སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༧། ལུས་ཀྱི་འཇིག་ལྟས་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བདུན་པ། ལུས་ཀྱི་འཇིག་ལྟས་བསྟན་པ། 

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག ལུས་ཀྱི་འཇིག་ལྟས་རྣམ་པ་བཞི་ཡིན་ཏེ། །རིང་བ་དང་ཉེ་བ་དང་མ་ངེས་པ་དང་ངེས་པའོ།

དང་པོ་རིང་འམ་ལྟས་ལ་ཕོ་ཉ་དང་རྨི་ལམ་དང་རྣམ་འགྱུར་དང་གསུམ། དང་པོ་སྨན་པ་འབོད་པའི་ཕོ་ཉ་ཡ་མཚན་ཅན་དང་དགེ་སྦྱོང་དང༌། ཟླ་ཟེར་ལས། ཡ་མཚན་ཅན་ནི་བརྟུལ་ཞུགས་ཀྱི་བྱེ་བྲག་ལ་གནས་པའི་ཕྱི་རོལ་པའོ། ཞེས་དང་། དེ་ཆོས་ཉིད་རབ་ཏུ་མི་གནས་པའི་རྒྱུད་ལས། དབང་དང་། ངོ་ཚར་འདྲ་དང་། ཁྱེད་ལས་ཅན་དང་། གཟིག་ཅན་ནམ་ཀུན་ཏུ་རྒྱུ། ཞི་བའི་ལྟ་སྟངས་མུ་སྟེགས་ཅན་ཞེས་དང་། འདི་དག་ཕྱི་རོལ་བགྱི་བའི་བསྟན་པ་རྣམས་སོརིགས་སྨན་པའི་མཐུན་པ་ནི་ནད་པ་སོས་པའི་རྟགས། །དེ་ལས་ལྡོག་པ་འགྲུབ་པར་མི་འགྱུར་ཏེ། ཕོ་ཉ་དེ་འཇིགས་པ་དང་རིངས་བ་དང་དངངས་ཤིང་རྡོ་དང་བོང་བ་ཐོགས་ཤིང་ལག་ན་ཉེདཔ་དང་ རྒྱངས་རིང་པོ་ནས་སྐད་ཀྱི་འབོད་ཅིང་སྡིག་པའི་ལས་ལ་སྤྱོདཔ་དང་ །བཀྲ་མི་ཤིས་པའི་རྒྱན་བཏགས་པ་དང་གཏམ་ངན་སྨྲ་བརྗོད་བྱེད། །དེ་ལྟ་བུ་ཡི་ཕོ་ཉས་ལས་མི་འགྲུབ།

སྨན་པ་ཡང་སེམས་རྩུབ་པ་དང་མི་ཤིས་པའི་ཚིག་སྨྲ་བ་དང༌། །གཅོད་པ་དང་བཤིག་པ་དང་མཚུན་གཏོར་གཏོང་བ་དང་སྦྱིན་སྲེག་བྱེད་པའི་དུས། །ཕོ་ཉ་འོངས་པ་ནད་པ་འཆི་བའི་ལྟས།

ཚེས་ནི་དྲུག་དང་བཞི་དང་དགུ་དང་ཉི་མ་དང་ཟླ་བ་གཟའ་ཟིན་བྱུང་བའི་སྐབས་དང༌། །གཟའ་སྐར་ངན་པ་དང་མཚན་མོ་ལམ་དུ་འཇུག་དགོས་པ་ངན།

འགྲོ་ཚེ་ལམ་དུ་གད་པ་སོགས་ཆད་པ་ཤིང་སོགས་ཚིག་པའམ་ཡང་ན་ཆག་པ་དང༌། སྨྲེ་ངག་ངང་དུ་ངུ་བ་དང་བསམ་པ་བསད་ཚུལ་སྨྲ་བ་ཐོས་པ་དང་མཐོང་བ་དང༌། །བྱི་ལ་དང་སྤྲེའུ་དང་སྲམ་དང་སྦྲུལ་གྱིས་རང་འགྲོ་ལམ་བཅད་ཅིང༌། །བཀྲ་མི་ཤིས་པ་གང་མཐོང་ངན་པའི་ལྟསཡིན་ལ །དགེ་བའི་ལྟས་ནི་འབྲུ་དང་ཞོ་སོགས་ཀྱི་སྣོད་གང་པ་དང༌ །དྲིལ་བུ་མར་མེ་འབར་བ་དང་མེ་ཏོག་འབྲས་ཡོས་ཟན། །ལྷ་ཡི་སྐུ་དང་ལུས་ཀྱི་རྒྱན་དཀར་པོ། །ཆོས་སྤྱོད་པ་དང་རྒྱལ་མཚན་བསྒྲེང་བ་དང༌། །མེ་འབར་རྟ་ལུག་བ་སོགས་ཕྲུག་གུར་བཅས། །ཡིད་དུ་འོང་བའི་སྒྲ་ཐོས་པའམ་བཟའ་བ་དང་བཏུང་བ་དང་རྒྱནབཟང་པོ་བཅས །དེ་དག་ལམ་དུ་མཐོང་ངམ་ཁྱིམ་དུ་འཇུག །དགེ་ལྟས་ནད་པ་སོས་པའི་མཚན་ཉིད་ཡིན།

ཞོ་དང་ཕྲུམ་ལ་སོགས་ཁྱིམ་ནས་ཕྱིར་འབྱུང་པ་དང༌། །རླུང་མེད་པར་མེ་ཤི་བ་དང་སྣོད་ཆག་པ་སོགས་ངན་པའི་ལྟས།

གཉིས་པ་ནད་པའི་རྨི་ལམ་བྱི་ལ་སྤྲེའུ་སྟག་དང་ཝ། །རོ་སོགས་ལ་ཞོན་རྨིས་འཆི་བདག་ཟིན་པའི་རྟགས། །མ་ཧེ་རྟ་ཕག་བོང་བུ་རྔ་མོང་སོགས་ལ། །གཅེར་བུར་ཞོན་ནས་ལྷོ་ཕྱོགས་འགྲོབ་རྨིས་ན་འཆིའོ །སྤྱི་བོར་ལྕུག་མ་སྐྱེས་ཏེ་དེ་ལ་བྱ་ཚང་བཅས། །ཏཱ་ལ་ཚེར་མ་ཅན་གྱི་ཤིང་སྙིང་གར་སྐྱེསཔ་དང་ །པདྨ་ཕྱུང་དང་གཡང་ལ་ལྷུང་བ་དུར་ཁྲོད་དུ་ཉལབ་དང་ །མགོ་ཆག་པ་དང་བྱ་རོག་དང་ཡི་དྭགས་དང་རྨེ་ཅནགྱིས་བསྐོརབ་དང་ །རྐང་པའི་ལྤགས་པ་ལྷུང་བ་དང་མ་ཡི་མངལ་དུ་འཇུགཔ་དང་། །ཆུས་ཁྱེར་པ་དང་འདམ་དུ་བྱིང་པ་དང་ཉ་ཡིས་མིད་པ་དང༌། །ལྕགས་དང་གསེར་རྙེད་པ་དང་ཚོང་དང་འཐབ་མོ་ཕམཔ་དང་། །བྲོ་བའི་ཁྲལ་དེད་པ་དང་བག་མ་ལེན་པ་དང༌། གོས་མེད་གཅེར་བུར་འདུག་པ་དང་སྐྲ་དང་ཁ་སྤུ་བྲེགསཔ་དང་ །གཤིན་པོ་དང་ལྷན་ཅིག་ཏུ་ཆང་འཐུང་པ་དང་གཤིན་པོ་དེས་འདྲུད་དང༌། །གོས་དང་ཕྲེང་བ་དམར་པོས་བརྒྱན་པ་ཡི། །གཤིན་པོ་དག་དང་ལྷན་ཅིག་གར་བྱེད་པ། །དེ་དག་ལ་སོགས་པ་ནི་འཆི་བདག་དབང་དུ་སོང་བའི་ལྟས། །དེ་ལ་སོགས་ཏེ་རྨི་ལམ་མི་བཟང་བཡིན

རྨི་བའི་རྒྱུ་མཚན་ནི། ཐོགས་མེད་པ་ཡིད་འཇུག་སའི་བུ་ག་རྣམས་ནད་ཀྱིས་བཀག་པའི་ཕྱིར་རྨི་ལམ་དེ་འདྲ་མཐོང༌པ་ཡིན་ནོ རྨི་ལམ་དེ་འདྲ་བ་རྒྱུན་དུ་རྨི་བའི་ནད་པ་ནི་ངེས་པར་འཆི་བར་འགྱུར་ཏེ། །ནད་མེད་པ་ལ་མ་ངེས་ཤིང་འོན་ཏེ་རིམ་གྲོས་ཐར་བར་འགྱུར་རོ །མཐོང་བ་དང་ཐོས་པ་མྱོང་བའི་རྨི་ལམ་ཕལ་ཆེར་བག་ཆགས་ཡིན་པ་དང་དཀོན་མཆོག་གསུམ་ལ་དགེ་དང་མི་དགེའི་མཚན་མ་བསྟན་དུ་གསོལ་ཞེས་པས་ལྟ་བུ་གསོལ་བ་བཏབ་པའི་རྨི་ལམ་མི་སླུ་བ་དང༌། ངང་གཏམ་མཆོག་ཐུབ་གྲུབ་པ་དང་ནད་ཀྱི་ཡིད་འཇུག་བུ་གར་བཀག་པ་ལས་བྱུང་བའི་རྨི་ལམ་ནི་ངེས་པ་མེད་པའང་སྲིད་པ་དང་རྣམ་པ་དྲུག་གོ། དེ་ཡང་མཚན་སྟོད་ཀྱི་རྨི་ལམ་བརྗེད་ངསཔའང་འཁྲུལ་བ་སྟེ་འབྲས་བུ་མེད། །ཐོ་རངས་ཀྱི་རྨི་ལམ་མཐོང་པ་དང་དེའང་གསལ་ན་འབྲས་བུ་ངེས་པར་འབྱིན།

ལྷ་དང་ཁྱུ་མཆོག་དང་མཁྱེན་པའི་ནུས་པ་ལྡན་པའི་སྐྱེས་བུ་སྙན་པའི་གྲགས་པ་དང་ལྡནཔ་དང་ །མེ་འབར་བ་དང་མཚོ་དང་ལུས་ལ་ཁྲག་དང་མི་གཙང་བའི་ཆེར་བྱུགསཔ་དང་ །གོས་དཀར་པོ་གྱོན་པ་དང་འཕན་དང་གདུགས་དང་ལྗོན་ཤིང་འབྲས་བུ་རྙེདཔ་དང་ །རི་བོ་དང་ཁང་བཟང་དང་འབྲས་བུ་བཅས་པའི་ཤིང་ལ་འཛེགཔ་དང་། །སེང་གེ་དང་གླང་ཆེན་དང་རྟ་དང་བ་ལང་སོགས་ལ་ཞོནཔ་དང་ །ཆུ་བོ་ཆེན་པོ་དང་རྒྱ་མཚོ་ལས་རྒལ་བ་དང་བྱང་ཤར་དུ་འགྲོ་བ་དང༌། །ཉམ་ང་པ་ལས་ཐར་པ་དང་དགྲ་བོ་ཕམ་པ་དང༌། །ལྷ་དང་ཕ་མས་ནང་ལ་མཆོད་པ་བྱེད་པ་རྣམས། །གང་རྨིས་པའི་མེ་དེ་ཚེ་རིང་ནད་མེད་ནོར་རྙེད་པར་འགྱུར་རོ

གསུམ་པ་ནད་མེད་ཐ་མལ་པའི་རྣམ་འགྱུར་འཆི་བའི་ལྟས་བསྟན་པནི །སྨན་པ་དང་སྨན་དང་བླ་མ་དང་མཛའ་བཤེས་པ་སྡང༌བ་དང་ །རྒྱུ་རྐྱེན་གང་ཡང་མེད་པར་ཡིད་གཞུངས་པས་གཟུགས་མཛེས་པ་དང་རྒྱས་པར་གྲགས་པ་དང་དཔལ་ཐོབ་བམ། ཡང་ན་དེ་ལས་གོ་ལྡོག་པ་ནི་འཆི་བར་འགྱུར་བའི་ལྟསསོ དེ་ཡང་རྟག་ཏུ་མདངས་ངན་པ་དང་བློ་སེམས་མི་བདེ་ཞིང༌། །གཏོར་མ་བྱ་རོག་བྱིན་ན་མི་ཟ་བ་དང༌། །ཁྲུས་བྱས་པར་སྙིང་ག་མྱུར་དུ་སྐམ་ཞིང་ཆུ་མི་ཆགསཔ་དང་ །རང་གཞན་གང་གི་སོར་མོ་དྲངས་འམ་འཕྲུག་པས་སྒྲ་མི་འབྱུང༌བ་དང་ །ཟས་ཟོས་ཀྱང་ལུས་སྟོབས་ཆུང་ཞིང་ལུས་ཀྱི་དྲི་མ་སྔར་དང་མི་འདྲ་འགྱུརབ་དང་ །ཤིག་སྲོ་མང་པོ་འདུ་འམ་ཡང་ན་སྔར་ཤིག་སྲོ་ཡོད་པས་སྤོང་བར་འགྱུར་ན་འཆིའོ །འདོད་པ་དང་རྨོངས་པ་དང་ཁྲོ་བ་སོགས་སྔར་ལས་ཆུང་དུ་འགྲོའམ་མེད་པ་མེ་དང་བུ་བ་གོ་ལྡོག་ཅིང༌། །སྔར་གྱི་སྤྱོདལམ་སྐྱོན་དང་ཡོན་ཏན་གང་ཡོད་པ་དེ་ལས་རྣམ་པ་གཞན་དུ་འགྱུར་ནནི །མི་དེ་འཆི་བདག་དབང་དུ་སོང་ཞེས་བྱ། གཞན་ཡང་ཉི་མ་དང་མེ་ལོང་དང་ཆུ་དང་ནམ་མཁའ་ལ། །གཟུགས་བརྙན་ཤར་བའི་ངོས་ལ་མགོ་བཅད་པ་དང་ཡན་ལག་མེད་པར་མཐོང་ན་འཆིའོ

དེ་ནས་གཉིས་པ་ཉེ་བའི་ལྟས་ལང་་རྣམ་པ་གཉིས་ཏེ། །ཉེ་བ་དང་ནི་ཤིན་ཏུ་ཉེ་བི་རྣམ་པའོ དང་པོ་ཉེ་བའི་ལྟས་ལ་དུག་དང་མཚོན་མ་ཕོག་པར། །བུ་ག་དགུ་ནས་ཁྲག་འཛག་པ་དང་ཚིག་སྨྲས་པ་འཕྲལ་དུ་བརྗེདཔ་དང་ །མཇེ་ནང་དུ་ནུབ་པ་དང་རླིག་པཕྱིར་འཕྱང་ངམ་གོ་ལྡོག་པ་དང༌། །ལུད་པ་དང་སྦྲིད་པ་བྱེད་དུས་སྔོན་མེད་པའི་སྒྲ་འབྱུང་བ་དང༌། །མར་མེ་ཤི་བའི་དྲི་མ་མི་ཚོར་བ་དང༌། སྐྲ་ཕྱིས་ན་ཚོར་བ་མེད་པར་སྤྱི་བོར་སྣུམ་བཅས་སྣང༌བ་དང་ །སྐྲ་དང་སྨིན་མ་གསར་དུ་མཚམས་བྱེ་བ་དང་རྩུབ་འཁྱིལ་འཐུག་པ་དང༌། དཔྲལ་བ་དང་ཆུ་སོར་ཟླ་ཚེས་ལྟ་བུ་དང་ཆུ་རིས་ལྟ་བུའི་རྩ་རིས་སྣང༌བ་དང་ །དབང་པོ་ལྔ་ཡུལ་ལྔ་ཐ་མལ་པ་ལས་གཞན་པའི་རྒྱུ་མེད་པར། །རྣམ་པར་འགྱུར་ཏེ་མེད་པ་ལ་ཡོད་པ་དང་ཡོད་པ་ལ་མེད་པ་གོ་ལྡོག་ཏུ་སྣང༌བ་དང་ །ལག་ངར་སྨིན་དབྲག་ཏུ་གཏད་པ་མི་མཐོང་པ་དང༌། །མིག་བཙིར་ན་འོད་མེད་པ་དང་མིག་མི་བཙུམས་པར་རི་བོང་འབོས་ནོན་པ་འདྲབ་དང་ ཡང་ན་མིག་ཁུང་དུ་བྲོས་སམ་རྒྱལ་མོའི་མདངས་ཉམསཔ་ངེས་པར་དུ་འཆི། རྣ་བ་རྒྱབ་ཏུ་ཧྲིད་ཀྱིས་འབྱར་བའམ་ཨུཏྟའིསྒྲ་ཆད་པ་དང༌། །མགོ་བོའི་རླངས་པའི་གྲིབ་མ་མེད་ན་འཆི། །སྣ་བུག་གཉིས་ཡར་གདངས་ཤིང་སྣ་བུག་སྒོ་ལ་བ་སྐྱ་ཆགས་པ་དང༌། །ལྕེ་གཞུང་ནག་ལ་སྐམ་ཞིང་ཐུང་བས་སྨྲ་མི་ཤེསཔ་དང་ །མ་མཆུ་ཐུར་དུ་འཕྱངས་དང་ཡ་མཆུ་གྱེན་དུ་བརྫེས་པ་དང༌། །གདོང་ལ་རྡུལ་ཆགས་པ་དང་ཁ་སྣའི་དབུགས་གྲང་བ་དང་སོ་ལ་དྲེག་པ་ཆགསཔ་དང་ དབུགས་འབྱིན་ཚེ་རྟག་པར་གྱེན་དུ་དབུགས་བརྩེག་པས་ལུས་དྲོད་མཐའ་ནས་ཡལ་ན་འཆི་བ་ཡིནནོ །ལུས་པོ་ལ་རེག་ན་གྲང་ལ་རྟགས་ཚ་བ་སྐྱེ་བ་དང༌། ནད་གྲང་བས་གདུངས་ནས་ཀྱང་ཚ་བ་སྤོང་བ་ཏེ་དྲོད་བཅོས་མི་བྱེད་པ་དང༌། །དེ་བཞིན་ནད་ཚ་བས་གདུངས་ནས་གྲང་བ་སྤོང༌བ་ཏེ་གཉེན་པོ་བསིལ་བཅོས་མི་འཕྲོད་པ ཟས་སྤྱོད་སྨན་དཔྱད་གཞུང་གི་ཆོ་ག་བཞིན་བྱས་ཀྱང་ནད་ལ་ཕན་སྐྱེད་མེད་ཅིང༌། ཟས་སྤྱོད་སྨན་དཔྱད་ཀྱི་ཆོ་ག་ཐམས་ཅད་ལོག་པར་བྱས་པས་བདེ་བར་གནསསོ་སྙམ་པར་བྱེདཔ་སོགས །དེ་དག་རྣམས་ནི་འཆི་བའི་ལྟས་སུ་བཤད་པ་ཡིནནོ

གཉིས་པ་ཤིན་ཏུ་ཉེ་བ་འབྱུང་བ་རྣམ་པ་ལྔདང་ །དབང་པོ་ལྔ་པོ་རིམ་པས་ཐིམ་པ་སྟེ། །སའི་ཁམས་ཀྱི་ནུས་པ་ཆུ་ལ་ཐིམ་པས་མིག་གི་གཟུགས་མི་མཐོང༌། །ཆུ་ཁམས་ཀྱི་ནུས་པ་མེ་ལ་ཐིམ་པས་བུ་ག་དགུ་པོ་སྐམ། །མེ་ཁམས་ཀྱི་ནུས་པ་རླུང་ལ་ཐིམ་པས་དྲོད་རྣམས་མཐའ་ནས་སྡུད། །རླུང་ཁམས་ཀྱི་ནུས་པ་ནི་མཁའ་ལ་ཐིམ་པས་ཕྱི་དབུགས་ཆད། །མིག་གི་དབང་པོ་ཉམས་པར་གྱུར་པ་ཡིས། །གཟུགས་མི་གསལ་ཞིང་དེ་ཉིད་སྒྲ་ལ་ཐིམ་པར་འགྱུར། །རྣ་བའི་དབང་པོ་ཉམས་པར་གྱུར་པ་ཡིས། །སྒྲ་མི་གསལ་ཞིང་དྲི་ལ་ཐིམ་པར་འགྱུར། །སྣ་ཡི་དབང་པོ་ཉམས་པར་གྱུར་པ་ཡིས། །དྲི་མི་གསལ་ཞིང་དེ་རོ་ལ་ཐིམ་པར་འགྱུར། །ལྕེ་ཡི་དབང་པོ་ཉམས་པར་གྱུར་པ་ཡིས། །རོ་མི་གསལ་ཞིང་དེ་རེག་ལ་ཐིམ་པར་འགྱུར། །ལུས་ཀྱི་དབང་པོ་ཉམས་པས་རེག་བྱ་མི་ཚོར།

གསུམ་པ་མ་ངེས་པའི་འཆི་ལྟས་ནི་ནད་ཀྱི་ཚུལ་མང་པོ་ལས། །འཆི་བའི་ལྟས་རྣམས་སྣང་བར་གྱུར་ན་ཡང༌། །ནད་ཞི་བས་ནི་འཆི་ལྟས་ཞི་འགྱུར་རོ།

བཞི་པ་ནད་ཞི་ཡང་ལྟས་མ་ཞི་བརྟན་པོར་གནས་ན་ངེས་པར་འཆིའོ དེའང་ཕྱི་དང་ནང་དང་སྲོག་གི་ཟུངས་གསུམ་རིམ་བཞིན་ཤ་དང་ཟས་དང་རྩ་དང་གསུམཡིན་ལ དེ་རྣམས་ཤོར་བའི་ནད་པ་གང་ཡིན་ཀྱང་འཆི་བར་ངེསསོ །ནད་ལ་ཟས་སྤྱོད་སྨན་དཔྱད་ཀྱི་ཆོ་ག་སྣ་ཚོགས་པ་བསྒྲུབས་ནད་བྱས་ཀྱང༌། །བཅོས་སྐྱེད་མེད་པ་འཆི་བར་ངེས་པ་ཡིན།

དེ་ལྟར་ཕུང་པོ་འཇིག་པའི་འཆི་ལྟས་རྣམས། །ནད་དང་ལུས་དང་ཟུངས་དང་དྲི་མ་རྣམས་འཁྲུགས་པར་གྱུར་ནས། །གཅིག་གི་གཤེད་གཅིག་གིས་བྱས་ཏེ་སྲོག་འདོར་ཕྱིར་བའི་ཕྱིར །འབྱུང་འགྱུར་མ་འོངས་པའི་དུས་བསྐལ་བ་འཇིག་དུས་ཀྱི་རི་རབ་འཇིག་པ་དང་མཚུངསསོ

དེ་ལྟ་བུའི་འཆི་ལྟས་མི་ཤེས་ན་གསོ་བ་བླང་དོར་མི་ཤེས་པར་འགགལ། །དེ་མ་ཤེས་པས་སྨན་པ་མཁས་གོ་ཞེས་སྙན་གྲགས་ཐོབ་མ་ཡིནནོ །དེ་ཕྱིར་མཁས་པ་འདོད་པས་འཆི་ལྟས་རྣམས་ཞིབ་ཏུ་རྟོགས་པར་བྱབ་ལ་གལ་ཆེའོ

དེ་ཡང་རྨི་ལམ་དང་རྣམ་འགྱུར་ཀྱིས་རིང་བ་དང་མ་ངེས་ལྟསརྣམས་ནི །ཚོགས་གསོག་དང་ཆོས་ཀློག་པ་དང་སྒྲུབ་པ་རྣམས་ཡི་དམ་སུམ་འགྱུར་བྱས་པས་བཟློག་གོ། །ཉེ་དང་ངེས་པའི་འཆི་ལྟས་ལ་ནི་འཆི་བསླུ་བྱདགོས་ལ །ཤིན་ཏུ་ཉེ་བའི་འཆི་ལྟས་ལ་ཟློག་ཐབས་མེདདོ །ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ལུས་ཀྱི་འཇིག་ལྟས་བསྟན་པའི་ལེའུ་སྟེ་བདུན་པའོ།། །།

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:39 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།