུག་བདུད་རྩི་སྔོ་ཡི་སྦྱོར་བས་གོང་དུ་བཤད་པ་སེལ། །ལོ་ཡི་དུག་ལ་རིན་ཆེན་སྦྱོར་བ་དང་རྩི་སྦྱོར་གོང་ལྟར་བསྟེན། །ལྔ་བ་བབས་ས་གནས་དང་སྦྱར་ལ་བཅོས་པ་ནི། །སྙིང་ལ་བབས་ན་མུ་ཏིག་(ཅུ་གང་གུར་ཀུམ་རེ་རལ་འདམ་བུ་ཀ་ར་དབང་ལག་བོང་ང་དཀར་པོ་)ཀ་རབདུན་པའམ། །ཙན་དན་(གུར་ཀུམ་ག་དུར་ཏིག་ཏ་སྙི་བའི་མེ་ཏོག་)ཀ་ར་ལྔ་དང་ཤ་སྦྱོར་(རི་བོང་གི་སྙིང་ཏེ་ལོའི་ཤའམ་ཀླད་པ་སྲེག་པའི་སྒོ་ང་ག་བུར་རྣམ་སྣང་)དྲི་ཆེན་ཀ་ར་ལྔ་པ་སྦྱོར། །གློར་བབས་ག་བུར་(ཙན་དན་དཀར་དམར་ཅུ་གང་གུར་ཀུམ་བ་ལེ་ཀ་རྒུན་འབྲུམ་རྒྱ་ཚྭ་བྱི་ཏང་ག)ཀ་ར་དགུ་དང་ཤ་སྦྱོར་(དོམ་གྱི་ཤ་གླ་བའི་སྙིང་སྲེག་པ་དང་སྲིན་བྱའི་ཀླད་པ་ཧོང་ལེན་ག་བུར་ཁྲུ་གང་འོག་ས་དྲི་ཆུ་)བརྒྱད། །མཆིན་བབས་གུར་ཀུམ་(ཅུ་གང་ཏིག་ཏ་ཀ་ཀོ་ལ་ནཱ་ག་གེ་སར་ནཱ་ག་པུཥྤ་བ་ལེ་ཀ་ཨུཏྤལ་ལི་ཤི་པྲི་ཡངྐུ་ཤིང་ཚ་ཤིང་མངར་)བཅུ་གཉིས་ག་བུར་(གུར་ཀུམ་ཨ་ག་རུ་ལི་ཁྲི་མཚལ་ཏིག་ཏ་ཧོང་ལེན་རེ་རལ་གྲོ་ཆང་སྲོ་ལོས་བསིངས་པ་)དགུ། །མཆེར་བབས་ལི་ཤི་(གུར་ཀུམ་ཅུ་གང་སུག་སྨེལ་ཏིག་ཏ་རྡོ་དྲེག་བ་ཤ་ཀ་སྟག་སྟག་ཚེར་ཟེར་བའང་འདུག་སྡེར་སྟག་ཚེར་ཟེར་བའང་འདུག་དོམ་མཁྲིས་གླ་རྩི་ཨུཏྤལ་ཀ་ར་དང་སྦྱར་བའི་)བཅུ་གཅིག་སེ་འབྲུ་དགུ་(ཤིང་ཚ་གུར་ཀུམ་པི་ལིང་ཀ་ཀོ་ལ་རུ་རྟ་བོང་ང་བ་ལེ་ཀ་སུག་སྨེལ་ཟེར་བའང་འདུག་མཁྲིས་ཆེན)ཀ་ར་ཆུ་གྲང་གིས་དབུལ། །ཡང་ན་ཤ་སྦྱོར་(ནས་ཟན་དང་པུ་ཤུད་ཀླད་པ་རའི་མཆེར་པ་གླ་བའི་སོ་སྟག་གི་ཤ་རུ་རྟ་བ་ལེ་ཀ་བེའུའི་སྙིང་རིའུའི་སྙིང་རྣམ་སྣང་ག་བུར་སྲེག་པའི་བྲུན་) །བཅུ་གཉིས་བསྟེན་པར་བྱ། །མཁལ་མར་བབས་ན་ད་བྱིད་(ཞོ་ཤ་གསུམ་གུར་ཀུམ་སུག་སྨེལ་ཛཱ་ཏི་ལི་ཤི་ཀ་ཀོ་ལ་རྒྱ་མཚོའི་ལྦུ་བ་པུ་ཤེལ་རྩེ་མཚེ་ཚིགས་སྲིན་བུ་དུག་མོ་ཉུང་ཐལ་ཀ་རྡོ་རྗེ་སོ་མ་ར་ཛ་དང་)བཅུ་དྲུག་སྦྱར། །སྣོད་དུ་བབས་ན་ཡང་ཨ་རུ་དུར་བྱིད་ལྕུམ་རྩའི་བཤལ་ལས་ལྷག་པ་མེད། །ཕྱེ་མ་སེ་འབྲུ་(སུག་སྨེལ་རྒྱ་ཚྭ་རྒྱམ་ཚྭ་སླེ་ཏྲེས་སྟར་བུ་མ་ནུ་ཙི་ཏྲ་ཀ་ད་ཏྲིག་སྡིག་པ་ཤིང་ཚ་སེ་ཡབ་ལང་ཏང་ཙེ་ཨ་རུ་ཀ་ར་ཉུང་གཞིའི་མར་ཁུ་དང་སྦྱར་བ་གངས་ཆུས་དབུལ་)བཅུ་བཞི་སྦྱར་བས་འཇོམས། །ཁྱད་པར་ཕོ་བར་བབས་ན་སེ་འབྲུ་(ཤིང་ཚ་ལི་ཤི་རྒྱམ་ཚྭ་ཁ་ཆེ་གོ་སྙོད་)དྲུག །རྒྱུ་མར་བབས་ན་གླ་རྩི་(བོང་ང་དཀར་པོ་རེ་རལ་འདམ་བུ་ཀ་ར་ཅུ་གང་མཚལ་)དྲུག་པ་སྦྱར། །ལོང་དུ་བབས་ན་སྒོག་སྐྱ(ཆིག་སྐྱེས་བྱི་ཏང་ག་ཨ་རུ་གུར་ཀུམ་)བཞི་པ་སྦྱར། །ལྒང་པར་བབས་ན་སྡིག་སྲིན་(རྒྱ་ཚྭ་སུག་སྨེལ་གླ་རྩི་ཉི་དགའ་ཨ་རུ་)དྲུག་པ་སྦྱར། །མཁྲིས་པར་བབས་ན་(ག་བུར་གུར་ཀུམ་ཅུ་གང་ཏིག་ཏ་བ་ལེ་ཀ་ཤིང་མངར་ཧོང་ལེན་)ཀ་ར་དྲུག་འགྱུར་བདུན་པ་སྦྱར། །ཤ་དང་ལྤགས་ལ་བབས་ན་རྔུལ་དུ་དབྱུང༌། །དབྱུང་ཐབས་གསུམ་སྦྱོར་(བཟང་དྲུག་གིས་དོན་ཚད་འཕུལ་ཚ་བ་གསུམ་གྱིས་སྣོད་ཚད་འཕུལ་འབྲས་བུ་གསུམ་གྱིས་ཕྱི་ཚད་འཕུལ་བར་བྱེད་པས་ཆ་གསུམ་དུ་བྱས་ལ་གཅིག་ཐོ་རངས་ཆང་གིས་འཕུལ་ལ་བཏང་བས་ལམ་འབྱེད། །གཅིག་སྔ་དྲོ་རུས་ཁུས་དབུལ་ཚ་བ་འཕུལ་བས་གོས་དྲོ་བར་གོན།  གཅིག་ཉི་ཕྱེད་ཆབ་ཚས་དབུལ་རྔུལ་དབྱུང་བར་བྱའོ་) །རྒྱ་སྣེའི་རྒྱ་སྣེ་ལ་འདོད་ལུགས་འགའ་ཞིག་ཡོད་ཀྱང་རང་ལུགས་སྣེའུ་སྒོ་བཟང་ཞིང་ལོ་མ་རྒྱ་ཆེ་བ་རྒྱ་སྣེ་དང་། སྣེ་ངན་པ་ལོ་མ་ཆུང་བ་བོད་སྣེ་ཡིན། རྒྱ་སྣེ་ལོ་མའི་རྒྱབ་དམར་བའོ། །སྦྱོར་བ་ཤིས་(དུ་བ་བྱ་བལ་མ་དང་གུ་གུལ་ནག་པོ་ཆ་མཉམ་དེའི་བརྒྱད་འགྱུར་རྒྱ་སྣེ་མ་རུ་ཙེ་ཨ་ཤོ་གནྡྷ་བ་སྤྲུ་བ་ཆུའི་རིལ་བུ་བྱ་ཐོ་རངས་ཆང་གིས་དབུལ་ནམ་བདུན་ལོན་ནས་སྣེའུ་དེ་བཅོས་པས་བདུགས་ལ་རྔུལ་དྲག་ཏུ་དབྱུང་ངོ་) །རྔུལ་རྗེས་བལ་དང་ཕྱེས་ཕྱེ་ཤ་གསར་ཚོ་ཁུས་ཁམས་གསོ་བཏང༌། །ནད་ཟུངས་དང་སྦྱར་ལ་ལན་གྲངས་གསུམ་ལྔ་ཅི་རིགས་གདོན། །ཚད་རྙིང་བ་སྤུར་འདོན་པའི་དཔྱད་མཆོག་ཡིན། །རུས་ཞེན་སྤྲ་ཡས་བྱེར་ཐོར་ཁོལ་བུར་གྲམ་པ་ལ། །རྔུལ་གྱིས་མི་འདྲོངས་རླངས་ལུམས་བྱས་ལ་གདོན(ཚ་བ་ཆེ་ན་བདུད་རྩི་ལྔ་གྲང་རླུང་ཅན་ལ་མི་རུས་བཙའ་མས་ལཐབ་བཅས་སྟེ་རླུང་སྒོ་དུད་ཁུང་བཞག་ཟངས་སུ་བསྐོལ་ཞིང་ཁྲི་ལ་ཕྱ་ར་རྒྱངས་ལ་གླ་ལོག་སྤོས་ཀྱིན་དབྱུང་ཁམས་གསོ་བཏང་ངོ་) །ཤིན་ཏུ་གདོན་དཀའ་རང་བྱུང་གི་ཆུ་ཚན་གྱི་ལུམས་བྱ། །རྩ་ལ་བབས་ན་ནང་རྩ་རྩ་ནས་སྦྱོངས་ཀྱིས་སྦྱང༌། །ཕྱི་རྩར་བབས་ན་གར་བབས་དེ་རྩ་ཁ་ཕྱེ་ཙམ་གཏར། །དེ་རྗེས་ཨ་རུ་ར་དང་གཡག་གི་མཁྲིས་པ་དང་ཉུང་གཞི་བཙིར་བའི་མརཁུ་དང་། །ཅོང་ཞི་བུ་མོ་ལོ་བརྒྱད་ལོན་པས་དྲི་ཆུས་འཕུལ་བས་དུག་རྒྱས་པ་འཇོམས། །འདི་ས་བཅད་གཉིས་པ་ཡིན་པ་གསུམ་པ་བྱས་པར་འཁྲུག་སོ་གསུམ་པ་དུག་ནད་དུག་གིས་བཅོས་པ་ནི། །ནང་ཡན་གྲོགས་པོ་མཚོན་ཆ་རྣམ་པ་གསུམ། །རིན་ཆེན་ལ་སྦྱར་བ་ལ་ནང་ཡན་གསེར་དངུལ་བྱུ་རུ་ཟངས། །མུ་ཏིག་གཡུ་དྲུག་སྲན་ཙམ་རེ་རེ་གྲོགས་སུ་རྡོ་དྲེག་ཁ་དོག་གིས་དབྱེ་བ་རིགས་ལྔ། །གསོད་པའི་མཚོན་ཆར་བསེ་རུ་དཀར་པོ་བསྐུར་བས་འཇོམས། །རྡོ་ལ་ནང་ཡན་གངས་ཐིགས་ཆུ་ནང་གི་རྡེའུ། །གཡུ་དང་མཚལ་དཀར་ཅོང་ཞི་རྣམ་པ་ལྔསྲན་མ་ཙམ་རེ། །རིན་ཆེན་དང་རྡོ་གཉིས་ཀར་ཚ་བ་སྒ་པི་ཕོ་གསུམ་གྱི་གྲོགས་ལ་ཟེ་ཚྭའི་མཚོན། །ཤ་སྦྱོར་ལ་ནང་ཡན་དང་བུ་མོ་ལོ་བཅུ་བདུན་ལོན་པ་རེ་འུ་རྒྱ་བོ་དང་ཁྱིགུ་མིག་མ་ཕྱེ་བ་དང་། །ཁྱིམ་བྱ་མཚའ་ལུ་རྣམས་ཀྱི་མཆིན་པ་དང་རྨ་བྱའི་ཤ་དང་ལྔ་པོ་སྲན་མ་ཙམ་རེ་བྲག་ཞུན་གྲོགས། །གསོད་པའི་མཚོན་དུ་བོང་ང་དཀར་པོ་བསྐུར། །དུག་དངོས་སྦྱར་བ་ལ་ནང་ཡན་དུག་སྣ་ཅི་ཚོགས་པ་སྲན་མ་ཙམ་རེ་ལ། །གྲོགས་སུ་ཨ་རུ་ར་གསེར་མདོག་བདུན་འགྱུར་མཚོན་དུ་མའི་དྲི་ཆུ་བསྐུར། །དུག་དེ་སློང་ཞིང་སྡུད་པ་དང་ངོ་བོས་ངོ་བོ་འཇོམས་པར་བྱེད་པ། །དཔེར་ན་སྲུངས་མ་བདུད་དུ་བབས་དང་མཚུངས། །དེ་ལྟར་སྦྱོར་བའི་གཙོ་བོ་ངོས་འཛིན་ཕྱི་ནང་ཡན་གང་གང་ཡིན་སྲན་ཙམ་རེབཏང་ངོ་། །དེ་བས་ཆེས་ན་ནང་ཡན་དགྲ་ལ་ལྡོགའདུ་བ་རང་གྲོལ་གྱི་སྦྱོར་འདི་སྨན་དང་སྔ་མ་ཚོ་དང་ལྟག་པ་སྤྲད་ཀྱང་ཤི་རྫོང་འཕྲང་དུ་ཤ་སྦྱོར་ལ་རིགས་མང་པས། དཔེར་ན་ར་ལྟ་བུ་གཅིག་གི་མཆིན་པ་དང་གློ་བ་ཀླད་པ་མིག་དང་རུས་པ་ལ་སྦྱར་བ་སྟེ་དེ་རང་ན་འོང་བས་རང་གྲོལ་གྱི་སྦྱོར་བ་ལ་ཡང་མིག་སོགས་གང་ན་བ་དེ་རང་སྣ་ཁྲིད་དུ་གཏོང་རིང་། དེའི་རྟ་བྱ་ཁྱི་ཟེར་མོ་གང་ལ་སྦྱར་བ་དེའི་དབང་པོ་ལྔ་སོགས་གང་ལ་སྦྱར་ལ་དེ་རང་སྣ་ཁྲིད་དུ་གཏོང་ངོ་། གལ་ཏེ་རིན་པོ་ཆེ་དང་ཤ་དང་དུག་དངོས་སོགས་འདྲེས་པར་སྦྱར་བ་འདུག་ནའང་གསུམ་ཆར་གང་འདུག་དེའི་སྣ་ཁྲིད་གཏོང་ཞེས་འབྱུང་ངོ་པ་ཡིན་ནོ།།གསུམ་པ་དུག་ནད་སྔགས་ཀྱིས་གསོ་བ་འདི་ལྟ་སྟེ། །ཨོཾ་ཀ་ལི་ཀུ་ཀུ་རི་ཧད་འུང༌། །འབུ་འཛུ་བྷ་ཏི་སེ་དྷ་ན་དྷ་བྷིས། །བྷ་གང་འུང༌། །ཨ་ན་བྷིས།  རྡེས་གང་འུང༌། །བྷིས་པ་རི་ཀ་འུང༌།  བྷིས་གང་དྷི་བྷིས།  ཧ་ར་ཧ་ར་མེ་ཧཱུཾ་ཁྱི་སྭ་ཧཱ།  སྲབ་བྷ་ར་བྷིས།  ལ་ཧི་ཀ་རོ་ཨ་མྲྀ་ཏ་ཀ་རི་པ་རི་ན་ཧོ། །མ་ཧཱ་དེ་རོ། །ནི་ལེན་ཀན་དྷ་ཏོ་ཧོར་ཙ།  ཧ་རི་བྷིས།  ནན་ཏི་བྷིས།  སྔགས་འདི་དང་པོ་བཙན་དུག་གམ་ཟངས་ལ་བརྒྱ་བཏབ་ཏེ་བཏང་ངོ་ཨོཾ་ཤད་དེ་ཤད་དེ་སྭཱཧཱ། སྔགས་འདི་ཟས་ཀྱི་དངོས་པོར་བཙན་དུག་གམ་བཟང་ལ་བརྒྱ་བཏབ་ལ་ཟས་ཟོས་རྗེས་བརྒྱ་བཟླའོ ཨོཾ་ཤེད་ཤེད་བི་ཤེད་སྭཱཧཱ། སྔགས་འདི་བཙན་དུག་གམ་སྨན་ལ་བཏབ་ལ་བཏང་ ཨོཾ་ཀྲུག་ལེ་ཧྲི་ཨ་ཧྲི་ཁ། ཨོཾ་ཀ་ལེ་ཞེས་པ་ནས་ནན་ཏི་བྷིས་ཞེས་པའི་བར་ཉི་ཤུ་རྩ་གཅིག་རེས་རང་ཉིད་སྲུང་བ་སྟེ། །བརྒྱ་ཆུའི་སྦང་པ་གང་ལ་འམ་སྟོང་བཟླས་པ་དག་གིས་གཞན་གྱི་དུག་ནད་སེལབར་བྱེད་དོགཞན་ཡང་སྔགས་འདི་ཉིད་ཀྱིས་ནི་བཙན་དུག་ཤ་དུག་སྦྱར་དུག་མ་ལུས་པ་འཇོམསསོ། །བར་ཚེག་མེད་པར་མཐིང་ཤོག་ལ་གསེར་གྱིས་བྲིས་ནས་རང་སྔགས་བཟླས་པའི་རབ་གནས་བྱས་ནས་བཏགས་པས་ཐུབ། །དྲང་སྲོང་རྣམས་ཀྱིས་འདི་ལ་གཅེས་པར་གྱིས

སྤྱི་དོན་ལྔ་པ་དེ་ནས་གསོ་བའི་ལོག་གནོན་བསྟན་པ་ནི། །ཟས་དང་སྤྱོད་ལམ་འཁྲུལ་ནས་ལོག་པ་དང༌། །གདོན་གྱིས་ལོག་དང་བླ་གཉན་ཐོར་བུའི་ནད། །འདུ་བ་ལོག་དང་གཅོང་དུ་ལོག་པའོ། །དང་པོ་ཟས་སྤྱོད་ཀྱིས་ལོག་པ་སྐྱོན་ཉིད་ཡོན་ཏན་འགྱུར། །གསོད་ཅིང་སྦྱོང་བ་རོ་མི་ལྡས་ལས་པའི་རྒྱུརུ་འགྲོ་བའོ། །གཉིས་པ་གདོན་གྱིས་ལོག་པ་མོ་ཕྱྭ་རིམ་གྲོས་བཅོས། །གསུམ་པ་བླ་བསྣོན་མ་གཉན་ཐོར་བུའི་ནད་གཅིག་ཏུ་མི་འདུ་བའི་དོན་སྣ་གང་བྱུང་བསལ། །མགོ་དང་ཀླད་པ་ན་ན་ག་བུར་(ཅུ་གང་བྲག་ཞུན་ཏིག་ཏ་ཨ་རུ་ཙན་དན་དུག་ཉུང་བ་ལེ་བ་ཤ་)ཀ་ར་དགུ། །ཕུག་རོན་གྱི་སྒོང་མར་དང་སྦྱར་ལ་ར་མཁྲིས་པ་དང་སྣུར་ན་ཆུ་དང་ཡིས་དབུལ། །སྐྱེས་པདར་མའི་ཆུ་དང་གཉེན་པོ་(གཡག་མཁྲིས་བ་སྤུ་གླ་རྩི་ལྕམ་པ་)བཞི་སྦྱར་བཏང༌། །ཡང་ན་རྡོ་སྦྱོར་(གངས་ཐིགས་སྦལ་རྒྱབ་ཚ་ལ་ཅོང་ཞི་ཆོ་ལོང་འབྲུག་རུས་)དྲུག་པ་བཏང་བས་སེལ། །མིག་དམར་ཚ་འགྲིབས་བྱུག་སྨན་(ནི་ག་བུར་གླ་རྩི་སག་རྩི་མར་དཀར་ཨ་རུ་བྱུག་ནུ་ཞོ་དང་སྐྱེར་པ་བྱུག་ཆུ་ལྕག་བྱ་འབྲས་བུ་གསུམ་སྐྱེར་པ་གོ་སྙོད་ཨ་འབྲས་ཀ་ར་བ་མར་གྱི་སྨན་མར་སྦྱར་ལ་)མིག་རྩ་དང་སྣ་རྕེ་གཏར་བས་བསལ། །མིག་འགྲིབས་དོམ་མཁྲིས་གླང་རོག་མཁྲིས་པ་བཏང༌། །སྣ་ཁྲག་འཛག་ན་མེ་ཏོག་རྩ་གཉིས་སྤྲུ་མ་སྲན་མའི་མེ་ཏོག་ཤ་རུ་སྨྱུག་ཤུན་སྲོ་ལོི་ཙན་དྣན་དཀར་པོ་སྙིང་ཞོ་ཤ་ག་བུར་ཛཱ་ཏི་རྣམས་ཕྱེ་མ་བདུན། །ཤིང་མངར་ཐང་ལ་དོམ་མཁྲིས་བཏབ་སྟེ་བཏང༌། །གྲེ་བ་འཛེར་འགགས་མཆེར་པ་(བ་ལང་མཆེར་སྐམ་ལི་ཤི་ཆུ་གྲང་སྦྱར་བའི་)སྦྱོར་བའམ། །སྤང་རྒྱན་(བོང་ང་སེ་བའི་མེ་ཏོག་འཕང་མའི་བསྡུས་ཐང་)ཨ་རུ་གཅིག་བསྲེགས་གཅིག་མ་བསྲེགས་པའི་བསྡུས་ཐང་)སེ་རུལ་བགྲུངས་པའི་(ཁུ་བ་དྭངས་མས་སེ་རྒོད་བར་ཤུན་གླ་རྩི་བཅས་བསྡུས་པའི་)སྦྱོར་བས་བསལ། །གློ་སྙིང་གདུང་ན་སྤྱི་སྨན་སྟེང་དུ་གི་ཝཾ་(ཤུག་པ་གཡེར་མ་)སུམ་སྦྱོར་བཏང༌། །སྙིང་འཕྱོ་སྟབ་སེང་ཆང་དུ་སྦངས་ཁུ་ལ། །ཛཱ་ཏི་བཏབ་བཏང་བདུན་པ་མེ་ཡིས་མནན། །གློ་སྐམ་མང་ལུ་བུར་དཀར་(སྤང་རྒྱན་ཅུ་གང་ལི་ག་དུར་སྟར་བུ་རུ་རྟ་སེ་འབྲུ་སྲོ་ལོ་སྲིན་བྱའི་ཤའི་)ཏིང་ཁྲོལ་བཏང༌། །མཆིན་པ་ན་ན་བ་མཁལ་གླ་གོར་ཞོི་ཤ་ཤ་འདྲ་བ་ལ་ཟུར་མིག་དུ་འདྲ་བ་ལེགས་ཅིང་(ཀྱང)མདོག་སྨུག་པ་མཆིན་པ་ཞོ་ཤ་ཟེར་བ་དེ་ཡིན་སྨུག་པོའི་ཐང༌དང་བྲག་ཞུན་གདུས་ཐང་ལ་ཋ་ཏྲ་ནཱ་སྨུག་པོ་དང་པྲི་ཡ་ཀུ་བཏབ་ལ་བཏང་།།  །མཁལ་གཟེར་པི་པི་ལིང་དང་ཞོ་ཤའི་ཐང༌། །ཕོ་བ་སྦོས་ན་(རུ་རྟ་རྒྱམ་ཚྭ་ཤིང་ཚ་)སུམ་ཐང་བཏང༌། །ཕོ་ལོག་གླང་ཐབས་ནད་ལ་(སོ་བྱ་དུར་བྱིད་དོམ་མཁྲིས་ཨ་རུའི་)རྒྱ་བཤལ་བྱ། །ཡང་ན་རེ་རལ་(གཉིས་ཨ་རུ་གུར་ཀུམ་རྒྱམ་ཚྭ་ཐལ་ཚྭ་)དྲུག་གམ་ཚྭ་(རྒྱ་ཚྭ་ཁ་རུ་ཚྭ་རྭ་ཚ་ཐལ་ཚྭ་དྲི་ཆུའི)་ཐང་བཏང་། །ཕོ་བར་འདྲིལ་ན་(རྒྱམ་ཚྭ་སེ་འབྲུ་སུག་སྨེལ་གྱི་)ཐང་དང་(ཨ་རུ་གོ་སྙོད་མི་ཤ་མར་ནག་ལ་བསྐོལ་བའི་)སྣུམ་དུགས་བྱ། །ཁྲག་ཏུ་འཁྲུ་སྐྱུག་མི་རྟ་ཁྱི་གསུམ་སྐྱེས་མ་ཐག་པའི་བྲུན་ཏེ་ཁོང་བྲུན་ཕྱྭ་ཚན་ལ་གཅིག་ཅུ་གང་ལ་གཉིས་དང༌། །ཆ་གསུམ་ག་བུར་གུར་ཆ་བཞི་ཀུམ་རེ་རལ་ཆ་ལྔ་རིམ་པས་བསྐྱེད། །ཁྱེའུ་འཐུང་བའི་མིའི་ནུ་ཞོ་དང་སྦྱར་ལ་བཏང༌། །ཆུ་འགགས་གླ་རྩི་གཟེ་མའི་བསྡུས་ཐང་བྲག་ཞུན་དང་བུལ་ཏོག་བཏང་དང༌། །དྲི་ཆེན་གྱི་རྒྱུན་འགགས་སྨན་འདྲེན་ལ་བིག་པན་ཁུ་བ་བཏང༌། །སྐྱུག་གམ་འཁྲུ་ན་བ་ལྕིའི་སྦྱོར་བ་བྱ་(མཚེའུ་སྨྱུགས་བསླངས་སྐྱོང་ཁྲུ་གང་འོག་གི་ས་བེའུ་ཞོ་འཐུང་གི་ལྕི་བ་ཆུར་སྦྱངས་ཏེ་བཙགས་ཁུར་སོ་མ་ར་ཛ་བསྐོལ་བ་བཏང་) འཁྲུ་བ་འབྱམས་ན་ལུག་ཤའི་ཚོ་ཁུ་མེ་དང་ལ་འཕྲད་པ་ལ་བྱེའུ་ནས་ཟན་གྱི་བྲུན་བཏབ་ལ་བཏང༌། །གཞན་ཡང་འཁྲུ་བ་གཅོད་པའི་སྨན་སྦྱོར་བ་གང་ཚོགས་ཞོའམ་འབྲས་ལ་བཏབཔ་སོགས་བ་གང་ཤིས་བསྟེན། །སྨན་ཟས་འཇུ་དཀའ་སྦང་སྐམ་བསྲོས་པས་བདུག །རྒྱམ་ཚྭ་པི་པི་ལིང་གི་བསྡུས་ཐང་བཏང་། །ཤ་ཟོས་ན་ན་ཤ་ཁུ་ཁྲག་སྐྱུགས་བྱ་བ་ནི་(དགོང་མོ་ཤ་ཁུ་ལ་ཚྭ་སྣ་ཚོགས་ཚད་བཏབ་ལ་བཏང་ནད་པར་ར་ཁྲག་དྲོན་མོ་ཚུགས་ཚད་བཏང་བས་སྐྱུག་གོ་རྗེས་ལ་སེ་འབྲུ་ལྔ་པ་སྦྱར་རོ)། །ནད་རླངས་ཁོལ་བུར་ན་ན་སྐྱེར་ཁཎྜ། ། (རྟ་ཡི་ཕྱ་ཚན་རྟེའུ་སྐྱེས་མ་ཐག་པའི་བྲུན་ཆུར་སྦྱངས་ཡང་ཡང་བཏང་) །ཁོལ་བུར་གཟེར་འཕོ་མ་ནུ་བཞི་ཐང་ཕྱི་རྒྱུད་ལྟར་བཏང་། །གཉའ་རེངས་སེར་ཤ་མོག་ཤའི་ཐང་བཏང་གླང་གི་གཉའ་བའི་ཤས་བདུག །ཡན་ལག་རེངས་ན་གླ་རྩི་(བོང་ང་སྤང་སྤོས་ཛཱ་ཏི་)བཞི་པ་དང༌། །བུ་མོའི་ལོ་ལྔ་ལོན་པའི་ཆུ་སྦྱར་རམ་རག་པའི་བསྡུས་ཐང་བཏང༌། །མཚན་སྲོ་ལོ་དམར་པོ་བཙོས་པའི་ཁུ་བ་ སྔོ་ཐང་ཁུ་བ་བྲན་པས་བདུག །ལྷུ་ཚིགས་སྦྲིད་ན་ཉུང་ཁུ་(མ་བཙོས་པའི་ཁུ་བ་དང་རའི་འོ་མ་ཉ་ཁུ་རྒོད་གཡག་ཤ་ཁུ་སྦྱར་བ་བུད་མེད་སྦྲུམ་མའི་ཆུས་འཕུལ་བའི་)སྦྱོར་བ་བྱ། །པྲན་ལག་པའི་མཁྲིག་མ་དང་རྐང་པའི་ལོང་བུ་དང་མཛུབ་མའི་བར་ལ་པྲན་རྩེ་དང་ནེ་སྲེག་ཅེས་བྱ་རྩེ་རུས་ཚིགས་ན་ན་ནེ་མི་ཕྱུགས་གང་ཡིན་གྱི་སེག་ཐང༌། །ཆུ་སེར་སྐྱེས་ན་རུ་རྟ་(ཙི་ཏྲ་ཀ་བོང་ང་དཀར་པོ་གཡག་མཁྲིས་)བཞི་པ་དང༌། །མཛེ་འབྲས་འབྲུམ་པ་ཙན་དན་ཤུག་པ་དང་དེ་བ་དཱ་རུ་སོགས་མར་ཁུ་བྱུགས་པ་དང༌། །པགས་པ་ཚ་ཙག་བྱེད་ན་གངས་ཆུས་བྱུགའདོད་འཇོར། ཅུ་གང་བེ་སྐྱེར་རེ་རལ་སེ་སྐྱེར་སོ་ར་གིས་(ཡང་ན་སེ་སྐྱེར་བར་ཤུན་སོ་མ་ར་བྱུག་གཙོ་བོ་དྲུག་གི་ཆུ་ལྕག་བརྡེག།) དེ་སོགས་གཉིད་ཡེར་མེ་སྲོན་དང་ཆང་ཚོ་ཁུ་བཏང་བསྐུ་མཉེ་བྱ་སྣ་ཁྲག་འཛག་པ་དང་། །རྔུལ་འབྱམས་ལ་སོགས་ཚ་བ་སྤྱི་མདོར་བཤད་པ་དང་འཕྲུལལ་བཅོས་ཏེ་དུག་ཚ་བ་དེ་དུག་ཚ་བ་སྡེ་བཞིའི་ཡ་གྱལ་གཅིག་ཡིན་པས་སོ། །གཞན་ཡང་དབུགས་མི་བདེ་ན་ཁུར་བསྐུར་ཞིང་། །རོ་སྟོད་མི་བདེ་རྡོ་བ་འཕང་བ་དང་། །རོ་སྨད་ན་ན་རྟ་ཞོན་འདུར་བ་དང༌། །རྐེད་པ་ན་ན་ས་ཕད་འཁུར་ལ་སོགས། །ལུས་སྦྱོངས་འཇམ་པོས་རྩ་ནད་རང་སར་འགྲེམས། །བཞི་པ་འདུ་བར་ལོག་ན་རླུང་མཁྲིས་བད་ཀན་གསུམ། །བཅོས་གཞུག་ཕལ་ཆེར་ཕོ་བའི་བད་ཀན་འཕེལ་བས་མེ་དྲོད་འཆོརསྦོ་སྒྲེག་འཇུ་དཀའ་གདོང་བོལ་གོང་གཡོ་།། །མཆིན་ཚད་སྐྱེ་ཞིང་ལོང་དུ་རླུང་འཕེལ་བྱེདཔས་སྦོ་སྒྲེག་འཁྲོག་བྱེད་ཅིང་མཁལ་རྐེད་གྲང་ཞིང་དྲི་ཆུ་སྲི།  །དེ་ལ་དྲོད་སྐྱེད་པའི་སྨན་སེ་འབྲུ་བཞི་པ་བཏང་དང་མེ་ཐུར་དང་ཚོ་ཁུ་འཇམ་རྩིས་བསལ། །རྗེས་ལ་ཐོར་བུའི་རླུང་སྐྱེས་གཉིད་མེད་ཅིང༌།  །གཡལ་འདར་བོག་མྱོས་འཕྱོས་པ་འབྱུང་སྲིད་ན། །རུས་ཐང་ཚོ་ཁུ་བུར་ཆང་བསྐུ་མཉེ་བྱ། །ཐོར་བུའི་རླུང་དེ་ཁ་ཐལ་ན་ཟུངས་ཟད་རླུང་གྱུར་ཚ་བར་ལྡོག །དེ་བས་རླུང་བད་མཁྲིས་ཀྱི་ཞུ་འཁྱགས་ས་མཚམས་ཟིན་པར་གྱིས། །ལྔ་པ་ བཅོས་ཉེས་པ་འམ་སྔོན་གྱི་ལས་དབང་གིས། །་སྔོ་ཐང་དང་བཤལ་མང་པས་མེ་དྲོད་ཤི་ཚ་བ་ཐོན་པས་ཕལ་ཆེར་དམུ་ཆུའི་སྐྲན་དུ་འདྲིལ་ལམ་གཅོང་ནད་དུ་ལོག་པ་མང༌། །དེའང་སྐྲན་དུ་ལོག་ན་རྒྱ་ཚྭ་རྒྱམ་ཚྭ་དང༌། །ཤིང་ཚྭ་མཛེ་ཚྭ་བིག་པན་ཚ་བ་གསུམ། །རུ་རྟ་ཨ་བྱག་ཚེར་སྔོན་སྲོ་ལོ་དཀར་པོ་ཨ་རུ་ར། །ཆང་སྦྱར་གསུམ་ཡར་ཞག་གཉིས་བཞག་ཞག་རེ་བཏང་ལ་སྐྲན་བཤིག་ནས་སྐྲན་རེ་སྦྱང་། །ཡང་ན་འབྲས་བུ་ཨར་བར་སྐྱུར་གསུམ་དང་སེ་འབྲུ་དང༌། །སྐྱུ་རུ་ཤིང་ཚ་དབྱི་མོང་ཚ་བ་སྒ་པི་ཕོ་གསུམ། །སྤང་རྩི་བུ་རམ་སྦྲང་དང་སྦྱར་ལ་བཏང༌། །ཡང་དམུ་ཆུར་ལོག་ན་དང་པོ་མགོ་སྐྲངས་ཤིང་ལུས་སྐྲངས་མེད་པའི་དུས། །རེ་རལ་རི་ཤོ་ཁྱི་ཀླད་ར་འོ་སྦྱར།  །ཁོང་དུ་བཏང་དང་ཕྱི་ནས་བྱུག་པ་དང༌། །གནྡྷ་གོ་ཡུ་པ་ཏྲ་རྒྱ་རུ་ཙི་ཏྲ་ཀ །དོམ་མཁྲིས་འབྲས་ཀྱི་ཆུ་ཡིས་སྦྱངས་ལ་བཏང༌། །མཚེ་ཡི་ཐལ་བ་ར་མར་སྦྱར་བས་བྱུག །ཆུར་སྨིན་ནས་ཆུ་སྦྱོང་གིས་སྦྱང་བྱས་སེ་འབྲུ་སྐྱུ་རུ་ར། །འགྲོན་ཐལ་ཤིང་མངར་རྒྱ་ཚྭ་པི་པི་ལིང༌། །ཤིང་ཚ་ཨ་རུ་སྦྲང་དང་ཉུང་མ་ལས། །སྦྱར་བའི་རིལ་བུ་གསུམ་གསུམ་བཏང་བས་སྐེམས། །གཞན་ཡང་དམུ་སྐྲན་གསོ་བའི་སྐབས་དང་འཕྲུལ་ཞིང་བཅོས

སྤྱི་དོན་དྲུག་པ་བཅོས་རྗེས་ཕྱིར་མི་ལྡོག་པའི་རྗེས་བཅད་ཐབས། །ཟས་སྤྱོད་གང་གནོད་འཕྲོད་ཞེས་པའང་སྣང་དེ་ཉིད་དང་དུ་བསླང་ཞིང་སྨན་དཔྱད་གང་འོས་ཡང་ཡང་བསྐྱར། །སྨན་དྲེད་ནས་ནད་ལ་མི་བརྐོ་ན་སྦྱོར་བ་དེ་བཞག་ནས་སྦྱོར་བ་གཞན་ལ་སྤོ། །གང་ཕན་སྨན་དེ་སྐྱོར་ན་སྨན་རྟ་བསྒྱུར། །དུག་ནད་ལུས་ལ་ལོ་ཟླར་འདྲེས་པའི་ཕྱིར། །ཡང་ཡང་བསྐྱར་ལ་ཚ་བ་རྩད་ནས་འདོན། །ཞེན་ཆེ་བ་ལ་སྦྱངས་རྗེས་རང་འབྱུང་གི་ཆུ་ཚན་བྱ། །འབྲིང་ལ་ཁྲི་ལུམས་ནི་བདུད་རྩི་ལྔ་ལུམས་བསྐོལ་བའི་སྟེང་དུ་འཁྲིའི་ཁར་ནད་པ་གསོ་དྲོ་བར་བཀོན་ལ་བཞག་པའི་འོག་ནས་ལུམས་བསྐོལ་བའི་རླངས་ལས་ནད་པ་བདུག་ཅིང་ཁོང་དུ་ག་བུར་ཉེར་ལྔ་བཏང་བ་སོགས་བྱའོ་ཐ་མ་གོང་ལྟར་རྔུལ་དུ་དབྱུང༌། །ཟས་དང་སྤྱོད་ལམ་གནོད་པས་ཀྱང་ནད་རོ་མི་ལྡང་ན་རྩད་ནས་ཐོན་པ་ཡིན་པས། །ཨ་རུ་གསེར་མདོག་བོང་ང་དཀར་པོ་དོམ་མཁྲིས་བྲག་ཞུན་བཞི། །ཆུ་བསྲིང་ཟླ་བ་ཕྱེད་བསྟེན་ན་ནད་རོ་ལྡོག་ལྟས་ཞེས་པའང་མི་སྲིད། །དེ་རྗེས་གཙོ་བོ་ཡུག་ཤིང་རེ་རེལ་སྤང་རྩི་འོམ་བུ་ཧོང་ལེན་ཏིག་ཏ་དྲུག་དང་དམར་པོ་ཚོས་བཙོད་ཞུན་གསུམ། །འབྲས་བུ་ཨ་བར་སྐྱུར་གསུམ་དང་སེ་རུལ་སྨན་མར་ལ། །བཟང་ཅུ་གུར་ལི་ཛཱ་སུག་ཀ་དྲུག་མངར་ཀར་བུར་སྦྲང་གསུམ་སྦྱར་ལ་བཏང་བར་བྱ། །དེ་ཡིས་ལུས་ཟུངས་བརྟས་རྒྱས་ཤིང་ནད་ཕྱིར་མི་ལྡོག་པར་བྱེད། །ཡང་ན་སྤང་རྒྱན་དཀར་པོའི་འོམ་བུ་ཙན་དན་དམར་པོ་སེ་ཏོག་རེ་རེལ་ཕུག་རོམ་བྲུན་སྨན་མར་ལ། །བུད་མེད་ཀྱི་མངལ་ཁྲག་ཕག་ཚིལ་ལུག་གི་རིལ་མ་སྦྲང་སྦྱར་བཏང༌། །ཉ་ཕག་བཤུལ་ཤ་རུལ་སྐྱུར་དང་པོགང་ལ་སྦྱར་བའི་རྟ། །རྟ་རྒྱུགས་དང་ཆགས་སྤྱོད་སོགས་ལོ་གཅིག་གི་དུས་ཀྱི་བར་དུ་བསྲུང༌། །དེ་ཡིས་ཚེ་སྲོག་མཐའ་རུ་ཕྱིན་པར་ངེས། །ཞེས་གསུངས་སོ།།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་སྦྱར་བའི་དུག་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་རྩ་བདུན་པའོ།། །།

མཐའ་མའི་འདོན་ཐེངས་།: 23.02.2021 ཉིན། 3:10 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།