སྨན་རྩིས་དྲ་བ། - ནད་འབུམ་ནག་པོ།

ལེའུ་གྱ་གཅིག་པ། ཡན་ལག་གི་རྨ་གསོ་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 03.01.2024
ནད་འབུམ་ནག་པོ། >>

ལེའུ་གྱ་གཅིག་པ།  ཡན་ལག་གི་རྨ་གསོ་བ། 

དེ་ནས་ཡང་འཚོ་མཛད་སྨན་པའི་རྒྱལ་པོས་བཀའ་སྩལ་[བསྩལ་]པ། དཔྱད་བུ་ལས་[ལ་]སོགས་གསོ་བ་འཛིན་པ་ཀུན། །བཞི་པ་ཡན་ལག་རྨ་ཡི་བཅོས་ཐབས་བསྟེན[བསྟན]། །དེ་ལ་ལུས་ཀྱི་ཡན་ལག་བཞི་ལ་མཚོན་ཕོག་ན། །གནད་མིག་ཕྱི་རྟགས་བཅོས་ཐབས་ལོག་གནོན་བཞི། །གོ་རིམ་མ་ནོར་ཁྱོད་ལ་བསྟན་གྱིས་ཟུང་[ཟུངས]། །གནད་ནི་ཉྭ་རྨེན་རྩ་རུས་ཆུ་རྒྱུས་ལྔ། །དང་པོ་ཉའི་[ཉྭ་ཡི་]གནད་རྨེན་བསྟེན་[བསྟན་]པ་ནི། །འཕྲག་སྟེ་[སྟེང་]ཉ་[གཉའ་]ཤ་ནག་པོ་གནད་དེ་གཉན། །མེ་ལོང་སྟེང་ན་འབྲོས་ཤ་ཁྲ་བོ་གཉན། །སོགས་[སོག་]པའི་སྟེང་ན་འདར་ཤ་ཁུག་པ་གཉན། །དཔུང་པའི་ཉ་[ཉྭ་]ལ་སུལ་སྒོ་བདུན་ཡོད་དེ། །དཔུང་ཚིགས་འཚམས་[མཚམས་]ནས་སོར་བཞི་ལུགས་[ལུག་]གཞུག་གཉན། །ལག་ངར་ཉ་[ཉྭ་]མོ་མགོ་མཇུག་བཟློག་པ་འདྲ། །ཉ་ཤུལ་[ཉྭ་སུལ་]དགུ་དང་ཉ་[ཉྭ་]ཆེན་རྣ་[རྣམ་]གཉིས་ཡོད། །འཁྲིག་[མཁྲིག་]པའི་ཚིགས་དང་གྲུ་མོའི་གཞུ་མཆོག་ནས། །འཁྱུད་[མཁྱིད་]གང་སོར་དྲུག་བཅལ་བའི་ཉ་[ཉྭ་]སྟེང་གཉན། །ལག་མགོའི་མཐེབ་འཛུབ་[མཛུབ་]བར་ན་གར་ཤ་གཉན། །དཔྱི་ཡི་ཤ་ནི་རྒྱ་གྲམ་དག་ཏུ་གནས། །ཆང་བཟུང་སྟེང་གི་ཤ་རྒོད་གཉན་པའི་གཉན། །བླ་[བརླ་]ལ་སུལ་སྒོ་བཅུ་གསུམ་དར་སྦམས་འདྲ། །བརླ་སྒོང་[སྒང་]སོར་གཉིས་སྒང་ཤ་དཀར་མོ་གཉན། །གཉན་གོང་སོར་བཞི་སྦལ་པ་ནག་པོ་གཉན། །བྱིན་ཉ་[ཉྭ་]སུལ་མེད་སྙུག་མ་སྦམས་པ་འདྲ། །བྱིན་པའི་དཀྱིལ་ན་ཉ་[ཉྭ་]སུལ་མེད་སྙུག་མ་སྦམས་པ་འདྲ། །བྱིན་པའི་དཀྱིལ་ན་ཉ་[ཉྭ་]མེད་གསུམ་དུ་ཡོད། །སྲེ་ལོང་སྟེང་ནས་འཁྱུད་[མཁྱིད་]གང་ཉའི་[ཉྭ་མགོའི་]གནད། །དེ་ནས་སོར་དྲུག་གཅལ་[བཅལ་]བ་བྱིན་སྙིང་གཉན། །དེ་ལྟར་ཉི་ཤུ་རྩ་གཉིས་གཉན་པའི་གནད། །རིལ་མ་མཚམས་[ཙམ་]གཅིག་མེད་ན་འཆི་བ་ཡིན། །གཉིས་པ་རྨེན་བུའི་གཉན་གནད་བསྟན་པ་[ནི]། །དང་པོ་མགོ་ཡི་སྐྱོགས་རའི་ཚིག་[ཚིགས་]མཚམས་ནས། །འཕྲག་གོང་སོར་བཞི་གཅལ་[བཅལ་]བར་རྨེན་བུ་མགོ་སྔོན་གཉན། །ཁྱི་ཁས་[ཁྲོས་]སྣ་ནས་སོར་ལྔ་གྱེན་དུ་གཅལ[བཅལ]། །དཔུང་པའི་རྨེན་བུ་སྨུག་པོ་གནས་པ་གཉན། །པུས་མོའི་ཕྱི་ཟུར་ཚིགས་ཀྱི་མཚམས་ནས་ཡར། །མཐོང་[མཐོ་]གང་གཅལ་[བཅལ་]བར་རྨིན་[རྨེན་]བུ་དཀར་པོ་གཉན། །དེ་ནས་སོར་གསུམ་སྦྲུལ་མགོ་གདེངས་པ་གཉན། །དེ་བཞིན་[བཞི་]སྣད་[གནད་]བཞི་འཆི་དུས་རིམ་པ་བཞིན། །མགོ་སྔོན་ལྔ་དང་བདུན་དང་བཅུ་གཅིག་དགུ་དུས་འཆི། །དེ་བརྒྱད་ལྷོག་ཐབས་སྐྲང་བས་སྲོག་འཕྲོག་གཉན། །གསུམ་པ་རྩ་གནད་རླུང་རྩ་ཁྲག་རྩ་བསྡོམ་རྩ་གསུམ། །དང་པོ་རླུ་[རླུང་]རྒྱུའི་རྩ་དཀར་བསྟན་པ་ནི། །དཔུང་པའི་ལུག་གཞུག་ཕྱི་མཆིན[མཆན་]ཆུ་རྩའི་གནད། །གྲུ་མོའི་བར་ན་རླུ་[རླུང་]རྩ་ར་ན་[རཏྣ་]གཉན། །པུས་མོའི་གཉན་གོང་རུས་རྩ་སྒྱེར་པུ་[སྒྱེད་བུ་]གཉན། །སྲེ་ལོག་[ལོང་]ཕྱི་ལོང་བར་ན་གཞུང་རྩ་གཉན། །མཐེབ་གོང་[མཐེ་བོང་]སྤུ་སྐྱེས་རྒྱུས་པའི་པེར་[པིར་]མགོའི་གཉན། །དེ་བཅུ་རླུང་འཕྱོ་བྱ་བ་བྱེད་པུ་[པ་]གཉན་[ཉམས་]རྩའི་[པའཇི་]གནད་ཡིན་ནོ། །གཉིན་[གཉིས་]པ་ཁྲག་རྩའི་གནད་མིག་གཉན་པ་ནི། །ཁྲག་རྩ་མེ་ལོང་འོག་གི་སྔོན་བུ་དང༌། །ལྟེ་བ་དུ་རླུང་འཕྱོ་བ། །ཨུ་ཟུར་ཁུག་པ་དཔུང་ནང་དུང་འབུད་བཞི། །གློ་རྩ་ཡིན་པ་ནང་དུ་ཐིགས་བསོག་གནད། །སྐྱོགས་རའི་ཚིག་[ཚིགས་]མཚམས་གསེར་གྱི་ཀ་བ་གཉན། །སྣག་ཆེན་གཉེར་རིང་འཁྲིས་[མཁྲིས་]རྩ་བཤའ་རིང་[གཤའ་རིངས་]གཉན། །མཁྲིས་རྩ་དེ་བཞི་མཁྲིས་ཚད་སྐྱེ་བས་གཉན། །སྣོད་ཁ་རུ་ཐུང་བརླ་ནད་[ནང་]རྩ་ནག་ཆེ། །མཆིན་རྩ་སྨར་[སྨད་]གསུམ་དེ་བརྒྱད་ཁྲག་འཆོར་གཉན། །དཔྱི་ཡི་ཁ་གཟར་མཁར་[མཁལ་]རྩ་ན་གུ་དང༌། །སྲབ་མཐུག་འཚམས་[མཚམས་]ན་མཆིན་རྩ་ནང་ལ་མཚེར་རྩ་དབུས། །བརླ་སྒང་སྟེང་རིག་[གི་]མཁལ་རྩ་རུས་ཞེན་དང༌། །བརླ་ཡི་ཕྱི་ཡུལ[སུལ་]ཚ་བ་སྐྱེ་བ་བཞི། །མཁལ་རྩ་རྐང་འདེགས་གཉན་བཞི་དྲུག་ནི་གཉན། །བརླ་ཡི་ཕྱི་ཟུར་མཚེར་པའི་རྩ་ནག་གཉིས། །དེ་རྒྱབ་[བརྒྱད་]བད་ཀན་གྲང་བ་སྐྱེ་བས་གཉན། །ཁྲག་འཆོད་[འཆོར་]བད་ཀན་སྐྱེ་བ་བརྒྱད་བརྒྱད་ནི། །ལྷ་ལྒང་[བརླ་སྒང་]ནས་སོར་བཞི་གཅལ་[བཅལ་]བའི་ཕྱི་ན་ཡོད། །ཐིག་སོག་[ཐིགས་གསོག་]དྲུག་དང་འཁྲིས་[མཁྲིས་]ཚད་སྐྱེ་བ་བཞི། །དེ་ལྟར་ཉེར་དྲུག་ཁྲག་རྩ་གཉན་པའི་གནད། །གསུམ་པ་རླུང་ཁྲག་གཉིས་འདོམ་འཕར་བའི་སྙིང་རྩ་ནི། །རྐང་པའི་མཐིལ་ན་གཞག་[བཞག་]འདྲ་མཐིལ་འཕྲོག་གནད། །བོལ་ག་[གོང་]སྟེང་ན་མགུལ་[འགུལ་]རྩ་ནག་པོ་གཉན། །ནང་ལོང་ནང་ཁུད་ལྕགས་ཀྱི་སྲན་མ་གཉན། །ངར་གོང་[གདོང་]མཐུར་དར་[ཐུར་བར་]གསེར་རྩ་ཀ་གདུང་གཉེན[གཉན]། །བགབ[སྒབ་]ཁུང་ནང་ན་འགབ་[སྒབ་]རྩ་ནག་པོ་གཉེན་[གཉན]། །སྣ་[སྣེ་]རྩའི་ཁུད་ན་སྙིང་རྩ་མིག་དམར་གཉན། །ལག་མཐིལ་སྲིན་ལག་འོག་ན་མྱུར་རྩ་གཉེན[གཉན་]། །མཛོད་སུ་[སྤུ་]ཆུང་གི་སྟེང་ན་འགུལ་རྩ་གཉན། །རུས་རྩ་འབོར་[འབུར་]པོའི་སྟེང་ན་ལྟག་[བལྟ་]རྩ་གཉན། །མར་ཟུར་ཆུ་བའི་བར་ན་བླ་རྩ་གཉེན[གཉན]། །གྲུ་མོ་ནང་ཁུད་ཨ་པོ[སོ་]ལི་ཀ་གཉན། །མཆིན་[མཆན་]ཁུང་ནང་ན་སྙིང་རྩ་རྔུལ་འདུ་གཉན། །དེ་ལྟར་རྩ་བཞི་རླུང་ཁྲག་ཁུག་པར་རྒྱུ། །ཕྱི་རུ་མངོན་པས་གཉན་པའི་གནད་དུ་བརྟེན[བསྟན]། །བཞི་པ་རུས་པའི་གཉན་མིག་གནད་བསྟན་པ། །ཚིགས་ཀྱི་ནང་དང་རུས་ཕྲན་གནད་གཉིས་ཡོད། །ཚིགས་ཆེན་བཅུ་གཉིས་དཔྱི་དང་དཔུང་པ་དང་། །པུས་མོ་གྲུ་མོ་ཁྲག་གི་མིའི་[མཁྲིག་མ་]ལོང་ཚིགས་རྣམས། །ཡར་མར་སོར་བཞི་ལྷ་བར་བཅས་པ་ནི། །ཚིགས་ཀྱི་ནང་དང་རུས་ཕྲན་གནད་གཉིས་ཡོད། །ཚིགས་ཆེན་བཅུ་གཉིས་དཔྱི་དང་དཔུང་པ་དང་། །པུས་མོ་གྲུ་མོ་ཁྲག་གི་མིའི་[མཁྲིས་མ་]ལོང་ཚིགས་རྣམས། །ཡར་མར་སོར་བཞི་ལྷ་བར་བཅས་པ་ནི། །ཚིགས་ཀྱི་ཕྱོགས་སུ་གཏོག་[གཏོགས་]པ་གཉན་པ་ཡིན། །རུས་ལྷག་དཔྱི་རུས་རྫ་མཁན་ཐག་གང་བར་འདྲ། །ལྷང་མོ་ཆེ་དང་དཔྱི་དམིག་གཉན་པ་ཡིན། །ཚིགས་དང་རུས་ཀྱི་རུས་རྗེས་ཡོད་པ་གཉན། །སྲོ་ལོ་སྐྲན་སྤུན་ཆུ་རུས་མང་ལགས་པས། །ཚིགས་པའི་བཅུ་གཉིས་རུས་ལྷ་བཅུ་དང་ནི། །སྲས་སྤྲུལ་བཞི་སྟེ་ཉི་ཤུ་རྩ་དྲུག་གཉན་པའི་གནད། །ལྔ་པ་ཆུ་རྒྱུས་གཉན་པོའི་གནད་བསྟན་ན། །ཆུ་རྒྱུས་ནང་གི་[གནད་ནི་]སྒྱིད་པ་[ཁུང་]གྲུབ་[གྲུ་]མོ་དང་། །འཁྲིག་པའི་[མཁྲིག་མ་]རྟིང་གི་ཆུ་བ་སྦལ་མགོ་བཅུ། །ཆུ་བ་རྒྱབ་ལ་རྒྱུས་པ་མདུན་ན་གནས། །ཞ་རིངས་[རེངས་]འགྲོ་བསྐྱེད་ཤ་བསྐྱེད་བྱེད་པས་གནད། །དེ་ཡང་རྩ་རྨན་[རྨེན་]རབ་གཉན་འཆི་བར་བྱེད། །ཉ་[ཉྭ་]ཚིགས་འབྲིང་ཡིན་བཞི་སྦྱང་ཆུ་རྒྱུས་ཐ། །རྩ་ལ་སྙིང་རྩ་གཞན་ལས་གཉན་པ་སྟེ། །འཆི་ངེས་འཁྲིས་[མཁྲིས་]རླུང་རྩ་སྣད་[གནད་]འཚོ་ཡང་སྲིད། །གཞན་རྣམས་ཐ་མ་ཡིན་པས་འཆི་མ་ནུས། །ཉྭ་ལ་བྱིན་སྙིང་སྦལ་ནག་གཉན་པ་འཆི། །བརླ་ཤ་འབྲིང་ཡིན་ཉ་ཞན་[ཉྭ་གཞན་]ཐ་མལ་[མ་]ལ། །ཚིགས་ལ་དཔུང་པ་པུས་མོ་གཉན་པས་ཕལ་ཆེར་འཆི། །དཔྱི་དང་གྲུ་མོ་འབྲིང་ཡིན་ཚིག་[ཚིགས་]གཞན་ཐ་མ། །རུས་ལྷག་ལོང་བུ་སྲེ་ལོང་རབ་ཏུ་གཉན། །དཔྱི་སོགས་[སོག་]འབྲིང་ལ་གཞན་མ་ཐ་མའོ། །ཆུ་རྒྱུས་སྒྱིད་ཁུང་གཉན་པས་བཅོས་པ་དཀའ། །གྲུ་མོ་འབྲིང་ཡིན་གཞན་རྣམས་ཐ་མའོ། །ཚིགས་དང་ཆུ་རྒྱུས་ཆུ་རྩ་རླུང་གི་གནད། །གློ་རྙིང་མཁྲིས་རྩ་མཁྲིས་པའི་གནད་དུ་སྦྱར། །རྩ་བོ་ཆེ་དང་མཆིན་རྩ་ཁྲག་གི་གནད། །མཚེར་མཁལ་རྩ་དང་ཉྭ་རྨན་[རྨེན་]བད་ཀན་གནད། །དེ་ལྟར་གནད་གཉན་གནས་ལུགས་ཤེས་པ་ཡིས། །གནད་རབ་འཆི་ལ་གནད་འབྲིང་ཡུན་དུ་སྦྱོང་། །ཐ་མ་གསོ་སླ་ཆུ་རྒྱུས་ཞ་རེས་[རེངས་]སྨྲ། །གཉིས་པ་གནད་ཀྱི་ཕྱི་[སྤྱི་]རྟགས་བརྟན་[བསྟན་]པ་ནི། །ཕྱི་[སྤྱི་]རུ་མར་[མོད་]ལ་ལྷོག་ཐབས་སྐྲངས་པའམ། །ཟུག་གཟེར་ཆེ་བ་གདོས་སུ་[རྡོས་བུ་]བཅུག་པ་འདྲ། །མེ་ལྟར་འབར་རབ་[རམ་]ཆུ་ལྟར་འཁྱག་པའོ། །མདོར་བསྡུས་ལུས་ཉམས་གནད་ལ་ནད་ཀྱིས་ཕེབས། །དེ་དག་གསོ་བ་དཀའ་བ་ཕལ་ཆེར་འཆི་བ་ཡིན། །ཁྱེད་[ཁྱད་]པར་གཉན་པའི་གནད་སྟེང་མཚོན་ཕོག་ན། །མོད་ལ་ཚ་ཞིན་[ཞེན་]རྨ་ཆས་མཚན་[ཚན་]མོ་ཕན། །སྨུག་ནག་སྔོ་བཀྲ་[ཁྲ་]དམར་བཀྲ་[ཁྲ་]མེ་ལྕེ་རིས། །ཟུག་ཆེ་རྡོ་ལྟར་བསྲ་[སྲ་]ཞིང་ཐུག་མི་བཟོད། །སྐྲངས་མདོག་དམར་ལ་རྩིབས་[རྩིགས་]ཅན་སྐད་གདངས་ཞན། །རྨེན་བུ་རྣམ་བརྒྱད་སྣད་[བསྣད་]བཅལ་[བཅད་]བཅོས་སུ་མེད། །རྕོད་བུ་[བཙན་བརྡུངས་]མོད་དུ་ལྷོག་ཐབས་སྐྲངས་པ་ལ། །ཟུག་ཆེ་ཚ་བ་སྐྱེ་ལ་སྨྲ་ངག་ཉམས། །ཉ་[ཉྭ་]སྒང་ཆུ་སེར་འཛག་ཅིང་དྲི་མ་[མི་]ཞིམ། །རླུང་ཤས་ཅན་ལ་མཚོན་ཕོག་འཕྱོ་དུར་[འདར་]བྱེར་[བྱེད]། །མིག་རྩ་རྒོད་ཅིང་གཡལ་དང་སྐྱིགས་བུ་མེད། །གཉིད་ཆུང་ཁ་མིག་ཚ་[ཡོ་]ཞིང་ཇ་ལོག་སྐྲངས། །ཁྱེད་[ཁྱད་]པར་ལུག་གཞུག་ཆུ་རྩ་ཆོད་གྱུར་ན། །ལག་པ་བཤལ་སྦྲིར་[སྦྲིད་]བྱ་བ་འདུ་བྱེད་ལས[ཉམས]། །རླུང་རྩ་རིང་ན་[རཏྣ་]རྒོད་[དགོངས་དང་]ཐོ་རངས་ན། །བསྔངས་ཤིང་གཡལ་དང་སྐྱིགས་བུ་བརྒྱུད་[བསྟུད་]ནས་འོང་། །རུས་རྩ་སྒྱིད་པོ་[སྒྱེད་བུ་]བསྔངས་ཤིངས་[ཤིང་]ལྷོག་ཐབས་སྐྲངས། །རྐྱལ་པ་བུས་འདྲ་མགོ་ན་རླབས་ཆོལ་[བླ་འཆོལ་]སྨྲ། །གཞུང་རྩ་ལྟག་དགྱེ་སོ་མཐམ་[འཐམ་]དྲི་ཆུ་སྡོམས། །སིར་[པིར་]མགོ་བསྔངས་འདར་གཟུག་[ཟུག་]ཆེ་གཡང་ཆུ་སྨིན[རྨི]། །གློ་རྩ་སྔོན་པོ་ངམ་ནག་སྐྱིག་བུས་འདེབས། །འདར་ཅིང་བསྔགས་[བསྔངས་]ནས་གློ་ལུ་ཚ་བ་སྐྱེ། །གློ་རྩ་ཁུག་པ་སོར་འཕྲག་[སོ་ཕྲག་]གཟེར་བ་དང་། །མགོ་དང་དཔུང་པ་བཤལ་ལ་འཇིང་པ་འགྲིང་[རེངས]། །དུང་འབུད་གསོག་ཅིང་གཟེར་ཅིང་བུས་ལྟར་སྐྱངས[སྐྲངས]། །རྐང་ལག་མཁྲིས་རྩ་བཞི་པོ་གང་ཉེན་ཡང་། །མགོ་ན་མིག་ཆུ་རྨ་ཁ་བཞིན་ཀུན་སེར། །ཁ་ཁ་དང་ཁ་མི་བེར་[བདེ་]སྐོམ་དད་ཆེ། །ལུས་ལྗི་[ལྕི་]རྨ་ཆས་ཚ་མོ་རིག[རེག་]མི་བཟོད། །བརླ་ནང་རྩ་ཆེན་ཆོད་[ན་]ཁྲག་མི་ཐབ་[ཐུབ]། །ཆུ་དད་ཆེ་ལ་སྨད་འཕྱོས་[འཕྱེས་]ཁོང་པ་འཁྲོག །མཆིན་རྩ་ཆོད་ན་ཁྲག་མི་ཐུབ་པ་ལ། །སྨད་ལྗི་[ལྕི་]སྒྲིག་[སྒྲེག་]སྐྱུགས་ཁྲག་རུལ་དྲི་ཅན་འཛག །སྣོད་ཁ་རུ་ཐུང་བཅད་ནས་ཁྲག་ཆོད་དཀའ། །མཁལ་རྩ་རྨ་བས[ཆས་]གྲང་མོ་རིག་[རེག་]མི་བཟོད། །སྨད་འཕྱེས་རྐང་པ་བཤལ་སྦྲིད་དཔྱི་མིག་ཟུག །ཆུ་སྲི་སྣ་[རྣ་]བ་འོན་ལ་ཕྲུལ་[ཕྲུམ་]སེར་ཁྱེར། །མཚེར་རྩ་སྦོས་སྒྲེག་རླན་ཅན་རིག་[རེག་]མི་བཟོད། །ཁྲག་རུལ་འཛག་ཅིང་སྨད་འཕྱེས་རྒྱུ་ལོང་འཁོག །མགོ་ན་ལུས་ལྗི་[ལྕི་]ངམ་ནག་ཚ་བ་སྐྱེ། །སྙིང་གི་འཕར་རྩ་གང་ཆོད་ཁྲག་མི་ཐུབ། །གདོང་པ་སེར་དལ་[ལ་]གཡལ་མང་འབོག་ཚུལ་སྟོན། །བཙན་བརྡུངས་སྐྲངས་དམར་རྩ་བརྒྱུད་[རྒྱུད་]འཁྲིད་ཅིང་ན། །རྨ་འཁྱིམ་རྩ་ཁ་འབུད་ཅིང་གཞན་དུ་བྱེར། །ཞག་གསུམ་ལེན་[ལོན་]ནས་ཚ་བ་སྟོད་དུ་འཆོར། །མགོ་ན་ཕྲུམ་སེར་ཁྱེར་ལ་མིག་རྩ་གྲུགས་[གྲུང་]། །སྣ་སྐམ་ལྕེ་རྩ་སྔོ་ལ་སོ་དྲེག་ཆགས། །དབུགས་ཐུང་གློ་སྙིང་མི་བདེ་སྐོམ་དད་ཆེ། །ཁྱད་པར་མཐིལ་འཕྲོག་མྱུར་བ་སྟོང་སྐྱུགས་བྱེད། །མགོ་ན་བསྔངས་འདར་ཟུག་ཆེ་སྙིང་ཁ་གཟེར། །ཨ་སོ་རྔུལ་འདུ་མགོ་ན་གློ་སྙིང་འདར། །ཕོ་བ་མི་བདེ་སྐྱུགས་ཤིང་རླབ་[བླ་]རྡོལ་སྨྲ། །སྙིང་རྩ་མིག་སྙིང་སྤྲུག་ལ་རྐང་པ་འདར། །སྙིང་རྩ་ནག་པོ་ཁྲག་འཆོར་སྐྲངས་པ་བྱེད། །ཀ་གདུང་དགུ་ནས་ཁྲག་འཆོར་སྐྱོགས་[སྐྱིགས་]བུ་འོང༌། །འགུལ་རྩ་བྱིན་རིངས་[རེངས་]སྐྱུག་ཅིང་སེར་[སོར་]མོ་འཁུམས། །ཚིགས་སྣད་[གནད་]མདེལ་བུ་མི་དམ་འདོན་པ་བྱ། །ཞག་གསུམ་ནས་[ནང་]དུ་རྨ་ནང་ཚིགས་ཆུང་འོང་། །བརྐྱང་བསྐུ་[བསྐུམ་]མི་བཟོད་གཟུག་[ཟུག་]ཆེ་ཁ་སྣ་སྐམ། །མགོ་ན་སྒྱིད་ས་[པ་]སྐྱུར་བ་སྟོང་སྐྱུག་བྱེད། །ལོང་ལ་ཕོག་ན་བཅོ་ལྔ་བཅུ་དགུ་ལ། །མདོག་སྦུམ་[སྣུམ་]ལུས་འདར་རྔུལ་འབྱུང་ཤེས་པ་འགྱུར། །ཟུག་གཟེར་ཆེའོ་མཁས་ཀྱང་འཚོ་མི་སྲིད། །སྲེ་ལོང་གསུམ་ན་བཤུལ་རེངས་ལྟག་པ་དགྱེ། །ལུས་རིངས་[རེངས་]པོ་ཐམ་[སོ་འཐམ་]གླང་ཐབས་དག་ཏུ་ན། །མདུན་ནམ་དགུ་ལས་སྣོད་དམན་སྐྲངས་ནས་འཆི། །དཔྱི་དང་སོགས་[སོག་]པ་ལྷང་[ལྷ་]ང་སྤྲིན་[པྲན་]རྩེ་རྣམས། །ཟུག་ཆེ་སྐྲངས་ཤིང་རྣག་ཐག་རིང་བར་འགྱུར། །རྐང་སླེབ་ཟུག་རྔུ་[བྱ་]འདས་འདོན་པ་བཀའ[དཀའ]། །ལྷ་བ་ནག་པོ་ཕུག་ན་ཆེ་[ཚ་]བེམ་བྱེད། །ཆུ་རྒྱུས་བཅད་ན་རིང་[རེངས་]འགྱུར་རྒྱུས་འཕྲོ་ནུབ། །ཕུག་གཤག་རྣག་ཆུ་རྩིག་ཅན་བྱེ་འཕོངས་འོང་། །གསུམ་པ་བཅོས་པའི་ཐབས་ལ་དྲུག་ཡིན་ཏེ། །ཉེས་བྱེད་དུས་དང་སྦྱར་ནས་བཅོས་དང་གཅིག །ཕོག་པ[ས་]གནས་དང་སྦྱར་ནས་བཅོས་དང་གཉིས། །མན་ངག་རིམས་[རིམ་]པ་ཤུགས་དང་སྦྱར་ནས་བཅོས་པ་གསུམ། །དུས་གསུམ་དཔེའ་[དཔེ་]དང་སྦྱར་ནས་བཅོས་དང་བཞི། །གཉན་པ་གནད་དང་སྦྱར་ན་[ནས་]བཅོས་དང་ལྔ། །མ་[མན་]ངག་སྐབས་དང་སྦྱར་ནས་བཅོས་དང་དྲུག །དང་པོ་ཉེས་བྱེད་སུས་[དུས་]དང་སྦྱར་ནས་བཅོས་པ་ནི། །ཁྲག་དུས་ཆུ་སེར་རྣག་དུས་གསུམ་ཡིན་ཏེ། །དང་པོ་ཞུགས་པ་ཁྲག་གི་དུས་ཡིན་པ། །དར་མ་མཁྲིས་ཤས་ཆེ་ལ་ཞག་ལྔ་བཀུག །བྱིས་པ་བད་ཀན་ཆེ་ལ་ཞག་གསུམ་སྟེ། །རྒད་པ་རླུང་ཁམས་ཡལ་[ཅན་]ཞག་གཅིག་[ལ་]བཀུགས[བཀུག་]།དེ་ཡིས་སྐྲངས་པ་མི་རྒྱས་ཁྲག་མི་སྐྱེ། །ཟུག་ཆུང་གནས་[གནད་]ལ་མི་ཉིན་[ཉེ་]ཁྲག་འབྱོར་འགྲོ། །རྨ་ཆས་སྦང་མ་བཟང་པོ་བསྲོ་ནས་ཀྱང་། །དེ་ལ་ཞོ་ཡི་ཁ་ཆུས་བཏབ་ལ་སྐྲི[དཀྲི]། །རྩ་འམ་ཚིགས་ལ་ཕོག་ན་རྒྱ་སྐག་བསྣན། །ཡང་ན་མཁན་པ་སྦང་ཞིམ་ལེགས་སྦྱར་བསྲོས། །ལྕམ་འབྲུ་ཕབས་དང་གཡེར་མའི་ཐལ་སྤྱིན་ལ། །ཞོ་ཡི་ཁ་འཕྲུ་[ཕྲུ་]བཏག[བཏབ་]ལ་ནོན་པར་དཀྲི། །འཕྲོད་པར་གྱུར་ན་མས་སོ་[མ་སོས་]བར་དུ་དཀྲི། །དེ་ཡིས་མ་ཐུབ་སྐྲངས་ལ་དམར་སྦྱར་བྱ། །བཅོད[བཙོད་]ཞུན་རམ་[རམས་]ཚོས་སྡོ་[རྡོ་]དྲེག་དམར་པོས་སྣན[མནན]། །གཉིས་པ་བར་དུ་རྒྱས་པ་ཆུ་སེར་གྱི་དུས། །ཤ་ལ་སྐྲངས་པ་ཤོར་ན་དཀར་[གར་]པོ་དང་། །བག་ཕྱེ་འབྲུ་མར་སྤོད་བཏབ་ཨ་པས[སས་]བདུག །དེས་མ་ཐུབ་ན་སེར་པོའི་སྦྱོར་བས་འདུལ། །ཡོང[ཡུང་]སྐྱེར་ཆུ་རྩ་ཞུན་མཁན་ཇེན་[རྗེན་]ཕྱེ་ཞོ། །ཞུན་དང་ནན་གྱིས་གང་འཕྲོད་རྨ་དང་བཏུན[བསྟུན]། །ཡང་ན་ཡོང་[ཡུང་]བ་སྐྱེར་པ་ཆུ་རྩ་དང༌། །ཞུན་མཁན་ལྡོང་རོས་སྦྱར་བའི་ཞུན་ནན་སྤྱོད། །དེས་མ་ཐུབ་ན་ཁྲ་བོའི་ཆས་ཀྱིས་བདུག །ཡོང་སྐྱིར་[ཡུང་སྐྱེར་]ཆུ་རྩ་བཙོད་ཞུན་ཕོ་ཚེས[ཚོས་]རམ[རམས]། །སོ་ཐག་[ཐོག་]ཝ་སྤྱང་གོང་མོ་སྤྲིན་བུའི་[སྤྲེ་ཡི་]བྲུན། །རི་བོང་རིལ་མིའི་[མའི་]ཞུན་ནན་གང་འཕྲོད་བྱ། །ཡང་ན་ཝ་སྤྱང་རི་བོང་གོང་མོའི་བྲུན། །གྲོག་ཞིང་ཐལ་བ་སོ་ཐོག་གྲག་པོ་ཚངས[གྲོག་ཚང་ས]། །ས་ཞག་ཞུན་མཁན་བཙོད་རམ་[རམས་]རྒྱ་སྐག་དང་། །ཡོང་[ཡུང་]སྐྱེར་ཆུ་རྩ་སྦང་ཀར་[གར་]ཇིན་[རྗེན་]ཕྱེ་སྦྱར། །ཚེས་[ཚོས་]པར་བཙོས་ལ་སྐྲངས་པ་ནོན་པར་བཏང༌། །ཅིས་ཀྱང་མ་ཐུབ་ནག་པོའི་ལུམས་ཀྱིས་འདུལ། །ཁྱི་ལུད་རོ་[རེ་]ལྕག་སྤྱང་ཚེར་རྩ་བ་དང༌། །དུག་གསུམ་བཙན་དུག་བོང་ང་ར་དུག་དང་། །བྲུན་བཞི་ཝ་སྤྱང་རི་བོང་གོང་མོའི་བྲུན། །རྒྱ་སྐག་གུ་གུམ་[གུལ་]རྣམས་དང་རྗེན་ཕྱེ་སྦྱར། །མར་ནག་སྦྱར་བཙོས་ཞུན་དུ་གཞུགས་[གཞུག་]པ་དེས། །གང་རྒྱས་རྩ་ལ་གདར་[གཏར་]ཞིང་ཁོང་ནས་སྦྱང༌། །ཐུལ་རྟག་[རྟགས་]སྐྲངས་པའི་མདོག་ཉམས་ཅུ་[ཅུང་]ཟད་སྐྱ། །ཟུག་ཆུང་གཉེར་མ་བྱུང་ན་རྨག་[རྣག་]ཏུ་ཁུགས། །རྣག་མེད་སྐྲངས་པ་སྔོ་སྐྱ་ན་ཚ་ཆེ། །གླད་[ཀླད་]རུལ་ཚྭ་དང་སྦྱར་ནས་ཁྱབ་པར་བྱུག །དེ་སྟེང་མཁན་སྦང་གསེར་ར་[གཡེར་མ་]ལྕག་[ལྕམ་]ཕབས་འཇིབས་[སུ་]གཞུགས[གཞུག]། །ཡང་ན་ཚོས་བཙོད་ཞུན་མཁན་ཚ་བ་གསུམ། །སྦང་དཀར་[གར་]སྦྱར་བ་རྩེ་འཇམ་ཁྱབས་[ཁྱབ་]པར་བྱུག །ཚ་ལ་དྲོད་ཆེ་སྐྲངས་ན་བསིལ་ཞུན་བྱ། །གསུམ་པ་ཐ་མ་སྨིན་པ་རྣག་གི་དུས། །རྣག་ཏུ་འགྲོ་རྟགས་སྐྲངས་པའི་མདོག་མི་འགྱུར། །འཕར་ཞིབ་མི་བྱེད་མནན་ན་པྲ་[སྲ་]ལ་ཧྲེམ། །དེ་ཕྱིར་རྣག་གཡོ[གཡོས་]སྐྲངས་མདོག་དམར་ལ་གདང་[དྭངས]། །རྐྱལ་པ་བུ་[བུས་]ལྟར་མཐའ་དབུས་མེད་པར་བརྒྱང་། །དྲོས་ཆེ་[ཚེ་]གྷས[གས་]ལྟར་ཚ་འཁྱུག་རིག[རེག་]མི་བཟོད། །ལུས་སྙིང་[སྙོམ་]གཉད[གཉིད་]མེད་ཁ་རླ་[སླ་]དང་ཁ་འགག །དེ་ནས་རྣག་ཏུ་སྨིན་ནས་མིག་སྤྲིན་སེར། །ཆུ་མདོག་[ལྡོག་]བསྐའ[སྐ་]དུགས་རྩ་རྒྱུད་འདར་རམ་སྤུན། །སྐྲངས་པ་མཐའ་ནས་ཟུམ་ཞིང་དབུས་སུ་འབུར། །སྐབས་སུ་ལྡང་དུབ་ཚ་འཁྱུག་བ་སྤུ་འགྱེལ། །སྐངས་[སྐྲངས་]པ་མཐེབ་བོས[མཐེ་བོང་]སྙོམས་སམ་རྫིས[བརྫིས་]པའི་ཚེ། །འབྲི་མིག་ཚིགས་མ་འདྲ་བའི་བུ་ག་འོང་། །སྐྲངས་པའི་གོང་འོག་གཉིས་ནས་སིན་[སེན་]མོས་མནན། །རྒྱལ་པ་མྱུར་བུ་རླུང་ནི་ཕན་ཚུན་ཡོད། །རྣག་བྱེད[བྱེར་]རུས་ལ་གྲམ་དང་ཤ་སུལ་ཡན། །སྐྲངས་ཆུང་ཟུག་ཆེ་ལུས་ལྗི་[ལྕི་]དང་ཁ་འགག །སྨིན་རྟགས་མེད་པ་དེ་ལ་བྱེར་བསྡུ་གཅེས། །ལྒ་དང་དམར་[མར་]རྙིང་ཚིལ་ཆེན་དགོས་སར་བྱུགས། །ཨ་སས་འདུག་[བདུག་]ཅིང་མཐའ་ནས་ཆུ་ལྕགས[ལྕག་]འཁྲོག[བརྡེག] །ཡང་ན་ཚ[ཚྭ་]ཕབས་གླད[ཀླད་]པ་བྱུག་བྱས་ལ། །སྟེང་དུ་བྱི་བྲུན་སྦང་སྐབས་[སྐམ་]ལུམས་ཀྱིས་བྱུག །ཡང་ན་བྱི་བྲུན་ནུ་ཞུ་[ཞོ་]སྦྱར་བས་བསྡུ། །དེ་ཡིས་བྱེར་འདུས་སྨིན་པའི་རྟག་[རྟགས་]བྱུང་ན། །འབུག་ཐབས་སྔོན་དུ་རླུང་ནོན་ཆང་བཏུང་བཏང་། །མཐའ་ནས་བཅིངས་ཏེ་གར་བབས་ལེགས་པར་བརྟག །ཤ་འགྲོས་ཉམས་དབུས་རྟག་དང་འབད་པར་འབུག །རྨ་ཁ་ཆེ་ཆུང་ཁ་སུལ་རྣག་དང་སྦྱར། །རྒྱུས་མདེལ་[ལྡད་]ཐུར་མས་རྣག་ཤ་བསལ་ཅིང་དབྱུང་། །རྩ་ཆོད་ཁྲག་ཤོར་སྤྲུ་དང་ཟོར་བ་ལྗོང་[རྫོང་]། །རྗེས་ལ་དར་དམར་དྲི་[དྲིལ་]བའི་རིང་[རེང་]བུ་གཞུག །རྣག་པྲ་གརྟགས[བརྟག་]པ་དུད་ཁའི་དྲི་མནམ་སྐའ[སྐ]། །སླ་ལ་སྦུ་[ལྦུ་]ཅན་སེར་བ་ངན་པ་ཡིན། །དྲི་ཆུང་དཀར་ལ་འཇམ་ཞིགས[ཞིང་]སྐའ[སྐ་]བ་བཟང་། །ཞགས[ཞག་]གསུམ་བར་དུ་སྦང་མའི་རྣག་འཇིབས་བཏང༌། །དེབ་ཆས་ར་མོ་ཤག་དང་མཚེ་ཡི་ཁུ། །གར་པོ་སྒོ་ང་བ་ཞོ་བག་ཕྱེ་དང༌། །འབྲུ་མར་སྦྱར་ནས་རོར[ར་རི་]མེད་པར་བྱུགས།ཡངས[ཡང་]ན་ར་མོ་ཤག་གི་ཐལ་བ་དང༌། །ལྕིམ[ལྕུམ་]རྩ་ཡུང་བ་ཆུ་རྩ་ལྡོང་རོས་དང༌། །བག་ཆུ་སྦང་གར་བྱུག་ནས་འཕྱིང་[ཕྱིང་]དེབ་བཅིང་། །དུས་འོག་ཚིགས་མིག་རྣམས་སུ་འཕྱིག[ཕྱིང་]བ་རྩེགས། །རྣག་ལམ་འཕྱིང་[ཕྱིང་]བ་སྐར་ཁུང་ཅན་དུ་གཏོར། །དེ་སྟེང་མཐའ་ནས་འཇག་གི་དེབ་བཅིང་བྱ། །ཧྲིམ་ནས་སྐབས་སུ་ཆས་བཤིག་ལུམས་སུ་བཅུག །འབྱར་གྱིས་གཟུག[ཟུག་]གཟེར་སྐྱེས་ན་འབོལ་ཐབས་བྱ། །གཉིས་ཀྱི་གནད་རྩ་དེབ་བཅིང་སྒྱོག་གི[སྒྱོགས་ཀྱིས་]བཅོས། །[གཉིས་པ་ཕོག་ས་གནས་ཀྱི་བཅོས་པ་ནི།།] ཤ་ཡི་གནད་ལ་འཇིབ་ཞུན་ནན་གྱིས་བཅོས། །རྩ་ཡི་གནད་ལ་མེ་གཏར་སྨན་གྱིས་བཅོས། །ཚིགས་ཀྱི་གནད་རྩ་དེབ་བཅིང་སྒྱོག་[སྒྱོགས་]ཀྱིས་བཅོས། །གཉེན་པའི[པོའི་]བཅོས་དགུ་སྤྱི་རུ་འཁྲུལ[འཕྲུལ་]ཤེས་ནི། །འཇིབས་ཀྱིས་རྨ་ཡི་ཆུ་སེར་འདོན་པ་ཡིན། །ཞུན་གྱིས་རྨ་ཡི་སྐྲངས་པ་བཞུ་བ་ཡིན། །ནན་གྱིས་བྱེར་སྦོས་གཡོས་པ་རང་སར་གནན[མནན]། །མེ་ཡིས་རྩ་ཡི་ཟུག་བཅག་འབྲོས་འཕྲང་བསྡམ། །གཏར་གྱིས་ཁྲག་ངན་ཆུ་སེར་ཕྱིར་ལ་དབྱུག[དབྱུང་]། །སྨན་གྱིས་རྨ་ཁོང་གཉིས་ཀྱི་ཉེས་པ་བསལ། །དེབ་ཀྱིས་རྣག་ཆུ་བྱེར་བ་གཅར་ལ་གདབ། །ཆིངས་ཀྱིས་ནན་དང་དེབ་གཉིས་རང་སར་གཞག །སྐྱོག་[སྒྱོགས་]ཀྱིས་ཚིག[ཚིགས་]པའི་འཁྲུལ་འཁོར་བསྡམ་པ་ཡིན། །དང་པོ་འཇིབས་ལ་ཚ་གྲང་སྙོམས་དང་གསུམ། །དང་པོ་སྦང་མ་མཁན་ཕབས་གཡེར་མ་ལ། །གཉིས་པ་ཁྱི་ལྕེལ[ལྕེ་]པར་པ་ཏ་དང་ལུགས[ལུག་]ངལ་ར་ཞོ་སྦྱར། །ཡུལ་དང་ནད་དང་ཉེས་བྱེད་སྦྱར་བའི་ཞུན། །སྙོམས་ནས་སིང་པོ་སྦང་མ་ཁྱི་ལྕེ་སྦྱར། །གཉིས་པ་ཞུན་ནི་ཕོག་ས་འདུ་བ་དུས་གནད་གསུམ་དང་སྦྱར་བའི་སྨན་ཞུན་དང་ཡིན། །ཕོག་ས་ཡུལ་དང་སྦྱར་ནས་ཞོ་བཙོས་འབྲུ་མར་ལ། །ཤ་འདུལ་ཤ་དང་ཉ་ཤ་འདུལ་ཉྭ་ཤ་དང་། །རྨེན་འདུལ་རྨེན་བུ་སྣ་ཚོགས་བཙོས་ལ་ཞུན། །རྩ་འདུལ་ཁྲག་སྣ་རུས་འདུལ་རུས་དང་[པ་]དང་། །ཆུ་རྒྱུས་ཨ་པའི་[སའི་]སྣུམ་དང་དྲེག་བཞིན་[བཞི་]འདུལ། །སྐྲངས་པ་འདུལ་བའི་གདོང་འདུལ་སྣུམ་བཞི་ཡིས། །རླུང་འདུལ་བྱེད་ཅིང་མཁྲིས་འདུལ་ཏིག་ཏ་དང་། །ཀྱི་ལྕེ་ཚེལ[ཚོས་]དང་ཧུང་[ཧོང་]ལེན་སྦྱར་བ་དང་། །ཁྲིག[ཁྲག་]སྐྲངས་པ་ལ་དམར་པོ་གསུམ་གྱིས་འདུལ། །རྗེན་ཕྱེ་དབྱི་མོང་ཚ་བ་གསུམ་དང་དར་བ་བཙོས།།] བད་ཀན་འདུས་པའི་སྐྲང་པ་འདུལ་བ་འོང་། །དེ་ཡང་ཉེས་བྱེད་དུས་གསུམ་དག་དང་སྦྱར་བ་ན། །ཁྲག་དང་ཆུ་སེར་རྣག་ཡུལ་ཞུན་གསུམ་ཡིན། །འཐོར་བུའི་ནད་དང་སྦྱར་བའི་ཞུན་དྲུག་སྟེ། །རྣག་སྣ་གསུམ་ཞུགསའ[ཞུགས་]འཁྲོས་པ་རང་སར་འདུལ། །ཚ་[ཚྭ་]ཕབས་ཀླད་བྱུག་བྱེ་བྲུན་སྦང་སྐམ་བདུག །རྩ་ནད་བྱེར་སྡུད་གཉན་ནད་སྐྲང་འཇོམས་ནི། །མཁན་པ་མཚེ་དང་སྤང་སྤོས་སླ་མས་བཙོས། །དེའི་ཞུན་དང་མུ་ཟིན[ཟི་]འཛིན་པ་སྟན་[སྟག་]ཤ་དང་། །ཆུ་དག་མི་སྤྱང་ཁྱིས[ཁྱིའི་]བྲུན་ཀར[གར་]པོས་བྱ། །རྨ་རྒན་འབྲས་འདུལ་ཞུན་ནི་རེ་ལྕགས[ལྕག་]དང་། །སྦྲུམ[སྤྲུ་]མ་ཉ་དང་མི་ཡི་རུས་པའི་ཞུན། །ལྕགས་ཤིང་ཟུག་རྔུ་འདུལ་བར་བྱེད་པ་ལ། །རེ་རལ་སྦྲུལ་ཚིལ་དྲི་ཆུ[ཆུར་]བཙོས་པའི་ཞུན། །གསུམ་པ་ནན་ལ་ཚིགས་ཆེན་བེམ་པོ་བསྒྲེང་བའི་ནན། །ཁྱི་ལྕེ་ཧོང་ལེན་བྲག་ཞུན་ཞོ་སྦྱར་བྱུག །ཚིགས་པར་འཕྲུལ་སྡོམ་ཆགས[ཆག་]པ་གནས་སུ་སྦྱོར། །[ར་]ཁྲག་[ཚིལ་]མཚེ་བག་ཕྱེ་ཞོ་སྦྱར་བྱུག །སྐྲངས་འདུལ་སུར[སུལ་]རྣག་གཅར[བཅར་]ལ་འདེམ[འདེབས]། །བྲག་ཞུན་གླད་[ཀླད་]པ་དྲི་ཆུ་རྗེན་ཕྱེའི་ནན། །ཤ་རུས[རུ་]ཕུར་ཡོག་དྲོས[དྲེས་]མ་སུག་པ་དང་། །རེ་སྐོན་ར་འོ་རྗེན་ཕྱེ་མར་ནག་ཅར་འདེབས་ཞུན། །རུས[རུལ་]མྱག་འཐབ[འཐས་]བྱེད་སྐྱི་བྱེད[བྱེར་]སྤུན་[སྲུན་]པའི་ནན། །དུད་པ་སླང་དྲེག་མར་དཀར་སྦྱར་བའོ། །གཉེན[གཉན་]ནད་རྨ་ནད་སྐྲང་འབུར་ལྷོག་པ་འཇོམས་ནི། །བྲག་ཞུན་གླད[ཀླད་]རུལ་མུ་ཟི་འཛིམ་པ་དང་། །སྟག་ཤ་ཁྱི་ལྕེ་རྭ་བཞོབ[གཞོབ་]ཆུ་དག་སྤྱང་ཀིའི་བྲུན། །དེ་ཡི་ནས[ན་]སོ་རྒན་གཞོན་ནད་ཁམས་རིག་བཞི་དང་། །ལུས་ཀྱི་ན་ཚ་འབྱུང་བའི་དུས་ཚོད་ལ། །རྟ་དང་གྲང་དྲོང[དྲོ་]མཐུག་སྲབ་རིག་པས་རྟོགས། །བཞི་པ་མེ་ནི་རྩ་ཆད་དུ[ཁད་སྤུ་]འཛུད་པའི་མེ། །མཐེབ[མཐེ་]བོས་གནན[མནན་]ན་ཁྲག་འཕྲིང[མཁྲང་]བ་ལ་[བརྡེག]། །འབྲོས་པའི་ལམ་འགེགས་མིག་དམར་ཨ་སས[སོ་]འཁྲིག །ཁྲག་ཚད་རྒྱས་ན་རྨ་གོང་སོར་བཞིར་བསྲེག །སྐྲངས་ན་སྣ་ལེན་སུལ་སྣེར་སྣ་རུ་གདས། །བྱེར་ན་དབུས་སྡུད་རི་བོའི་རྩེ་ལ་གདས[གདབ]། །ཨ་ནའི་ཟུག་གཅོག་གང་ན་ས་དོར་[དེར་]གདས[གདབ]། །རུས་ཟན་སྨེན་[རྨེན་]གཅོད་རྨ་སྟེང་ཆུ་སེར་སྐེམ། །ལྔ་པ་གཏར་ཁ་སྐྲངས་ཀྱི་འོག[མགོ་]གཅོག་ཚ་རླུང་[རླངས་]གསོད། །གང་ཉེ་གང་གི་རྩ་དང་གང་རྒྱས་གཏར། །གཟེར་བའི་ཟུག་ཆོག[ཆོགས་]ཁྲག་ཤོར་འོལ་ཁ་བསྒྱུར། །རྩ་གནས་གང་བརྒྱུད་[རྒྱུད་]གོང་འོག་རྗེ་ཞིང་གདར[གདབ]། །རུས་བམ་ཉེས་སེལ་ཁྲག་བརྙེས[སྨྱོས་]རྨ་མདོག་འབྱིན། །གང་ཉེ་གཏར་བའི་ཁྲག་འབྱུང་རྨ་ལ་བླུད། །དྲུག་པ་རྨ་ཡི་རྩ་ཆད་ཁད་དུ་[སྤུ་]འཇུ་[འཛུད་]པའི་སྨན། །དབྱར་དུས་སྤུ་[སྤྲུ་]ལོ་རྒུན་[དགུན་]དུས་རྩ་བའི་རིང་[རེང་]བུ་ལ། །གུར་གུམ་ཉ་མཁྲིས་སྤྲུ་འབྲུ་བྱུག་དང་བཙང་། །ཁྲག་ཤོར་ཁོང་སྦེད་མཁན་པ་སྐྱེར་པ་དང་། །གུར་གུམ་དོམ་མཁྲིས་ཤིང་ཚ་རེ་སྐོན་སྦྱར། །རྩ་བྱེར་དབུས་སུ་སྡུད་སྨན་ད་ལིས་ཁྱི་ལྕེ་བ། །སྤང་ཚར་ཤིང་མངར་ཁན་དྷ་[ཁཎྜ་]བཟང་དྲུག་དང་། །མཁྲིས་སྣ་ད་ཏྲིག་རྒྱ་སྐགས་རུས་མིག་སྦྱར། །ཆུ་སེར་རྣག་སྐེག[སྐེམ་]སྨན་ནི་མུ་ཟི་དང་། །བསེ་རུ་དོམ་མཁྲིས་ཨ་བ་ཨ་བྱག་དང་། །ཅུ་གང་ཀ་ར་སྦྱར་ནས་བཏང་བ་ནི། །རྨ་ཆེན་ཁོང་ནས་གསོ་སྨན་སྒྱོག[སྒོག་]སྐྱ་འབྲས་ཡོས་དང་། །ཀ་ར་སྦང[སྦྲང་]མར་ཨ་བྱག་བྲག་སྤོས་བཏང་། །ཤ་རོ་རྨེན་བུ་གཅོད་སྨན་དུར་བྱིད་དང་། །རྒྱ་ཚ་རུ་རྟ་ཡོང་བ་རུ་ཡི་ཕྱེ་མ་སྦྱར། །ཤ་འུ་བུ་ལྟར་གསོ་སྨན་དོམ་མཁྲིས་གུར་གུམ་དང་། །རྒུ་དྲུས་བྲག་སྤོས་ཚ་ལ་མཚལ་ཀར[དཀར་]དང་[བཏང་]། །བདུད་[བདུན་]པ་དེབ་ལ་མང་དེབ་འཇག་མ་སྤུ་དེབ་རི[རེ་]བལ་ཡིན། །བྱེ་ན་ཤོག་དེབ་རྣག་དེབ་ཕྱིང་དེབ་དང་། །རྩ་ཆད་བསྟིམ་བ[པར་]ཤིང་གི་དེབ་དང་དྲུག །དེ་ཡང་མོ་དེབ་འོག་ལ་ཕོ་དེབ་སྟེང་། །ཡང་དེབ་ཚིགས་ལ་འཕྱིང་[ཕྱིང་]དེབ་ཀུན་ལ་སྦྱར། །བརྒྱད་པ་ཆིངས་ལ་ཆག་པ་བཅིང་དང་སྐྲངས་ལ་གནོན་ཆིངས་དང་། །རྣག་ལ་འདེད་ཆིངས་ཉྭ་བཞི་མདའ་ཆིངས་ཆིངས། །རྒྱས་པ་སྡོམ་ཆིངས་དེ་དང་དྲུག་ཡིན་ནོ། །སོགས[སོག་]པ་འཁོར་ལོ་གཤོག་རྒྱང་ཚུལ་བཅིང་སྟེང་། །དཔུང་བ་མཆན་འོག་བླངས་ནས་གན་ཤིང་སྦྱར། །དཔུང་པ་ལ་ཡང་སུམ་སྒྲོག་འཛུམ་ཆིངས་སྟིང་[སྟེང་]། །མཆིན[མཆན་]ནས་ལེན་དང་འགྱེན་ཐག་ལེན་དང་གཉིས། །གྲུ་མོ་བསྣོལ་ཆིངས་སྟེང་དང་འོག་ནས་ལེན། །འཁྲིག[མཁྲིག་]མ[མར་]རེ་ལྡེ་ཆིང་[ཆིངས་]ལ་ཡས་ལེན་མས་ལེན་བྱ། །དཔྱི་ལ་རྭ་བརྒྱང་དྲ་བ་ཆིངས་སུ་བཅིང་། །པུས་མོ་དྲུག་ཆིངས་བསྣོལ་ནས་སྐྱོར་ཞིང་བཅིང་། །ལོང་ཚིག[ཚིགས་]མོན་ལྷས་ཆིངས་ནི་ཡས་ལེན་མས་ལེན་བྱ། །རྒྱུ་ནི་དར་ཆེན་མེན་དྲི་[ཏྲི་]འཕྲ[ཕྲ་]རབ་[རས་]ལ། །ཞིང་[ཞེང་]ཚད་སོར་གསུམ་ཕལ་ཆེ་[ཆེར་]གཅིག་གཉིས་དང་། །སྐྲན་རྒྱས་རྨ་ཕྲན་གནས་ཀྱི་ཁྱད་དང་སྦྱོར། །དམ་ལ་གཟེར་འོང་ལྷོད་ན་ཆས་མི་བསྡོད[སྡོད]། །བཅིངས་ཉན[ཉེས་]ཐོར་སྤུ་[ཐེར་སྤུངས་]ཤོར་ན་དེབ་མི་གནོན། །དང་པོ་དམ་བཅིང་གཞུགས་[གཞུག་]ནས་རང་ལུགས[ལུག་]སྲིད། །དགུ་པ་སྒྱོགས་ལ་རྒྱུ་དང་དབྱེ་བ་བསྐུར་བའི་ཡུལ། །གཞུག་དུས་འབྲལ[དབྲལ་]དུས་དམ་དང་ལྷོད་པའི་སྐྱོན། །ནང་ཚངས་བསྡམ་ཐབས་བསྡམ་ཚད་ཉེས་པའི་སྐྱོན། །དྲང་གཤོན[བཤོན་]གཅུ་འཛེར་མེད་ནས་སྐེམ་[སྐ་]པ་ལ། །ཐིག་ལ་བཏོན་གཞོག་གཅུ་དང་འཕྲ[ཕྲ་]སྦོམ་མེད། །ཁོང་ལྟེམ་ཤེད་སྙོམས་ཚད་དང་ལྡན་པར་བྱ། །གཉིས་པ་དབྱེ་བ་གཉིས་ཏེ་ཤིང་བཟོ་རིགས་ཀྱིས་བཟོ། །བསྐུར་བའི་དུས་ཀྱིས་དབྱེ་དང་རྣམ་པ་གཉིས། །དང་པོ་ཤིང་སྒྱོགས་སྒྲོན་ནི་བསྐུར་བ་དང་། །རྐུང་[རྐང་]ལ་བསྐུལ་[བསྐུར་]མ་ཁྲ་དང་བྱི་ཟེ་མ་ངེས་བསྐུར། །གཉིས་པ་དབྱེ་བ་རྣམ་གཉིས་ཏེ་ཤིང་བཟོ་རིགས་ཀྱིས་བཟོ། །བསྐུར་བའི་དུས་ཀྱིས་དབྱེ་དང་རྣམ་པ་གཉིས། །དང་པོ་ཤིང་སྒྲོགས་སྒྲོན་ནི་བསྐུར་བ་དང་། །རྐུང་[རྐང་]ལ་བསྐུལ་[བསྐུར་]མ་ཁྲ་དང་བྱི་ཟེ་མ་ངེས་བསྐུར། །དེ་ཡང་དང་པོ་ཚིགས་སར་བསྐུར་ཤིང་སྒྱོགས་ནི། །སྒྲོམ་སྒྱོགས་ཚིགས་ལ་རྣམ་སྣམ་སྦང་[སྦ་]སྒྱོགས་ཕྱི་ནད[ནང་]དྲ་བ་གཉིས། །བསིལ་སྐྱོགས་འཁྲུ[འཕྲུ་]བ་དང་ནི་གསུམ་ཡིན་ནོ། །གཉིས་པ་ཁྲ་ལ་རུས་ཆག་གནས་སུ་སྦྱོར་བའི་ཁྲ། །ཤ་ཡི་སྟེང་འཕྱར་རང་སར་བསྟེམ[སྡོམ་]པའི་ཁྲ། །ཉ[ཉྭ་]སུམ་རྣག་འཁྱིལ་ཅར་གྱིས་འདེབས་པའི་ཁྲ་དང་གསུམ། །གསུམ་པ་བྱི་ཟེ་ཡན་ལུག་[ལག་]རྦད་ཆོད་ཁ་འཛིན་བྱི་ཟེ་དང་། །རྩ་ཡི་ཁྲག་ཤོར་རྒྱ་འཁྱིམ་བཅའ་བའི་ཕྱི་[བྱི་]ཟེ་དང་། །འབྱིན་ཐབས་ཟུག་རྔུ་དབྱུང་བའི་བྱི་ཟེ་གསུམ། །གཉིས་པ་བསྐུར་བའི་དུས་ཀྱི་དབྱེའ[དབྱེ་]བ་ཚ་དུས་བསིལ་གྱི་སྒྱོགས། །དྲ་བ་ཅན་དང་ཁོང་སེང་དྲོད་སྒྱོགས་དང་། །གྲ་[གྲང་]དུས་སྒྲོམ་སྒྱོག་[སྒྱོགས་]ལྤགས[པགས་]པ་བཀབ་པ་དང་། །སྐམ་སྒྱོགས་རྨ་མེད་གཤོར་[གཤེར་]སྒྱོགས་རྣག་ཁྲག་འཛག །ཕྱི་སྒྱོགས་རྩ་བ་སོང་ནང་སྒྱོགས་དང་། །ལྷོད་པ་སྡམ་སྒྱོགས་རྩ་བ་ལྷོད་སྒྱོགས་དང་། །ཁ་ནོན་མང་ཡང་རྣམ་པ་བརྒྱད་དུ་བཤད། །གསུམ་པ་བསྐུར་ཡུལ་ཚིགས་དོན་རྐང་ཆག་ཆུ་པོ[བོ་]དགྱེ། །ཁྲག་ཤོར་སུམ[སུལ་]སྟོངས་ཚིགས་འཁོར་རྣག་སེ[ལ་]གཞུག །བཞི་པ་གཞུག་དུས་རྨ་ཡི་སྐྲངས་དང་ཚ་བ་ཆོག[ཆོགས]། །རྣག་གི་རུལ་ཆོད་དགོས་དུས་དྲུག་ཏུ་གཞུག །རྐང་ཆག་པ་དང་ཁྲག་ཤོར་མ་ཡིན་པ། །བམ་རུལ་རྣམས་ལ་སྐབས་སྐབས་གསེང་བ་ཡིན། །ཆག་པོ་བདེ་ན་མི་བཀྲོལ་རྩ་ཁ་མི་ཟིན་དོན། །ལྔ་པ་འབྲལ་དུས་ཚིགས་ཤོར་མལ་དུ་ཚུད་པ་དང་། །རུས་པ་ཆག་འབྱོར་ཚིགས་ཁ་འཁོར་བ་སྡོམས། །ཆུ་མདུང་[མདུད་]ཆགས་དང་རྩ་ལ་ཁད་བུ་[སྤུ་]ཚུད། །ཤ་ཡི་སྟིང་[སྟེང་]འབྱོར་རྣག་གཞུག་ཆོད་པ་དང་། །རྐང་ལག་ཟུག་ཐུབ་འགྲོ་བར་ནུས་དུས་བཀྲོལ། །དྲུག་པ་དམ་སྐྱོན་ལྷང་འོག་ཆེ་ལ་གོང་འོག་སྐྱངས་[སྐྲངས་]། །སྐོམ་དད་ཆེ་ལ་གཉིད་མེད་སྟོང་སྐྱུག་བྱེད། །བདུན་པ་ལྷོད་སྐྱོན་དང་པོ་ཚིགས་འཁྲུམ་ཆས་མི་བསྡོད། །བར་དུ་སྣག[རྣག་]ཁྲག་མི་ཆོད་ནད་ཀྱི་ཟུག་མི་ཆོག[ཆོགས]། །ཐ་མ་ཆུ་བའི་སྣ་འབྲོས་ཆག་བསྣོལ་རིང་ཐུང་འོང་། །དེ་ལ་ཤིང་ཆས་ཅུང་ཟད་བསྡམ་པར་བྱ། །བརྒྱད་པ་ནང་ཚངས་རྔ་མ་བལ་གྱིས་སྦོད་ལྡན་གཅེས། །ཡ་ཡོ་སྙོམས་དང་སྡོམ་པ་འདི་ལ་རག །དགུ་པ་བསྡམ་ཚད་དམ་ལྷོད་སྐྱོན་དང་བྲལ་བ་སྟེ། །མི་ལྷོད་མི་དམ་ཆས་རྣམས་མི་འཇུག་སྟོད། །བཅུ་པ་བསྡམ་ཐབས་འོག་མ་ལྷོད་ཐོག་མ་བསྡམ། །དར[དང་]ཁ་མི་བདེ་མགོ་ན་རྣ་བ་འུར། །དེ་འདྲ་བྱུང་དུས་ཤིང་བཅས་ཅུང་ཟད་གློད། །བསྡམ་དུས་མཐའ་ནས་བསྡམ་ལ་བཀྲོལ་དུས་དཀྱིལ། །བཅུ་གཉིས་ཉེས་སྐྱོན་ལུས་དང་མ་འཚམས་ཆེན་བསྣོལ་འགྱུར། །ཤིང་གི་བྱེར་ཟུག་མ་སྙོམས་ན་ཟུག་འོང༌། །གཞུགས[གཞུག་]པ་ཉེས་ན་རིངས[རེངས་]དང་འཁུམ་པ་འོང་། །ཤིང་ལ་ཁོང་སེང་མེད་ན་ཚ་བམ་སྐྱེ། །བཅུ་གཉིས་དེ་ལས་ལོག་པ་ལེགས་པའི་ཡོན་ཏན་ཏེ། །བཙའ་[བཅའ་]རྫི་བླ[སླ་]མ་[རྨ་]འཚོ་བ་མྱུར་དུ་འོང་། །གསུམ་པ་རིམ་པ་ཤུགས་དང་སྦྱར་ནས་བཅོས་པ་ནི། །ཞག་དང་བཀྲོག་དང་བཀུག་པ་བཅོས། །གསུམ་པ་ཆུ་སེར་ཤུགས་ལས་སྐྲངས་པ་གཞོམ། །སྐྲངས་ལ་གནོན་དང་རྟགས་ཐབས་བཅོས་ཁ་བྱ། །བཞི་པ་རྣག་གི་ཤུགས་འབྱུང་འབུག་ཅིང་བཅད། །ལྔ་པ་མ་ངེས་ཤུགས་ལ་གང་བྱུང་བརྟགས། །དྲུག་པ་རླུང་ཤུགས་རྨ་ཁོང་བཅུད་ཀྱིས་གསོ། །བདུན་པ་བད་ཀན་ཤུགས་མ་ཡིན་སྐྱོན་སྦྱང་། །དེ་དག་མན་ངག་སྐབས་ཏེ་འོག་ཏུ་གསལ། །བཞི་པ་དུས་གསུམ་དཔེའ་[དཔེ་]དོན་སྦྱར་ནས་བཅོས་པ་ནི། །དང་པོ་རྨ་རྒོད་སྐྲངས་པ་ཞུན་གྱིས་འདུལ། །བར་དུ་རྣག་ཤོར་ཕོག་པ་མཐར་གྱིས་སྦྱང༌། །ཐ་མ་ཤ་གསོའ་[གསོ་]རྨེན་རྟས་ངར་གྱིས་གདག[གདགས]། །ཞུན་དུ་གཞུག་ལ་རྨ་གསལ[གསར་]སྐྲངས་པ་གཉིས། །དང་པོ་རྨ་གསར་འཇིབས་ཀྱིས་འདུལ་ཆས་བྱ། །སྦང་ཞིམ་ལེགས་བཙིར་ཝ་སྤྱང་ཁྱི་ཡི་བྲུན། །སྦྱར་བ་འཇིབས་ཀྱིས་རླུང་འདུལ་ཆུ་སེར་འཇིབ། །དེ་འོག་སྐྲངས་ན་ནན་ཞུན་ལུམས་ཀྱིས་འདུལ། །སྦྱོར་བ་དམར་སེར་སྐྱ་བ་ནག་པོ་ཁྲ་བོ་ལྔ། །ཀུན་ལ་དབྱེ་བས་བསིལ་དྲོད་གཉིས་དང་སྦྱར། །གང་ཡང་ནན་དུ་སྦྱོར་ན་ཞིབ་བཏགས་ལག[ལ]། །རྩེ་འཇམ་བསྲོ་ལ་ལུག་ཞོ་ཙམ་གྱིས་བྱུག །ཤོག་དེབ་སྤུ་དེབ་བཏང་པས་[ལ་]འཇིགས་[འཇག་གིས་]དཀྲི། །ཞུན་དུ་སྦྱར་ན་ཞིབ་བཏག་[བཏགས་]ཚོས་པར་བཙོ། །འོ་ཟན་ཞོ་ཟན་བདག་[འདག་]པོ་བྱུག་པའི་ཏིང་[སྟེང་]། །ཧེལ་སྲབ་བཏང་ནས་དཀྲིས་མས་དཀྲི་བར་བྱ། །ལུམས་སྦྱོར་བྱེད་ན་ཁྲམ་ཁྲུམ་བརྡུང་ཆང་བཙོ། །ཆུ་ཆོད་ཧེལ་གེའི་ཁུད་དུ་བཏུམ་ནས་བདུག །ཡང་ན་གྲང་མོ་ཁོ་ནའི་བསིལ་ལུམས་བྱ། །དེ་ལྟར་ཞུན་དུ་བཅུག་པའི་ཡོན་ཏན་ནི། །རླུང་འདུལ་ཆུ་སེར་འཇིབ་ཅིང་སྐྲངས་པ་འཇོམས། །ཁྲག་འཁྲིས་[མཁྲིས་]རྩ་ཡི་ཚད་པ་འདོན་པར་བྱེད། །སྐྱོན་ནི་འབྲུན[བྲུན་]གྱིས་རྩ་ཡི་ཁད་སུ་[སྤུ་]འཚོར[འཆོར]། །སྤོད་ཀྱིས་ཁྲག་འཁྲིས་[མཁྲིས་]རྩ་རུས་ཚད་པ་སྐྱེ། །སྣུམས་པ་[སྣུམ་གྱིས་]ཉྭ་ཡི་ཆས་འདྲེད་བད་མཁྲིས་སྦྱོང༌། །དེ་ཕྱིར་གང་ལ་གང་འགྲོ་དུས་དང་སྦྱོར། །བར་དུ་རྣག་བཏོན་ཐར་གྱིས་སྦྱང་བ་ན། །རམ་ཉེའི་ཐབས་[ཐལ་]ལ་བག་ཕྱེ་སྦྱང་ལ་བཏང་། །འཇིགས་རྟ་[འཇིབས་དང་]ཁྲུས་ཀྱིས་རྣག་ཤ་ཐོན་པ་དང༌། །སྐྱ་སྦྱོར་སེར་སྦྱོར་དམར་པོ་ནག་པོའི་ནན། །བད་འཁྲིས་[མཁྲིས་]ཁྲག་དང་རླུང་གི་བྱེ་བྲག་སྦྱར། །ཡང་ན་རྣག་མདོག་དམར་པོ་སྔོན་པོ་ལ། །དུད་པ་སོལ་དོག་[སོ་ཐོག་]སྦང་དཀར་[གར་]སྦྱར་ལ་བཏང་། །ར་དུག་རེ་[བག་]ཕྱེ་ས་མྱག་ཞོ་དང་བག་ཕྱེ་སྦྱར། །དུད་ཁུ་དམར་རྩ་སྐྱ་བོའི་རིགས་དང་སྦྱར། །དེ་ལ་བཙོད་དང་ཧུང་[ཧོང་]ལེན་ཞོ་སྦང་ཡང་བྱུག །ཡང་ན་སྐྲངས་པ་ཡོད་མེད་ཁྱི་ནན་སྦྱར་བ་ནི། །ལྕིམ[ལྕུམ་]རྩ་ཡོང་[ཡུང་]བ་ཆུ་རྩ་སྦྱར་བ་ཡི། །ནན་གྱིས་བག་ཞོ་སྙོམས་བྱུག་འཕྱིང་[ཕྱིང་]པ་ཡིས། །ཉ་[ཉྭ་]སུལ་འཕྱིང་[ཕྱིང་]པའི་གྲང་[གྲངས་]བཏང་ལུས་དབྱིབས་སྦྱར། །ཚིགས་རུས་མགོ་ཁོལ་བཏོན་ལ་ཚིགས་མིག་དང་། །རུས་པའི་དབྱིབས་དང་སྦྱར་བའི་ཕྱིར་[ཕྱིང་]པ་བཏང་། །ཚིགས་རིང་[མིག་]སུལ་སྟེང་ཕོ་དེབ་གཉིས་སྦྲག་གཏང་། །རྣག་ཁྱིམས[འཁྱིམས་]ཡང་དོབ་[དེབ་]བཏང་ལ་ཆིངས་ཀྱིས་བསྡམ། །འབྱར་གྱི་མན་ངག་རྣག་འཁྱིམ་གཅད་[བཅར་]ལ་འདན[འདེབས་]ནས། །སྐྲངས་པ་བྱེར་སྡུད་བྱེར་སྦོས་རང་སར་གནོན། །རྩ་ཡི་ཁ་འཛིན་ཆག་པ་རང་སར་སྦྱར། །ཚིགས་བར་འཁྲུལ་བསྡམ་ཆུ་རྒྱུན་[རྒྱུས་]འཐེམ་ལ་འདེབས། །ཉེས་སྐྱོན་སྔས་ནས[ན་]སྐྲང་འོག་རྣག་ཤ་འོང་། །རྣག་ལམ་འགོགས[འགགས་]ན་ཟུག་སྐྱེ་རུལ་མྱག་འགྱུར། །སྦོས་པ་ཧག་[ཧྭགས་]མ་བྱས་ན་སུལ་དུ་བྱེར། །ལྕགས[པགས་]ཕྱེ་ཁྲག་གཟེར་མ་བཏབ་འབྱོར་བ་དཀའ། །དེ་ཕྱིར་དུས་དང་ལག་ལེན་མཁས་པ་གཅེས། །ཐ་མ་ཤ་གོས་རྨན[རྨེན་]བརྟས་ངར་བཏག[གདགས་]བྱ་བ་ནི། །འོ་རྗེན་ཕྱེ་མར་དཀར་ཨ་པས[སས་]གནན[མནན]། །སྤོད་སྣ་མར་སྦྱར་ཕྱིར[ཕྱིང་]པ་རེ་བལ་བཙོས། །རྨེན་པའི་སྟེང་དུ་ཕྱིང་པས་བཅིང་བ་ཡིས། །སྤོས་[སྤོད་]སྣས་ཆུ་སེར་འབྲེན་[འདྲེན་]ཅིང་བད་ཀན་སེལ། །རྨ་ཚད་བཅོག[གཅོག་]པས་རྨ་གསར་དུས་ལ་ཤེས་[ཤིས]། །འདི་དུས་མི་བཏང་རླུང་འབྱེར་རྨ་འཚོ་དཀའ། །ལྔ་པ་གཉན་པ་གནད་དང་སྦྱར་ནས་བཅོས་པ་ནི། །གང་ཡང་དང་པོ་སྤྱི་བཅོས་དེས་མ་ཐུབ་ན་གོས[སྒོས་]སུ་བཅོས། །ཉྭ་གཉད[གནད་]རྣམས་ལ་མཚོན་ཕོག་ཨ་པས་[སས་]བདུག །ཡང་ན་ཚབས་ཡི[ཚ་བའི་]འཇིག[འཇིབས་]སུ་གཞུག་པར་བྱ། །མ་ཐུབ་སྦང་དཀར[གར་]མཁན་ཆུང་ལུག་ཞོ[ཤོ་]དང་། །ལྒ་སྤོས[སྤོད་]དམར[མར་]ནག་རྗེན་ཕྱེའི་ཞུན་དུ་བཞུགས[གཞུག]། །མ་ཐུབ་ཉྭ་སྣ་སྣ་ཚོགས་ལུམས་ཀྱིས་འདུལ། །དེ་ཡང་[དེས་ཀྱང་]མ་ཐུབ་སྐྲངས་ལ་ཚ་གྲང་གཉིས། །ཚ་མཁྲིས་[ཁྲོས་]ཡོང་[ཡུང་]སྐྱེར་ལྕིམ[ལྕུམ་]རྩ་སེར་པོ་ལྡོང་རོས་དང་། །ཚུ[ཆུ་]རྩ་བག་ཕྱེ་ཞོ་སྦྱར་ནན་གྱིས་མནན། །ཡ[ཡང་]ན་ཁྱི་ལྕེ་དཀར་པོ་པར་པ་ཏ། །ལུག་ངལ་བ་དར་[དང་]ར་ཞོ་གནན[མནན་]པར་སྦྱར། །གྲང་འཁྲོས་སྤྱང་ཀུན་[ཀི་]ལ་སོག[སོགས་]གཅན་གཟན་ཤ །འུག་པ་[བྱ་]རྒོད་དྲོད་ཅན་ཤ་ཆང་བཙོས། །བག་ཕྱེ་མར་ཁུ་ཕབ[ཕབས་]སྤོད་ཞུན་གྱིས་གདུལ། །ཁྱད་པར་དཔུང་པའི་ལུག་གཞུག་རྣམ་གཉིས་ལ། །མཁན་སྦང་ལྒ་སྤོད་ཞོ་མར་རྗེན་གྱིས་བྱུག །གར་པོ་ཀླད་པ་ཉ་ལྕིམས[ལྕིབས་]ཚ་[ཚྭ་]བཙོས་གླན། །ལགས་[ལག་]ངར་ཉྭ་ལ་སྦང་གར་མཁན་པ་དང༌། །ལྕམ་འབྲས་ར་ཞོ་མཚེ་ཁུའི་ནང་[ཞུན་]དུ་གཞུག །བརླ་ལ་སྦང་དཀར་[གར་]མཁན་པ་གླད་[ཀླད་]པ་དང༌། །བག་ཕྱེ་ཆུ་རྩ་སྦྱར་བའི་ཞུན་དུ་གཞུགས[གཞུག]། །སྦལ་པ་ནག་པོ་སྦང་མ་ཆང་ཟད་[འགག་]དང༌། །སྤྲུ་མ་དུད་པ་ཚ་[ཚྭ་]ཕབས་སྦྱར་བས་གདུལ། །དེས་མ་ཐུབ་ན་ཉ་ཡི་ལུམས་བྱའོ། །བྱིན་པའི་ཉྭ་ལ་མཛོ་ལྕི་གར་སྦང་དང༌། །གོང་མོའི་བྲུན་སྦྱར་བསྲོས་པའི་ནན་དུ་བཏང༌། །གློ་སྙིང་མི་དེབ[བདེ་]ཚིགས་པ་དྲུག་པ་བསྲེག །མགོ་བོ་ན་ན་ཨ་པོ་[སོ་]རུ་ཐུང་གཏར། །གདར་[འདར་]ཤ་འབྲོས་ཤ་བྱེར་ན་སྒོང་[སྒོ་]ང་ར་ཕག་ཁྲག །བག་ཕྱེ་ར་ཞོ་བོང་སྤུས་མནན་པར་བྱ། །གཉེན་[གཉའ་]ཤ་འཇིབས་ཞུན་སྤྱི་བཅོས་ལྟར་[ལྟ་]བུར་བྱ། །རྨེན་བུའི་གནད་བརྒྱད་ཨ་དཀར་[གར་]ཁྱི་ལྕི་[ལྕེ་]ནག །ལྕགས་ཕྱེ་སོ་ཐོག་ཧུང་[ཧོང་]ལེན་བ་ཤ་ཀ །ཏིག་ཏ་ར་ཞོས་སྦྱར་ནས་འཕྱིང་[ཕྱིང་]དེབ་བཏོང་[བཏང་]། །ཨ་དཀར་[གར་]ཁྱི་ལྕེ་སོ་ཙག་[ཐོག་]ལགས[ལྕགས་]ཕྱེ་རམས། །ཞུན་མཁན་བག་ཕྱེ་འབྲུ་མར་ཚོས[བཙོས་]སྦྱར་མནན། །ཡང་ན་དུད་པ་ཤུ་དག་ཁྱི་ལུད་དང་། །སྤང་སྤོས་མར་དཀར་སྦྱར་བས་བྱུག་པར་བྱ། །མ་ཐུབ་རྨེན་བུ་སྣ་ཚོགས་ལུམས་ཀྱིས་འདུལ། །ག་པུར་གླ་རྩི་ཨ་དཀར་[གར་]ཀ་ར་བཏང་། །རླུང་རྩ་རྣམས་ལ་རྩ་རྒྱུད་རླུང་གསང་གསུངས[བསྲུང་]། །རྨ་ཁ་བབའ་[འབའ་]ཆ་ཨ་པས་[ས་]ཕབས་དང་སྤོར[སྤོད]། །མཁན་པ་གླུམ་རྣམས་བསྲོས་པས་ཡང་ཡང་བདུག །མ་ཐུབ་ཛ་[ཛཱ་]ཏི་ཤིང་ཀུན་པི་པི་ལིང༌། །བཅའ་སྒ་རྒྱམ་ཚྭ་གོ་ཉོད་[སྙོད་]མཁན་པ་ཕབས། །བུ་རམ་གླུམ་ཉེ་དྲོ་བར་བསྲོས་པས་བདུག །ཁོང་དུ་གསར་བཅུད་གསུམ་དང་མངར་གསུམ་གྱི། །ཏིང་ཁྲོལ་ཤིང་ཀུན་ཅུད་[ཅུར་]ནིས་གཏོང་བར་བྱ། །ཁ་མིག་ཡོ་ན་སྤུ་འཁྱིལ་ཆུ་[ཚུ་]རོལ་བསྲེག །རླུང་ཁྲག་བསྡོགས་[བསྡོངས་]ན་བསིལ་གཏར་རིག་པས་དཔྱད། །ཁྱད་པར་རླུང་རྩ་རིན་ཆེན་བཅོས་པ་ནི། །ཆང་འགག་སྦང་མ་མཁན་པ་ཚ་བ་གསུམ། །ལྕམ་འབྲས་མར་ནག་ཚིགས་[ཚིལ་]ཕྲན་དྲོན་མོས་དྲིལ། །ཡང་ན་བདུད་རྩི་ལྔ་འམ་འབའི་[འབའ་]ཆས་བདུག །རྨ་ནས་གོང་འོག་ཚོན་རེ་གཅལ་[བཅལ་]བ་བསྲེག །སྨྱོས་ན་ཨན་དོ་[སྟོང་]འདར་ན་དྲུག་པ་བསྲེག །དཔུང་པའི་ཆུ་རྩ་ཨ་པ་[ས་]འམ་དམར་པོའི་ལུམས། །རྩ་བརྒྱུད་[རྒྱུད་]གོང་འོག་མཆིན་[མཆན་]ཁུང་སྒྲོག་རུས་གཤོང་། །དཔུང་ཚིག་[ཚིགས་]ལག་མཐིལ་པྲ་[སྤྲ་]བ་ལྔ་ཡིས་བསྲུང་། །རུས་རྩ་སྒྱིད་པ་[སྒྱེད་བུ་]འཕྱིང་[ཕྱིང་]པ་སྣུམ་ལྡན་བདུག །མ་ཐུབ་སྦལ་ནག་ལྟ་བུར་ཞུན་དུ་གཞུག །རླབ་ཆོལ་[བླ་འཆོལ་]སྨྲ་ན་སྣེ་རྩ་སྤྱི་གཙུག་བསྲེག །གློ་སྙིང་མི་བདེ་ཚིགས་པ་བདུན་པ་བསྲེག །བཤུལ་ཤ་རིངས་[རེངས་]ན་འགབ་[སྒབ་]རྩ་ནག་པོ་བསྲེག །པེར་[པིར་]མགོ་གཞུང་གཉིས་མཁན་པ་ཕབས་སྦང་མ། །ནས་ཚིག་ཞོ་དང་སྦྱར་བའི་འཇིབས་སུ་བཏང་། །གཞུང་རིང་[རེངས་]ལྟག་དགྱེ་རྩ་ནག་ཆུ་མགོ་བསྲེག །མགོ་བོ་ན་ན་འགུལ་རྩ་ནག་པོ་བསྲེག །སོ་འཐམ་ནང་ལོང་རྩ་དང་གདོན་[གདོང་]རྩ་བསྲེག །ལུས་པོ་བདར་[འདར་]ན་བགབ་[སྒབ་]ཁུང་སྙིང་རྩ་བསྲེག །སྙིང་ཀའི་[རྩའི་]རྨ་ལ་གསེར་གྱི་ཁད་བུ་[སྤུ་]བཞུགས[གཞུག]། །མིག་དམར་ཨ་པོ་[སོ་]ལི་ཀ་རྒྱུན་དུ་བསྲུང་། །རྐང་ལག་མཐིལ་བཞི་སྤྱི་གཙུག་ལྔ་པོ་བསྲེག །དོམ་མཁྲིས་ཐང་དང་ག་པུར་བདུན་དགུ་བཏང་། །རྒྱ་སྐག་ཏིག་ཏ་ཚན་དཀར་པར་པ་ཏ། །ར་ཞོ་སྦྱོར་ལ་བསྲོས་པའི་འཇིབས་སུ་བཞུག[གཞུག] །རྩ་ཁ་བསྡོམ་ཞིང་རླངས་འདོན་ཁྲག་རུལ་འཇོམས། །གང་རྒྱས་རྩ་ལ་གཏར་ཞིང་མ་ཐུབ་ན། །རྩ་རྒྱུད་གོང་འོག་གཏར་ཞིང་བསྲེག་པར་བྱ། །ཁྱད་པར་མཐིལ་འཕྲོག་མྱུར་བ་རྣམ་གཉིས་ལ། །ར་ལུག་ཕག་ཚིལ་བྱུག་སྟེ་ཆུ་རྡོས་བདུག །དྲེག་ཁ་འཁོར་བའི་ཕྱི་[ཕྱིང་]པ་སྣུམ་ལྡན་བཏང་། །སྟ་སྦོང་[རྟ་སྦང་]ཞོ་སྦྱར་རྨ་ལ་འཇིབས་སུ་བཏང་། །མཁན་སྦོས་[སྦང་]སླེ་སོགས་གོ་སྙོད་ཚ་བ་གསུམ། །ཞོ་དང་བ་་སྐྱིན་[གཅིན་]སྦྱར་བའི་འཇིབས་སུ་བཏང༌། །ཁྱད་པར་མཐིལ་འཕྲོག་ནང་ལོང་བོལ་རྩ་བསྲེགས། །རྒྱུ་མ་ན་ན་ཉྭ་གཞུག་རྒྱུ་རྩ་བསྲེག །རྐད[རྐེད་]པ་འཁོར་ན་འགབ་[སྒབ་]རྩ་ནག་པོ་བསྲེག །མགོ་བོ་ན་ན་པིར་མགོ་བསྲེག་པར་བྱར[བྱ]། །གློ་སྙིང་མི་བདེ་རླབ་ཆོལ་[བླ་འཆོལ་]སྨྲ་ན་འཆི། །མྱུར་བའི་བལྟ་རྩ་བླ་རྩ་བསྲེག་པར་བྱ། །སྐྲངས་ནང་[ན་]བཙོད་ཞུན་རམ[རམས་]ཚོས་སྤོད་སྣ་ཚོགས། །གཡེར་མ་ལྕ་འབྲུམ་དཀར་[གར་]པོ་བག་ཕྱེ་ཞོ། །འབྲུ་མར་སྦྱར་བ་ཚོས་པར་བཙོས་ལ་བདུག །འགུལ་རྩ་ལ་ཕོག་སྐུག་[སྐྱུགས་]ན་ཨན་ཏོང་[སྟོང་]བསྲེག །བྱིན་རིངས་[རེངས་]པེར་[པིར་]མགོ་ངར་གདོང་ཆུ་བར་བསྲེག །སོར་མོ་འཁུམ་ན་སྦང་དཀར་[གར་]ཨ་པས་[སས་]བདུག །གསེར་རྩ་ཀ་གདུང་སྣེ་རྩ་དགབ་[སྒབ་]ཁུང་བསྲེག །མཛོད་ཆུང་སྐྲངས་ན་སྙིང་རྩ་བླ་རྩ་བསྲེག །ཚ་ན་ག་པུར་བདུན་པ་ཛཱ་ཏི་བཏང༌། །ཚ་གཞའ་བསིབ་[བསིལ་]བའི་ནན་སྟེང་སྤུ་དེབ་བཏང༌། །བལྟ་རྩ་བླ་རྩ་རྩ་སྟིང་[སྟེང་]སྦུབས་ངོས་བསྲུང༌། །སྦང་གར་བག་ཕྱེ་ཞོ་སྤོད་མར་སྦྱར་གླན། །ཨ་པོ་[སོ་]བ་ཤ་ཀ་དང་ཨ་རུ་ར། །ཧུང་[ཧོང་]ལེན་ཏིག་ཏ་ཁྱི་ལྕེ་པར་པ་ཏ། །སྤང་རྩི་བག་ཕྱེ་རི་ཤོ་ཤིང་མངར་བསྣན། །འདར་ན་དངུལ་མདུང་[རྔུལ་འདུ་]སྐྱུག་ན་བཅུ་གསུམ་བསྲེག །དངུལ་མདུང་[རྔུལ་འདུ་]ཆོད་ན་སྒྲོག་རུས་འཕར་རྩ་བསྲེག །མགོ་ན་སྙིང་མདུང་[བརྡུང་]རྩེ་ཆུང་དཔུང་རྩ་གཏར། །མིག་དམར་འཁྲིས་[མཁྲིས་]སྣ་འཚོགས་ཚད་ཁོང་དུ་བཏང༌། །གཏམ་མང་མིག་རྩ་ཁྲུང་[གྲུང་]ན་རླུང་ཤོར་བས། །སྙིང་རྩ་དཀར་ནག་མཚམས་སུ་མེ་ཡིས་བསྡམ་མོ། །སྙིང་རྩ་ཀུན་ལ་རྩ་རྒྱུད་གོང་འོག་བསྲུང༌། །ཁོང་ནས་ཚ་བ་འཆོར་དགོས་འབྲོས་དེད་གྱིས། །ཁྲག་འཆོར་རྨ་ཁོང་གཉིས་ནས་རྩ་ཁ་བསྡོམ། །ཁྲག་རྩ་རྣམས་ལ་ཁྲག་ཤོར་ཆུ་ཡིས་བསྡོམས། །སྤྲུ་དང་རྩ་བརྫང་གོང་འོག་མེ་ཡིས་བསྲུང༌། །རྒྱ་སྐག་གླ་སྒང་ཧུང་[ཧོང་]ལེན་ཨ་རུ་ར། །སྤང་སྤོས་སྦང་དཀར་[གར་]སྦྱོར་བ་བདུད་རྩི་ཡིན། །སྦང་མ་རྒྱ་སྐག་ཐབས[ཐལ་]བས་བྲན་པ་རྨ་ལ་གཡོགས། །ཡང་ན་ཞོ་བཙག་བསིལ་འཇིབས་སྙིང་རྩ་གཏར། །ཁྲག་རྒྱས་རྩ་ཡི་འཇུག་[གཞུག་]མ་གཏར་བ་གཅེས། །ག་པུར་བདུན་པ་དོན་སྣོད་ཁ་འཛིན་སྦྱར། །ཁྱད་པར་གློ་རྩ་རྣམས་ལ་གོང་འོག་བསྲེག །དབྱར་དུས་སློ་[སྔོ་]ཁུ་ཞོ་དང་སྦྱར་ལ་བཏང༌། །དགུན་གྱི་དུས་ལ་གཡེར་མ་ལྕམ་འབྲས་དང༌། །སྤོས་[སྤོད་]སྣ་བག་ཕྱེ་འབྲུ་མར་བྱུག་ལ་དཀྲི། །མ་ཐུབ་ཨ་དཀར་[གར་]པོ་དེག་[སོ་ཐོག་]ཚོས་བཙོད་རམ[རམས]། །ཏིག་ཏ་བ་ལེ་བ་ཤ་ར་ཞོ་བྱུག །ཧྲིམ་མ་[ཧྲེམ་ན་]ཨ་པས་[སས་]བདུག་ཅིང་འཇིབས་སུ་བཞུག[གཞུག] །ཁོང་སྨན་ག་པུར་གཙོ་བྱས་གློ་སྨན་སྦྱར། །མཁྲིས་རྩ་རྣམ[རྣམས་]ལ་ཏིག་ཏ་ར་ཞོ་དང༌། །སྦང་མ་ཧུང་[ཧོང་]ལེན་སྦྱར་བ་རྨ་ལ་གླེན[གླན]། །ཡང་ན་ཏིག་ཏ་ཧུང་[ཧོང་]ལེན་ནད་མ་བཙོད། །དུག་ཉུང་ཀ་ར་ཞོ་སྦྱར་ནན་དུ་བཏང༌། །གཤའ་རིང་[རིངས་]གསེར་མདུང་རུ་ཐུང་བྱི་ལོ་[བྱིན་ལོང་]གཏར། །གསེར་གྱི་མེ་ཏོག་བདུན་ནམ་ཏིག་ཏའི་ཐང༌། །བཞིན་ལུད་རྨ་ཁ་སེལ་[སེར་]བ་སེལ་བར་བྱེད། །མཁྲིས་རྩ་སྐྱ་རིང་[རིངས་]སྣད་[བསྣད་]དེ་གླང་ཐབ་[ཐབས་]ན། །བྱིན་པའི་ནང་ངོས་ཉྭ་མཚམས་རྩ་གཞུག་སྲེག །གསེར་གྱི་ཀ་མ་[བ་]དཔུང་འཛུམ་མགོ་སྔོན་བསྲེག །མགོ་ན་མཁྲིས་རྩ་ལུགས་[ལུག་]གཞུག་ཕྱི་ལྡེབ་[ལྡེབས་]བསྲེག །མཁལ་རྩ་སྦང་སྐམ་འབབ་[འབའ་]ཆའི་ལུམས་སུ་བཞུག[གཞུག] །དེས་མ་ཐུབ་ན་སྤོད་ནན་དྲོད་ལུམས་བྱ། །ཁོང་དུ་གསར་འཇམ་ར་ཤ་གསར་པ་བཏང་། །རྐང་བཤལ་སླའི་[བརླ་ཡི་]ཕྱི་ཤུལ་[སུལ་]མཁལ་རྩ་བསྲེག །དཔྱི་མིག་གཟེར་ན་ཚིགས་པ་བཅུ་བཞི་བསྲེག །རྣ་བ་འོང་[འོན་]ན་མཁལ་མའི་རྩ་ཞག་[ནག་]བསྲེག །དྲི་ཆུ་སྡོམས་ན་མཁལ་རྩ་རུས་ཞེན་བསྲེག །ཁྲག་ཤོར་མཁལ་ཁུང་ཟུག་ན་དཔྱི་མིག་བསྲེག །འགུལ་དཀའ་ཟུག་ཆེ་ཚིགས་[པ་]བཅུ་བཞི་བསྲེག །རྣག་མ་ཆོད་ན་ཆུ་རྩ་སྦུ་གུ་བསྲེག །མཚེར་རྩ་གླུམ་དང་གླད་[ཀླད་]པ་མཁན་པས་འདུལ། །གོང་འོག་མེས་བསྲུང་མཚེར་རྩ་རུ་ཐུང་གཏར། །མ་ཐུབས་[ཐུབ་]ས་མྱག་གྱག་[གྲོག་]ཞིང་ཆུང་[ཆུ་]རྩ་སྤྲུ། །སོ་དོག་[ཐོག་]བག་ཕྱེ་དཀར་པོ་ཞོ་སྦྱར་བྱུག །ཕོ་བ་གཟེར་ན་ཚིགས་པ་བཅུ་པ་[གཉིས་]བསྲེག །གཉིད་མེད་འོ་དོད་འབོད་ན་རུ་ཐུང་གཏར། །ཕོ་ལོང་སྦོས་ན་མ་ནུ་བཞི་ཐང་བཏང་། །བརླ་ནང་རྩ་ཆེན་རྩ་ཁ་ཡར་མར་བསྲེག །ཧུང་[ཧོང་]ལེན་བྲག་སྤོས་དོམ་མཁྲིས་སྒོ་ང་སྤོད། །བག་ཕྱེ་སྦྱར་བྱུག་ཤིང་བྱང་འཕྱིང་[ཕྱིང་]པ་བཏང་། །རྨ་ལ་བསིལ་འཇིབས་ལོང་འཁྲོག་དྲོད་སྨན་བཏང་། །གླང་ཐབས་བྱུང་ན་ངར་གདོང་མཚེར་རྩ་གཏར། །ཚིགས་པ་དྲུག་བསྲེག་འཛིང་[མཇིང་]རིངས་[རེངས་]སྤྱི་གཙུག་མེ་བཙས་བསྲེག །སྦོས་ན་ནེ་[ནི་]རུ་ཧས་དྲང་ཆུ་འགག་ན། །སྣེ་པའི་[སའི་]རྩ་རྒྱུད་མགོ་བསྲེག་པ་ཡིན། །དྲི་མ་འགག་ན་དཔྱི་མོག་[མིག་]བསྲེག་པར་བྱ། །མཆིན་པ་རྩ་སྨད་གསུམ་ལ་སྐམ་བསིལ་སྦྱར། །མཆིན་རྩ་ཁྲག་ཤོར་རྒབ་[སྒབ་]རྩ་བསྲེགས་ཤིང་འཁྲིས་[མཁྲིས་]ཐང་བཏང་། །རུ་ཐུང་སྣོད་ཁ་ལ་སོགས་སྤྱི་བཞིན་བཅོས། །ཚིག་[ཚིགས་]ལ་མེད་དུ་[མདེའུ་ལུས་]ཞག་འགའ་ལོན་ནས་ཕྱུང༌། །ཆུ་སེར་སྙི་[གཉི་]བ་རིང་ན་སྐམ་པས་བསྲོ། །ཚིགས་ཆུ་ཁྲག་འདྲེས་དབྱུང་ན་གསོ་བ་བླ[སླ]། །རྨ་ནང་དོམ་འཁྲིས་[མཁྲིས་]ཚེར་སྔོན་ཨ་བྱག་དང༌། །ཅུ་གང་དོམ་མཁྲིས་ཤེལ་ཐང་ཧུང་[ཧོང་]ལེན་བཞུགས[གཞུག]། །དེ་ཡིས་ཆུ་སེར་འདྲེན་སྐམ་སྡོམ་པར་བྱེད། །སྒོང་[སྒོ་]ང་བག་ཕྱེ་དཀར་[གར་]པོ་ཞོ་སྦྱར་བྱུག །མ་ཐུབ་བཙོད་ཞུན་ཚོས་བག་ཞོ་སྤུས་མནན། །ཚ་བ་ཆེ་ན་ཞོ་བཙགས་ཁོ་ན་ཤིས། །ཡང་ན་ཁྱི་ལྕེ་ཧུང་[ཧོང་]ལེན་བྲག་ཞུན་ཞོ་སྦྱར་བྱུག །བསིལ་བའི་སྨན་བརྟེན་[བསྟེན་]གང་རྒྱས་རྩ་དེ་གཏར། །ཞག་གསུམ་ཚུན་ལ་ཆུ་མདངས་[མང་]གྲངས་[བསྒྲེང་]པར་བྱ། །མ་ཐུབ་རྨང་དཀར་[སྦང་གར་]མཚེ་ཁུ་བག་ཕྱེ་ཞོ། །བྱ་མཚལ་ཟེ་ཁྲག་ཕག་པའི་སྣ་ཁྲག་དང༌། །ར་རོག་གཉའ་ཁྲག་བོང་བུའི་གཞུག་ཁྲག་དང་། །བྱུག་སྟེང་འཆིངས་[ཆིངས་]ནན་ཕལ་ཆེར་སྐམ་སྦྱོར་བྱེད། །ལྷ་བ་ཅན་གྱི་རུས་ལ་རྨ་བྱུང་ན། །རྨ་སྨན་གོང་བཞིན་རྨ་ཆས་རུས་འཇིབས་བྱ། །ལྷ་བ་བྱེར་ན་མགོ་བོ་བཞིན་དུ་བཅོས། །པྲན་རྩེའི་རུས་པ་འཇིབས་ཞུན་འཇལ་[འབྱར་]འདུལ་གསུམ། །སྦང་རོ་ཞོ་དང་ནད་མ་ཕྱི་འཇིབས༌ཡིན། །ཚིལ་བུ་མར་དཀར་རྩི་[རྩིད་]པ་དྲེག་གི་འཇིབས། །བར་དུ་སྐྲངས་སོ་སོ་དོག་[ཐོག་]ས་མྱག་དང༌། །གོ་སྙོད་ད་ལི་[ལིས་]བག་ཕྱེ་ཞོ་ཡི་ཞུན། །ཟུག་ཆེ་ནས་ཚིག་རི་བོང་རིལ་ཐལ་བ། །ཏིག་ཏ་འབྲུ་མར་ཞུན་གྱིས་ཕྱི་རྒྱབ་འདུལ། །རྟ་སྦངས་ཞོ་དང་སྦྱར་བའི་དྲེག་ཞུན་བཏང་། །ཡང་ན་ཐར་[ཐ་]རམ་ནད་མ་གཡུ་ལོའི་ཞུན། །ཐ་མ་རྟགས་[རྣག་]གི་དུས་སུ་འབྱོར་འདུལ་བྱ། །ས་མྱག་ཞོ་དང་བག་ཕྱེ་སྦྱར་བའམ། །ཡང་ན་ཆ་[ཆུ་]རྩ་ཞོ་དང་བག་ཕྱེ་བྱུག །དྲེག་ལ་རྟ་སྦངས་ཁུ་བ་བག་ཕྱེ་དང༌། །འབྲུ་མར་འབྲི་མོག་བྱུག་སྟེང་ཕྱིང་པ་བཏང༌། །དྲེག་བཞི་ཚིལ་གནད་བྲན་[པྲན་]རྩེ་རུས་པའི་གནད། །ཚིལ་དང་རུས་པའི་གནད་དུ་འདྲེས་པར་བཅོས། །ཆུ་རྒྱུས་གནད་རྣམས་རླན་དྲོད་ཐེམས་[འཐེམས་]ཀྱིས་བཅོས། །ཆུ་སེར་[ཆེན་]ཆོད་ན་རྟ་རྐྱང་རྒྱུས་པས་བཙེམ། །རྨ་ལ་རྡོ་རྒྱུས་མཐིང་རྒྱུས་བ་གླང་རྒྱུས། །རྟ་བོང་མཁྲིས་པ་དར་ཡ་ཀ་[ཀན་]ཞེས་བཏབ། །རྡོ་རྒྱུས་ཆུས་[ཆུ་]དག་བྲག་སྤོས་ཨ་རུ་ར། །བླ་[གླ་]སྒང་བསྐོལ་ཞོ་སྤྱན[སྤྱིན་]ཆུ་བག་ཕྱེ་བྱུག །ཡང་ན་བླ་ལྒང་[གླ་སྒང་]ཐལ་བ་རྒྱུས་པ་གསུམ། །དོམ་མཁྲིས་སྦང་གར་བག་ཕྱེ་ཆང་སྐྱུར་བྱུག །རྒྱུས་པའི་ཤ་བརྡུང་བསྲེས་ནས་བྱུག་པར་བྱ། །རྨ་ཡི་གོང་འོག་ཕྱིང་པ་རྩེགས་ལ་སྦྱར། །དེ་སྟེང་སྤོད་བཏབ་བཏང་ལ་གསོན་ཆིངས་བྱ། །དེ་སྟིང་[སྟེང་]ཤིང་ཆས་རིངས་[རིང་]ཐུང་གང་དགོས་སྦྱར། །ར་ཡི་གླད་[ཀླད་]པ་བཙོས་ནས་ཁོང་དུ་བཏང་། །ཚ་སྐྱེས་ཕག་མཁྲིགས་[མཁྲིས་]གྷི་ཝང་ཀ་ར་སྦྱར། །རྨ་ཁར་སྐམ་ཆས་ར་[རེ་]བལ་བླན་[རླན་]ལྡན་སྟེང་། །ཆུ་བྲན་[ཕྲན་]ཆོད་ན་ཧེལ་གེ་སྣུམ་མེད་ཀྱིས[དེ]། །སྤྱན་གི་[སྤྱིན་གྱིས་]ཟམ་བུར་སྦྱར་ནས་སྐྱོ་མ་བྱུག །ཕྱིང་པ་སྦྱར་ནས་གོང་འོག་ཨ་པས་[སས་]བདུག །རྨ་ལ་རྒྱུས་པ་གསུམ་དང་དོམ་མཁྲིས་གདབ། །ཆུ་བ་འཁྲོས་ན་བུམ་ཐོག་[བུལ་ཏོག་]ཚ་[ཚྭ་]ཕྱེ་བཞུ། །འབྲུ་སྣ་ཆུ་རྒྱུས་ཆང་བཙོས་ཞུན་གྱིས་འདུལ། །རྒྱུས་པ་རུལ་ཏེ་ལྡད་པ་འདྲ་བ་ན། །ཅུ་གོང་[ག་པུར་]དོམ་མཁྲིས་བྲག་སྤོས་ཨ་རུ་ར། །རྡོ་རྒྱུས་ཅུ་གང་ཀ་ར་སྦྱར་ལ་གདབ། །རྟ་ཕག་ལུག་རྒྱུས་རྡོ་བའི་རྒྱུས་པ་གསུམ། །རྒྱུས་པ་ལྔ་དང་ཞོ་སྦྱར་བག་ཕྱེ་དང་། །ཅུ་གང་ཐལ་གྱིས་བྲན་པར་སྐམ་ནན་བྱ། །དྲུག་པ་མན་ངག་སྐབས་དང་སྦྱར་ནས་བཅོས་པ་ནི། །ཟུག་རྔུ་དབྱུང་དང་ཁྲག་གཟེར་[ཤོར་]གཅོད་པ་དང་། །ཚ་བ་གསོད་དང་ཆུ་བཏུང་སྐྲངས་པ་གཞོམ། །རྣག་ཚད་ཟུག་པ་དབྱུང་དང་དབྱུང་[བྱུང་]ཤོར་གཞུག །ཆག་པ་བཅིང་དང་སྤྱི་དོན་དགུ་ཡིས་བསྟན། །དང་པོ་ཟུག་རྔུ་མདེལ་བུ་དབྱུང་པ་ལ། །ཡོད་པའི་རྟགས་དང་བཙལ་ཐབས་འདོན་ཐབས་གསུམ། །བརྟག་པ་མདའ་བཅས་[ཆས་]གཡས་[གཡའ་]ཡོད་ཁྲག་འཛེལ་[འཛོལ་]མེད། །རྨད་བྱིས་[རྨ་དབྱིབས་]ཟུར་བཞི་ཁ་མ་ཉམས་པ་ལ། །མནན་ན་མི་བཟོད་ཁ་[ན་]ཡོད་པའི་རྟགས། །ཚེར་མ་ཟུག་འདྲ་ཀར་འོང་བར་དུ་ཡོད། །ཡང་ན་གཏིང་དུ་ལྷང་གིས་སྦྲིད་པར་འོང་། །རྨ་རྙིང་དུས་སུ་ཆུ་དམར་འཆི་རྟགས་དང་། །ལྕགས་གཡལ་[གཡའ་]ཆགས་ཤིང་རྩ་ལ་ལྕམ་དྲལ་འོང་། །སྐད་འཕྲ་[ཕྲ་]ཆུ་བྱུག་སྐེམ་རྐྱེན་[སྐྱེན་]བ་སྤུ་ལྡོག །ཤ་མདོག་དམར་པོ་ཡང་ན་ནག་པ་ཡིན། །མུ་ཟི་སྡོང་[ལྡོང་]རོས་ཡོང་[ཡུང་]བ་ནུ་ཞོ་སྦྱར། །བྱུགས་པས་དངོས་ལམ་མདོག་འགྱུར་བ་སྤུ་ལྡོག །རྨ་ཁ་བྱེར་སྟིང་[སྟེང་]ཟུག་ཆེ་སྐྲངས་པ་དང་། །རྣག་མདོག་སྔོ་དམར་ཁུ་བ་རྩིག་ཅན་འོང་། །ཨ་རུ་ཆུ་རྩ་[རྩའི་]རིང[རེང་]བུ་རྨ་ནང་བསྐྱལ། །ནང་པར་ཉ་སྐྱོགས་མཁར་བའི་ནང་དུ་བཞོ། །གཡའ་ཆགས་དངས་སྙིགས་བྱེད་[བྱེ་]ན་ཡོད་པ་ཡིན། །གཉིས་པ་བཙལ་ཐབ་[ཐབས་]རྨ་གསར་ཕོག་ལུགས་བསྡད། །རྨ་དབྱིབས་ཕོག་པ་[ས་]ཕྱོགས་དཔྱད་ཀྱིས་བཏུ[བསྟུན་]ཏེ་བཙལ། །རྨ་མེད་སྲ་འདྲིལ་གནན་[མནན་]ན་ཀར་[གར་]ཡོད་པར་[སར]། །ཐུར་མ་བཏང་ནས་ལག་གིས་ཉམས་ཚོད་བླང་། །ཆུ་ཏྲེབ་འཁྲིང་[མཁྲང་]མེད་ཚ་ལ་འཕྲིང་བ་དང་། །རུས་ཏྲེབ་འཕྲང་[མཁྲང་]ལ་ཏས་ཏས་བཟོད་པ་ཟུག །མདེལ་ཏྲབ་[ཏྲེབ་]ངང་འདུལ་འཁྲང་ལ་རྣམ་པ་གསུམ། །སྙུག་གི་སྐད་ནི་སྦོམ་འཛེར་ཐུག་ཐུག་འོང་། །རུས་པའི་སྐད་ནི་ཐུག་ཐུག་སྐམ་སྐམ་འོང་། །ལྕག་[ལྕགས་]སྐད་སེག་སེག་འོང་སྟེ་སོ་སོར་བརྟགས། །རྙེད་པ་དཀའ་ན་ཁབ་ལེན་དུར་བྱིད་དང་། །རྒྱ་རུ་དོམ་མཁྲིས་སྦྲང་གི་རིལ་ལུ་[བུ་]ཡིས། །རྨར་བཅུག་གང་ན་ཡོད་པར་ན་ཟུག་ལྡང་། །གསུམ་པ་འདོན་ཐབས་ཕོག་ཉིན་དམར་ཐོན་བྱ། །མ་ཐོན་ཕྱི་དུས་སྐྲོག་ན་སྐྲངས་པ་འཆོར། །རྣག་ཏུ་ཁུགས་པའི་དུས་ལ་དབྱུང་བ་ཡིན། །དེ་ཡང་གསར་ལ་སྨན་དང་སྙིང་[རྙིང་]ལ་དཔྱད་ཀྱིས་འདོན། །སྨན་ནི་ཁབ་ལེན་སྣབས་མན་འཇི་[མཉྫི་]ར། །བ་བླ་སྦྲང་སྨྱོན་ཤར་བལྟས་བྱ་[བྱི་]ཁུང་ས། །སྦྲུལ་ཚིལ་སྦྱར་བའི་འདི་[འདེ་]གུ་ཕྱི་ནས་བྱུག །ཁོང་དུ་ཁྭ་ཏ་བྱ་མ་བྱིལ་གྱི་[བྱི་ཡི་]ཤ །བྱ་རྒོད་ཁབ་ལེན་རམ་ཉེ་བྱི་བའི་བྲུན། །ཆང་སྦྱར་བཏང་བས་རྨ་ཡི་ནང་ནས་འབྱིན། །ཡང་ན་སྦྲུལ་ཤ་ཁབ་ལེན་མདེལ་འབྱིན་དང་། །ལྕེ་ཚ་སྲུབ་ཁ་དུར་བྱིད་ཙན་དན་དམར། །དམིགས་སུ་བཅུག་ནས་སླབ་[རྔབས་]རུས་ཕྲ་[དྲངས་]པར་བྱ། །ཅིས་ཀྱང་མ་ཐོན་སྨན་གྱིས་བཞུ་བ་ནི། །མི་ཡི་འཛུག་[མཇུག་]མ་ཁབ་ལེན་སྦྲུལ་ཤ་དང་། །ཆུ་རྩ་ལྕིམ་[ལྕུམ་]རྩ་ཤོ་རྩ་ཨ་རུ་ར། །གོ་བོའི་གྲེ་བ་རྩི་སྟག་ལྕམ་པ་དང་། །རྨ་ལ་བཏག་[བཏབ་]དང་ཟོས་དང་དངོས་མེད་ཞུ། །དཔྱིད་[དཔྱད་]ཀྱིས་དཀྲལ་[དྲལ་]བ་ཐུར་མས་བཙག་[གཙག་]བུས་བཀྲལ[དྲལ]། །མངོན་ན་སེ་[སེང་]ཁ་ཡང་ན་ཀང་ཀ་མཆུ། །མི་མངོན་འཕྲུལ་ཀམ་[སྐམ་]དམ་ན་སེང་གེ་ཁ། །སློད་[ལྷོད་ན་]འཇབ་རྩེ་མི་གྱུར་འཕྲུལ་སྐམ་དང་། །མཚོས་ན་དྷེ་བས་གཏིང་རིང་འཕྲུལ་སྐམ་དང་། །ཐུང་ན་སེང་ཁ་བར་མ་ཀང་ཀའི་མཆུ། །སྦང་རྒལ་[སྒལ་]བྱི་ཟ་རྙི་བ་བཀྲུས་ནས་འཐེན། །རུས་མ་[པ་]འཐེམ་ན་པོར་[གསོར་]གྱིས་བྱུག་ལ་འཐེན། །སེང་ཁ་གྲུ་བཞི་མཆུ་ཐུང་སྐམ་ཆུང་མཆུ་འཕྲ་[ཕྲ་]རིང་། །ཀང་ཀའི་མཆུ་ནི་སྣོམ་[སྦོམ་]རིང་འཕྲུལ་སྐམ་ནི། །སྦུ་གུ་ནང་ན་སྡོམ་ལ་མདོལ་[མདེའུ་]ཞབས་ནི། །རྩེ་མོ་སྲབ་ལ་གཅུས་པ་འཇབ་རྩེ་ནི། །སྦུ་གུ་སྡོམ་པ་མདོལ་གསེར་[མདེའུ་གསོར་]ནི། །སྦུ་གུ་སོ་ལེ་[ལེབ་]པ་ཡིན་ཆ་དཔྱད་རིགས། །ཅི་ལྟར་ཕོག་པའི་དོན་བཞིན་མ་མཆུས་པ། །གང་ལ་གང་དགོས་བསལ་བྱུང་[དབྱུང་]རིགས་པས་དཔྱད། །གཉིས་པ་ཁྲག་གཟེར་[ཤོར་]གཅོག་[གཅོད་]པའི་མན་ངག་ནི། །རྩ་ཡི་ཁྲག་ཤོར་བཅད་ཤོར་རུས་[རུལ་]ཤོར་གཉིས། །གཅད་[བཅད་]ནས་ཤོར་ན་རྩ་ལ་བཞུག[གཞུག་]ཐབས་བྱ། །བྱང་ཐེམ་བྱ་དང་ཨུར་དལ་[ལ་]མནན་པ་དང་། །འོལ་ཁ་བསྒྱུར་དང་ཁོང་དུ་སྦ་བའོ། །དང་པོ་རྒྱ་སྐག་མཁན་པ་སྐྱེར་པ་འཚེ་[མཚེ]། །འདུས་པའི་ཁན་དྷ་[ཁཎྜ་]མཁྲིས་པ་གསུམ་སྤྲུ་མའི་འབྲུ། །སྒོང་ཐོག་སྦྱར་བའི་འདག་པ་རྨ་ལ་བརྫང༌། །ཡང་ན་སྤྲུ་རྩའི་རེང་བུ་ཉ་དོམ་མཁྲིས། །གུར་གུམ་སྤྲུམ་[སྤྲུ་]མའི་འདེག་[ལྡེ་]གུ་བྱུག་ལ་བརྫང༌། །ཡང་ན་ཁྲག་རྐང་ཟུར་[ཟོར་]བ་དར་ཡ་ཀན། །དོམ་མཁྲིས་སྦྱར་ནས་རྨ་ནང་བཙང་བར་བྱ། །ཡང་ན་འགྲོན་ཐལ་སྙུག་ཤུན་ཐལ་བ་དང༌། །ད་ལི་[ལིས་]མངའ་[མངལ་]ཁྲག་མཁྲིས་པ་གསུམ་དང་ཚོས། །ཤིང་ཚ་བུ་རམ་སྦྱར་ལ་རྨ་ནང་བཏང༌། །དར་བཀབ་སྟེང་དུ་བསིལ་བའི་འཇིབས་སུ་གཞག་[གཞུག] །གཉིས་པ་རྨ་ནས་སོར་དྲུག་གོང་འོག་ཏུ། །བྲག་དང་རྟེལ་[རྡེལ་]བཡས་མནན་ནས་རས་ཀྱིས་བཅིང༌། །འཕྱིང་[ཕྱིང་]པས་དམ་དཀྲི་ཤིང་བྱང་འཕྲད་ལ་བཏང་། །དེ་སྟེང་རྩ་ཡི་གཡས་གཡོན་ཤིང་བྱང་བཏང་། །རས་ཀྱིས་བསྡམ་ནས་རྨ་ཁོལ་བསྟོད་[གཏོད་]ནས་གསོ། །གསུམ་པ་ཡ་ཐོག་མ་ཐོག་མེ་ཡིས་བསྣན[མནན]། །བཞི་པ་འོལ་ཁ་བསྒྱུར་བ་གཏར་ཁ་གདབ། །ལྔ་པ་ཁོང་དུ་སྦ་བ་གོང་གི་ཁན་དྷ་[ཁཎྜ་]ལ། །གུར་གུམ་ལི་ཤི་མཁྲིས་གསུམ་བཏབ་ལ་བཏང༌། །ཡང་ན་འབྲི་མོག་མཁན་པ་ཞུན་མཁན་ཚོས། །བསྡུས་ཁུར་དྲངས་ལ་དོམ་མཁྲིས་ཤིང་ཚ་བརབ[བཏབ]། །ཚ་ན་ག་པུར་བརྒྱད་པ་བསྡེབ་ལ་བཏང་། །རྨ་ཡིན་ཤ་རུལ་རྩ་ཆད་ཁྲག་ཤོར་ན། །དོམ་མཁྲིས་ཅུ་གང་ནུ་ཞོས་རྨ་བཀྲུས་ནས། །ག་པུར་དོམ་མཁྲིས་ཅུ་གང་ཀ་ར་བཏབ། །ལྕགས་ཀྱི་བརྡོལ་པས་རྨ་ཁ་ཡུན་དུ་མནལ[མནན]། །ཁོང་དུ་ཚ་བ་འབྲོས་འདེད་ཡིད་ལ་གཞག[བཞག] །རྩ་ནད་ཁོང་ནས་མ་ཆོས་[བཅོས་]ཆིངས་བྱས་ཀྱང་། །ཁྲས་[ཁྲག་]ལྦ་འོང་ནས་དོན་མེད་གསོ་དཀའ་འོང་། །རྨ་ཚད་བཅོས་དང་ཡན་ལག་བཅོས་པ་ནི། །རྨ་དང་རྨ་ཚད་གཉིས་ཀའི་ལོག་ནོན་གྱིས། །གསུམ་པ་རྨ་ཚད་གསོ་བའི་མན་ངག་ནི། །རྨ་ཚད་གསོ་བ་རྒྱུ་རྐྱེན་དབྱེ་བ་དང་། །རྟགས་དང་བཅོས་ཐབས་རྣམ་པ་བཞི་ཡིས་བསྟན། །ཚ་བའི་རྒྱུ་ནི་ཁྲག་དང་མཁྲིས་པ་སྟེ། །དེ་ཡང་རྩ་དང་རུས་ལ[ལས་]སྐྱེ་བ་ཡིན། །ཚ་བའི་དབྱེ་བ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་ཚ་བ་ཤོར་དང་འཁྱིལ་བ་གཉིས། །རྐྱང་པ་ལྡན་འདུས་འཐབ་པ་སྐྱེ་བ་ལྔ། །བྱེ་བྲག་ཁྲག་དང་ཆུ་སེར་རྣག་ཚིགས་[ཚད་]གསུམ། །རྩ་ཚད་རུས་ཚད་ཟུག་རྔུའི་ཚ་བ་དྲུག །གསུམ་པ་རྟགས་ནི་ཚ་བ་སྟོད་དུ་ཤོར་བ་ལས། །གྲང་ཤུམ་བྱེད་ཅིང་མགོ་དང་ཚིགས་བཞི་[གཞི་]ན། །དང་ཁ་མི་བདེ་དབུག[དབུགས་]རྩེགས་གློ་སྙིང་འདར། །གཉིད་ཆེ་ལུས་ལྗི་[ལྕི་]ཁ་ཁ་མིག་སྤྲིན་སེར། །ལྕེ་རྩ་སྔོ་ལ་སྐམ་སྟེ་སོར་[སོ་]དྲེག་ཆགས། །རྩ་གྲིམས་ཆུ་དམར་རྨ་དྲོད་ཆེ་ལ་སེར། །ཆུ་སེར་ཚ་བ་རྩ་སྦུབ་[སྦུབས་]འཁྱིལ་བ་ནི། །རྩ་འཕྲིག་ཆུ་སེར་གཞོགས་ལ་ཡང་ལྗི་[ལྕི་]འོང༌། །འཕྲག་གོང་མི་བདེ་བཤུལ་ཤ་ན་བ་ཡིན། །སྐྲངས་དང་རྨ་ཚད་སྐྱེས་པ་རྐྱང་པ་ཡིན། །དེ་ལ་རྩ་ཆུ་ཚ་ན་ལྡན་ཚད་ཡིན། །ཕྱི་ཡུལ་ན་ལུགས་ཚ་ན་འདུས་ཚད་ཡིན། །འཐབ་ཚད་རྩ་ཆུ་གྲང་བ་རྨ་ཚད་སྐྱེ། །ཡང་ན་རྨ་གྲང་རྩ་ཆུ་ཚ་བའོ། །བྱེ་བྲག་ཁྲག་ཚད་མིག་ཆུ་སྐྲངས་པ་དམར། །བསིལ་ལ་མི་དགའ་སྙིང་ལ་དྲན[དྲོན་]མོ་འདོད། །ནུབ་མོ་གཉིད་ཆུང་ཟ་འཟི་[ཟི་]མང་བ་ཡིན། །ཆུ་སེར་ཚ་བ་ལྡང་འདུབ་[དུབ་]འདྲེ་ལྟར་ན། །མིག་དང་ཆུ་དང་སྐྲངས་སེར་ཚ་ཞིང་འཁྱུག །རྣག་ཚད་རྩ་ནི་གར་དར་[འདར་]རམ་སྤུན་པ་ལ། །དང་ཁ་མི་བདེ་གཉིད་ཆུང་ལྡང་དུབ་ན། །བླ་རྟོལ་[རྡོལ་]བྱེད་ཅིང་སྐྲངས་པ་མནན་མི་བཟོད། །རྩ་ཚད་གསུམ་དང་ལྔ་ལ་འཕྱུར་ཞིང་སྐྱེ། །རུས་ཚད་བདུན་དང་དགུ་ལ་འཇབ་ཞིང་སྐྱེ། །ཟུག་རྔུའི་ཚ་བ་དྲག་ཤུལ་རྗེས་ལ་སྐྱེ། །ཀར་གྱིས་ཟུག་ལྡང་རྨ་ནས་ཁྲག་ཚན་[བཙན་]འབྱུང་། །ཟས་སྤྱོད་དལ་ལ་སྙོམས་པ་ཤིས་པ་ཡིན། །བཞི་པ་བཅོས་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་ལ་བཅོས་པའི་ཚུལ་དང་གསད་ཐབས་གཉིས། །བཅོས་ཚུལ་རྒྱལ་བློན་འབངས་དང་བཅས་པ་སྟེ། །རྩ་ཚིགས་གནད་ལ་རྒྱལ་པོ་ལྟ་བུར་བཅོས། །རྨ་ཆས་བསིལ་བྱ་གོང་འོག་དྲོད་སྦྱོར་བྱ། །ཁོང་ཚད་བསིལ་བཅོས་གནད་[ནད་]ལ་སྣག[རྣག་]མི་འཇུག །ཚ་བ་དྲོད་སྦྱོར་བསྟོན་[བསྟེན་]པར་འདུ་བ་ཡིན། །དེ་མ་ཡིན་ན་ཁོང་ནས་ཚད་མི་སོད། །སྟོད་ཚད་སོད་པས་རྨ་ལ་སྐྲངས་མི་འབྱམས་[འཆོར]། །ཉེན་མེད་སོས་སླ་རྒྱལ་པོའི་བཅོས་ཐབས་སོ། །ཚིགས་ལ་ཚ་བ་ཕབ་[བབས་]ཁོང་དུ་རྨ་ལ་ཡལ་དྲག་[དྲགས་]ནས། །རྣག་དུས་ཆོར་[འཆོར་]ལ་དྲག་[དྲགས་]ན་སྟོད་འཆོར་འཆི། །ཉྭ་རྨེན་གནད་ལ་བློན་པོ་ལྟར་[ལྟ་]བུར་བཅོས། །འཕྲང་བསྡམ་རྨ་ནས་བསིལ་ཕབ་ཁོང་དུ་བསད། །ཚ་བ་རྨ་ལ་ཕབ་པས་རྣག་ཤོར་ཡང་། །ཚད་ཕོག་རྨ་ཉན་[ཉེན་]ཆུང་བས་འཚོ་བ་མང་། །གང་ཡང་རྨ་ནས་བསིལ་ཀྲོག་[དཀྲོག་]ཁོང་དུ་གསད། །འཚོ་རྐྱེན་[སྐྱེན་]འཆི་རྐྱེན་[སྐྱེན་]རྨང་[དམངས་]ལྟར་བཅོས་པའོ། །ཚ་བ་བསད་ཐབས་ཡས་[ཡར་]འདྲེན་མར་འདྲེན་གཉིས། །ཐོག་བབས་དྲག་ཏུ་གསད་དང་འཇམ་གསད་ཡིན། །ཚད་སྟོབས་ཆུང་ན་མ[མར་]འདྲེན་འཇམ་པོས་བསད། །ཙནྡ་[ཙན་དན་]གྷི་ཝང་བསིལ་གསུམ་བ་ལེ་ཀ །ཧུང་[ཧོང་]ལེན་ཨུད་པལ་[ཨུཏྤལ་]ཏིག་ཏ་[བ་]ཤ་ཀ །ཀ་ར་སྦྱར་བཏང་རྩ་བྲན་[ཕྲན་]མས་འཛེག་གཏར། །སྟོབས་[སྟོད་]ཤོར་སྟོབས་ཆེ་ཡར་འདྲེན་ཐོག་བབས་གསད། །ག་པུར་རྒྱལ་བློན་བདུན་དང་དགུ་པ་སྦྱར། །རྩ་ཆེན་གང་རྒྱས་ཡས་བབས་ཁྲག་སྟོབས་བཅག །ཚུ་[ཚ་]བ་འཁྱིལ་ལ་བསིལ་གསུམ་བ་ལེ་ཀ །གྷི་ཝང་སེང་ལྡེང་དོམ་མཁྲིས་བ་ཤ་ཀ །སྲ་[སོ་]མ་ར་ཙ་ཀ་ར་སྦྱར་ལ་བཏང༌། །གཟེར་བའི་ཕྱོགས་དང་དོན་རྩ་གང་རྒྱས་གཏར། །རྐྱང་ཚད་བཅོས་པའི་རྨ་ལ་བསིལ་ཞུན་དང་། །ཁོང་དུ་ཆུ་འཐུང་སྨན་ལ་རྟ་བྱས་ལ། །ཏིག་ཏ་སྤང་རྩི་ཨུད་[ཨུཏྤལ་]བ་ལེ་ཀ །ཀ་ར་སྦྱར་ལ་བཅག་ལེན་ནང་ཡར་བཏང་། །ལྡན་ཚད་བཅོས་པའི་རྨ་ལ་བསིལ་ནན་བྱ། །ཙན་ལྡན[དན་]བསིལ་གསུམ་གྷི་ཝང་ལི་ག་དུར། །ཨུད་དཔལ་[ཨུཏྤལ་]ཀ་ར་སྦྱར་ནས་ཁོང་དུ་བཏང༌། །རྐང་རྨ་[ལ་]ལོང་རྩ་ལན་[ལག་]ལ་ཨ་པོ་[སོ་]གཏར། །འདུས་ཚད་བཅོས་སྨན་ག་པུར་ཤིང་མངར་དང་། །བ་ཤ་བ་ལེ་གོང་ལ་བསྣན་ནས་བཏང་། །རྐང་རྨ་ལོང་རྩ་ལན་ལ་ཨ་པོ་གཏར། །འདུས་ཚད་སྣོད་ཁ་དྲུག་མགོ་ལ་སོག[སོགས་]རྩེ་ཆུང་གཏར། །འཐབ་པའི་ཚ་བ་རྨ་ཁོང་བསྣོལ་གསད་དེ། །ཚ་བའི་སྟེང་དུ་བསིལ་གྱིས་བསད་ཅིང་སྐྲོག །གྲང་བའི་སྟེང་དུ་དྲོད་སྦྱོར་བྱ་ལ་བསྣོལ། །ཁྱེད་[ཁྱད་]པར་ཁྲག་ཚད་དམར་བཅས་[ཆས་]ཐང་དང་[བཏང་]གཏར། །ཆུ་སེར་ཚ་བ་ཐང་བསྡུས་ཐུར་མས་གཏར། །རྣག་ཚད་ཕུག་ནས་འབྱར་སྐེམ་དེབ་ཀྱིས་གསོ། །རྩ་ཚད་ཐང་གཏར་མེད[མེ་]དང་བསིལ་གྱིས་བཅག །རུས་ཚད་བསིལ་ཆས་ཡས་[ཡར་]མར་འདྲེན་གྱིས་བསད། །ཟུག་རྔུའི་ཚ་བ་གཏར་སྨན་ཟས་ཀྱིས་བཅག །ཁྲག་ཤོར་ཚ་བ་སྟོད་ཤོར་ཡེན་ལ་གཏར། །ཆུ་སེར་དུས་སུ་བསིལ་ལ་བཅུད་པ་སྟེ[བསྟེན]། །རྣག་གི་དུས་སུ་ཁ་ཟས་གསར་འཇམས་[འཇམ་]གསོ། །རྨ་རྒན་ཚ་བ་མི་ཆག་སྲ་ཧྲིམ་[ཧྲེམ་]ལ། །རྩ་ལྟོ་སྦྲགས་ག་པུར་རྩ་ལྔ་བསྟེན། །གང་ཉེ་གཏར་ཞིང་རྨ་ལ་དྲོ་ཆེས་[ཆས་]བྱ། །ཚ་བ་ཀུན་གྱི་རྒྱུ་ནི་ཆུ་སེར་ཁྲག་ཡིན་པས། །དེ་ཕྱིར་ཚ་བཅོས་གཙོ་བོ་གཏར་བ་ཡིན། །བཞི་པ་ཆུ་ཡི་འཐུང་ལུགས་མན་ངག་ནི། །སྐོམ་པ་ཀུན་གྱ་[ཆུ་]ལྟར་འཐུང་དང་སྨན་ལྟར་འཐུང་བའི་དྲ། །སྨན་མེད་ཆུ་ཡིས་རྨ་ལ་གནོད་པ་སྟེ། །སྐོམ་གཏར་[ལྟར་]བཏུང་དུས་རྩ་སྒོ་འགེག་པ་ལ། །ཧུང་[ཧོང་]ལེན་མྱང་རྩི་སྤྲས་དང་ཡུ་གུ་ཤིང་། །ལྕམ་འབྲས་ཆུས་[ཆུར་]སྦང་སྐོམ་དུ་བཏུང་བར་བྱ། །ཡང་ན་ཚོས་བཙོད་ཡུང་བ་སྤྱི་བཞུར་དང་། །སྤང་རྩི་ཙནྡ་[ཙན་དན་]དམར་པོ་བཏབ་ལ་བཏུང་། །གཉིས་པ་སྨན་ལྟར་ཆུ་ཡི་བཏུང་ལུགས་ནི། །ཁྲག་དང་ཆུ་སེར་རྣག་གི་དུས་གསུམ་ལ། །ཁྲག་དུས་ཨ་བོ་ཧུང་[ཧོང་]ལེན་ཨ་བྱག་པ། །ཚོར་[ཚེར་]སྔོན་ཆུ་བཏུང་ཡང་ན་ཙན་དན་དཀར། །སེར་[སེ་]རྒོད་སྟབས་[སྟབ་]སེང་རེ་རལ་ཆུ་བཏབ་བཏུང་། །ཆུ་སེར་དུས་སུ་སྟབ་སེང་ཡུ་གུ་ཤིང་། །ཤེལ་ཏ་ཨ་བྱག་ཕོག་[ཕོ་]རོག་ནོར་བུ་དང་། །བུ་རམ་སྦྱར་ལ་ཚོས་ཁུས་འབུལ་[འཕུལ་]བ་དང[བཏང་]། །ཁྱེད་[ཁྱད་]པར་གྷི་ཝང་བཟང་དྲུག་མཁྲིས་སྣ་ཚོགས། །རིལ་ལུ་[བུ་]ཆེར་བཏང་རྩ་ཡི་ཆུ་སེར་སྐེམ། །ཁྲག་རྐང་སྒོང་ཐོག་གླང་སྣ་མེ་ཏོག་བྱ་རྐང་བ། །བུ་རམ་རིལ་ལུས་[བུས་]ཤ་ཡི་ཆུ་སེར་རྐེམ[སྐེམ]། །སྟག་སིང་[སྟབ་སེང་]ཚེར་སྔོན་ཁྲག་རྐང་ཨ་བྱག་དང་། །རེ་རལ་རིལ་བུས་རུས་པའི་ཆུ་སེར་སྐེམ། །རལ་ལུ་[རིལ་བུ་]ཀུན་ནི་ལུག་རིལ་ཙམ་བྱ་ཆུ་ཡིས་ཕུལ། །དྷེ་[དེ་]བ་སུམ་ཅུ་ཏིག་ཏ་ཁུར་མོང་རྩ། །ཐང་གིས་ཆུ་རྒྱུས་ཆུ་སེར་སྐེམ་པར་བྱེད། །ཤ་བ་ཁ་ཤ་བསེ་རུས་[རུ་]བུ་རམ་གྱི། །རིལ་ལུས་[བུས་]ཚིགས་དང་ལྤགས་[པགས་]པའི་ཆུ་སེར་སྐེམ། །ཁམ་བུའི་ཐལ་བ་ཐ་རམ་བྲག་སྤོས་པ། །ཀ་རའི་རིལ་ལུ[བུ་]ཆུས་ཕུལ་ཆུ་སེར་སྐེམ། །ཐོད་ལོ་[ལེ་]ཀོར་དང་ཕ་བོང་[བང་]ལོང་བུ་དང་། །དར་ཡ་ཀན་དང་བུ་རམ་རིལ་བུ་ཡིས། །ཆུ་སེར་དུས་ཀྱི་སྐྲངས་པ་འཇོམས་པར་བྱེད། །རྣག་དུས་བསེ་རུ་བྲག་སྤོས་ཅོང་ཞི་དང་། །མུ་ཟི་ཞོ་ལ་སྦྱར་བ་ཇང་[ཟངས་]ལ་བཀྲུ། །དེ་བཞུར་བྱེ་མ་གྲེ་རྩེ་ཕྱེད་མ་ནི། །ཆུ་ཡིས་འཕུལ་བཏང་རྣག་གི་རྒྱ་མཚོ་སྐེམ། །མ་[བ་]ནུ་མུ་ཟི་རྟ་ལྤགས་རེ་ཀོན་[སྐོན་]པ། །ཁོང་བཏང་འདི་[ལྡེ་]གུས་བྱུག་པ་སྐྲངས་པ་འཇོམས། །ཕ་ཝང་ལོང་བུ་གསེར་[སེར་]ཤ་ལྕགས་ཀྱི་ཕྱེ་མ་དང་། །སྒོ་ང་ཚོས་བྱུག་རིལ་ལུས་[བུས་]སྐྲངས་པ་འཇོམས། །བཟང་དྲུག་ཡུ་གུ་ཤིང་གིས་སྟོད་ཚད་སྲུང་། །པི་པི་ལིང་དང་ཨ་བོ་འོམ་བུ་ཡིས། །སྣོད་དུ་ཚད་པ་མི་འཆོར་འཁྲུ་མི་སྲིད། །ཆུ་དེས་ཆུ་ཡི་འཆོར་ལ་ཚ་བ་སེལ། །དང་ཁ་བདེ་ལ་སྐོམ་སེར[སེལ་]ཟས་རྣམས་འཇུག[འཇུ]། །གདོན་དང་སྐྲངས་[བཀྲག་]ཤོར་ཕོ་བ་འབྱང་ན་སྤང་། །ལྔ་པ་སྐྲངས་པ་གཞོམ་པའི་མན་ངག་ནི། །གདོན་དང་འདུ་བ་གནད་[གནས་]ཀྱི་སྐྲངས་པ་གསུམ། །གདོན་སྐྲངས་རྨ་མདོག་ལོག་དང་གྲང་ཤུམ་བྱེད། །ཆུ་བུར་ཉྭ་སྒོང་[སྒང་]འོང་ལ་སྐྲངས་མཆེད་རྐྱེན[སྐྱེན]། །རྣག་ཁྲག་འཛག་ཅིང་ཤེ་རྡུལ[རུལ་]མནམ་པ་ལ། །འཛིན་པ་སྟག་ཤ་མུ་ཟི་ཁྱི་ལྕེ་བ། །ཆུ་དག་སྤྱང་བྲུན་རྭ་གཞོབ་དྲི་ཆུ་བྱུག །ཡང་ན་གྲོག་ཞིང་རིང་[རི་]བོང་ཝང་[ཝ་]སྤྱང་བྲུན། །ཁྱི་སྤུ་ར་སྤུ་རྭེ་[རྭ་]གཞོབ་ཁྱི་ལུད་དང༌། །སྒོག་སྐྱ་དྲི་ཆུ་[ཆུར་]སྦྱར་ནས་བྱུག་པར་བྱ། །ཡང་ན་ཐལ་བ་བཞི་སྟེ་སྦྲུལ་མགོ་དང་། །སྡིག་པ་སྤྲུ་མ་སྦྱིན་བསྲེགས་[སྲེག་]ཐལ་བ་དང་། །སྟག་ཤ་བ་ལྕེ་[ལྕི་]ཞུན་སྟེང་ཁྱི་སྤུས་མནན། །ཡང་ན་ཁྱི་ལྕེ་ནག་པོ་རེ་ལྕགས་[ལྕག་]དང་། །བོག་[བོང་]ང་ནག་པོ་གླ་རྩི་ཆུ་དག་དང་། །གུ་གུལ་ལྡོང་རོས་རྟ་བོང་ར་ལུག་དགུ། །ནག་པོ་དགུ་ཐུལ་[ཐུབ་]རའི་ཞོ་ཡིས་མནན། །གཉིས་པ་ནད་ཀྱིས་སྐྲངས་པ་རླུང་མཁྲིས་བད་ཀན་གསུམ། །རླུང་སྐྲང་སྐྱ་ལ་སོགས་[གསོབ་]ཅིང་རྣག་མི་འབྱུང་། །འཕར་ཞིབ་བྱེར་[བྱེད་]ཅིང་ཚིགས་ཁར་སྐྲངས་པ་ཡིན། །དེ་ལ་རྩ་འཕྲང་སྐྲངས་ན་མེ་བཙས་བསྲུང་། །གོ་སྙོད་ལྕམ་འབྲས་ཀྱི་[སྐྱི་]འབྲུམ་ཚ་བ་གསུམ། །སྣེའུ་གཡར་ཞུ་ཟའི་[ཟྭ་ཡི་]ཕྱི་མོ་དང་། །ཆང་འགགས་སྦས་[སྦང་]མ་སྦྱར་ལ་འཇིབས་སུ་བཞུག[གཞུག་]།ཡང་ན་ལྕམ་འབྲས་མཁན་པ་སླེ་ཁྲེ་[ཏྲེས་]ཚབ་[ཚན]། །ཤུ་མོ་ཟ་དང་ལྕམ་པ་ཚ་བ་གསུམ། །ཏང་ཀུན་མར་ནག་སྦང་གར་སྦྱར་བས་མནན། །དམར་པོ་དགུ་དང་སེར་པོ་གསུམ་སྦྱོར་ནི། །དང་པོ་བྱ་མཚལ་ཟེ་ཁྲག་ར་ཕོ་སེར[སྐྱ་]རྒྱའི་[ཁྱི་རྒྱ་བོ་]སྣ་ཁྲག་དང་། །རྟ་དྲུག་ཕྲོམ་གྱི་རྐན་ཁྲག་ན་ཆུང་མངལ་ཁྲག་དང་། །བཙོད་དང་ཞོ་རྗེན་ཕྱེ་མ་མར་ནག་སྦྱར། །རྒོང་[སྒོ་]ངའི་གསེར[སེར་]ཐིབ་[ཐིག་]ཚ་ཐུགས་མོའ[ཉ་ཚ་ཀུ་བ་]ཀླུམ་[གླུམ་]ཉེ་མཛོད་[མཛོ་]ཞོ་མར་ཞུས་[ཁུས་]སྦྱར། །ཤིན་ཏུ་སྟོང་སྦོས་ཅུ་ཙག་[ཆུ་གཙག་]ཨ་བས་[སས་]བདུག །འབའ་སྤྲུ་[ཆ་]མི་ཤ་མཁང་[མཁན་]སྤྲུ་ཆང་བཙོས་མནན། །བད་ཀན་ཀྲང་[སྐྲངས་]པ་ཆེ་ལ་ཞི་བ་དཀའ། །དྲོད་མེད་འཕྲང་[མཁྲང་]འཇམ་ཉ[ཉྭ་]ཡི་སྟེང་དུ་སྐྲངས། །དེ་ལ་ཉེ་ཤིང་ལྕུམ་རྩ་ཚྭ་[ཚ་]བ་གསུམ། །གོ་སྙོད་ཚ་བབ་[ཚྭ་ཕབས་]སྦྲང་[སྦང་]གར་རྗེན་ཕྱེ་ཞུན། །ཡང་ན་སྲུབ་དཀ་[ཀ་]དབྱི་མོང་ཚ་བ་གསུམ། །མ་ནུ་ཉི་དགའ་གར་པོ་ཞུན་དུ་གཞུགས་[གཞུག]། །ཡང་ན་ར་དུག་རེ་ལྕགས་[ལྕག་]རང་[ཏང་]ཀུ་དང་། །ཤུག་པ་མཁན་པ་བྱ་བྲའི་ལུམས་སུ་གཞུག་བྱས་ལ། །རྨ་ལྷོག་སྐབ་[སྐབས་]ཀྱི་སེར་པོ་བདུན་སྦྱོར་ཤེས[ཤིས]། །མཁྲིས་སྐྲངས་དམར་སྐྱ་དྲོད་ཆེ་རེག་མི་བཟོད། །རྒྱ་སྐག་བཙོད་དང་ལི་ཁྲི་སྤུག་དང་[ཡུག་རྣམ་]མཚལ། །རྟ་བོང་ཁྲག་དང་སྦང་གར་ཞོ་བཙགས་མནན། །རྨ་ལྷོག་སྐབས་ཀྱི་སེར་པོ་བདུན་སྦྱོར་དང་། །སེར་པོ་བདུན་ནི་ཡོང་སྒྱེར་[ཡུང་སྐྱེར་]ལྕིམ་རྩེ་[ལྕུམ་རྩ་]དང་། །ཆུ་རྩ་རམ་ཉེ་བ་བླ་སྡོང་[ལྡོང་]རོས་དང་། །ཉ་ཕག་མི་མཁྲིས་དགུ་སྦྱོར་ག་[གང་]འཐད་ཀྱི། །སྦང་གར་སྦྱར་བའི་ཞུན་ནན་གང་ཏད་བྱ། །རྩ་སྐྲངས་དམར་མཁྲངས་[མཁྲང་]བག་ཕྱེ་ཞོ་ཞུན་སྦྱར། །དམར་སྦྱོར་རྒྱས་འབྲིང་བསྡུས་པ་རྩ་གཤེད་[ཤེད་]བཅག །སྦང་གར་སྒོང་[སྒོ་]ང་བག་ཕྱེ་ཞོས་གཞི་བྱས། །ལུག་ཞོ་ཙམ་བྱས་ཅེ་[རྩེ་]འཇམ་བསྲོས་ལ་བདུག །རྒྱ་སྐག་བརྕོད་རམ་[བཙོད་རམས་]བཙག་ཡུག་འབྲུ་དམར[མར་]སྦྱར། །དེ་ཡིས་མ་ཐུབ་དམར་བསྐྲར་[ཁྲར་]སྐྲངས་པ་ན། །རྒྱ་ཀག་[སྐག་]རྕོད་[བཙོད་]ཞུན་ཞུང་[ཞུ་]མཁན་གསེར་ཐེག་[ཐིག་]འོང་། །རྟ་བོང་ཁྲག་དང་འབྲུ་མར་སྦྱར་ལ་བཏང་། །དེས་ཀྱང་མ་ཐུབ་མངལ་ཁྲག་ཚོས་རྕོད་[བཙོད་]མཚལ། །སྤང་སྤོས་གསེར་ཏིག་[ཐིག་]ག་དུར་འབྲུ་མར་སྦྱར། །ཉ་[ཉྭ་]སྐྲངས་སྐྱ་སྲོད་[མཁྲང་]དྲོད་མེད་ཕྱག་སོར་[སྦྱིག་པོར་]སྐྲངས། །སྐྱ་སྦྱོར་རྒྱས་འབྲིང་གསུམ་གྱིས་ཉ་[ཉྭ་]ཁྲོས་འདུལ། །རྒྱས་པ་མཁན་པ་སྤྲུ་མ་གོ་སྙོད་དང་། །གཉིས་པ་གོ་སྙོད་དབྱི་མང་[མོང་]ཐལ་བ་གསུམ། །གསུམ་པ་ལྕམ་འབྲུ་རེ་ལྗགས་[ལྕག་]ཚ་བ་གསུམ། །རྒྱས་པ་ཀུན་ལ་འབྲིང་ཅིག་གཉིས་ནི་མཐའ། །གླད་[ཀླད་]པ་མི་ཡི་རྐང་འོག་[མགོ་]བྱ་རྒོད་ཤ །ལྕམ་འབྲས་སྦྱར་ལ་བྱུག་པར་བྱ་བ་ཡིན། །དེས་མ་ཐུབ་ན་ནག་པོ་རྡོ་བཞིན་སྐྲངས། །ཚ་བ་གསུམ་དང་མཁན་པ་སྤྲུལ་[སྤྲུ་]མ་དང་། །ཚིག་[ཚིགས་]སྐྲང་མདོག་ནག་དྲོད་དང་ལྷང་བསྐྱོག་[ཀྱོག་]ཆེ། །ནག་སྦྱོར་རབ་འབྲིང་གསུམ་གྱིས་རུས་ཚད་གཅོག་པར་ནི། །ཅིག་[གཅིག་]པ་རྩ་བ་ལྔ་དང་འབྲུ་མར་སྦྱར་ལ་བྱུག །གཉིས་པ་ཐབ་འོག་པ་[ས་]དང་སོ་ཐོག་འབྲུ་མར་སྦྱར། །དེས་མ་ཐུབ་ན་རྨ་ཁ་སེར་ནག་སྐྲངས། །སོ་དོག་[ཐོག་]ལྕགས་ཕྱེ་རྒྱ་ཤོད་[ཤོ་]རི་བོང་སྦྲུན[བྲུན]། །སྤང་རྒྱན་ཨ་རུ་འབྲུ་མར་སྦྱར་བ་བྱུག །མདོར་བསྡུས་སྐྲང་ལ་ཚ་སྐྲངས་གྲང་སྐྲངས་གཉིས། །ཚ་སྐྲངས་རླང་[རླངས་]པ་དྲོད་ཆེ་ཚ་ལ་དམར། །གང་དུ་གཉན་[ཉེ་]བའི་རྩ་ལ་ཡ་ང་[མང་དུ་]གཏར། །ཐུར་མས་གཙག་ལ་ཆུ་ལྕག་བཟོད་ཟད་[ཚད་]བརྟེག[བརྡེག] །རུས་ཏིང་[སྟེང་]རུས་ལ་བཏུག་[ཐུག་]དང་ཉ[ཉྭ་]ཤ་པག[པགས་]པ་འཕུག[ཕུག] །ཡང་ན་བུལ་ཏོག་ཆུས་བཀྲུ་སྔབ་ར་[རྔབས་རྭ་]གཟུག །འབུར་དུས་གཤག་[གཤགས་]ལ་ཆུ་སེར་ཡང་ཡང་ཕྱུང༌། །དེ་རྗེས་ཅུ་གང་ཧུང་[ཧོང་]ལེན་ཆུ་རྩ་དང་། །ཡོང་[ཡུང་]བ་སྤང་རྒྱན་གང་[གངས་]ཆུས་བྱུག་བྱས་ལ། །ཡང་ན་ཁྱི་ལྕེ་བ་ཞོ་སྦང་མ་སྦྱར་བས་བྱུག །དེས་མ་ཐུབ་ན་སྐྱི་འབུར་སྒོ་ངའི་སེར། །གྲོ་ལོ་ཚེར་ལོ་སྔོ་[སྔོན་]སྲན་མའི་མེ་ཏོག་དང༌། །སྙིང་[སྙི་]བ་སྤང་རྒྱན་གང་[གངས་]ཆུས་སྦྱར་བྱུག་ལ། །དེ་སྟེང་སྦང་མ་བསྲོས་པའི་འཇིབས་ཀྱིས་དྲངས། །དེས་མ་ཐུབ་ན་སྐྱུར་གྱིས་དག་བཀུས[བཀྲུས་]ལ། །བྱང་པ་མུ་ཟི་རྒྱ་ཚ་བུལ་ཏོག་དང༌། །སེང་ལྡེང་མར་རྙིང་ཕག་ཚིལ་སྦྱར་བ་བྱུག །ཆང་མེད་[འགག་]སྦང་མ་བསྲོས་པའི་འཇིབས་ཀྱིས་དྲང༌། །དེ་རྗེས་ཐབས་[སྐྱི་]བསྲུང་བྱུག་ཅིང་བསིལ་ནན་བྱ། །དེས་མ་ཐུབ་ན་རྩ་ལྟོད་[ལྟོ་]སྦྲགས་ལ་བཏང་། །དེས་ཀྱང་མ་ཐུབ་ཁྲ་བོ་ནག་པོས་ལ་[དགུག]། གཉིས་པ་གྲང་སྐྲངས་དྲོད་མེད་[སྐྱ་]སོབ་མནན་ཤུལ་འོང༌། །ལྕ་རྒོད་སྤྲུ་མ་གོ་སྙོད་བཅའ་ལྒ་དང༌། །ཤུག་པ་མར་ནག་སྤྱོད་[སྤོད་]སྦྱར་བསྲོས་ལ་བཏང༌། །ཡང་ན་མཚོ་[མཚེ་]མཁན་སྦང་བསྲོས་འཇིབས་སུ་གཞུག །མ་ཐུབ་ལུག་མིག་ཁྱི་འབྲུམ་སྲུབ་ཁ་དང་། །གསེར་[སེར་]ཤ་ཉ་མཁྲིས་ལྕམ་པ་སྒོ་ངའི་སེར། །བ་ཆུ་མེ་ལོང་གཡའ་སྦྱར་སྦང་འཇིབས་བཞག །དེས་མ་ཐུབ་ན་རྒྱ་ཚ་བཅའ་ལྒ་དང་། །ཚིལ་ཆེན་བྱུག་ལ་སྟོད་[སྟེང་]དུ་སྦང་སྐམ་དང་། །བྱི་བྲུན་ཆང་གིས་བསྲེས་པའི་ལུམས་ཀྱིས་གཏུལ[གདུལ]། །སྐྱར་མོའི་སྤུ་གཞོབ་ཕོ་རོག་སྐྱ་ག་དང་། །ཁྲ་ཡི་བྲུན་དང་ཟར་མའི་མར་ཁུ་བྱུག །དེ་སྟེང་ཁྲ་བོའི་ལུམས་ཀྱིས་རྣག་ཏུ་བཀྲུག[དགུག] །བདུད་རྩིའི་ཐལ་བ་ཀླད་རུལ་ཚ་བ་གསུམ། །ཚིགས་བྱེ་[ཚིག་ཕྱེ་]སྦང་གར་འབྲུ་མར་ཞུན་ཆེན་ཞོ། །རྣག་མ་ཁུག་ན་དེ་ཡིས་ཁུག་པ་ཡིན། །དྲུག་པ་རྣག་རོ་གཅོད་པའི་མན་ངག་ནི། །རྒྱུ་དང་སྐྱེ་ཡུལ་གནས་རིགས་གཅད་[བཅད་]ཐབས་ལྔ། །ཚིགས་བར་ལས་བྱེར་[བྱེད་]ཤ་ལ་མཚོན་ལུས་དང་། །ཉ་[ཉྭ་]བརྡུངས་རྩ་བཞིར་[རྩར་རྒྱུ་]རྩ་ཆད་[ཚད་]རྒྱུས་ལ་ཞོན[ཞེན་]། །ཚ་བའི་ལུམས་ལྔས་[སྔས་]གཏར་འཕྱིས་རྣག་གི་རྒྱུ། །གཉིས་པ་སྐྱེ་ཡུལ་ཕྱི་ཡི་ཤ་སུལ་བར། །བར་ཚིག་ནང་ཚག་ནང་རུས་རྟེ། །གསུམ་པ་གནས་པ་[ས་]ཤ་སར་[ཉྭ་སུལ་རུས་]དང་ཚིག་[ཚིགས་]བར་གསུམ། །བཞི་པ་དེ་རིག་[རིགས་]ཚ་འབྱམས་དྲང་འབྱམ་[གྲང་འབྱམས་]གཉིས་ཡིན་ཏེ། །དང་པོ་རྩ་ཆུ་མདོག་དམར་རླངས་པ་ཆེ། །གཉིས་[པ་]རྩ་ཆུ་མདོག་སྔོ་དྲི་མ་ཆུང་། །རླུང་བསྟེན་[བརྟེན་]རྣག་རྣམས་བཞི་[བཞོ་]མི་དགོས་པ་བུ་ག་ཆེ། །རྣག་ལ་རླུང་བསྟེན་[བརྟེན་]མ་བཞོས་མི་འོང་རྣག་ཤ་ཆེ། །ལྔ་པ་བཅད་པ་ཅུ་གང་ཨ་བྱག་ཨ་རུ་ར། །ཀ་ར་སྦྱར་བའི་ཕྱེ་མས་རྣག་རེ་[རོ་]སྒེམ[སྐེམ]། །ཡང་ནང་[ན་]བཟང་དྲུག་ག་པུར་གོ་[གྭ་]དོར་གསུམ། །ཨུད་དཔལ་[ཨུཏྤལ་]ཀ་ར་སྦྱར་ལ་གང་[གངས་]ཆུས་ཕུལ། །ཀ་ར་སྦྱར་བའི་ཕྱེ་མས་རྣག་རེ་[རོ་]སྒེམ[སྐེམ]། །ཡང་ནང་[ན་]བཟང་དྲུག་ག་པུར་གོ་[གྭ་]དོར་གསུམ། །ཨུད་དཔལ་[ཨུཏྤལ་]ཀ་ར་སྦྱར་ལ་གང་[གངས་]ཆུས་ཕུལ། །ཡང་ན་མུ་ཟི་ཅུ་གང་དོམ་མཁྲིས་དང༌། །བསེ་རུ་སྟབས་[སྟབ་]སེང་འཇིབ་རྩི་སྦྲང་མར་སྦྱར། །རྣག་གཞུག་ལག་[ལུས་]པར་འབྲས་གསུམ་མར་གྱིས་བཅད། །རྐང་པའི་རྣག་གཞུག་རྩ་བ་ལྔ་ཡིས་བཅད། །བཟང་དྲུག་ར་[རྭ་]སྣ་མཁྲིས་སྣའི་ཁ་ཚར་གང་ཡང་བཏགས[གདབ]། །དཔྱད་ཀྱིས་བཅད་པ་དགེ་[དེབ་]ཆིངས་ཁྲུས་དང་གཏར། །དེབ་ལ་ཕོ་དེབ་མོ་དེབ་ཡང་དེབ་གསུམ། །པུལ་[སུལ་]སྒོ་ཚིགས་མིག་རྣག་གི་ཡུལ་དང་སྦྱར། །དེ་སྟེང་མཐའ་ནས་སྡོམ་བསྡུས་དབུས་སུ་དྲིལ། །ཁྲུས་ནི་དང་པོ་བུལ་ཆུས་རུལ་བ་བཀྲུ། །དེ་ནས་ཅུ་གང་ཆུས་བཀྲུ་རྣག་རོ་བཀྲུ། །དེས་[དེ་]ནས་དོམ་མཁྲིས་ཀ་རས་ཤ་རོ་གཅོད། །དེ་ནས་གུར་གུམ་ཆུས་བཀྲུ་ཤ་ལྤགས་[པགས་]སྦྱར། །དེ་ནས་དོམ་འཁྲིས་[མཁྲིས་]ཆུས་བཀྲུས་ཤ་འུ་སྐྱེད། །རྣག་མདོག་དམར་སྔོ་ཚ་བ་གསུམ་ཆང་བཀྲུ། །འབྲི་མོག་དོམ་མཁྲིས་བྲག་སྤོས་རྣག་གཞུག་བཅད། །དུད་ཁུ་སྐྱ་བོར་སྒྱུར་བ་བལ་གྱིས་བཀྲུ། །དོམ་མཁྲིས་ཀ་ར་ནུ་ཞོ་དེ་ལ་སྦྱར། །ཆེ་ཆུང་གཏར་གྱིས་མང་ཉུང་རྣག་མདོག་སྤྲད། །དམར་རྩ་རྩ་ཁ་ཤོར་ན་ཟུག་རིང་ཁྲག་འབྲུམ་འོང་། །ཤ་རུལ་མྱགས་ན་དྲི་མནམ་ཁུ་རྩིགས་འོང་། །རུས་པ་ཟ་སྐོང་[རྐོང་]སོང་བ་དྲ་ལ་སྐྱེ། །དེ་ནས་རྣག་མདོག་སྔོ་ལ་སྐྱེ་འབྲི་ཆུང་། །གསུམ་པ་སྐྱེ་གནས་ཚ་བ་དྲི་བེ་ཁྲག །ཁྲག་མདོག་ངན་ན་གཏར་ཁ་མང་དུ་བྱེད། །རྣག་འཕུག་[ཕུག་]གོང་དུ་ཁ་ཟས་གསར་བཅུད་བསྟེན། །རྣག་གཅོད་དུས་ན་དྲོད་བཅུད་འགྲོ་ཚུད་བྱ། །སྤྱོད་ལམ་དྲག་ཤུལ་བུད་མེད་སྤང་བར་བྱ། །རྩ་ཁ་ཤོར་ན་གོང་འོག་མེ་ཡིས་བསྲེག །གཏར་གྱིས་བཅད་པ་གང་ཉེ་གང་རྒྱས་གཏར། །སྨན་གྱིས་གཅོད་པ་ག་པུར་གུར་གུམ་དང་། །ཅུ་གང་ཉ་སྲབ་[སྲམ་]ཕྱི་ཡི་མཁྲིས་པ་དང་། །ཤེལ་ཏ་ཙནྡ་]ཙན་དན་]མར་ཁུ་ཀན་དྷ་[ཀཎྜ་]ཀ་རི་དང་། །སྐྱེར་པ་འོམ་བུའི་བར་ཤུན་ཀ་ར་དང་། །གུར་གུམ་དོམ་མཁྲིས་བཙོད་ཁུས་ཕུལ་ལ་བཏང་། །ཆས་ཀྱིས་བཅད་པ་རྟ་ལྤགས་བྲག་སྤོས་དང་། །སྒོ་ང་བག་ཕྱེ་མཁྲིས་སྣའི་སྐྱོ་མ་བྱུག །རྩ་སྟེང་འཕྱིང་[ཕྱིང་]དེབ་གཉིས་རིམ་བསིལ་ཟས་བསྟེན། །རུས་མྱགས་བཀྲུ་བ་དུར་བྱེད་[བྱིད་]དན་དྷ་[ད་]རོག །ཤྲིན་ཁན་དྷ་[ཤྲཱི་ཁཎྜ་]སེར་ཚ་[ཚུར་]སེ་འབྲུ་དང་། །དོམ་མཁྲིས་རིལ་ལུ་[བུ་]རྣག་གི་ཕུགས་ན་[ལ་]བསྐྱལ། །མང་དུ་སོང་ན་ཟས་བརྡེག་རྨའ་[རྨའི་]རྣག་བཤལ། །ནན་གྱིས་བཅད་པ་དྲེས་ཐལ་ལྗང་ཐལ་དང་། །བ་བླ་མཁྲིས་སྣ་བག་ཕྱེ་ཞོ་སྣ་མར་ནག་སྦྱར། །རྩི་ཡིས་བཅད་པ་མི་མཁྲིས་ཉ་མཁྲིས་དང་། །ད་ལི་[ལིས་]སྐྱིར་[སྐྱེར་]པ་འོམ་བུའི་བར་ཞུན་[ཤུན་]དང་། །འདམ་བུ་ཀ་ར་སྦྱར་ནས་བཏང་བ་ཡིན། །རུས་པ་ཟ་རྐོང་སྲུང་[བྲུད་]བསྲེག་སྨན་གྱིས་བཅད། །བསེ་རུ་མུ་ཟི་རྣ་[རྣམ་]པར་ཡུ་གུ་ཤིང་། །དོམ་མཁྲིས་འབྲུག་རུས་སྦྲང་སྦྱར་ཁོང་དུ་བཏང་། །རྒྱ་ཚ་བྱང་པ་འབྲུག་རུས་མཚལ་སྦྱར་རྨ་ལ་བཏབ། །ཉ་[ཉྭ་]སུལ་རྣག་ལ་སྨན་གྱིས་འབྱར་བྱེད་དེ། །མུ་ཟི་བསེ་རུ་ཐལ་སྦྱོར་བ་ཉེ་[ར་མཉེ་]དང་། །ཀེ་[ཉེ་]ཤིང་འབྲུམ་རྩི་ཐུལ་བའི་མེ་ཏོག་དང་། །ཨ་རུ་སྦྲང་རྩི་སྦྱར་བ་ཁོང་དུ་གཏོང་། །མཚེ་ཉུང་སྒོ་ང་བག་ཕྱེ་ཞོ་སྦྱར་བྱུག །བར་རྣག་སྨན་གྱིས་ཁྲུས་དང་ཆིངས་ཀྱིས་གཅོད། །སྟབས་[སྟབ་]སེང་ཆ་གཅིག་མུ་ཟི་ཆ་གཉིས་པ། །དོམ་མཁྲིས་བསེ་རུ་ཆ་ཕྱེད་དངུལ་ཆུ་དང་། །སྦྲང་མར་འདེ་གུ་བཏང་བས་བར་རྣག་སྐེམ། །ཚིགས་རྣག་དེབ་ཆིང་[ཆིངས་]སྒྱོགས་ཀྱིས་བཅད་པ་སྟེ། །རྐྱང་[སྐྱ་]སྦྱོར་འཕྱི་[ཕྱིང་]དེབ་སྡོམ་གྱིས་ཚིགས་མིག་མནན། །ཚ་འབྱམས་གོ་དོན་[གྭ་དོར་]ཤ་རུ་ལྕོ་བའི་གླད་[ཅོ་གའི་ཀླད]། །སོ་བྱའི་ཁྲག་དང་སྤང་[སྦང་]མ་མཐོང་[མཐིང་]ཤུན་དང་། །ཕུར་མོ་ཐལ་བ་ཀ་ར་སྦྱར་བ་དེ། །བཟའ་དང་ཁོང་བཏང་རྨ་ལ་བྱུག་པར་བྱ། །གྲང་འབྱམས་སྒྲུབ་སྨན་རུ་དང་[རྟ་]སྨར་ཤ་བཏང་། །རླུང་བསྟེན་[བརྟེན་]པའི་རླུང་ནི་རྨ་ན་[ནས་]བཅོས། །ཁྲུས་དང་ནན་དང་བྱ་[འབྱར་]གྱིས་རབ་བྱའོ། །བདུན་པ་རུས་ལ་ཟུག་པར་དབྱུང་བ་ནི། །ཕྱི་ནས་ཟུག་དང་[ནང་]ནས་ཟུག་པ་གཉིས། །ཕྱི་ནས་ཟུག་པ་རྣག་གིས་རུས་ལ་[པ་]ཟོས། །སྔོ་འམ་སྨུག་གབ་[གམ་]ནག་པར་[པོར་]གྱུར་པ་ལ། །རུས་ལ་རྩི་ཉམས་ལྷ་བ་ཆུང་བའམ། །གཏིང་དུ་མ་ཟོས་པ་ལ་སྤྲད་[སྤྲ་]བས་བསྲེག །ལྷ་བ་ཆེ་དང་མ་སྟོན་[གདན་]སླེབ་[སླེབས་]པ་ལ། །ཤི་གསོན་ཕྱེད་པར་ལྕགས་ཀྱིས་ཚོས་པར་བསྲེག །བཙའ་[རྩ་]དང་བཅས་ན་ཞུན་མར་ཏང་[ཏེལ་]པས་བླུག །ཤ་ཆུང་ལྷ་བ་ཆེ་ན་སྐྱུང་བུས་འབྲུད། །འཇིབས་དང་ནང་ཚན་[ཚང་]ཁ་ཞུན་གོང་[མགོ་]དང་མཐུན། །ནང་ནས་ཟུག་པ་རྐང་གིས[གས་]ཆུ་སེར་ཞུགས། །ཟུགས[ཟུག་]ཆེ་ཤ་སྐམ་མདོག་སྔོ་ལྷང་ལྷང་ན། །དེ་ལ་རུས་པ་རྟོལ་[བརྟོལ་]ལ་ཆུ་སེར་སྦུ་གུས་གཞིབ། །སྟབ་སེང་ཁུ་བ་དོམ་མཁྲིས་ཀ་ར་བླུག །དར་དང་མར་ཚིལ་སྲིན་བལ་རས་གཟེབ་བཏང་། །རྒོད་རྐང་དོམ་མཁྲིས་སྟབ་སེང་རྨ་རྩིར་བཏབ། །སྦང་མར་[མའི་]འཇིབས་ཀྱིས་ཆུ་སེར་ལྷག་མ་དྲང་། །གལ་ཏེ་སྐྲངས་ན་བྷ་[འབའ་]ཆ་ཨ་ཝས་[སས་]བདུག །དེབ་ཆིངས་བསྡམ་ཞིང་ཁོང་ནས་གསོ་སྨན་ནི། །འབྲས་གསུམ་སྟབས་སིང་[སྟབ་སེང་]བྷམ་[འབམ་]པོའི་སྨན་མར་དང་། །སྤོས་དཀར་བྲག་སྤོས་པྲི་ཡང་སྦང་[སྦྲང་]སྦྱར་བཏང་། །སྐྲངས་རྒྱས་རྣག་ཆུས་ཤ་རུས་རྩ་རྣམས་རུལ། །མེ་དྲོད་མེད་པའི་རྡོ་བ་རུས་པ་འདྲ། །ལྷ་རུས་བཅད་ནས་ཚིགས་སུ་[ཆུ་]འོབ་བ་[འབོག་པ་]ཡོད། །ནད་ཟོས་[ཟོ་]དང་ཁ་བདེ་ན་གསོ་རུ་ཙམ། །གོང་སྲེག་ཁྱིམ་བྱ་སྐོམ་ཤ་ཆང་སྤོད་བཏང་། །སྟབ་སིང་[སེང་]རུ་ཏ་[རྟ་]ཨ་བྱག་བྲག་སྤོས་དང་། །སྒོག་སྐྱ་སྦྲང་མར་སྦྱར་བའི་ཁ་ཟས་བཏང་། །ཤ་རོ་བཅད་དང་བསྲེག་དང་བཅོས་པ་ནི། །རུས་པ་ཤི་གསོན་མཚམས་སུ་སོག་ལེས་བཅད། །འཇིབས་དང་ཁ་ཞུན་བྱ་རུས་འཇེར་[འབྱར་]དུ་གཞག[གཞུག] །བརྒྱད་པ་བྱུང་ཤོར་གཞུག་པའི་མན་ངག་ནི། །འཆོར་པར་[ས་]ཤོར་རྟགས་གཞུག་ཐབས་བསྟན་པར་བྱ། །འཆོར་པ་[ས་]གཡས་གཡོན་སྟེང་འོག་རྣམ་པ་བཞི། །དཔུང་པ་གྲུ་[པུས་]མོ་སྟེང་དུ་འཆོར་བ་མིན། །གྲུ་མོ་ལོང་ཚིགས་རྒྱབ་ཏུ་འཆོར་མི་སྲིད། །རྒྱ་ཚིགས་ཚིགས་པ་[མཁྲིག་མ་]གཡས་གཡོན་འཆོར་མི་སྲིད། །དཔྱི་ལ་རིང་ཤོར་ཐུང་ཤོར་ཕྱི་ནང་གཉིས། །ཤོར་རྟགས་ཟུག་གཟེར་ཅུང་ཟད་ཙམ་ལ་ལྡང་། །མདོག་[མོད་]དུ་སྐྲངས་ལ་རྐྱང་[བརྐྱང་]བསྐུམ་བྱ་བ་ཉམས། །གང་ཤོར་འབུར་སྐྱོང་[ཀྱོང་]རིང་ཐུང་འོང་བ་ཡིན། །དཔྱི་ཡི་གདུག[གཏུག་]ཐག་སོགས་[སོག་]པའི་དཔྱད་[གཉན་]ཐག་འཐད་[ཆད]། །བཅུག་ཀྱང་མི་སྡོད་ཞ་འཐིང་[འཐེང་]འོང་བ་ཡིན། །གཞུག་ཐབས་མ་སྐྱངས་[སྐྲངས་]གསར་དུས་མོད་ལ་བཞུགས[གཞུག]། །སྙིང་[རྙིངས་]ནས་ཤ་སྐྲགས་[སྐྲངས་]ཆུ་སེར་ཚིགས་ཁེབ་དུས། །ལུམ་[ལུམས་]ཀྱིས་ཤ་ཆུ་བཏུལ་ནས་བཞུག[གཞུག་]པར་བྱ། །གང་ཡང་ཚིགས་ཁ་བྲལ་མར་[བར་]དྲག་ཏུ་འཐེན། །ཤོར་ངོས་རུས་པའི་མགོ་ནས་ནང་དུ་འཕུལ། །ཚིགས་ཁ་བྲལ་ནས་གང་ཤོར་དངོས་[ངོས་]སུ་བགན[བཀན]། །མ་བྲལ་བཀན་ན་ཚིགས་རྐེ[ཚིགས་ཁ་]འཆག་མས་[ཅིང་]གྲམ། །ཚིགས་བྲལ་དྲག་ཏུ་བཀན་ན་ཚུད་པ་ཡིན། །ཡང་ན་ཐག་པས་འཐེན་ལ་དབྱུག་པས་བརྡུང་། །ཚུད་རྟགས་འབུར་པོ་ནུབ་དང་ཐོག་ཟེར་འོང་། །ཟུག་ཆུང་ཚིགས་པ་མལ་དུ་ཚུད་པ་ཡིན། །ཚུད་ནས་བསྟན་[བརྟན་]པར་བྱ་ཕྱིར་དེབ་ཀྱིས་བཅིང་། །ན་ཟུ་[ཟུག་]མང་ནི་[ན་]མ་ཚུད་སྲིད་ནས་[པས་]བསྐྱར། །ཡིད་ཆེས་བསྟན་[བརྟན་]པར་ཚུད་ནས་ཟས་ཀྱིས་གསོ། །ཡུན་ལོན་ངན་ལངས་[ལང་]ཡོད་ན་མེ་ཡིས་བསྡམ། །དེ་རྗེས་ཆིང་[ཆིངས་]དང་སྒྱོགས་སུ་གཞུག་པ་གཅེས། །དགུས་[དགུ་]པ་རུས་པ་ཆག་གྲུབ་[གྲུམས་]བཅིང་བ་ནི། །ཆག་ལུགས་ཆག་རྟགས་བཅིང་ཐབས་ལོག་ནོན་ནོ། །ཆག་ལ[ལུགས་]མ་ལ་བུ་ཐོགས་ཆགས་པ་དེ། །ཚིགས་ཀྱི་ཕྱིར་སྐོར་ཆག་པ་དེ་ལ་ཟེར། །སྙུ་གུ་ཁ་དང་སྡུམ་ཆག་གྲུག་[གྲུམས་]པ་དང་། །དེ་ཡང་རྨ་ཅན་ཚིལ་ནག་ལྟར་དུ་ཆག་པ་དང་། །རྨ་མེད་ཕུ་དུང་ལག་ངར་ལྟར་ཆག་གཉིས་ལ་འདུས། །ཆག་རྟག་[རྟགས་]གྲང་ཞིང་འཁྲོག་ལ་འགུལ་མི་ནུས། །རླུང་ཤས་ཅན་ལ་སྦེག་དང་སྡུམ་ཆག་གྲུག[གྲུམས་]པ་བཞི། །རྨ་ཅན་ཟན་གྱིས་མ་ཐེག་འཚོ་བ་དཀའ། །བཅོས་ཐབས་བཅིང་དང་ཁོང་སྨན་སྒྱོགས་ཀྱིས་བཅོས། །དང་པོ་བཅོས་ཐབས་འཐེན་ལ་རུས་ཁོད་མཉམ། །རིང་ཐུང་མ་ཆག་ངོས་དང་སྙོམས་ནས་བསྟུན། །རུས་པ་ཕྱིར་དོན་རྟ་བོང་ར་ལུག་གི། །འོ་མའི་རླངས་པས་བསྲོ་ལ་བཀྲུས། །ཚིལ་ཅུས་[བུས་]དྲོད་ཕབ་དར་དྲིལ་ཨ་པས་[སས་]བདུག །ག་པུར་ཙནྡ་[ཙན་དན་]གུར་གུམ་ནུ་བྱུག །ཞག་འདས་ཁོང་དུ་ཆང་བཏང་འབམ་པོས་འདུག[བདུག] །དེ་ཡིས་དྲོད་ཕེབས་འབྱོར་འབྱམ་[རུས་འབྱར་]བླ་[སླ་]བ་ཡིན། །དྲག་ཏུ་འཐེན་པས་འཚམ་འཕྲོད་འབྱོར་བ་བླ[སླ]། །ཅིས་ཀྱང་མ་ཚུད་སོག་ལེས་བརྟུལ་[བསྟུངས་]ལ་བཞུག[གཞུག] །ནམ་ཟླ་དབྱེར་[དབྱར་]དུས་ཞོ་ལ་རྒུན་[དགུན་]དུས་བཅུད། །སྒོ་ང་ར་ཁྲག་རམ་ཉེའི་[ཉེ་]མཚེ་ཡི་ཁུ། །སྤྱིན་དང་བག་ཕྱེ་ལུག་ཞོ་ཙམ་དུ་བྱུག །ཚིགས་ཆེན་མཐོ་རེ་ཚིགས་ཕྲན་མཛུག་[མཛུབ་]རེ་བྱུག །རྐང་རུས་ཀུན་ལ་རྐང་དང་མཉམ་པོ་བྱུག །ཡང་ན་བག་ཕྱེ་སྒོ་ང་ར་ཁྲག་དང་། །ཧུང་[ཧོང་]ལེན་མཁྲིས་སྣ་སྦང་དཀར་[གར་]སྦྱར་བ་བྱུག །འཕྱིང་[ཕྱིང་]པ་སྲས་མཁྲིགས་[སྲབ་མཁྲེགས་]སྤུ་དེབ་སྒྲོག་དགུས་[གིས་]སྒྲོགས། །ལྷན་ཐབས་གཟེར་ཆིངས་སྟེང་དུ་བག་སྐྱོ་བྱུག །བར་དེབ་ཡོལ་བ་ཆིང་[ཆིངས་]ནི་འཕྱིང་[ཕྱིང་]པ་སྦག །ཞག་པོ་བྱོལ་སོང་ཆིངས་ནི་འཕྱིང་[ཕྱིང་]ཤིང་སྦག །དེ་སྟེང་རས་འཇག་གསོན་བུས་[པའི་]ཆིངས་སུ་བཅིང༌། །ལྷོད་ན་ཆག་འཁྲུལ་དམ་ན་གོང་འོག་སྐྲངས། །ཆག་ཚབས་ཆེ་ན་སྟེང་དུ་ཤིང་ཆས་དགོས། །སྨན་ནི་སྟབ་པི་[སེང་]ཁུ་བ་སྐོམ་དུ་བཏང༌། །མར་གསར་འོ་མ་མངར་སྣ་ཚས་[ཚོས་]ཁུ་ལྡན། །ཨ་བ་ཨ་བྱག་སྦྲང་སྦྱར་ཁོང་དུ་བཏང་། །རྨ་ཅན་ཁོལ་དུ་བཅུག་[བཏོན་]ལ་ཤེལ་རྟ་[ཏ་]གཞུག །ག་པུར་གུར་གུམ་དོམ་མཁྲིས་ཙནྡ་[ཙན་དན་]དཀར། །སྟབ་སེང་ཀ་ར་སྦྱར་བས་རུས་པ་སྦྱོར། །འཕྱོད་[འཕྲོད་]ཅིང་བདེ་ན་ནམ་འཚོ་བར་དུ་བཞག །ཡོ་ན་ཞག་གསུམ་དུས་བཅོས་ཆང་བྲུས་བཏབ། །མི་འཕྲོད་ན་ན་གསུམ་ལྔ་བདུན་ན་བཅོས། །ལོག་ནན་[གནོན་]རིང་ཐུང་ཡོན་པོ་བཅག་ན་བཅིང༌། །རྨ་ཅན་རྣག་གཞུག་མ་ཆོད་རུས་པ་ཟོས་ན། །བྲུད་དང་བསྲེག་དང་སྨན་གྱིས་གསོ་བར་བྱ། །[ཐ་མ་གནད་ཀྱི་ལོག་གནོན་བསྟན་པ་ནི། །ཤ་ཡི་གནད་ལ་བམ་རུལ་གཞའ་འཕྲོས་[ཁྲོས་]བཞི། །རྩ་ཡི་གནད་ལ་བྱེར་ཁྲིད་རྒྱས་པ་[ཤོར་]བཞི། །ཚིག་[ཚིགས་]ཀྱི་གནད་ལ་བམ་དང་འཁོར་བ་གཉིས། །ཆུ་རྒྱུས་གནད་ལ་རིངས་[རེངས་]འཁུམ་དེ་གཉིས་བཞི། །དང་པོ་བཞའ་[གཞའ་]ལ་ཚ་གཞའ་གྲང་གཞའ་གཉིས། །ཚ་གཞའ་སྐྲངས་པ་ཁ་སྙིང་[སྙི་]གཏིང་འབྲས་[སྲ་]གཏིང་[སྟོངས་]ཚད་སྐྱེད། །སྐྲངས་[པ་]རྣག་མེད་ཆུ་སེར་སེར་པོ་འཛག །དེ་ལ་ཁོང་སྨན་སྨན་གྱིས་འཕུལ་བསད་ནི། །ག་པུར་ཅུ་ག་[གང་]གུར་གུམ་ཙནྡ་[ཙན་དན་]དང་། །བསེ་རུ་དོམ་མཁྲིས་ག་དུར་ཧུང་[ཧོང་]ལེན་དང་། །ཀ་ར་གང་[གངས་]ཆུས་ཕུལ་བས་ཁོང་ཚད་རྨ་ཁ་བསད། །རྨ་ལ་ཁྲ་བོའམ་ནག་པོའི་ཆས་ཀྱིས་བསླང་། །ཚ་སྒྲོགས་[དཀྲོག་]རྨ་ཁར་མི་གཏར་གཞན་རྒྱས་གཏར། །ཟུག་སྐྱེས་རྣག་མང་སྐྲང་དྲོད་ཆེན་[ཆེ་]ན་སློང་། །གྲང་གཞའ་དྲོད་དང་སྐྲངས་ཆུ་[ཆུང་]རྣག་[ཆུ་]བྱུང་[ཉུང་]། །དར་[དང་]ཁ་མི་བདེ་གདོང་སྐྱ་ཟུག་མ་ངེས། །དེ་ལ་གསར་བཅུད་སེལ་[སེ་]འབྲུ་ལྔ་པ་བཏང་། །རྨ་ལ་དྲོད་ལུམས་ཁྲ་བོའི་ལུམས་ཀྱིས་བསླང་། །རླུང་གསང་སུལ་སྒོ་ཀུན་རྣམས་མེ་ཡིས་བསྲོ། །དེས་མ་སློང་ན་ཤ་ཆང་བུར་མར་སྤྲུག །སློང་ནས་སྤྱི་སྒོས་གང་མཚམས་[འཚམ་]སྤྲད་ནས་བཅོས། །འཁྲོས་ན་དྷོ་[རྡོ་]བཞིན་སྲ་དང་ལྷོག་ཐབས་གཉིས། །རྡོ་ལྟར་སྲ་བ་ཚ་བ་གྲང་བ་གཉིས། །ཚ་འཁྲོས་དམར་སྐྲངས་ཟུག་ཆེ་རིག་[རེག་]མི་བཟོད། །དྲོད་ཆེ་ཚ་འཁྱུག་རྩ་ཆུ་ཕྱི་ཚད་སྐྱེད། །དེ་ལ་དང་པོ་གླང་[ཀླད་]སྦང་ཚ་བའི་སྦྱོར་བ་བྱ། །དེ་རྗེས་ལྡོང་རོས་ཡོང་[ཡུང་]སྐྱེར་ལྕིམ[ལྕུམ་]རྩ་དང་། །སྒོ་ང་ཕབ་[ཕབས་]དང་བག་ཕྱེའི་དེབ་བཏང་གང་ཉེ་གཏར། །དེས་མ་ཐུབ་ན་ཆུ་རྩ་བྲག་ཞུན་དང་། །ར་བཞོབ་[རྭ་གཞོབ་]བག་ཕྱེའི་དེབ་ལ་འཕྱིང་ཚུས་[ཕྱིང་ཆུས་]བསྣན། །ཡང་ན་སྐྲངས་དང་སྦྱར་བའི་ཆུ་བཙགས་ལ། །གང་[གངས་]ཆུས་བགྲང་[བསྒྲང་]རྟིང་བསིལ་ཆས་གཞུག་[གཞུག་]པ་ཡིན། །ཅིས་ཀྱང་མ་ཐུབ་ཁྲ་བོ་ནག་པོས་འགུག[དགུག] །གྲང་འཁྲོས་སྐྲངས་པ་དྲོད་ཆུང་སྐྱ་ལ་བསྲ[སྲ]། །ཟུག་ཆེ་ཕུག་ན་རྣག་མེད་ཡུང་འཁྱགས་འདྲ། །འུག་པ་བྱ་རྒོད་སྤྱང་ཀུ་[ཀི་]མི་ཤ་དང་། །བག་ཕྱེ་ཕབ་སྤོ་[ཕབས་སྤོད་]སྦྱར་བས་ལུས་[ལུམས་]བྱའོ། །ཡང་ན་རྟ་བོང་ར་ལུག་ཉའི་[ཉྭ་ཡི་]ཤ །འབྲུ་མར་སྦྱར་ན་[ནས་]སྣ་ཚོགས་བཅོས་པ་སྟེ། །དེ་ལ་ཤ་སྣ་ཆང་བཙོས་ལུམ་[ལུམས་]སུ་གཞུག །ཡང་ན་སྔོ་ཡི་རྩ་བ་ལྔས་མནན་ཏེ། །རི་ཤོ་སྤྲུ་མ་སྤྱང་ཚེར་རེ་ལྗག་[ལྕག་]དང་། །སྲུབ་[ཀ་]ཞིབ་བཏག་[བཏགས་]དྲི་ཆུས་འཕུལ་ལ་བཏང་། །མ་ཐུབ་ཁྲོ་[ཁྲ་]བོ་ནག་པོའི་ཆས་སུ་བཞུག་[གཞུག]། དེས་མ་ཐུབ་ན་ཚ་འཁྲིས་[ཁྲོས་]བཅོས་དང་གཅིག །ལྷོག་ཐབས་ཁ་དོག་དམར་སྨུག་སྐྲངས་པ་ཆེ། །ཉ་[ཉྭ་]འབུར་ཉ་སྒོང་[ཉྭ་སྒང་]དཀར་ནག་འབྱུང་བ་དང་། །དྲོད་ཆེ་བ་སྤུ་ལྡོག་ཅི་[ཅིང་]ཚ་བ་སྐྱེ། །དེ་ལ་ལྕགས་ཕྱེའི་ཞུན་ཏེ་སོ་དོག་[ཐོག་]དང་། །ཨ་ག་རུ་དང་ཁྱི་[རྒྱ་]ཚོས་རམ་[རམས་]དང་ཞུན་མཁན་དང་། །སྦང་དཀར་[གར་]འབྲུ་མར་བཙོས་པའི་ཞུན་བྱའོ། །ཡང་ན་རྨེན་[བུ་]འཚོགས་ཚད་དྲི་ཆུར་བཙོས་པའི་ལུམས། །དེས་མ་ཐུབ་ན་ནག་པོའི་ཞུན་གྱིས་ལུམས་སུ་འགུག[དགུག] །ཆུ་བུར་བྱུང་ན་གཉེན་པོའམ་སྐམ་རྩི་ནི། །ཤ་རུའི་ཐལ་བ་དུད་པ་བྱ་བལ་མ། །ནུ་ཞོ་བྱུག་ལ་རེ་སྐོན་དྲེས་རུལ་རྣས་[དང་]། །སྲོ་ལོའི་ཐལ་མར་བྱུག་པ་དར་གྱིས་བཏུལ། །དེ་སྟེང་ཁྲ་[བོ་]འམ་ནག་པོའི་ལུམས་སུ་གཞུགས[གཞུག]། །རྨ་རོགས་ཐོར་པའི་[འབྱུང་སྟེ་]འབུན་[འབྲོས་]འདེད་འབྱུང་བ་[ཐོར་པ་]འོང༌། །བྱུག་པའི་སྟེང་ན་ཤོག་གུ་བོང་སྤུས་མནན། །ཁྱི་ལྕེ་བྲག་སྤོས་ལྕགས་ཕྱེ་ཆུ་དག་དང་། །གུ་གུལ་གླ་རྩི་སོ་དོག་[ཐོག་]མུ་ཟི་དང་། །ར་ཁྲག་དྲི་ཆུས་བྱུག་གམ་ཡང་ན་ཝ་སྤྱང་ཁྱི་ཕག་དང་། །སྒོང་[གོང་]མོ་ཕོ་རོག་མི་བྲུན་བཙན་དུག་དང་། །གླ་རྩི་ཨ་རུ་དྲི་ཆུ་སྦྱར་ནས་བྱུག །མ་ཐུབ་དམར་སེར་ནག་པའི་ཞུན་ནན་ནི། །དམར་པོ་བདུན་སྦྱར་ལི་ཁྲི་རྒྱ་སྐག་གཙོང་[བཙོད]། །སེར་བཙག་མཚལ་དང་རྟ་བོང་ཁྲག་བདུན་ནི། །གར་པོ་འབྲུ་ཞོ་མར་དང་སྦྱར་བའོ། །སེར་པོ་བདུན་ནི་མུ་ཟི་གྷི་ཝང་དང་། །ཁྲག་རྐང་གསེར་དྷོ་[རྡོ་]ལྡང་[ལྷང་]ཚེར་སྤོས་དཀར་དང་། །སྒྲོ་མོན་གར་པོ་ཞོ་སྲན་ཕྱེ་མའོ། །ནག་པོ་བདུན་ནི་ལྕགས་ཕྱེ་སོ་དོག་[ཐོག་]དང་། །ཁྱི་ལྕེ་སྣག་ཚ་རམ་[རམས་]རྡོ་སོལ་ཉུང་དང་། །གར་པོ་རྗེན་ཕྱེ་མར་ནག་སྦྱར་བའོ། །དེས་ཀྱང་མ་ཐུབ་འཕྲུལ་སྦྱོར[སྦྱོངས་]ལོག་ནོན་ནི། །རེ་ལྗགས་[ལྕག་]དབྱི་མོང་སྤོས་དཀར་ཐར་ནུ་དང་། །རྒྱ་ཚྭ་བྱིས་སྦ[པ་]་ལོ་བརྒྱད་དྲི་ཆུས་སྦྱར། །ཡང་ན་ཐར་ནུ་བྱང་པ་རེ་རལ། །ཨ་རུ་ཤ་ཆེན་བྱེར་བསྡུད[སྡུད་]ཁན་དྷ་[ཁཎྜ་]སྦྱར། །ཡང་ན་ཤི་རི་ཁན་དྷ་[ཤྲཱི་ཁཎྜ་]སྔོན་བུ་དང་། །ཐར་ནུ་བྱང་པ་པི་ལིང་ཉི་དགའ་དང་། །དྲི་ཆུ་སྦྱར་བའི་རྟ་ཡིས་བསྐུར་བ་ཡིན། །བུར་ཆུ་[བོངས་ཆུང་]སྨན་བསྐྱར་གཟེར་ནས་[ན་]བདུག་པར་བྱ། །ཤ་གནད་བམ་པ་ཚ་བབ་[བམ་]གྲང་བབ་[བམ་]གཉིས། །ཚ་བ་[བམ་]སྒྲངས་[སྐྲངས་]པ་སྨུག་ནག་དྲོད་བླང་[རླངས་]ཆེ། །ཤ་རྡུལ་[ཤེ་རུལ་]དུད་ཁའི་རྣག་འཛག་བོམ[བམ་]མེ་ན། །དེ་ལ་ཨ་རུ་བྲག་ཞུན་ཧུང་[ཧོང་]ལེན་ཞོ། །བྱུག་སྟང་[སྟེང་]གྲོ་སོག་འཇག་མའི་རྩེ་བསང་ལ། །རས་སྲབ་བཅིང་ལ་རྨ་ལ་སྦང་ཞོ་བཏང་། །སྐབས་སུ་ཚན་ཆུན་[ཆུས་]བྲན་ལ་ས་མྱག་བྱུག །གང་ཉེ་གང་རྒྱས་སྐྲངས་པའི་འོག་ཏུ་གཏར། །མ་ཐུབ་བཤལ་གྱིས་སྦྱང་བ་ལོག་གནོན་ཡིན། །གྲང་བམ་སྐྲངས་ཆེ་དྲོད་ཆུང་སྐྱ་ལ་སྤོབ[གསོབ]། །རྣག་ཆུ་ཉུང་ཞིང་ཟུག་གཟེར་ཆུང་བ་ཡིན། །དེ་ལ་ཨ་པས་[ས་]བག་ཕྱེ་དཀར་པོ་དང་། །ཞུན་མཁན་གོ་སྙོད་ལྕ་བཅའ་[བཅའ་སྒ་]པི་པི་ལིང་། །མར་ནག་བཙོས་པས་བདུག་ལ་མཁན་ཆུས་བཀྲུས། །ཁོང་ནས་གསལ་[གསར་]བཅུད་གསུམ་བཏང་གསོ་བར་བྱ། །རུལ་ལ་མྱགས་དང་ཟས་[ཟ་]རྨ་ཟགས་པའོ། །མྱགས་ནི་ཤ་རོ་རྒྱུས་པ་བལྡད་པ་འདྲ། །རྨ་ལང་[དྲག་]མཆེ་བ་[མཆེད་]ནས་རྣག་མང་དྲི་མི་ཞིམ། །དེ་ལ་དང་པོ་སྦང་ཞོས་རུས་[རུལ་]མྱགས་བསལ། །བུལ་ཏོག་ཆུ་ཡིས་ཡང་ཡང་བཀྲུ་བ་ཡིན། །དེ་ནས་ཉ་དོམ་མཁྲིས་པ་སྤོས་ཀྱིས་བཀྲུས། །རུས་སོལ་ཨ་རུ་བྲག་ཞུན་ཧུང་[ཧོང་]ལེན་ཞོ། །རྨ་སྨིན་[མིན་]བྱུག་ལ་ཆུ་བྱའི་སྤུ་ཡིས་མནན། །རྨ་ལ་ནས་ཚིག་མཁྲིས་པ་བྲག་སྤོས་དང༌། །ཆུ་རྩ་འབྲུ་མར་བྱུག་པ་ཤེ་[ཤོ་]མངས་[མང་]བཀའ[བཀབ]། །དེ་སྟེང་རས་ཐེར་སྲབ་མོས་ལྷོད་དེ་བཅིང༌། །ཡང་ན་གསེར་ཐིག་ཞོ་དང་སྦྱར་ལ་བཏང༌། །ཡང་ན་སུག་པ་བོང་ང་དཀར་པོ་དང་། །རེ་ཀོན་[སྐོན་]ཆུང་[ཆུ་]རྩ་དྲེས་སྙིང་[རྙིང་]ཕུར་ཡོག་ཐལ། །དཀར་པོ་བསྲེག་[བསྲེགས་]པའི་ཐལ་བ་མར་དཀར་བྱུག །ཡང་ན་མུ་ཟི་མཁྲིས་སྣ་མར་གྱིས་བྱུག །རྨ་རྩི་གུར་གུམ་ཅུ་གང་དོམ་མཁྲིས་དང་། །མཚལ་དཀར་བྲག་སྤོས་ཚ་ལ་དུལ་མ་དང་། །ཀ་ར་སྦྲང་རྩི་མར་བྱུག་དར་གྱིས་བཀབ། །དེ་སྟེང་ར་[རེ་]བལ་སྣུམ་བཅོས་[བཙོས་]བཏང་བའོ། །ཁོང་སྨན་སྟག་ཤའི་མེ་ཏོག་དོམ་འཁྲིས་[མཁྲིས་]དང་། །ཀ་ར་སྦྱར་བ་བཙོད་ཁུས་ཕུལ་བཏང་ནས། །ཏིང་ཁྲོལ་གསར་བཅུད་ཟས་ཀྱིས་རུལ་མྱག་གསོ། །ཟ་རྨ་རུལ་སྙིང་འདོད་པའི་རྨ་ཡིན་ཏེ། །ཁྲག་རུལ་འཛག་ཅིང་བྱི་བའི་ཟ་འཕྲོ་འདྲ། །དྲི་མི་ཞིམ་ལ་ནུབ་རེར་རིག་ཙམ་མཆེད། །དེ་ལ་[རམས་]ལོ་བ་སྤྲུ་ཞོ་སྦྱར་ཅིང༌[བཅིང་]། །གང་ཉིའི་[ཉེའི་]རྩ་གཏར་རྨ་ཡི་ཁྲག་གཅོད་[ཆོད་]ནས། །མཁྲིས་སྣ་ཆུ་རྩ་བྲག་སྤོས་ཚིག་མ་དང༌། །ནུ་ཞོ་འབྲུ་མར་སྦྱར་བའི་ཁ་ཞུན་བྱ། །ཟགས་པ་བུ་ག་མང་དུ་བྱུང་བ་སྟེ། །གླད་[ཀྲད་]རུལ་དུད་པ་སླང་དྲེག་མར་དཀར་བྱུག །ཡང་ན་སྐམ་རྩི་ཐལ་སྨན་བྱུག་པར་བྱ། །དབྱར་དུས་སྦྲང་འཚོགས་རྨ་ལ་[འབུ་]འབྱུང་ནས[བྱུང་ན]། །བྱི་རུག་རྒྱ་སྤོས་གླ་རྩི་སྒོམ་ཕྱེ་བཏབ། །གཉིས་པ་རྩ་ནད་[གནད་]བྱེར་བ་རིང་བྱེར་གཉིས། །ཉི་[ཉེ་]བྱེར་རྩ་རྒྱུད་འཁྲིས་འཕྲིང་[ཁྲིད་མཁྲང་]ན་ལ་ཚ། །རྨ་ཁ་མི་སྐྲངས་མཁན་སྦང་ཚིག་མ་དང༌། །གླད་[ཀླད་]པ་སྦྱར་བས་སྐྲངས་བྱེར་འདུ་བ་ཡིན། །དེས་མ་འདུས་ན་རྩ་སྦྱོང་གཏང་[བཏང་]བས་སྡུད། །རང་[རིང་]བྱེར་རླུང་རྩ་སྙིང་རྩའི་རྩ་སྐྱོན་གྱིས། །ཤ་སུལ་རྩ་དང་ཚིག་[ཚིགས་]མིག་ལ་སོགས་སུ། །གཡས་གཡོན་སྟོད་སྨད་སྣེ་བསྣོལ་སྒྲང་[སྐྲང་]བར་བྱེད། །ཡང་ན་ཕྱི་རྟག[རྟགས་]རྩ་དང་ཆུ་ལ་གསལ། །དེ་ལ་བྱེར་ངོས་རྨ་ཡི་ཐད་དཀར[ཀར་]བསྲེག །ར་[རི་]བོའི་རྩེ་ལ་གསེར་གྱི་སོ་པ་ནི། །སྤྱི་གཙུག་མཐིལ་བཞི་སྲིན་ལག་སྔོན་པོ་དྲུག །གསེར་གྱིས་བཙོན་[ཚོས་]པ་ཙམ་དུ་བསྲེག་པ་ཡིན། །དར་ཡ་ཀན་ནམ་དལ་ལི་[ད་ལིས་]ཁན་དྷ་[ཁཎྜ་]ནི། །བྲི་ཕྱིར་[བྲེ་ཕྱེད་]ཁྱི་ལྕེ་ཕུལ་གང་ཤིང་མངར་འཕྱོར་[ཁྱོར་]བ་གང་། །བཟང་དྲུག་མཁྲིས་སྣ་ད་ཏྲིག་ཚོས་ཕུག་རོན་གྱི། །སྒོང་སྲི་[སྤྲིས་]ཀ་ར་འོ་མ་སྦྱར་ལ་བཏང་། །དེ་ཡིས་བྱེར་སྡུད་རྩ་བསྡམ་ཁྲག་ཁོང་སྦེད། །དེ་ཡིས་མ་འདུས་རྩ་ལྟོ་སྦྲག་ནས་སྦྱང་། །ཁྱད་པར་ཚ་་བྱེད་[བྱེར་]བདུད་རྩི་ལྔ་དང་གླ་རིལ་ལུམ་[ལུམས]། །གང་རྒྱས་རྩ་གཏར་ཆུང་[ཆུ་]དྲོན་བྲན་པ་ཡིན། །བཟང་དྲུག་ཙནྡ་[ཙན་དན་]དཀར་པོ་བསིལ་གསུམ་དང་། །དོམ་འཁྲིས་[མཁྲིས་]ག་པུར་ཀ་ར་སྦྱར་ནས་བསྡུ། །གྲང་ཁྱེར་[བྱེར་]ཐུག་ལུམ་[བྱུག་ལུམས་]ཟས་ཀྱིས་བསྡུ་བ་ཡིན། །རྩ་ནད་[གནད་]འཁྲིས་[ཁྲིད་]པ་ཕྱི་འཁྲིད་ནང་འཁྲིད་གཉིས། །ཕྱི་ཡི་ཁྲིད་རྩ་དཀར་དམར་བྱེ་ཁུང་དང་། །ཕྱི་[བྱི་]བའི་ཁུང་ལྟར་རྩ་མིག་ཁྲིད་ནས་བརྒྱུད། །ཁྲིད་པས་རྩ་ལ་ནང་རྩ་སྐྲང་མེད་ཀྱང༌། །དོང་[དང་]ཁ་མི་བདེ་ཕོ་མཆིས[མཆིན་]ན་བ་དང་། །མགོ་ན་སྟོད་དུ་ཚ་བ་སྐྱེ་བའམ། །རླུང་ལྡན་སྐབས་སུ་འདྲེ་ལྟར་ལྡང་དུམ་[དུབ་]བྱེད། །དེ་སོགས་ནད་སྣ་སྣ་ཚོགས་སྟོང་[སྟོན་]གྱུར་ན། །སྟོད་སྨད་གཡས་གཡོན་ཀུན་ཏུ་བྱ་ར་བྱ། །སྐྲངས་སམ་ཚའམ་དྲེག་པ་ཐོར་པ་སོགས། །གང་བྱུང་དེ་ཡི་སྟེང་དུ་ལུམ་[ལུམས་]བྱ་ཞིང་། །ཁང་[ཁོང་]ནས་རྩར་བྱེད་[བྱེར་]སྡུད་པའི་སྨན་བཏང་པས། །རྣག་སྒོང་[མགོ་]འོང་ངོ་ཕུག་པས་ཆོག་པ་ཡིན། །ཁེང་[ཁོང་]ནད་ཡིན་སྙམས་[སྙམ་]ངོས་མ་ཟིན་ན་འཆི། །ནད་ཁྲིད་དོན་ལ་ཆུ་སེར་གསོགས་[གསོག་]པ་སྟེ། །མགོ་ལུས་ལྗི་[ལྕི་]ཞིང་སྟོད་གཟེར་དོན་[དང་]ཁ་འགག །གླ་[གློ་]བའི་རྩ་དང་གློ་བའི་གསང་མིག་གཟེར། །འདི་ཡི་རྨ་ལ་ཚ་མ་[བ་]མི་འདུས་པས། །རྨ་ལ་གང་འཚམས་ཁོང་དུ་གང་[སྐེམ་]སྨན་བཏང་། །ཡང་ན་རྨ་བྱའི་སྒྲོ་དང་ཚོན་སྣ་ལྔ། །གོ་དེར་[གྭ་དོར་]གསུམ་དང་བསིལ་སྨན་ག་པུར་དང་། །དོམ་མཁྲིས་དར་ཡ་ཀན་དང་ཀ་ར་སྦྱར། །གང་ཁྲིད་སོར་མོ་ཚིགས་བཞིའི་[གསང་]དེ་ལ་བསྲེག །སྙིང་ལ་མཐེབ་འོང་[མོ་]གློ་ལ་མཛུག་[མཛུབ་]མོ་དང་། །མཆིས་[མཆིན་]པ་གུང་མོ་མཚེར་སྲིན་མཐེབ་འགལ་ཆུ[མཁལ་མཐེའུ་ཆུང་]། །མ་ཐུབ་གཉིས་ཁ་འཕྲུལ་སྦྱོང་བསྔགས་པ་ཡིན། །རྩ་ནད་[གནད་]རྒྱས་ལ་ཚ་རྒྱས་གྲང་རྒྱས་གཉིས། །ཚ་རྒྱས་སྐྲངས་ཆེ་དམར་འཁྱུག་རྩ་བརྒྱུད་[རྒྱུད་]སྐྲངས། །གང་ན་གང་ཉེ་གང་རྒྱས་རྩ་ལ་གཏར། །ཁང་[ཁོང་]དུ་ཙན་དན་དཀར་དམར་བསིལ་གསུམ་དང་། །ཨུ་དཔལ[ཨུཏྤལ་]ཀ་ར་ག་པུར་སྦྱར་ལ་བཏང་། །རྨ་ལ་གྲང་འཇིབ་ཧུང་[ཧོང་]ལེན་ཏིག་ཏ་དང་། །ཁྱི་ལྕེ་པར་པ་ཏ་དང་ཚན་དཀར་དང་། །ཚོས་དང་ར་ཞོ་སྦྱར་བའི་འཇིབས་བཏང་ངོ་། །དེས་མ་ཐུབ་ན་ཁྲ་བོས་རྣག་ཏུ་བཀུག[དགུག] །གྲང་འཁྱག[རྒྱས་]ཡུང་འཁྱག་[འཁྱགས་]རྐྱལ་སྟོང་བུས་པ་འདྲ། །དྲོད་དང་ཟུག་གཟེར་ཚ་རྟགས་ཆུ་[ཆུང་]བ་ཡིན། །དེ་ལ་སུལ་སྒོ་རྩ་འཕྲང་[མཁྲང་]སྐྲངས་མཚམས་བསྲེགས། །གསར་བཅུད་ཤིང་ཀུན་ཕྱེ་མ་ཁོང་དུ་བཏང་། །རྨ་ལ་བཅའ་ལྒ་མི་ཞུན་ཁྲ་བོས་དགུག །རྣག་ཏུ་མ་ཁུག་བར་དུ་དྲོད་དང་ལྡན་པར་བྱ། །དྲོད་བྲལ་འཚམ་ན་[མཚམས་སུ་]མེད་[མེས་]བསྐོར་དྲོད་འཇིབས་ནི། །ཕབས་ཡོད་[སྤོད་]ལྕམ་པ་གཡེར་མ་གོ་སྙོད་དང་། །འབལ་[འབམ་]པོ་བུ་རམ་ཆང་འགགས་སྦང་བསྲོས་བཞག །དྲོད་རྙེད་རྣག་ཏུ་ཁུགས་ན་འཚོ་བར་འགྱུར། །རྒྱས་པ་རྩ་འཁྲོས་མེ་ཏོག་ཆུ་བུར་འོང་། །སྐབས་[སྐམ་]རྩི་བྱུག་སྟེ་དུད་པ་ཤ་རུ་དང་། །ནུ་ཞོ་ཏིལ་མལ་[མར་]བྱུག་ནས་དར་ཆིང་[ཆིངས་]བྱ། །ཡང་ན་དུད་པ་ཚིགས་[ཚིག་]མ་སྒོག་སྐྱ་ཁྱི་ལུད་དང་། །ཐལ་བ་དྲི་ཆུས་བྱུགས་ནས་འཁྲོས་པ་བཞིན། །རྩ་སྣད་[གནད་]ཤོར་ནས་[ན་]རླུང་ཤོར་ཁྲག་ཤོར་གཉིས། །དེ་ཡང་སྟོད་དང་སྨད་ལ་ཤོར་བའོ། །སྟོད་དུ་རླུང་ཤོར་འཕྱོ་འདར་རྔམ་ལ་[པ་]འདེག །གཡེར་[གཡལ་]དང་སྐེག་[སྐྱིགས་]བུ་འོང་ཞིང་ཟ་ཟི་མང་། །གཉིད་གཡེར་[ཡེར་]སྟོད་སྐྱུག་བྱད་[བྱེད་]ན་བྱུག་འདུག་[བདུག་]བྱ། །རུས་ཐང་བུར་དཀར་གསར་བཅུད་ཁོང་དུ་བསྟན་[བཏང་]། །དེས་མ་ཐུབ་ན་རླུང་གསང་མེ་ཡིས་མནན། །སྟོད་དུ་ཁྲིག་[ཁྲག་]གི་ཚ་ཤོར་ཕྲུམ་སེར་ཁྱེར། །སྟོད་གཟེར་དབུག་[དབུགས་]ཐུང་ཁ་སྐོམ་སོ་དྲེག་ཆགས། །ལུས་ལྗི་[ལྕི་]དང་ཁ་འགགས་ལ་གློ་བ་མང་། །རྩ་གྲིམ་[གྲིམས་]ཆུ་དམར་རྨ་ལ་སྐྲང་མདོག་[མེད་]ཞུག་[གཞའ]། །དེ་ལ་ག་ཕུར་[པུར་]ཙན་དན་འགྲི་གང་[གི་ཝང་]ཚ་སྟོབས་རྒྱས[སྦྱར]། །རྩེ་ཆུང་ལ་སོགས་གཏར་ཞིང་བསིལ་ཆས་སྤངས། །ཚ་འཇིབ་[བྱས་]ལ་རྣག་ཏུ་འགུག[དགུག་]པར་བྱ། །རྨ་ཁ་[སྨད་དུ་]ཤོར་ནས་སྦ་[ཝ་]བ་འཁྱིལ་ཞིང་འགུལ་བ་སྟེ། །ཁ་ལྕ་[ལྦ་]གཏིང་སྦ་[ལྦ་]གང་ཡང་གྱུར་ན་ཡང་། །རླུང་ཤོར་ལྕ་[ལྦ་]བ་འཁྱིལ་ཞིང་འགུལ་བ་སྟེ། །ཟ་འོག་ཕུག་རོན་སྐེ་ལྟར་རི་མོ་འོངས། །དེ་ལ་ཕུག་རན་[ན་]རླུང་ཤོར་ཁྲག་མི་ཐུབ་པས་ན། །འབུག་[དབུག་]ཏུ་མི་རུང་བདུད་རྩི་ལྔ་ལུམ་[ལུམས་]བྱ། །ཁང་[ཁོང་]ནས་རྩ་ཁ་འཛིན་པའི་ཐང་ཕྱེ་བཏང་། །ཁྲག་ཤོར་ལྕ་[ཝ་]བ་དམར་སྔོན་[སྔོ་]རིག[རེག་]ན་རྩེ་[བརྩེ]། །མི་འཕར་སྨན་བཏང་རྨ་ལ་བསིལ་ཆས་བྱས། །སྤྱིར་ནད་ཀུན་ལ་ཚ་བ་དབབ་ཀྲག་[དཀྲོག་]གཉིས། །ཚིག་ནད་[ཚིགས་གནད་]རྩ་ཁ་འབུས་ཀྱི་དགོས་[དོགས་]པ་དང་། །སྟོད་དུ་འཆོར་དགོས་[དོགས་]མེད་ན་རྨ་ན་[ནས་]ཀྲོག[དཀྲོག] །རྩ་གཉེན་[གཉན་]བཅད་ནས་ཚ་བ་སྟོད་འཆོར་བས། །ཁོང་ནས་བསད་ཅིང་རྨ་ཁར་དབབ་པར་ནི[བྱ]། །གསུམ་པ་ཚིགས་ལ་བབ་ན་[བམ་ལ་]ཚ་གྲང་གཉིས། །ཚ་བམ་ཚིག་[ཚིགས་]མགོ་བེ་སྦོམ་[བམ་སྦོས་]ཚ་གྲང་རྒྱས། །འགུལ་དཀའ་ལུས་ལྗི་[ལྕི་]དྲོད་ཆེ་དང་ཁ་འགག །དེ་ལ་ག་ཕུར་[པུར་]གྷི་ཝང་ནད་སྟོབས་སྦྱར་ལ་བཏང་། །བསིལ་གསུམ་འབྲུགས་[འབྲུག་]རུས་སྟབས་སིང་[སྟབ་སེང་]ཧུང་[ཧོང་]ལེན་དང་། །ཨ་རུ་ཀ་ར་བསིལ་གྱིས་རུས་ཚད་བསད། །གང་རྒྱས་རྩ་དང་[གཏར་]ཚིགས་མིག་ཆུ་སེར་ཕུག །རྨ་ལ་ཆུ་ནན་བསིལ་བའི་འཇིབས་ཀྱིས་གྲང་[དྲང༌་]། །དེས་མ་ཐུབ་ན་ཁྲའོ་[ཁྲ་བོས་]རྣག་ཏུ་བཀུག །གྲང་བས་[བམ་]རླུང་གིས་ཚིམ[ཚིགས་]ལ་ཆུ་སེར་སྐྱེ། །ལེན་[ལན་]རེ་ན་ལ་ལེན་[ལན་]རེ་བདེ་ཞིང་དྲགས[དྲག]། སྐྲངས་དྲོད་གཉིད་ཆུང་གདོང་སྐྱ་འགུག་ཡན[འགུལ་ན་]ན། །འདི་ལ་ཁང་དང་[ཁོང་དུ་]གསལ་འཆུད་[བཅུད་]རྨ་ལ་དྲོད། །སྤོན་[སྦང་]མ་མཁན་པ་གླད་[ཀླད་]པ་སྤོས་[དྲོད་]འཇིབ་བཞགས[བཞག]། རུས་ཞན་[ཞུན་]ཐུར་མ་སྣུམ་ལྡན་ཁྲ་བོས་འདུག[གདུལ]། །མི་ཕྱུགས་རྐང་ཚིགས་མགོ་རུ་སྣ་ཚོགས་བཙོས་ཁུ་ལ། །ཚ་བ་གསུམ་དང་ལྕགས་[ལྕ་]འབྲུམ་ཕབས་ཆང་བཏབ། །ཚིགས་འཁོར་བ་ལ་སྐམ་འཁོར་གཤེར་འཁོར་གཉིས། །སྐམ་འཁོར་རླུང་གིས་ཚིགས་ཆུ་གཡོས་པ་ཡིན། །ཚིག་[ཚིགས་]ཁ་ལྷོད་སྦོས་བཙིར་ན་ཅུར་ཅུ་དྲག[གྲག] །ཚིགས་མདུད་འགྲུས་ཤིང་འགུལ་དཀའ་རྣག་ཆུ་མེད། །གཉིད་ཆུང་ཤེས་པ་ཟ་ཟིལ་[ཟི་]ཙེར་ལྷགས་[གཙེར་ལྷང་]འདོན། །ལུས་དང་གདོང་པ་བེམ་རིག་སྐྱ་སྐབས་སུ་བསྔགས[དངངས་]། །འདི་ལ་བཅུད་བཏང་སྣུམ་ནན་སྤོས་ལུམ་[སྤོད་ལུམས་]ནི། །ཚ་བ་གསུམ་དང་གཡེར་མ་འུ་སུ་དང་། །ཕབས་མཚེ་ཤིང་ཚ་མར་ཁུ་སྦང་གར་རྗེན། །རྣག་གིས་ཚིགས་པ་རྒྱས་ནས་མ་ཐུབ་ན། །ཐུར་མས་གསེར་[གསེང་]ལ་ཐུར་ཤུན་[ཤུལ་]མེ་ཡིས་བསྣན[མནན]། །སྐྱ་སྦྱོར་སྤོད་དང་སྣུམ་ལྡན་ནན་བྱེར་[འབྱར་]བྱ། །རྒྱོག་[སྒྱོགས་]དང་འབྲས་བུ་གསུམ་དང་སེང་ལྡིང་[ལྡེང་]མར་བརྒྱ་བཏང་། །གཤེར་འཁོར་ཟུང་[ཟུངས་]ཆུ་བད་ཀན་འབྱོར་བྱེད་ཡིན། །ཟུང་[ཟུངས་]ཆུ་སྐྱེས་[སྐྱེ་]ཆུ་འཆི་ཆུ་ཆད་ཆུ་བཞི། །དཔུང་ཚིགས་གྲུ་མོ་འཁྲིག་པ་[མཁྲིག་མ་]པུས་མོ་དང་། །རྒྱ་ཚིག་[ཚིགས་]ཀུན་འཛིན་སེར་ལ་སྣ་རིང་སྟེ། །དམ་དུ་བསྡམ་ནས་ཚིགས་ལྔ་ཐུལ་[ཐུར་]མས་འབུག[དབུག] །ཟུང་[ཟུངས་]ཆུ་མ་སྡོམ་རུས་པའི་ཚ་བ་སྟེ། །ཤེ་རུལ་འདྲ་ལ་རྣག་འདྲེས་སྣ་རིང་འཛག །ལོག་ནས་སྡོང་དོག་[དོགས་]ཡོད་པས་ཆུ་ཡིས་བགྲང་[བསྒྲང་]བ་གཅེས། །དེ་ཡིས་ཚིགས་ཆུ་རུལ་ནས་རྣགས་སུ་འགྱུར། །རྣག་གིས་ཚིགས་པར་ཁེངས་ནས་ཚིགས་མདུང་[མདུད་]འཇིག །དེ་ལ་སྐྱེད་[སྐྱེ་]ཆུ་འཆི་ཆུ་འཆད་[ཆད་]ཆུ་གསུམ། །དང་པོ་རྣག་རྗེས་སྔོ་སྐྱ་སེར་ལ་སྣ་རིང་འབྱུང་། །དེ་ནི་ཆུ་སེར་རྒྱུ་ཡིན་རྒྱུན་མི་འཆད་[ཆད་]པར་སྐྱེ། །འཆི་ཆུ་སྐྲང་མཆེད་བེལ་སྣབ་[སྣབས་]བྱུང་ན་འཆི། །དུད་ཁུ་ཤེལ་[ཤེ་]རུལ་རྣག་ཅན་ཉ་མིག་བྱུང་ན་འཆི། །འཆད་[ཆད་]ཆུ་རྣག་རྗེས་སྔོ་སྐྱ་སྣ་ཐུང་འཆད་[ཆད]། །དང་པོ་ཟུངས་ཆུ་སྨན་དང་ཆས་བསྡམ་སྟེ། །སྨན་ནི་དོམ་མཁྲིས་ཅུ་གང་ཆུ་སེར་སྨན་གསུམ་དང་། །སྤྱི་བཞུར་ཀུན་བསྡུས་ཆང་ཕུལ་ཕྱེད་ཀྱིས་དབུལ། །ཆས་ནི་བྲག་ཞུན་འཚེ་སྐྱོར་[མཚེ་སྐྱེར་]འོམ་བུ་དང་། །སོ་སོའི་ཁན་དྷ་[ཁཎྜ་]ར་[རྭ་]གཞོབ་ཚིག་པ་[མ་]དང་། །བག་ཕྱེད་[ཕྱེ་]དུད་པ་སྤྱིན་བྱུག་ཕྱིང་དེབ་བཏང་། །ཤེལ་ཏའི་རིང་[རེང་]བུ་རྨ་ཡི་ནང་དུ་གཞུག །ལྡང་ཆུང་[ལྡད་ཆུ་]ཁོང་སྨན་ཁྲུསདང་བཅས་ཀྱི་སྒྲངས[ཆས་ཀྱིས་དྲང་]། །སྨན་ནི་ག་པུར་བཟང་པོ་གསུམ་དང་དོམ་མཁྲིས་དང་། །རུ་ཏ་[རྟ་]ཧུང་[ཧོང་]ལེན་ཀ་ར་སྟབས་[སྟབ་]སེང་ཁུ་བས་ཕུལ། །ཁྲུས་ནི་ག་པུར་ཧུང་[ཧོང་]ལེན་དོམ་འཁྲིས[མཁྲིས་]དང་། །སྤོས་དཀར་ཀ་རའི་ཆུ་ཡིས་བཀྲུ་བ་ཡིན། །ཆས་ནི་ཆུ་ལྕགས[ལྕག་]བརྡེག་ཅིང་རམ་ཉེ་པར་པ་ཏ། །སུམ་བཅུའི་རིག་[ཅུ་ཏིག་]ཏ་ཁྱི་ལྕེ་མཁྲིས་སྣ་དང་། །སྦྲང་ཞོ་སྦྱར་ནས་བྱེད་[བྱེ་]རློན་འཇིབས་ནག་བྱ། །དེ་ཡིས་འདྲོངས་ནས་[ན་]ཚིགས་ལ་རྣག་མི་འཆོར། །དེས་མ་ཐུབ་ནས་[ན་]སྐྱེད་[སྐྱེ་]ཆུ་སྨན་གྱིས་བཅད། །དོམ་འཁྲིས་[མཁྲིས་]ཤེལ་ཏ་ཧུང་[ཧོང་]ལེན་ཆུ་སེར་སྨན་གསུམ་དང་། །ཁྱིའུ་[ཁྱེའུ་]འཐུང་ནུ་ཞོས་རིལ་ལུ[བུ་]སྨན་རྣག་[ནག་]བཏང་། །ཀ་ར་སྟབས་སྟེང་[སྟབ་སེང་]སེང་ལྡིང་[ལྡེང་]ཆུས་ཕུལ་ཁང་[ཁོང་]དུ་བཏང་། །མཁྲིས་སྣ་རྒྱ་ཀག་[སྐག་]བབ་[བག་]ཞོའི་ཕྱིང་དེབ་བཏང་། །མདོར་བསྡུས་ཚིགས་ཆུ་འདི་ལ་ཚ་གྲང་གཉིས། །དམར་སེར་དུག་སེར་ཆེ་[ཤེ་]རུལ་ཚ་བ་ཡིན། །སྔོ་ལྗང་འོ་མ་ཆུ་འདྲ་གྲང་བ་ཡིན། །གཉེན་པོ་རྨ་ཁོང་ཕྱི་ནང་བསིལ་དྲོད་སྦྱར། །དེ་མ་ཐུབ་ན་ཚིགས་འཁོར་ཕྱི་ནང་གཉིས། །ཕྱི་ཡི་ཚིགས་འཁོར་མགོ་ནས་[ན་]སྣ་ཁྲག་འཛག །ཟངས་[ཟུངས་]ཆུ་ཚིགས་འཁོར་ཕོ་བ་མ་སླེབ་དུས། །གཉིད་མེད་ཚ་བ་སྐྱེ་ཞིང་ཟ་ཟི་སྨྲ། །དང་ཁ་མི་བདེ་རྔམ་[དངངས་]འདར་སྟོང་སྐྱུགས་འོང༌། །སོ་རྩེ་[བརྩེ་]ཉ་[ཉྭ་]སྣ་འཕྲིན་[འཕྲིག་]ལ་འཛུབ་[མཛུབ་]མོ་ལྡེག་[འགུལ] །བརྐྱང་བསྐུལ་[བསྐུམ་]དཀའ་ཞིང་ཚིག་འགོ་[ཚིགས་མགོ་]བེམ་ལ་སྦོམ། །ཁོང་སྨན་སྟབ་སིང་[སེང་]བརྒྱད་པས་རུས་ཚད་གསོད། །སྟབ་སིང་[སེང་]འབྲུག་རུས་རུ་ཏ་[རྟ་]གྷི་ཝང་དང་། །ཅུ་གང་སྤོས་དཀར་ཨ་རུ་ཀ་ར་གང་[གངས་]གངས་ཆུས་འཕུལ། །རྣག་ཆུ་གང་ཐད་བསྡུས་ནས་ཆུ་ཡིས་བགྲང་[བསྒྲང༌]། །བྱའི་ཟེ་ཁྲག་ར་ཁྲག་བོང་བུའི་ཁྲག །མ་གལ་རྣག་ཁྱིམ་ཤུག་བེའི་[པའི་]ཐང་ཆུས་བྱུག །ཡང་ན་མཁྲིན་[མཁྲིས་]སྣ་རམ་[རམས་]ཚོས་བྲག་ཞུན་མཚལ། །ཡོང་[ཡུང་]བ་བག་ཕྱེ་སྦང་ཞོ་སྦྱར་བ་བྱུག །ཚིགས་མིག་ཕྱིང་དགེ་[དེབ་]སྣུམ་ལྡན་གསུམ་རྩེགས་བཏང་། །ཆིངས་ཀྱིས་བསྡམ་མ་[ལ་]དེ་སྟེང་ཤིང་ཆས་བསྐུར། །ནང་ན་ཚིགས་འཁོར་ན་ཟུང་[ཅུང་]ཟད་འགུལ་མི་ཤེས། །ཚིགས་ལ་ཆུས་ཁེངས་ཕྱིར་ལ་འབོ་བ་ཡིན། །མ་ཤི་ན་ཡང་ཞ་དང་འཐིང་[འཐེང་]པོ་འོང་། །དཔྱི་ལས་[ལ་]སོགས་པའི་རུས་འགོ་[མགོ་]མཐོ་མཐོ་རྡོལ། །རྔ་དང་རང་འཐག་ལ་སོགས་སྒྲ་སྐད་ཆེ། །གམ་དུ་བྱ་ཐབས་མེད་དེ་མི་བཟོད་འབྱུང་། །གཉིད་གཡེར་[ཡེར་]རྣ་བས[བར་]གླུ་ལེན་སྨྲེ་གཅོང་འདོན། །ཁ་ལྕེ་སྐོམ་[སྐམ་]ཞིང་ན་ཆེས་ཟ་འཐུང་མགྱོག[མགྱོགས]། །ཚིགས་ཆད་ཤ་[ཤེ་]རུལ་རྣག་འཛག་རྨ་ཁ་རློན། །ཁོང་སྨན་གོང་བཞིན་ཁ་ཟས་བསིལ་བ་ལ། །སྐབས་སུ་ཐོར་བུའི་རླུང་ལྡང་[སྣ་]ཟས་ཀྱིས་བླང་། །ཅུ་གང་སྤོས་དཀར་ཀ་རའི་ཆུ་ཡིས་བཀྲུ། །སྒོང་མཁྲིས་མཚེ་ཁུ་རམ་ཉེ་བག་ཕྱེ་དང༌། །སྦང་ཀར་[གར་]ར་ཞོ་སྦྱར་ནས་སྙོམ་པར་བྱུག །དེ་སྟེང་འཕྱིང་སྲས་[ཕྱིང་སྲབ་]མཁྲེགས་གནས་[སྙོམས་]སྦྱར་བ་སྟེ། །ཚིགས་མིག་སུལ་སྒོང་[སྒོ་]མང་རྩེག་སུམ་འགོར་ཅིག །ཤེའམ་མན་དྲིའི་[མེན་ཏྲིའི་]འཇག་གིས་བསྡོམས་ཆིང་[ཆིངས་]བྱ། །ཆིངས་ཀྱིས་ཚིགས་མལ་སྙོམས་ལ་ངེས་མེད་གཅེས། །རྨ་ལ་ཁོལ་བུ་བཏོལ་ན་སྔོན་ཞོ་རེ་མོ་[མོས་]བྱ། །ཁ་ཞུན་དབྱར་དགུན་ཚ་དྲང་[གྲང་]དུས་དང་བསྟུན། །དེ་ཡི་སྟེང་དུ་ཤིང་ཆ་[ཆས་]སྒྲོགས་[སྒྱོགས་]ཆས་བསྐུར། །རྒྱོགས་མར་[སྒྱོགས་མལ་]བཅུད་ལ་བོར་བ་གཅེས་པ་སྟེ། །ནང་ཚང་ཁ་ནོན་བགབ་འདེགས་བྱིལ་ཚང་གཅེས། །དབྱར་དུས་ཆུ་རྐྱལ་ཐག་བཞག་རླུན་[དགུན་]དུས་སྤུ། །སྟོན་དཔྱིད་འབྲུ་ལ་[ཡི་]ལྡིང་[འདིང་]བཅས་མི་རིག་པ། །མལ་གྱིས་ལུས་པོ་ཆེ་[ཆམ་]ལ་ཕེབས་[དབབ་]པ་གཅེས། །ཚིགས་པ་རྟས་ནས་ཁ་ཟས་ཚོད་ཀྱིས་བཏང༌། །རྣག་ཆུ་འཆད་[ཆད་]དཀའ་ཤེད་དམའ་ཡན་ལག་གྱོན[གྱོང་]། །ལག་པར་འབྲས་བུ་ལྔ་[གསུམ་]སྟེ་རྐང་ལ་རྩ་བ་ལྔ། །སྨན་མར་སྦྱར་ནས་ལུས་ཟུངས་གསོ་བར་བྱེད། །བཞི་པ་ཆུ་རྒྱུས་རིང་[རེངས་]འཁུམས་ལོག་ནོན་ནི། །བསྐྲངས་[བརྐྱང་]བསྐུམ་མི་བཏུབ་ཞ་ཟིན་བཅོས་ཐབས་མེད། །འོན་ཀྱང་དད་[དང་]པོ་ཆུ་ཚན་ལུམས་བྱས་ལ། །དེ་ནས་དབྱར་དུས་མེ་ཏོག་སྣ་ཚོགས་དང་། །རྒུན་[དགུན་]དུས་སྦང་མ་དཔྱིད་དུས་རྟ་སྤྱང་[རྐྱང་]ལུགས་[ལུག་]རིལ་དང་། །སྟོན་དུས་ཕུར་མོང་ཙནྡ་[ཙན་དན་]སྨུག་པོའི་ལུམས། །འོམ་བུ་ཆང་དུ་བཙོས་པའི་ལུམས་ཀྱིས་འདུལ། །མཚན་མོ་ལུམས་ཞུགས་ཉིན་མོ་མར་ནག་གིས། །བསྐུ་དང་མཉེ་དང་ཚོད་དང་ལྷུ་ཚིགས་འཐེན། །ཤ་མར་ཆང་གིས་བཅོས་ལུམ[ལུམས་]ཀྱིས་འདུལ། །ཁོང་དབུས་ཆུ་རུས་[རྒྱུས་]མཉེན། །དེ་རྗེས་ཆང་དང་ཞུ་མཁན་བལ་བཙོས་ནས། །ཆང་གིས་གཟི[བཟི་]བར་བྱས་ནས་བརྐྱང་བསྐུམ་བསླབ། །སོ་རུ་ཆུ་[ཚུད་]ན་ཆང་དང་དྲི་ཆུས་བཀྲུས། །བཤུལ་ཚིལ་ལོ་མར་བྱུག་ལ་ཉི་མས[མར་]བསྔོ[བསྲོ]། །བལ་ཚི་རྩིས་དོམ་[དམ་]པས་བཅིང་ལ་འཇག་གིས་བཀྲིམ[དཀྲི]། །འཐེན་དྲེག[དྲགས་]འགྲམ་[འགྲམས་]ན་གང་ཉེ་རྩ་ལ་གཏར། །སྦང་མ་མཁན་སྤོས་[སྤོད་]བབས་[ཕབས་]ཀྱིས་ལུམ་[ལུམས་]སུ་གཞུགས[གཞུག]། །སྤྱིར་ན་བསིལ་གྱིས་མ་ཐུབ་ལོག་ནོན་དྲོད། །དྲོད་ཀྱིས་མ་ཐུབ་དེའི་ལོག་གནོན་བསིལ། །རུས་[དུས་]ཚོད་ལོག་ནོན་སྦྱར་ཤེས་རེག[རིག་]པས་གཅེས། །དུས་མེན་[མིན་]ལོག་ནོན་འཁྲུག་འཁྲུལ་སྦྱོར་རིག་འཚལ། །ཞེས་གསུངས་སོ།།

གསོ་བྱའི་ནད་འབུམ་ནག་པོ་ལས་ཡན་ལག་གི་རྨ་གསོ་བའི་ལེའུ་སྟེ་གྱ་གཅིག་པའོ།། །།



མཐའ་མའི་འདོན་ཐེངས་།: 03.01.2024 ཉིན། 2:53 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།