སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གྱ་གསུམ་པ། འབྱུང་པོའི་གདོན་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གྱ་གསུམ་པ།  འབྱུང་པོའི་གདོན་གསོ་བ། 

དེ་ནས་ཡང་གསོ་བ་རིག་པ་འཛིན་པ་དཔྱད་བུ་ཁྲི་ཤེས་ཀྱིས་གསོལ་བ། འཚོ་མཛད་སྨན་པའི་རྒྱལ་པོ་སྟོན་པ་ལགས། ཕ་རོལ་རྐྱེན་ལས་བྱུང་བའི་གསོ་བ་རིག་པ་ལས། མཚོན་གྱི་རྐྱེན་ལས་རྨ་བཅོས་དེ་འདྲ་ན། །མདོ་གནས་བཅུ་གཅིག་གདོན་གྱི་རྐྱེན་པའི་ནད། །བདག་ཅག་རྣམས་ལ་འདི་སྟོན་སྟོན་པར་ཞུ། །དེ་སྐད་ཞུས་པས་སྟོན་པས་བཀའ་སྩལ་[བསྩལ་]པ། །དཔྱད་བུ་ལ་སོགས་གསོ་བ་འཛིན་པ་ཀུན། །གདོན་ནད་གསོ་བའི་རིག་པ་བསྟན་གྱིས་ཟུངས། །གདོན་ལ་འབྱུང་པོའི་གདོན་དང་བསྙོ་[སྨྱོ་]བྱེད་གདོན། །བརྫེད་བྱེད་གཟའ་དང་ཀླུ་གདོན་ལྔ་ཡིན་ཏེ། །འབྱུང་པོའི་གདོན་ལས་[ལ་]རྒྱུ་རྐྱེན་མཚན་ཉིད་དང་། །དབྱེ་བ་རྟགས་དང་བཅོས་ཐབས་ལྔ་ཡིས་བསྟན། །རྒྱུ་རྐྱེན་མི་དགེ་བཅུ་དང་ལས་ངན་སྣ་ཚོགས་སྤྱད། །གྲོང་རྒན་ཞིག་རྒོག་[གོག་]གནས་སུ་གྲོགས་མེད་བལྟ། །ཕུག་འདྲེ་ཡོད་ན་འགགས་བརྩེག་ཀ་ཆ་ཁྱེར། །ལྷ་སྲུང་མཆོད་འོས་ཆག་དང་མྱ་ངན་གདུང་[གདུངས]། །ལུས་ངག་མི་གཙང་འབག་ཆོལ་ལས་ལ་ཞུགས། །གཉིས་པ་མཚན་ཉིད་འབྱུང་པོ་མི་མེན་[མིན་]རྣམས། །ལུས་ངག་ཡིད་ལ་ཞུགས་ནས་སྣ་བ་[སྤྱོད་པ་]བསྒྱུར། །གསུམ་པ་དབྱེ་བ་ལྷ་དང་ལྷ་མེན་[མིན་]དང་། །དྲི་ཟ་ཀླུ་དང་གནོད་སྦྱིན་ཚངས་པ་དང་། །སྲིན་པོ་ཡི་དགས་[དྭགས་]གྲུམ་[གྲུལ་]བུམ་བྱར་[བྱད་]སྟེམས་དང་། །གཡེད་[གཡེང་]བྱེད་རོ་ལོངས་[ལངས་]ཕ་མྱེས་དུར་སྲི་དང་། །དམ་སྲི་རྒྱལ་འགོང་གཤིན་རྗེ་མོ་འདྲེ་དང་། །ཐེའུ་རང་ཕ་རོལ་རྦོད་འདྲེ་དང་། །སྤྱིར་ན་གདོན་ཆེན་བཅོ་བརྒྱད་དེས་བསྟབས་[སྟབས་]བོང་[འོང་]། །བཞི་པ་རྟགས་ནི་དེ་རྣམས་གང་བཏབས་[བཏབ་]ཀྱང་། །ལུས་ངག་ཡིད་ཤེས་འགྱུར་ཞིང་དེ་སྤྱོད་བྱེད། །བློ་སེམས་དོན་མེད་མི་བདེ་སྤྲོ་ཐུང་འཚིགས[འཚིག]། །ལྷ་གདོན་སང་སྐྲི་[སཾསྐྲྀ་]ལྷའི་སྐད་སྒྲོག་ཅིང་། །ཚིགས་[ཚིག་]སྙན་གཉིད་ཆུང་བཞིན་ལེགས་གཙང་སྦྲ་ཆེ། །གཅིག་དང་བཅུ་གཅིག་དག་ལ་འཛིན་པ་ཡིན། །ལྷ་མེན་[མིན་]བཅུ་པོ་ཉེར་དགུ་དག་ལ་འཛིན། །ཤ་དང་ཆང་ལ་དང་[དད་]ཅིང་མིག་ཟུར་ལྟ[བལྟ]། །འཁྲོ་ཞིང་ང་རྒྱལ་ཆེ་ཞིང་བབ་ཅོལ་མང་། །དྲི་ཟས་བཅུ་གཉིས་བཅུ་བཞི་དག་ལ་འཛིན། །དྲི་ཞིམ་མངལ་[མངར་]ལ་དགའ་ཞིང་ཀླུ་[གླུ་]གར་རྩེ་འཇོལ་[རྩེད་འཇོ་]བྱེད། །ཀླ་གདོན་ལྔ་ལ་འཛིན་ཅིང་མདངས་གསལ་འབྲི་ཚུགས་ལྟ། །དཀར་དང་མངར་འདོད་ལྕེ་མྱུལ་ཁ་སྦུབ་ཉལ། །གནོད་སྦྱིན་བདུན་དང་བཅུ་གཅིག་དག་ལ་འཛིན། །གཏེར་ལ་དགའ་ཞིང་གསང་ལྟམ་[གཏམ་]སྨྲ་བར་བྱེད། །སྨན་པ་བྲམ་ཟེ་དག་དང་སྡང་ཉལ་སྲིང་[ཉ་ལ་སྲེད]། །ཚང་[ཚངས་]པས་བཅོ་ལྔ་བཅོ་བརྒྱད་དག་ལ་འཛིན། །ཀྱེ་ཞེས་འབོད་ཅིང་བསྟན་ཆོས་[བཅོས་]སྨྲ་བར་འོ་[འོང་]། །རང་བསྟོད་རྒོད་[དགོད་]ལ་དགའ་ཞིང་གཞན་མཚོན་བརྗོད། །སྲིན་པོས་བཅུ་དྲུག་གཉེར་[ཉེར་]བཞི་དག་ལ་འཛིན་པ་སྟེ། །སྟོབས་ལྡན་དྲག་ཚིགས་[ཚིག་]རྕུབ་ཤ་དང་དམར་ལ་དད། །ཤ་ཟ་ངོ་གནོང་སྐད་དམའ་སྐབས་སུ་འབོག །དོན་མེད་ངུ་ཞིང་ས་འབྲད་འབྲལ་[འབྲེལ་]མེད་སྨྲ། །ཡི་དགས་[དྭགས་]ལུས་སྐེམ་ཟས་གདུང་ཡན་ལགས་[ལག་]སྐེམ། །མིའམ་ཅི་འདར་འཇིགས་བྱེད་ཟས་མི་འདོད། །གྲུམ་[གྲུལ་]བུམ་ངོ་ནག་དལ་འགྲོ་འབྲས་བུ་སྐྲངས། །བྱེད་སྟོབས་[བྱད་སྟེམས་]ཤིང་འཛིན་གཅེར་རྒྱུག་གནས་སྟོན་[སྟོང་]སྙོག[སྙེག] །གཡེར་བྱེད་ཆུ་འདོད་བསྔགས་ཚིགས་[དངངས་ཚིག་]ཡི་ག་དགའ[འགག]། །རོ་ལོངས་[ལངས་]ཚིགས་[ཚིག་]བདེན་གཉིད་ཆེ་རྒྱན་ལ་དགའ། །དུར་སྲིས་བརྒྱད་སྟོང་དགུ་ལ་འཛིན་པ་དང་། །ཁ་སྐམས་མིག་འཛུམ་གཡོན་ནས་གདོན[གོན]། །དམ་སྲིས་ཚེས་བརྒྱད་དགུ་འཚམས་[མཚམས་]ལ་གནས་འཛིན། །རྒྱལ་པོས་བཅུ་དྲུག་ཉི་ཤུ་རྩ་བཞི་འཛིན། །སྨྱོ་འབོག་བླ་མ་གཏམ་དང་སྤྱོད་པ་བྱེད། །གཤིན་རྗེ་མེ་གདོན་ཐེའུ་རང་མ་ངེས་སྟོན། །རང་རང་སྤྱོད་པ་ཁ་ཟས་གང་དགའ་སྟོན། །གང་གིས་ཟིལ་[ཟིལ་]ཡང་གསོ་སྤང་བྱིས་སྦ་[པ་]བསྡུད[སྡུད]། །སྐྲ་བརྗེས་[བརྫེས་]བློ་སེམས་མི་བདེ་ཡུན་རིང་མྱོས་ན་སྤངས། །བཅོས་ཐབས་སྔགས་བཟླས་གཏོར་མ་སྦྱིན་བསྲེག་[སྲེག་]དང་། །ཀློག་འདོན་མཉམ་འཇོགས་[འཇོག་]བསྙེན་སྒྲུབས་ཚོགས་བསགས་པས། །འབྱུང་པོའི་གདོན་ཉིད་ཞི་བར་བྱེད་པ་ཡིན། །བྱ་ཀྲི་[ཀྲྀ་]རྐན་དྷ་[ཀཎྜ་]ཀ་རི་སྤང་སྤོས་ཤུག་[ཤུ་]དག་རྨ་བྱའི་སྒྲོ། །ཤིང་ཀུན་སྦྲུལ་སྤགས་[ལྤགས་]སྲན་ཕུག་[ཕུབ་]བྱི་བའི་སྦྲུན[བྲུན]། །ཆ་མཉམས་[མཉམ་]དུ་བས་བདུག་པས་འབྱུང་པོ་ཁྱེར[འབྱེར]། །ཙན་དན་གུར་གུམ་སུག་སྨེ་[སྨེལ་]འབྲས་བུ་གསུམ། །བྱ་ཀྲི་[ཀྲྀ་]སྐྱེར་པ་སྒྲོན་ཤིང་ཚ་བ་གསུམ། །གན་དྷ་[གནྷ་]པ་ཏྲ་དུག་ཉུང་པུ་ཤེལ་རྩེ། །ཡུང་[ཡུངས་]ཀར་རྒྱ་སྤོས་ཤུག་པ་སྤྲི་[པྲི་]ཡང་ཀུ། །དབྱེ་[དབྱི་]མོང་རུ་རྟ་ཧོང་ལེན་བོང་ང་དཀར། །སྤང་མ་བཅང་བ་བང་བུ་ར་ལུག་སྡོང་རོས་གཅིན་དྲུག་མར་བསྙིང་ལ་[སྦང་མ་ལྡོང་རོས་གཅིན་དྲུག་[བ་ལང་རྟ་ཐོང་ར་ལུག་]མར་རྙིང་ལ།།] སྦྱར་བས་སྨན་དམར་[མར་]ཞེས་བྱ་སྟེ། །བཟའ་བྱུག་སྣར་བླུག་གདོན་ལས་མྱུར་དུ་བསྒྲལ། །རིགས་སྔག་[སྔགས་]གྲྭ་ལྔ་མཆོད་འབུལ་བགྲགས་[བསྒྲགས་]ན་ཕན། །གཏོར་མ་རིན་ཆེན་དྲི་སྣ་འབྲུ་སྣ་དང་། །མེ་ཏོག་འབྲས་ཆེན་[ཆན་]ཁུར་[ཁུ་]བ་དཀར་མངར་བསྣན[རྣམས]། །ལྷ་དང་བླ་མ་དྲང་སྲོང་གྲུབ་པ་དང་། །རྒན་པོ་ལྔ་ལ་ལྷ་ཡི་ཁོང་[ཁང་]པར་བཏང་། །ལྷ་ལ་བྱང་ཕྱོགས་ལྷ་མེན་[མིན་]ནུབ་ཏུ་སྦྱིན། །དྲི་ཟིའི་[ཟའི་]གདོན་ལ་བ་ལང་ལམ་མདོ་དང་། །ཀླུ་དང་མཚུན་ལྷ་འབབ་ཆུའི་འབྲུམ་བུ་ཕྱིན[འགྲམ་དུ་བྱིན]། །གནོད་སྦྱིན་ཆུ་གཉིས་འདུས་པའི་གནས་སུ་བཏང་། །སྲིན་པོ་ལམ་མདོ་ཚངས་པ་ཤར་དུ་མཆོད། །ཤ་ཟ་ལ་ནི་ནུབ་ཀྱི་ཁང་སྟོང་བཏང་། །གཏོར་མ་སྦྱིན་སྲེགས་[སྲེག་]སྨན་དུད་ལས་[ལ་]སོགས་པ། །ཁྱེད་[ཁྱད་]པར་རང་རང་འཛིན་པའི་དུས་སུ་བསྟེན། །ཞེས་གསུངས་སོ།།

གསོ་བྱེད་[བྱའི་]ནད་འབུམ་ནག་པོ་ལས་འབྱུང་པོའི་གདོན་གསོའ[གསོ་]བའི་ལེའུ་སྟེ་བརྒྱད་བཅུ་[ཅུ་]བཞི་[གསུམ་]པའོ།། །།


 

མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:51 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།