སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་ ༥། གསོ་ཐབས།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
རྩ་རྒྱུད། >>

 

ལེའུ་ལྔ་པ། ཉི་མ་དང་བ་མོའི་ཚུལ་དུ་གནས་པ་གསོ་བྱེད་ཐབས་ཀྱི་དོན་བསྟན་པ།

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག

ནད་ལ་གསོ་བར་བྱེད་པའི་གཉེན་པོ་ནི། །ཟས་དང་སྤྱོད་ལམ་སྨན་དཔྱད་ཀྱི་སྡོང་པོ་བཞི་ཡིན་ཏེ། །རྟ་དང་བོང་བུ་དང་འཕྱི་འི་ཤ་དང་ལོ་ལོན་པའི་ཤ་སྐམ་པོ་དང་ཤ་ཆེན་སྐམ་པོ་དང༌། ཏིལ་ཡུངས་སོགས་ལས་འབྲུ་མར་དང་ལོ་ལོན་པའི་མར་དང་བུ་རམ་སྨུག་པོ་དང་སྒོག་སྐྱ་དང་བཙོང༌ནག་སྟེ་རླུང་ཟས་ཀྱི་སྡོང་པོ་ལ་ཟས་སྐོམ་གྱི་ཡལ་ག་གཉིས་གྱེས་པའི་རླུང་ཟས་ཀྱི་ལོ་མ་དགུའོ།

 འོ་མ་དྲོན་མོ་དང་ལྕ་བ་ར་མཉེ་ལ་བཟོས་པའི་སྨན་ཆང་དང་ཟན་ཆང་དང༌། །བུར་ཆང་དང་རུས་ཆང་རྣམས་ཀྱང་རླུང་ནད་ཅན་གྱི་ཟསབཅས་རླུང་ནད་སྐོམ་གྱི་ཡལ་གར་ལོ་མ་ལྔ་སྟེ་ཟས་སྐོམ་གྱི་ལོ་མ་བཅུ་བཞིའོ། །

མཁྲིས་པའི་ཟས་ཀྱི་སྡོང་པོ་ལ། བ་དང་རའི་ཞོ་དར་མར་གསར་དང་རི་དྭགས་ཀྱི་གསར་པ་དང་། །ར་ཤ་གསར་པ་དང་སྐོམ་མམ་རྟོལ་གོག་གི་ཤ་གསར་པ་དང་ནས་ལོ་མ་ལོན་པའི་ཆག་ཚེ་དང༌། ཁུར་སྐྱ་སྐྱབས་དང་སྔོ་ཁུར་མང་གི་ཚོད་མ་དང་བཅས་མཁྲིས་པའི་ཟས་ཀྱི་སྡོང་པོ་ལ་ཟས་ཀྱི་ཡལ་གར་བ་རའི་ཞོ་དར་ཕུད་པས་ཟས་ཀྱི་ལོ་མ་བདུན།

བ་དང་ར་ཡི་ཞོ་དར་དང་ཆབ་ཚ་སྟེ་ཚྭ་སྡོར་མེད་པའི་ཐུག་པ་སླ་མོ། གངས་དང་རྫ་ལས་བྱུང་བའི་ཆུ་བསིལ་དང༌། ཆུ་བསྐོལ་ནས་གྲང་བ་སོགས་ནི་མཁྲིས་པའི་ནད་ཀྱི་ཟས་སུ་བཤད། མཁྲིས་པའི་ཟས་ཀྱི་སྡོང་པོ་ལ་ཟས་སྐོམ་གྱི་ཡལ་ག་གཉིས་གྱེས་པའི་སྐོམ་གྱི་ཡལ་ག་ལ་ལོ་མ་ལྔ་བཅས་ཟས་སྐོམ་གྱི་ལོ་མ་བཅུ་གཉིས་སོ།།

བད་ཀན་གྱི་ཟས་ཀྱི་སྡོང་པོའི་ལོ་མ་ལ། །ལུག་དང་གཡག་རྒོད་ནི་བྱང་འབྲོང་དང་་གཅན་གཟན་ནི་རྩལ་མཐུ་བཟའ་བའི་རིགས་ཉ་ཡི་ཤདང་། །སྦྲང་རྩི་དང་སྐམ་སསྟེ་རླན་གཤེར་མེད་པའི་སྐམ་ས་ལས་བྱུང་བའི་འབྲུ་རྙིང་གི་ཟན་དྲོན་རྡོར་དང་ལྡན་པ་དང༌། བད་ཀན་ཟས་ཀྱི་སྡོང་པོ་ལ་ཟས་སྐོམ་གྱི་ཡལ་ག་གཉིས་གྱེས་པའི་ཟས་ཀྱི་ཡལ་གར་ཟས་ཀྱི་ལོ་མ་དྲུག

འབྲི་ཡི་ཞོ་དང་དར་བ་གསར་པ་དང་གར་ཆང་དང་ཆུ་སྐོལ་ནི། །བད་ཀན་ནད་གཞི་ཅན་གྱིས་ཟས་སྐོམ་དུ་བསྟེན་པར་བྱ། བད་ཀན་གྱི་སྐོམ་གྱི་ཡལ་ག་ལ་ལོ་མ་གསུམ་སྟེ་ཟས་སྐོམ་གྱི་ལོ་མ་དགུའོ

གཉིས་པ་སྤྱོད་ལམ་གྱི་སྡོང་པོ་ལ། རླུང་མཁྲིས་བད་ཀན་གྱི་ཡལ་ག་གསུམ་ལས་རླུག་གི་ཡལ་གའི་ལོ་མ། རླུང་ལ་གནས་ནད་པ་རང་གི་དྲོ་སར་ནད་པ་རང་དང་ཡིདདུ་འོང་བའི་གྲོགས་བསྟེན་པར་བྱ་ཞིང༌རླུང་གི་སྤྱོད་ལམ་ལ་ལོ་མ་གཉིས

མཁྲིས་པའི་ཡལ་ག་ལ། མཁྲིས་པའི་ནད་ལགནས་བསིལ་བའི་སར་ལུས་དལ་བར་བསྡདཔ་མཁྲིས་པའི་སྤྱོད་ལམ་གྱི་ལོ་མ་གཉིས

བད་ཀན་གྱི་ཡལ་ག་ལ། བད་ཀན་ནད་ལ་ལུས་རྩོལ་བས་བཅག་པ་དང་གནས་དྲོ་ས་བསྟེནཔ་བད་ཀན་གྱི་ལོ་མ་གཉིས་ཏེ་སྤྱོད་ལམ་གྱི་ལོ་མ་དྲུག་གོ།

གསུམ་པ་སྨན་གྱི་སྡོང་པོའི་ཡལ་ག་ལ། །རླུང་གི་རོ་ཡི་སྨན་། རླུང་ལ་སྨན་རོ་མངར་བ་དང་སྐྱུར་བ་དང་ལན་ཚྭ་བ་སྟེ་རོ་ཡི་སྨན་གསུམ། ནུས་པ་སྣུམ་པ་དང་ལྕི་བ་དང་འཇམཔ་བཅས་ནུས་པའི་སྨན་གསུམ་སྟེ་ལོ་མ་དྲུག

མཁྲིས་པ་ལ། སྨན་རོ་མངར་བ་དང་ཁ་བ་དང་བསྐ་བ་བཅས་རོའི་སྨན་གསུམ། ནུས་པ་བསིལ་བ་དང་སླ་བ་དང་རྟུལབ་བཅས་ནུས་པའི་སྨན་གསུམ་མཁྲིས་པའི་སྨན་གྱི་ལོ་མ་དྲུག

བད་ཀན་ལ། སྨན་རོ་ཚ་བ་དངསྐྱུར་བ་དང་བསྐ་བ་དང་བཅས་རོའི་སྨན་གསུམ། ནུས་པ་རྣོ་བ་དང་རྩུབ་པ་དང་ཡང་བ་སྟེ་ནུས་པའི་སྨན་གསུམ་བད་ཀན་ནོབད་ཀན་ལ་ལོ་མ་དྲུག་བཅས་རླུང་མཁྲིས་བད་ཀན་གསུམ་ལ་སྨན་རོ་ནུས་ཀྱི་ལོ་མ་བཅོ་བརྒྱད་དོ།

རོ་ནུས་དེ་ལ་སྦྱོར་བ་ཞིབྱེད་དང་སྦྱང་ཐབས་གཉིསལས་དང་པོ །ཞི་བྱེད་རླུང་ལ་ཁུ་བ་སྨན་མར་གྱི་ལོ་མ་གཉིས། །མཁྲིས་པའི་ནད་ལ་ཐང་དང་ཅུར་ནིས་ཏེ་ཕྱེ་མ་བསྟེནཔའི་ལོ་མ་གཉིས །བད་ཀན་ནད་ལ་རིལ་བུ་དང་ཏྲེས་སམ་མམ་ཕྱེ་མ་སྦྱརབའི་ལོ་མ་གཉིས

རླུང་ལ་ཁུ་བ་ལའང་རུས་ཁུ་དང་བཅུད་བཞི་རུས་རྙིང་དང་། ཤ་རྙིང་། བུར་རྙིང་། མར་རྙིང་དང་མགོ་ཁྲོལ་ཏེཁུ་བའི་ལོ་མ་གསུམ། །སྨན་མར་ལ་ཛཱ་ཏི་གཙོ་བོ་བྱས་པ་དང་སྒོག་སྐྱ་གཙོ་བོ་བྱས་པ་འབྲས་བུ་གསུམགྱི་སྨན་མར །རྩ་བ་ལྔ་ཡི་སྨན་མརདང་སྨན་ཆེན་དག་ལ་སྦྱརབ་སྟེ་སྨན་མར་ལ་ལོ་མ་ལྔ

མཁྲིས་པར་ཁུ་བ་ནི་མ་ནུ་གཙོ་བྱས་པ་དང་སླེ་ཏྲེས་གཙོ་བྱས་པ་ཏིག་ཏ་གཙོ་བྱས་པ་འབྲས་བུ་གསུམ་གྱི་གཙོ་བྱས་པའི་ཐངསྟེ་ཐང་གི་ལོ་མ་བཞི ཅུར་ནིས་ནི་ག་བུར་གྱི་གཙོ་བྱས་པ་དང་ཙན་དན་གྱིས་གཙོ་བྱས་པ་གུར་ཀུམ་གྱི་གཙོ་བྱས་པ་ཅུ་གང་གི་གཙོ་བྱས་པའི་ཕྱེམ་ཅུར་ནིས་ཏེ་ཕྱེ་མའི་ལོ་མ་བཞི

བད་ཀན་ལ། བཙན་དུག་གི་གཙོ་བྱས་པ་དང་ཚྭ་སྣ་རྣམས་ཀྱིས་གཙོ་བྱས་པ་རིལ་བུ་དང༌རིལ་བུའི་ལོ་མ་གཉིས

ཕྱེ་མ་ཏྲེས་སམ་ལ་སེ་འབྲུ་གཙོ་བྱས་པ་དང་་ད་ལིས་གཙོ་བྱས་པ་རྒོད་མ་ཁའི་སྦྱོར་བ །ཚྭ་བསྲེགས་དང་ཅོང་ཞི་བསྲེགས་པའི་ཐལ་སྨན་ནོབཅས་ཏྲེ་སམ་མམ་ཕྱེ་མའི་ལོ་མ་ལྔ་སྟེ་ཞི་བྱེད་ཀྱི་ལོ་མ་ཉེར་གསུམ་མོ

གཉིས་པ་སྦྱོང་བྱེད་རླུང་གི་ནད་ལ་འཇམ་རྩི་ལས་མི་འདའ་བའི་ཡལ་ག་གཅིག་སྟེ། །མཁྲིས་པ་བཤལ་ས་མི་འདའ་བའི་ཡལ་ག་གཅིགབད་ཀན་སྐྱུགས་ལས་མི་འདའ་བའི་ཡལ་ག་གཅིག་བཅས་ཀྱིས་སྦྱང་།

རླུང་ལ་འཇམ་རྩིའི་ཡལ་ག་ལས་སླེ་འཇམ་དང་བཀྲུ་འཇམ་དང་བཀྲུ་མ་སླེནགྱི་ལོ་མ་གསུམ མཁྲིས་པར་བཤལ་གྱི་ཡ་ག་ལའང་སྤྱི་བཤལ་དང་སྒོས་བཤལདང་དྲག་བཤལ་དང་འཇམབཤལ་གྱི་ལོ་མ་བཞི

བད་ཀན་ལ་སྐྱུགས་ཀྱི་ཡལ་ག་འངདྲག་སྐྱུགས་དང་འཇམ་སྐྱུགས་ཏེ་སྐྱུགས་ལ་ལོ་མ་གཉིས་སུ་སྦྱརབས་སྦྱོང་བྱེད་ལས་མི་འདའ་བའི་ལོ་མ་དགུའོ

བཞི་པ། རླུང་གི་དཔྱད་ལ། དཔྱད་དུ་ཏིལ་མར་ལ་སོགས་ཀྱིས་བསྐུ་མཉེ་དང་ཧོར་གྱིས་ནི་གོ་སྙོད་སྣུམ་ལྡན་གྱིསམེ་བཙའ་དང༌ལོ་མ་གཉིས

མཁྲིས་པའི་དཔྱད་ལ་རྔུལ་དབྱུང་བ་དང་གཏར་ག་དང་ཆུ་བསིལ་ཡི་འཕྲུལ་འཁོར་དང༌ལོ་མ་གསུམ

བད་ཀན་གྱི་དཔྱད་ལ། གཡི་སྤྱང་སོགས་ཀྱིས་སྤུ་དུགས་དང་ཡང་ན་ཛཱ་ཏི་དང་གོ་སྙོད་སྣུམ་ལྡན་སྦྲགས་པའི་སྟེང་དུ་དཀར་གོང་སྲིན་ཅན་མེ་ལ་བསྲེགས་པས་དུགས་དང་་མེ་བཙའཡི་ལོ་མ་གཉིས་སོ། དེ་ཡང་དང་པོ་ལ་གཉིས། བར་མར་གསུམ། མཐའ་མར་གཉིསརིམ་བཞིན་དུ་དཔྱད་ཀྱིས་བཅོས།

དེ་ལྟར་ཟས་སྐོམ་ལོ་མ་སོ་ལྔ། སྤྱོད་ལམ་ལོ་མ་དྲུག སྨན་ལ་ལོ་མ་ལྔ་བཅུ། དཔྱད་ལ་ལོ་མ་བདུན་ཏེ་དྲིལ་བས་གསོ་ཐབས་དགུ་བཅུ་རྩ་བརྒྱད་པོ། །ཡེངས་མེད་གུས་པར་བརྩོན་པས་བསྟེན་བྱས་ན། །ནད་ཀྱི་འདམ་ལས་མྱུར་དུ་གྲོལ་བར་འགྱུར། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གསོ་ཐབས་ཀྱི་ལེའུ་སྟེ་ལྔ་པའོ།། 

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:10 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།