སྨན་རྩིས་དྲ་བ། - དཔྱད་འབུམ་ཁྲ་བོ།

ལེའུ་གསུམ་པ། ལུས་ཀྱི་འདྲ་དཔེ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.05.2023
དཔྱད་འབུམ་ཁྲ་བོ། >>



ལེའུ་གསུམ་པ།  ལུས་ཀྱི་འདྲ་དཔེ་བསྟན་པ།

དེ་ནས་ཡང་འཚོ་མཛད་སྨན་གྱི་རྒྱལ་པོས་བཀའ་བསྩལ་པ། དཔྱད་བུ་ལ་སོགས་གསོ་བ་རིག་པ་འཛིན། །འདྲ་དཔེ་ཕུང་པོའི་གནས་ལུགས་བསྟན་པ་ནི། །དཔྱི་རུས་གཉིས་ནི་རྩིགས་པའི་འགྲམ་གཞི་འདྲ། །སྒལ་ཚིགས་གསེར་(གྱི་)དོང་ཙེ་བརྩེགས་པ་འདྲ། །སྲོག་གི་རྩ་ནི་མཆོང་གི་ཀ་བ་འདྲ། །བྲང་རུས་གྲུ་བཞི་གདུང་མ་བཀབ་བ་འདྲ། །རྩིབ་མ་ཞེ་གཉིས་(ཉེར་བཞི་)དཔྱམ་(ཕྱམ་)བཀྲམ་ལེགས་པ་འདྲ། །ལྷ་རུ་རྩེ་ནི་ཕྱམ་གྱི་རྟེན་མ་འདྲ། །རྩ་དང་ཆུ་རྒྱུས་གྲལ་དཔྱམ་(ཕྱམ་)བཀོད་པ་འདྲ། །ཤ་དང་ལྤགས་(པགས་)པ་འདག་ཞལ་བྱས་པ་འདྲ། །སྒྲོགས་(སྒྲོག་)རུས་གཉིས་ནི་ཁ་རན་(བད་)བཏག་(བཏགས་)པ་འདྲ། །སོགས་(སོག་)པ་གཉིས་ནི་གྲུ་ཕུབས་བྱས་པ་འདྲ། །མགོ་བོ་དབུ་རྩེ་བ་གམ་བཏགས་པ་འདྲ། །དབང་པོ་སྒོ་ལྔ་སྐར་ཁུང་གཏོད་པ་འདྲ། །ཐོད་པའི་རུས་པ་རྒྱ་ཕུབས་བཀབ་པ་འདྲ། །ཚངས་པའི་བུ་གསུམ་དུད་ཁ་ཕྱེ་པ་འདྲ། །རྣ་བདག་(བ་)གཡས་གཡོན་ཁྱུང་གཤོག་ལྡིང་བ་འདྲ། །སྣ་ཕུག་མཛེས་པའི་རྒྱན་ཏེ་ཏོག་དང་འདྲ། །སྐྲ་ལོ་ཕོ་གྱོ་མོ་གྱོའི་རྫ་དང་འདྲ། །ལག་པ་གཉིས་ནི་དར་དཔྱང་བཏགས་པ་འདྲ། །བྱང་ཁོག་སྟོད་སྨད་ཁྱམས་སྟོད་ཁྱམས་སྨད་འདྲ། །མཆིན་དྲི་དཀར་པོ་དར་དཀར་ཡོལ་འབྲེལ་འདྲ། །སྙིང་ནི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། །གློ་བ་མ་ལྔ་ནང་གི་བློན་པོ་འདྲ། །གློ་བ་བུ་ལྔ་རྒྱལ་པོའི་སྲས་བུ་འདྲ། །མཆིན་འཚེར་(མཆེར་)གཉིས་ནི་བཙུན་མོ་ཆེ་ཆུང་འདྲ། །མཁལ་མ་ཕྱི་བློན་གྱད་པ་གདུང་འདེགས་འདྲ། །བསམ་སེ་འུ་གཉིས་ནོར་གྱི་བང་མཛོད་འདྲ། །ཕོ་བ་གཡོས་བཅུ་བྱེད་པའི་ཁོག་པ་(མ་)འདྲ། །རྒྱུ་མ་ལོང་ཁ་བཙུན་མོའི་ལག་གཡོག་འདྲ། །མཁྲིས་པ་སྡོར་གྱི་རྐྱལ་པ་བཀབ་(བཀལ་)བ་འདྲ། །ལྒང་བུ་ཆུ་ཡིས་རྫ་མ་བཀང་བ་འདྲ། །འོག་སྒོ་གཉིས་ནི་ཆུ་ཁུང་བཞག་པ་འདྲ། །རྐང་པ་གཉིས་ནི་སྒོ་ཡི་རྟ་བབ་འདྲ། །གཉན་པའི་ནད་ནི་རྒྱལ་བུ་མངའ་བསྐུར་འདྲ། །ཞེས་གསུངས་སོ། །

གསོ་བྱད་དཔྱད་འབུམ་ཁྲ་བོ་ལས་ལུས་ཀྱི་དཔེར་བསྟན་པའི་ལེའུ་སྟེ་གསུམ་པའོ།། །།




མཐའ་མའི་འདོན་ཐེངས་།: 30.05.2023 ཉིན། 12:07 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།