སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གྱ་དགུ་པ། གྱུར་པའི་དུག་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>


ལེའུ་གྱ་
དགུ་པ།   གྱུར་པའི་དུག་གསོ་བ།
 

དེ་ནས་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གྱུར་བའི་དུག་ལ་རྣམ་པ་གཉིས་ཡོད་དེ། །མི་འཕྲོད་རྐྱེན་གྱིས་དུག་དང་ཤ་ཡི་དུག །དང་པོ་རྒྱུ་དང་དུག་རྟགས་བཅོས་ཐབས་གསུམ། །རྒྱུ་ནི་གཉིས་ཏེ་ངོ་བོས་མི་འཕྲོད་དང་། །དངས་མ་མ་ཞུ་ཟུངས་སུ་འགྲོ་མ་ནུས། །ངོ་བོ་མི་འཕྲོད་ཆང་པར་[གསར་]ཞོ་མ་ཆགས། །གསེར་[སེར་]ཤ་ཉུངས་ཀ[ཀར་]མར་ལ་བཙོས་པ་དང༌། །ཁྱི་བྱིའ་[ཁྱིམ་བྱའི་]ཤ་དང་ཞོ་དང་འོ་རློན་དང༌། །ལ་ཕུག་སྒོག་སྐྱ་ཉུངས་དཀར་འོ་[ལོ་]མ་ལས། །ཉ་དང་འབྲུ་མར་འོ་མ་སྒོ་ང་གསུམ། །དེ་རྣམས་མི་འཕྲོད་སྦྱར་བའི་དུག་བཞིན་ཏེ། །སྔ་མ་མ་ཞུ་ཕྱི་བསྣན་ཡང་ན་སྦྲག་སྟེ་ཟོས། །མི་འཕྲོད་ནུས་པ་འཁྲུག་[འཁྲུགས་]ནས་ཉེས་པ་ལྡང་། །ཡང་ན་མི་འཕྲོད་ཁ་ཟས་མ་ཡིན་ཡང༌། །མ་གོམས་ས་[མ་]ཟོས་དུས་མེན་[མིན་]ཟོས་པ་འམ། །ངོ་བོ་འཇུ་དཀར་[དཀའ་]ཟོས་ནས་གསོ་སྲབས་[གོས་སྲབ་]པས། །མ་ཞུ་དྭངས་སྙིག་[སྙིགས་]འདྲེས་ནས་རྩ་ལ་བྱེར། །ལུས་ཟུངས་བདུན་པོ་ཁད་དང་རིམ་གྱིས་འགྲིབ། །གཉིས་པ་རྟགས་ནི་རྩ་འཕྲ་[ཕྲ་]གཏིང་ནས་གྲིམས། །ཆུ་མདོག་དམར་རམ་འཐུགས་[འཇུག་]ལ་ཀུ་ཡ་ཆད། །ཤ་མདོག་སྔོ་སྐབས་[སྐམ་]མིག་འགྲིབ་མགོ་བོ་ན། །སྐབས་སུ་ལུས་བརྩེ་བྲང་རྒྱབ་རྩིབ་སོགས་[ལོགས་]ན། །གཟེར་ཞིང་འཇུ་དཀར་[དཀའ་]ཁོང་སྦོས་ཟོས་རྗེས་ན། །ཚིགས་གཞི་ན་ལ་རྐོང་[རྐང་]སྦོས་གསུས་ཤ་གསུམ[སྦོས]། །མི་འཕྲོད་ཟས་ཟོས་འཁྲུ་དང་སྐྱུག་པ་ཡིན། །ཕོ་བ་གྲང་རྟགས་མཆིན་པ་ཚ་རྟགས་སྟོན། །རླུང་ལྡན་སྦོས་སྒྲེག་མགོ་འཁོར་མཁྲིས་པར་ལྡན། །ཁོང་ཚ་འཁྲུ་དང་ཁྲག་གིས་གཟེར་འཁྱུག་བྱེད། །བདེ་[བད་]ལྡན་ལུས་ལྗི་[ལྕི་]མགོ་ན་འཇུ་དཀའ་འཁྲས་[འཁྲེན]། །ཆུ་སེར་ལྡན་ན་གཡོ་སྐྲངས་ཚིགས་གཞི་ན། །སྣ་ཚོགས་ནད་རྟགས་མང་བས་བརྟག་པ་དཀའ། །མ་ཞུ་བའི་རྟགས་དང་དུག་བརྟགས་[རྟགས་]གཉིས་ཀ་འབྱུང་། །ཕྱོགས་ཙམ་མ་རྟོགས་ཚ་གྲང་མ་རྟོགས་ན། །འཕྲོ་ཞིང་མཁས་པས་ངོ་བོ་ཞིབ་པར་བརྟག །གསུམ་པ་བཅོས་ཐབས་དང་པ་[པོ་]གཞི་བཟུང་བས། །དེ་ནས་བསྡུ་དང་གསད་པར་བྱ་བ་ནི། །དང་པོ་སེལ་[སེ་]འབྲུ་བཞིའམ་ཏ་ལི་[ད་ལིས་]བཞི། །ཀ་ར་སྦྱར་བས་ནང་ནུབ་ཆུ་ཚན་འབུལ[དབུལ]། །དྲོད་སྐྱེད་བེལ་སྣབས་སྦྱོངས་ཤིང་བུ་ག་གསོལ[གསོ]། །གསོ་བའི་སྨན་ཟས་འཇུ་སླ་སྨིན་པར་བྱེད། །བསྡུ་ཐབས་འོ་མ་ལན་ཚ་[ཚྭ་]བྲོ་ཙམ་སྦྱར་གསོལ་བཏང་། །སྤོས་དཀར་ཕག་ཁྲག་སྟར་བུ་ཀ་ར་སྦྱར། །ཐོད་རང་[ཐོ་རངས་]སྲོད་ལ་ལྟག་སྤྲད་བྱེར་བ་བསྡུ། །འདུས་རྟགས་ཁོང་སྙོམ་ལུས་ལྗི[ལྕི་]མཆིལ་སྣབས་མངས[མང་]། །ཁ་ཟས་མི་ལན[ལེན་]ནད་འདུས་རྟོགས་[སྟོབས་]ཆུང་བས། །དེ་དུས་སྨན་སྦྱར་འདུས༌པས་གཉེན་པོས་གསོད། །གྷྲི[གི་]ཝང་ཨུད་དཔལ[ཨུཏྤལ་]བསིལ་གསུམ་དུག་མོ་ཉུང༌། །ཚ་ལ་ཧུང་[ཧོང་]ལེན་སྤོས་དཀར་སྲོ་[སོ་]མ་ར། །ཨ་རུ་དོམ་མཁྲིས་བྲག་ཞུན་བོང་ང་སེར། །གཉེན་པོ་དེ་དང་ཆུ་དག་དཀར་པོ་ཀ་ར་སྦྱར། །ཚ་བ་ཡིན་ནི་[ན་]བསྐོལ་གྲང་ཆུང་འབུལ་[ཆུས་འཕུལ་]གུང་གཉིས་བསྟེན། །ཐོ་རངས་གཞི་འཛིན་གང་ཡིན་ཆུ་བསྐོལ་བསྟེན། །ཡང་ན་བོང་ང་དོམ་འཁྲིས་[མཁྲིས་]ཕྱ་ཚན་གསུམ། །གཉེན་པོ་དེ་ལ་ཚད་པ་གཅོག་པའི་སྨན། །ཙནྡ་[ཙན་དན་]ཏིག་ཏ་བྲག་ཞུན་གསུམ་བསྣན་ནས། །ཁ་འཛིན་ཅུ་གང་གུ་[གུར་]གུམ་པི་པི་ལིང་། །ཀ་ར་སྦྱར་བའི་གཞི་འཛིན་གང་རུང་ལྟགས་[ལྟག་]པ་སྤྲད། །དེ་རྗེས་སྟོད་སྨད་གང་ཉེའི་བཤལ་སྐྱུག་དྲང་། །ཟས་ལེན་ཟུངས་འཕེལ་བཤང་ལྕེ་[གཅི་]བདེ་རྒྱུ་ན། །ནད་ལ་ཆོད་རྟགས་ཡིན་པས་ཁ་ཟས་དྲོད་འཇུ་[བཅུད་]གློད། །ནད་ཞི་དཀའ་ན་བསྡུད་[སྡུད་]བྱེད་བསྐྱར་ནས་སྦྱངས། །དེས་མ་འབྱོངས་ན་གང་[གོང་]གི་གཉེན་པོ་ལ། །ཧུང་[ཧོང་]ལེན་ཕྲི་ལ་སེལ་[སེ་]འབྲུ་བསྣན་ནས་བསད། །ནད་རྐྱེན་གང་བྱས་ཟས་སྨན་གཉེན་པོ་བསྟན[བསྟེན]། །རྩ་ལ་གྲམས་ན་རྩ་སྟོད་གཉིས་སྦྲག་སྦྱངས། །མི་འཕྲོད་པ་དང་དངས་མ་གནས་མ་སྨིན། །སྨུག་པོ་བྱེར་དང་འགྲམས་འཁྲུག་[འཁྲུགས་]རིམས་རྙིངས་རྣམས། །དེ་རྟགས་ངོ་བོ་འཁྲུལ་ཏེ་སྦྱར་དུག་ཆེ་མཐུན་པས། །མ་ནོར་ལེགས་པར་བརྟགས་ནས་བཅོས་པ་གཅེས། །གཉིས་པ་ཤ་ཡི་དུག་ལ་རྒྱུ་རྐྱེན་རིགས་དང་རྟགས། །བཅོས་པའི་ཐབས་དང་རྣམ་པ་ལྔ་ཡིན་ཏེ། །རྒྱུ་ནི་ཤ་རློན་བེམ་རུལ་ཡུལ་ཕྱོགས་ཀྱི། །རྩ་བསྡུམ་[ལྡུམ་]ས་དྷོ་[རྡོ་]འབུ་སྲིན་དུག་དང་འཕྲད། །རྐྱེན་ནི་དུག་ཡོད་ས་རླངས་སྟེང་དུ་བཞག །བཙོས་དྲང་[དྲོན་]རློན་[རླངས་]པ་སུབ་[སྲུབས་]དང་དཀར་གྱུར་[སྐྱུར་]བསྲེ[དབྲེ]། །ཉི་ཟེར་ཕོག་དང་འབྲུ་ཙམ་[རྩམ་]སྔོ་གསེབ་ལུས། །བེ་ལོག་ཤན་པའི་ཁྲག་གིས་ཕོག་པ་རྐྱེན། །ཞག་བདུན་འདས་ནས་དུག་ལྡང་བ་ཡིན། །རིགས་ནི་ཤ་དུག་ཤ་ཡི་ནད་གཉིས་ཏེ། །འདི་ཡི་རྟགས་ལ་སྤྱི་དང་བྱེ་བྲག་གཉིས། །ཕྱི་རྟག་[སྤྱི་རྟགས་]མིག་མི་གསལ་ལ་འབུམ་འདམ་[འབྲས་འདལ་]དང་། །ཕོ་བ་སྦོས་ཤིང་གླང་ཐབས་ན་བ་དང་། །མིད་པ་མི་བདེ་སྐད་འཛིན་[འཛེར་]ཤེས་པ་ཟི། །མགོ་བོ་འཁོར་ཞིང་རྐང་པ་གཏད་མི་ཚིགས[ཚུགས]། །གཉིས་པ་བྱེ་བྲག་རྟག་[རྟགས་]ལ་གཉིས་ཡོད་དེ། །དང་པོ་ཤ་ནད་མགོ་དང་ཚིག་བཞི་[ཚིགས་གཞི་]ན། །གཙོ་ཆེར་འཁྲུ་སྐྱུག་སྲོག་ལེན་ཆུང་བ་ཡིན། །ཤ་དུག་གྲེ་བ་འགགས་ལ་སྐད་མི་ཐོན། །ཟས་སྐུམ་[སྐོམ་]མི་དཀའ་[ཐར་]ཤེད་ཆུང་མིག་མི་གསལ། །དེས་ནི་ཉེ་བར་སྲོག་འཕྲོག་གསོ་བ་བསྐུར། །ཟས་ལྡོག་སྐྱུགས་ནད་[ན་]རྩ་ལ་ནད་མང་བས། །གནད་ལ་ནད་སོང་འཚོ་བ་རྐ་[དཀའ་]བ་ཡིན། །ལྔ་པ་བཅོས་པའི་ཐབས་ལ་རྣམ་པ་གསུམ་ཡིན་ཏེ། །དང་པོ་ཞུ་བའི་དུས་དང་བར་དུ་དུག་རྒྱས་དུས། །ཐ་མ་བླ་གཉིས་[གཉན་]བསལ་བའི་དུས་དང་གསུམ་ཡིན་ཏེ། །དང་པོ་མ་ཞུ་བ་ཡི་དུས་བསྡུ་བར་རྒྱས་སྦྱངས། །ཐ་མ་རྗེས་སུ་བསོད་པས་བཅོས་ཐབས་ཡིན། །མ་སྡུས་[བསྡུས་]ཞུ་ན་རྩ་དང་དོན་ལ་འབྲོས། །དེས་ནས་[ན་]བསྡུ་སྨན་སེ་བ་སྐྱེར་ཆེན་བར་ཤུན་དང་། །ལུག་རུ་ཉུང་དཀར་མི་ཕྱུག་[ཕྱུགས་]གསོན་ཁྲག་དང་། །དེ་བཏང་རྩ་རུ་མི་འབྲོས་ཕོ་བར་བསྡུ། །གཉིས་པ་དབང་[དཔའ་]བོ་ཚོས་དང་ཧུང་[ཧོང་]ལེན་མི་པོ་དེས། །འགྱོག་[མགྱོགས་]པ་དུར་བྱིད་དུས་སྐེམ་[བརྐོས་]རྟ་ལ་སྐྱོན་[བསྐྱོན]། །རྣོན་པོ་རྒྱ་ཚའི་མཚན་བཀུར་[བསྐུར་]སྣ་ཁྲིད་པ། །མགྲོན་[འགྲོན་]བུ་གླ་རྩི་བཏང་ནས་རྒྱས་པ་སྦྱངས། །མན་ངག་དེ་ཡི་དོན་དང་མ་ལྡན་ན། །མི་ཕོག་དུག་རླངས་གྱེན་ལྡོག་གྲེ་བ་འགག །ནི་རུ་འོག་[ལ་]བ་རྐེ་[སྐེ་]རུ་གྲང་བདུག་བྱས[བྱ]། །གསུམ་པ་སྦྱོང་རྗེས་ནད་ལྷོག་[ལྷག་]འོག་གི་ཕྱེ་མས་བསེད་[བསད]། །གཉིས་པ་བར་དུ་དུག་རྒྱས་འཇག་པའི། །འཕྲང་བསལ་དུག་གི་རླངས་པ་བསད་པ་དང་། །དང་པོ་གྲེ་བ་འགག་པའི་བྲང་གསར་[འཕྲང་བསལ་]ཏེ། །ཉུང་བཞི་[གཞིའི་]རྩ་བ་ཆུར་སྦང་ཁ་རུ་གཏིག །ཡང་ན་བཙོས་གདུས་ཚ་ལ་དུལ་བ་[མ་]ཅུ་གང་དང་། །ཤིང་མངར་ཕྱེ་མ་བལ་གྱིས་ཁ་རུ་གཏིག །ཡང་ན་གཡར་[དབྱར་]ཆུ་ལྟིང་བའི་[ལྟེང་ཀ་]མཚོ་[མཚེ་]སྐྱོང་དང་[གི]། །ཁྲུ་གང་བསྐོས་[བརྐོས་]པའི་འོག་གི་ས་རྣམས་ནི། །ཆུས་སྲིང་[བསིངས་]ཁུ་བར་ཅུ་གང་སྤང་རྒྱན་དཀར། །སྟར་བུ་ཤིང་མངར་བཏབ་ལ་གྲེ་བར་གཏིག །ཡང་ན་ཅུ་གང་སྤང་རྒྱན་བོང་ང་དཀར། །ཚ་ལ་དུལ་ལ་ཨ་རུ་ཆུ་སྦྱར་གཏིག །གྲེ་བ་མ་སྐམ་བ་ལ་ཡང་ཡང་བསྟེན། །སྐྱེ་[སྐེ་]ཆུ་དྲོད་བདུག་ལྕེ་ཙ་[སྐེ་རྩ་]སྐྱེར་གང་[སྐྱོར་གོང་]གཏར། །གསུམ་པ་དུག་རླངས་གསོད་སྨན་གྷྲི་[གི་]ཝང་དང་། །དོམ་འཁྲིས་[མཁྲིས་]ཨ་རུ་ར་དང་ཡོད་[ཡུང་]བ་དང་། །སྐྱེར་ཤུན་བོང་ང་སེར་པོ་བྲག་ཞུན་དང་། །བྱེའུ་ལ་ཕུད་[ཕུག་]ཞིབ་བཏག་[བཏགས་]བྱེར་[ཆུར་]སྦང་བས། །དུག་རླངས་ཚ་[བ་]འཇོམ་[འཇོམས་]པའི་རྩི་ཡིན་ཏེ། །བོ་[བེ་]སྐྱེས་ཁན་དྷ་[ཁཎྜ་]སྲོ་[སོ་]མ་ར་ཙ་[ཛ་]དང་། །གྷི་ཝང་བོང་ང་དཀར་པོ་བཏབ་པ་བཏང་། །ཡང་ན་བ་ལྕིམ་[ལྕི་]ས་ལ་མ་ལྷུང་བ། །བ་ཆུ་རེ་རལ་བོང་ང་དཀར་པོ་དང་། །ལྕགས་ཕྱེ་བྱེའུ་ལ་ཕུག་ཆ་སྙམས་[མཉམ་]བཏབ། །གཉིས་[ཉིས་]འགྱུར་ཆུས་སྦྱོངས་གོང་གི་ཚད་དུ་བསྡུ། །གླ་རྩི་ཁ་ཚར་བཏབ་ལ་བཏང་[གཏང་]བར་བྱ། །ཡང་ན་སྦ་ཕྱེའི་[རྦ་བྱེའི་]ཤ་དང་ཕྱ་ཚན་གསུམ། །རེ་རལ་གླ་རྩི་བོ་[བོང་]ང་འོམ་བུ་རྩད། །གྷྲི་ཝང་མཛའ་[བཟང་]དྲུག་བྲག་ཞུན་ཨ་རུ་ར། །ཞིབ་བརྡུང་ཆུས་སྦང་ཁུ་བ་ཡང་[ཡང་]བཏུགས་[བསྟེན་]། །ཡང་ན་ཉུང་མ་ཁ་སྨུག་ཨ་རུའི་ཁ་དྷ[ཁཎྜ]། །རྒྱ་ཚ་གླ་རྩི་བོང་ང་ཁ་ཚར་བཏབ་པ། །རིལ་བུ་ལོ་[བརྒྱད་]བྱིས་སྦའི་[པའི་]ཆུས་ཕུལ་བཏང་། །བཙོད་དང་རྟ་སྦང་[སྦངས་]སིང་པོར་[སིངས་པོས་]བྲག་[བྲན་]པའི་ཁུར། །མོ་སྲིན་[མེ་སྤྲིན་]འཛིན་[བཟང་]པོ་སྦྱར་བ་གཉེན་པོ་ཡིན། །ཀུན་ལ་ཚ་བ་ཆེ་ན་ག་ཕུར་[པུར་]དང་། །ཙན་དྷན་[དན་]གྷྲི་[གི་]ཝང་སྦྱར་བཏང་གང་བབ་གཏར། །མི་སྦོ་རྩ་ཚ་རྟགས་དང་ལྡན་ན་ཡིན། །སྦོས་འཁྲོག་རྩ་ཆུ་ཕྱའི་[ཕྱི་ཡི་]ཡུལ་བཞི་ལ། །གྲང་བ་ཆེན་ན་རྒྱ་ཚ་ཏ་ལིང་[ད་ལིས་]དང་། །སྟག་ཤ་བསྣན་སྦོས་འཁྲོག་དུག་[དུགས་]ཀྱིས་བསྲོ། །སྔགས་ཀྱིས་སྨན་གྱི་ནུས་པ་དར་[ངར་]བསྐྱེད་བཏང་། །འཐུང་མི་ཤེས་ན་ཁོམ་པུས་[ཁྱེམ་བུས་]ཡང་ཡང་གཏིག །ཅེས་[ཅིས་]ཀྱང་གྲེ་བར་མི་འགྲོ་སྦུབ་[སྦུགས་]ཐུར་གྱིས། །ཕོ་སྟོད་ཕུག་ལ་ལྒང་ཕུལ་[ཕུག་]བླུག་ལ་བཏང་། །དུབ་[དུག་]རྒྱས་དུས་ལ་བཀྲུ་སྨན་ཚ་བ་སྤང་། །གསུམ་པ་ཐ་མར་བླ་གཉེན་[གཉན་]འཐོར་བུ་བསལ་བ་ནི། །རྒྱུན་འགགས་ཨུག་ཆོས་བསྲོ་[སོ་]མ་ར་ཙ་དང་། །ཆུ་སྦྲུལ་[སྦུར་]ཉ་ལྒ་[ཉི་དགའ་]སོ་བྱའི་སྒྲོ་ཐབས་[ཐལ་]གྱིས། །མར་འདྲེན་སིང་[སིངས་]པོ་བྲོ་རྩམ་[དྲོ་ཙམ་]སྦྱར་ལ་བཏང་། །མིག་སེར་འདྲིལ་[འགྲིབ་]ན་ག་པུར་སྐྱེར་པ་བྱུག །གྲང་དུག་གཏར་ཁ་འཇམས་[འཇམ་]བཤལ་ལྕགས་ཁུ་བཏང་། །ཤ་ལྤགས་[པགས་]སྦྲིང་[སྦྲིད་]ནས་སྤང་རྒྱན་དཀར་པོ་དང་། །ཅུ་གང་གུར་གུམ་བཏབ་པས་སེལ་བར་བྱེད། །ཕོ་བ་ལྒང་[བསྒངས་]ན་ཏ་ལི་[ད་ལིས་]སྟག་ཤ་རྒྱ་ཚ་བཏང་། །གློ་མང་འགོགས་དཀའ་རུ་ཏ་[རྟ་]སྤང་རྒྱན་དཀའ་[དཀར]། །རྟ་རུ་[སྟར་བུ་]ཚ་ལ་རྒད་པོ་ལོ་བརྒྱའི་ཆུ་ཡིས་ཕུལ། །ཁ་ཟས་ཕྱེ་ཐུགས་[ཐུག་]འབྲས་དང་སྤོས་ཐུགས་[ཡོས་ཐུག་]དང་། །བསྐོལ་གྲངས་ཚ་བ་ཆུང་བའི་ཆུང་བསྲིང་[ཆུ་བསིལ་]བཏན[བསྟེན]། །དཀར་དང་མངར་གསུམ་བན་[བག་]ཤ་རུལ་བསྐུར་[སྐྱུར་]སྤངས། །གྲང་ཤས་ཆེ་ན་གསར་འཇམ་སྒོག་ཆབ་དང་། །སྤྱོད་ལམ་གྲགས་[དྲག་]ཤུལ་ཁ་སྦུབ་པ་[ས་]རླན་དང་། །སྐད་ཆེན་སྨྲ་དང་མྱ་ངན་སེམས་ལས་དང་། །མི་ཐུན་[མཐུན་]ལས་རྣམས་རིགས་པས་བརྟགས་ནས་སྤང་། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས། རྐྱེན་གྱིས་དུག་ཏུ་གྱུར་པའི་ནད་བཅོས་པའི་ལེའུ་སྟེ་བརྒྱད་ཅུ་གྱ་དགུ་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:46 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།