སྨན་རྩིས་དྲ་བ། - རྩ་རྒྱུད།

ལེའུ་ ༢། རྐྱེན་གླེང་སློང་བཤད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
རྩ་རྒྱུད། >>

 

 ལེའུ་གཉིས་པ། རྐྱེན་གླེང་སློང་བཤད་པ། 

དེའི་ཚེ་དེའི་དུས་ན་སྟོན་པ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻ་ཌཱུརྱ་འོད་ཀྱི་རྒྱལ་པོ་དེས་འཁོར་རྣམས་ཀྱི་གསོལ་བ་འདེབས་པར་དགོངས་ནས་ནད་ཉེས་པ་གཙོ་བོ་རིགས་གནས་བཞི་སྦྱར་པའམ། ཡང་ན་ལྟར་སྣང་། ཀུན་རྟགས། གཞན་དབང་། ཡོངས་གྲུབ་དང་སྦྱར་བས་བཞི་བརྒྱ་རྩ་བཞི་ཞི་བར་བྱེད་པའི་སྨན་གྱི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །སྙོམས་པར་ཞུགས་མ་ཐག་ཏུ་ཐུགས་འི་མཚམས་ནས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པསཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བརྣབ་སེམས། གནོད་སེམས། ལོག་ལྟ་བཅས་ཚུལ་མིན་བྱེད་པ་སོགས་སེམས་ཀྱི་ཉེས་པའི་སྐྱོན་བསལ། མ་རིག་པ་ལས་བྱུང་བའི་དུག་གསུམ་གྱི་ནད་ཐམས་ཅད་ཞི་བར་བྱས་ནས་སླར་ཐུགས་ཀར་འདུས་པ་ལས། སྤྲུལ་པའི་སྟོན་པ་དེས། དེ་མ་ཐག་སྐད་ཅིག་ལ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ཞེས་བྱ་བ་ཞིག་ཐུགས་ལས་སྤྲུལ་ཏེ་མདུན་གྱི་བར་སྣང་ལ་བཞུགས་ནས

དྲང་སྲོང་གི་འཁོར་རྣམས་ལ་འདི་སྐད་ཅེས་ཞུ་མ་དགོས་པར་མདུན་བསུའོ། །ཀྱེ་གྲོགས་པོ་དག་ཤེས་པར་གྱིས་ཤིག མི་ན་བ་གནས་པར་འདོད་པ་དང་ན་བ་གསོ་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཚེ་རིང་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །ཆོས་དང་ནོར་དང་བདེ་བ་སྒྲུབ་པར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པར་བྱའོ། །འགྲོ་བ་གང་ཞིག་ནད་ཀྱི་སྡུག་བསྔལ་ལས་ཐར་བར་འདོད་པ་དང༌། གཞན་གྱི་སྤྱི་བོས་བཀུར་བར་འདོད་པའི་གང་ཟག་གིས་གསོ་བ་རིག་པའི་མན་ངག་ལ་བསླབ་པརབྱའོ། །དེ་སྐད་ཅེས་བཀའ་སྩལ་པ་དང༌།

དེའི་ཚེ་དེའི་དུས་ན་སྟོན་པ་བཻཌཱུརྱ་འོད་ཀྱི་རྒྱལ་པོའི་ལྗགས་པདྨ་དམར་པོ། འདབས་མ་སྟོང་དང་ལྡན་པའི་མཚན་མངའ་བ་ལས་འོད་ཟེར་ཁ་དོག་བརྒྱ་སྟོང་དུ་མ་ཕྱོགས་བཅུར་འཕྲོས་པསཕྱོགས་བཅུའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྫུན་དང་། ཕྲ་མ། ཚིག་རྩུབ། ངག་འཁྱལ་སོགས་ངག་གི་ཉེས་པའི་སྐྱོན་བསལ། ནད་དང་གདོན་ཐམས་ཅད་ཞི་བར་བྱས་ནས་སླར་ལྗགས་ལ་འདུས་པ་ལས། སྟོན་པ་དེའི་གསུང་ལས་སྤྲུལ་པའི་དྲང་སྲོང་ཡིད་ལས་སྐྱེས་ཞེས་བྱ་བ་ཞིག་བྱུང་སྟེ་སྟོན་པ་ལསྤྲུལ་བ་དང་བཅས་ཕྱག་དང་སྐོར་བ་བྱས་ནས་སེང་གེའི་ལྟ་སྟངས་ཀྱིས་སྟོན་པའི་མདུན་དུ་འདུག་སྟེའཁོར་གྱི་དྲང་སྲོང་རྣམས་དང་སྐྱེ་འགྲོ་ཐམས་ཅད་ཀྱི་དོན་དུ་ཞུ་བའི་ཚིག་འདི་སྐད་ཅེས་གསོལ་ཏོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། དེ་ལྟར་བདག་གཞན་གྱི་གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པ་སྒྲུབ་པར་འདོད་པས་གསོ་བ་རིག་པའི་མན་ངག་ལ་ཇི་ལྟར་བསླབ་པར་བགྱི། དེ་སྐད་ཅེས་ཞུས་པ་དང༌།

ཐུགས་ལས་སྤྲུལ་པའི་དྲང་སྲོང་རིག་པའི་ཡེ་ཤེས་དེས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་རྣམས་གསོ་བ་རིག་པའི་མན་ངག་གི་རྒྱུད་སྡེ་ཚན་ཆེན་པོ་བཞི་ལ་བསླབ་པར་བྱའོ། རྒྱུད་བཞི་སྤྱིར་དྲིལ་བ་ལ་དགོངས་པ་ཡན་ལག་ལ་བསླབ་པར་བྱའོ། བཤད་རྒྱུད་ལ་དགོངས་པ་གནས་ལ་བསླབ་པར་བྱའོ། མན་ངག་རྒྱུད་ལ་དགོངས་པ་སྐབས་ལ་བསླབ་པར་བྱའོ། ཕྱི་མ་རྒྱུད་ལ་དགོངས་པ་མདོ་ལ་བསླབ་པར་བྱའོ། རྩ་རྒྱུད་ལ་དགོངས་པ་ལེའུ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་དང༌།

ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་གསོལ་པ། ཀྱེ་སྟོན་པ་ལགས། གསོ་བ་རིག་པའི་མན་ངག་གི་རྒྱུད་ལ་ཇི་ལྟར་བསླབ་པར་བགྱི། ཞེས་ཞུས་པ་ལས། སྟོན་པས་བཀའ་སྩལ་པ། ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག རྒྱུད་བཞི་ལ་བསླབ་པར་བྱ་སྟེ་གང་ཞེ་ན་འདི་ལྟ་སྟེ། གསོ་དཔྱད་ཐམས་ཅད་ཀྱི་མདོ་དྲིལ་བ་ས་བོན་ལྟ་བུ་རྩ་བའི་རྒྱུད་དང་དེ་ཉིད་རྒྱས་པར་བཤད་པ་བཤད་པའི་རྒྱུད། དེ་དོན་མན་ངག་ལེའུར་དྲིལ་བ་མན་ངག་རྒྱུད་དང་རྒྱུད་དེ་གསུམ་གའི་ཁ་བསྐོང་དང་ལག་ལེན་འཁྱེར་བདེ་བ་ཕྱི་མའི་རྒྱུདབཅས །དེ་ལྟར་རྒྱུད་བཞི་རུ་ཤེས་པར་བྱའོ།

རྒྱུད་བཞི་ག་བསྡོམས་པ་ཡན་ལག་བརྒྱད་ལ་བསླབ་པར་བྱ་སྟེ་གང་ཞེ་ན་འདི་ལྟ་སྟེ། ལུས་དང་བྱིས་པམོ་ནདགདོནམཚོནདུགརྒས་དང་རོ་ཙ་བ་རྣམས་ཏེ་ཡན་ལག་བརྒྱད་དུ་ཤེས་པར་བྱའོ།

བཤད་པའི་རྒྱུད་ཀྱི་གནས་བཅུ་གཅིག་ལ་བསླབ་པར་བྱ་སྟེ་གང་ཞེ་ན་འདི་ལྟ་སྟེ། བཤད་པའི་རྒྱུད་ཀྱི་རྩ་བ་མདོ་ཡི་གནས་དང་གཅིགལེའུ་གཅིག་དང་། །གྲུབ་པ་ལུས་ཀྱི་གནས་དང་གཉིསལེའུ་དྲུག །འཕེལ་འགྲིབ་ནད་ཀྱི་གནས་དང་གསུམ༌ལེའུ་ལྔ བྱ་བ་སྤྱོད་ལམ་གནས་དང་བཞིལེའུ་གསུམ །འཚོ་བ་ཟས་ཀྱི་གནས་དང་ལྔལེའུ་གསུམ །སྦྱོར་བ་སྨན་གྱི་གནས་དང་དྲུགལེའུ་གསུམ། །ཆ་བྱད་དཔྱད་ཀྱི་གནས་དང་བདུནལེའུ་གཅིག །ཐ་མལ་ནད་མེད་གནས་དང་བརྒྱདལེའུ་གཅིག །ངོས་བཟུང༌རྟགས་ཀྱི་གནས་དང་དགུ་ལེའུ་གསུམ། གསོ་བྱེད་ཐབས་ཀྱི་གནས་དང་བཅུལེའུ་བཞི །བྱ་བྱེད་སྨན་པའི་གནས་ལེའུ་གཅིག་དང་ནི། །བཅུ་གཅིག་གནས་སུ་ཤེས་པར་བྱའོ།

མན་ངག་རྒྱུད་ཀྱི་སྐབས་བཅོ་ལྔ་ལ་བསླབ་པར་བྱ་སྟེ་གང་ཞེ་ན་འདི་ལྟ་སྟེ། དང་པོ་ཉེས་གསུམ་གསོ་བའི་སྐབསལེའུ་བཞི །གཉིས་པ་ཁོང་ནད་གསོ་བའི་སྐབསལེའུ་དྲུག །གསུམ་པ་ཚད་པ་གསོ་བའི་སྐབསལེའུ་བཅུ་དྲུག །བཞི་པ་ལུས་སྟོད་གསོ་བའི་སྐབསལེའུ་དྲུག །ལྔ་པ་དོན་སྣོད་གསོ་བའི་སྐབསལེའུ་བརྒྱད །དྲུག་པ་གསང་ནད་གསོ་བའི་སྐབསལེའུ་གཉིས །བདུན་པ་ཐོར་ནད་གསོ་བའི་སྐབསལེའུ་བཅུ་དགུ །བརྒྱད་པ་ལྷན་སྐྱེས་རྨ་གསོའི་སྐབསལེའུ་བརྒྱད །དགུ་པ་བྱིས་པ་གསོ་བའི་སྐབསལེའུ་གསུམ །བཅུ་པ་མོ་ནད་གསོ་བའི་སྐབསལེའུ་གསུམ །བཅུ་གཅིག་གདོན་ནད་གསོ་བའི་སྐབསལེའུ་ལྔ །བཅུ་གཉིས་མཚོན་རྨ་གསོ་བའི་སྐབསལེའུ་ལྔ །བཅུ་གསུམ་དུག་ནད་གསོ་བའི་སྐབསལེའུ་གསུམ །བཅུ་བཞི་རྒས་པ་གསོ་བའི་སྐབསལེའུ་གཅིག །བཅོ་ལྔ་རོ་ཙ་གསོ་བའི་སྐབསལེའུ་གཉིས །དེ་ལྟར་སྐབས་བཅོ་ལྔར་ཤེས་པར་བྱའོ།

ཕྱི་མ་རྒྱུད་ཀྱི་མདོ་བཞི་ལ་བསླབ་པར་བྱ་སྟེ་གང་ཞེ་ན་འདི་ལྟ་སྟེ། །བརྟག་པ་རྩ་ཆུའི་མདོ་དང་གཅིགལེའུ་གཉིས། །ཞི་བྱེད་སྨན་གྱི་མདོ་དང་གཉིསལེའུ་གསུམ །སྦྱོང་བྱེད་ལས་ཀྱི་མདོ་དང་གསུམལེའུ་བདུན །འཇམ་རྩུབ་དཔྱད་ཀྱི་མདོ་དང་བཞིལེའུ་དྲུག །དེ་ལྟར་ཕྱི་མ་རྒྱུད་ཀྱི་མདོ་བཞི་རུ་ཤེས་པར་བྱའོ།

རྒྱུད་གཞི་དྲིལ་ནས་ལེའུ་བརྒྱ་དང་ལྔ་བཅུ་དྲུག་ལ་བསླབ་པར་བྱ་སྟེ་གང་ཞེ་ན་འདི་ལྟ་སྟེ། གླེང་གཞི་གླེང་སློང་གཞི་དང་ངོས་འཛིན་དང་། །གསོ་བའི་ཐབས་དང་རྩིས་ཀྱི་ལེའུ་དྲུག །མདོ་གནས་རྩ་བའི་རྒྱུད་དུ་ཤེས་པར་བྱ།

བཤད་པའི་རྒྱུད་ལསྡོམ་དང་ཆགས་ཚུལ་འདྲ་དཔེ་དང་། །གནས་ལུགས་མཚན་ཉིད་དབྱེ་བ་འཇིག་ལྟས་དང་། །ནད་ཀྱི་རྒྱུ་རྐྱེན་ཞུགས་ཚུལ་མཚན་ཉིད་དང་། །དབྱེ་བ་རྒྱུན་དུས་གནས་སྐབས་སྤྱོད་པ་དང་། །ཟས་ཚུལ་ཟས་བསྡམ་ཟས་ཚོད་རན་པར་བཟའ། །སྨན་གྱི་རོ་ནུས་སྦྱར་ཐབས་ཆ་བྱད་དང་། །མི་ན་གནས་དང་ཉེས་པ་དངོས་སྟོན་དང་། །ངན་གཡོ་སྐྱོན་བརྟག་སྤང་བླང་མུ་བཞིར་བརྟག །གསོ་ཚུལ་སྤྱི་དང་ཁྱད་པར་གསོ་ཐབས་གཉིས། །གསོ་ཐབས་དངོས་དང་སྨན་པའི་ལེའུ་གཉིས །དེ་ལྟར་བཤད་པའི་རྒྱུད་ལ་གནས་བཅུ་གཅིག ལེའུ་གཅིག་གིས་གནས་རེ་རྫོགས་པར་སྟོན་པ་ཆ་བྱད་དང་། ནད་མེད། སྨན་པ་བཅས་གསུམ། ལེའུ་གསུམ་གསུམ་གྱིས་གནས་རེ་རྫོགས་པར་སྟོན་པ་བཞི་སྟེ་སྤྱོད་ལམ། ཟས། སྨན། རྟགས་བཅས་བཞི། ལེའུབཞིས་གནས་གཅིག་སྟོན་པ་གསོ་བྱེད་ཐབས། ལེའུ་ལྔས་གནས་གཅིག་སྟོན་པ་འཕེལ་འགྲིབ་ནད་ཀྱི་གནས། ལེའུ་དྲུག་པ་གཅིག་གིས་གནས་གཅིག་སྟོན་པ་དེ་ནི་གྲུབ་པ་ལུས་ཀྱི་གནས་སོ། དེ་ཐམས་ཅད་སྡོམས་ཚིག་ཏུ་བཀོད་པ་ལེའུ་གཅིག་སྟེ་བཤད་པའི་རྒྱུད་ལ་ལེའུ་སུམ་ཅུ་རྩ་གཅིག་གོ།

མན་ངག་རྒྱུད་ལ། ཞུས་དང་ཉེས་པ་རླུང་མཁྲིས་བད་ཀན་འདུས། །གཅོང་ནད་མ་ཞུ་སྐྲན་དང་སྐྱ་རྦབ་དང་། །འོར་དང་དམུ་ཆུ་གཅོང་ཆེན་ཟད་བྱེད་དྲུག །ཚ་བ་སྤྱི་དང་གལ་མདོ་རི་ཐང་མཚམས། །མ་སྨིན་རྒྱས་སྟོངས་གབ་རྙིངས་རྙོགས་པ་དང༌། །འགྲམས་འཁྲུགས་རིམས་དང་འབྲུམ་པ་རྒྱུ་གཟེར་དང༌། །གག་ལྷོག་ཆམ་པ་ལེའུ་བཅུ་དྲུག་གོ །ལུས་སྟོད་མགོ་བོ་མིག་དང་རྣ་བ་དང༌། །སྣ་དང་ཁ་དང་ལྦ་བ་ལེའུ་དྲུག མངོན་པ་མཛོད་དུ། དབང་པོའི་སྒོ་དང་བཏུལ་བ་གང་། དད་དང་ཆོས་ཀྱི་རྗེས་འབྲང་བ། ཞེས་བྱུང་བར་ལོ་ཙྰ་བས་འགྱུར་མ་ཤེས་ཟེར་བ་ལྟར། འདིར་ཡང་ཁ་དང་སྣ་དང་ཞེས་བྱུང་ཡང་། མན་རྒྱུད་དུ་སྣ་ནད་གསོ་བའི་ལེའུ་སྔོན་དང་ཁ་ནད་གསོ་བའི་ལེའུ་རྟིང་དུ་བྱུང་བས་གོ་རིམ་ཉམས་པའི་སྐྱོན་འཇུག་པ་ཡིན་ནོ། །དོན་སྣོད་སྙིང་དང་གློ་མཆིན་མཆེར་མཁལ་དང༌། །ཕོ་བ་རྒྱུ་མ་ལོང་དང་ལེའུ་བརྒྱད། །གསང་བའི་ནད་ལ་ཕོ་མོ་ཐ་དད་གཉིས།ཐོར་ནད་སྐད་འགགས་ཡི་ག་འཆུས་པ་དང༌། །སྐོམ་དད་སྐྱིགས་བུ་དབུགས་མི་བདེ་བ་དང༌། །གླང་ཐབས་སྲིན་ནད་སྐྱུག་འཁྲུ་དྲི་མ་འགགས། །གཅིན་འགགས་གཅིན་སྙི་ཚད་འཁྲུ་དྲེག་ནད་དང༌། །གྲུམ་བུ་ཆུ་སེར་རྩ་དཀར་པགས་པའི་ནད། །ཕྲན་བུའི་ནད་དང་ལེའུ་བཅུ་དགུའོ། །ལྷན་སྐྱེས་རྨ་ལ་འབྲས་དང་གཞང་འབྲུམ་དང༌། །མེ་དབལ་སུར་ཡ་རྨེན་བུ་རླིག་རླུགས་དང༌། །རྐང་བམ་མཚན་བར་རྡོལ་དང་ལེའུ་བརྒྱད། །བྱིས་པ་ཉེར་སྤྱོད་ནད་དང་དེའི་གདོན་གསུམ། །མོ་ནད་སྤྱི་དང་བྱེ་བྲག་ཕལ་པ་གསུམ། །འབྱུང་པོ་སྨྱོ་བརྗེད་གཟའ་དང་ཀླུ་གདོན་ལྔ། །རྨ་ལ་རྨ་སྤྱི་མགོ་དང་སྐེ་ཡི་རྨ། །བྱང་ཁོག་ཡན་ལག་ལེའུ་ལྔ་རུ་བཤད། །དུག་ལ་སྦྱར་དུག་གྱུར་པ་དངོས་དང་གསུམ། །རྒས་པ་གསོ་བ་བཅུད་ཀྱིས་ལེན་པ་དང༌། །རོ་ཙ་ཁུ་བ་གསོ་དང་བུད་མེད་བཙལ། དེ་ལྟར་མན་ངག་རྒྱུད་ལ་བཅོ་ལྔའི་སྐབས། ལེའུ་གཅིག་གིས་སྐབས་རྫོགས་པར་སྟོན་པ། གཅིག་ནི་རྒས་པ་གསོ་བ། ལེའུ་གཉིས་རེས་སྐབས་རྫོགས་པར་སྟོན་པ། གཉིས་ནི་གསང་ནད་དང་རོ་ཙ། ལེའུ་གསུམ་རེས་སྐབས་རྫོགས་པར་སྟོན་པ། གསུམ་ནི་བྱིས་པ། མོ་ནད། དུག ལེའུ་བཞིས་སྐབས་རྫོགས་པར་སྟོན་པ། གཅིག་ནི་ཉེས་གསུམ་དང་། ལེའུ་ལྔ་དེས་སྐབས་རྫོགས་པར་སྟོན་པ་གཉིས་ནི་གདོན་དང་རྨ་དང་ལེའུ་དྲུག་རེས་སྐབས་རྫོགས་པར་སྟོན་པ་གཉིས་ནི་ཁོང་ནད་དང་ལུས་སྟོད་དང་ལེའུབརྒྱད་རེས་སྐབས་རྫོགས་པར་སྟོན་པ་གཉིས་ནི་དོན་སྣོད་དང་ལྷན་སྐྱེས་རྨ། ལེའུ་བཅུ་དྲུག་གིས་སྐབས་རྫོགས་པར་སྟོན་པ། གཅིགནི་ཚ་བ། ལེའུ་བཅུ་དགུས་སྐབས་རྫོགས་པར་སྟོན་པ་གཅིག་ནི་ཐོར་བུའི་ལེའུ་རྣམས་དང་ མན་ངག་རྒྱུད་ཞུས་པས་ལེའུ་གཅིག་གིས་རྒྱུད་ཆེན་ལ་ལེའུ་དགུ་བཅུ་རྩ་གཉིསཡོད་དོ

ཕྱི་མ་རྒྱུད་ལ། རྩ་ཆུ་ཐང་ཕྱེ་རིལ་བུ་ལྡེ་གུ་དང༌།  །སྨན་མར་ཐལ་སྨན་ཁཎྜ་སྨན་ཆང་དང༌། །རིན་པོ་ཆེ་དང་སྔོ་སྦྱོར་སྣུམ་འཆོས་དང༌། །བཤལ་སྐྱུགས་སྣ་སྨན་འཇམ་རྩི་ནི་རུ་ཧ༌། རྩ་སྦྱོང་གཏར་བསྲེག་དུགས་ལུམས་བྱུག་པ་དང༌། །ཐུར་དཔྱད་ཕྱི་མའི་རྒྱུད་ལ་མདོ་བཞི་སྟེ། བརྟག་ཐབས་ཀྱི་མདོ་ལ་ལེའུ་གཉིསཞི་བྱེད་ཀྱི་མདོ་ལ་ལེའུ་བཅུསྦྱོང་བྱེད་ཀྱི་མདོ་ལ་ལེའུ་བདུནདཔྱད་ཀྱི་མདོ་ལ་ལེའུ་དྲུག བཅས་ཕྱི་མ་རྒྱུད་ལ་ལེའུ་ཉི་ཤུ་ལྔ། །དེ་ལྟར་རྩ་བའི་རྒྱུད་ལ་ལེའུ་དྲུག །བཤད་པའི་རྒྱུད་ལ་ལེའུ་སུམ་ཅུ་གཅིག །མན་ངག་རྒྱུད་ལ་ལེའུ་དགུ་བཅུ་གཉིས། །ཕྱི་མའི་རྒྱུད་ལ་ལེའུ་ཉི་ཤུ་ལྔ། །རྒྱུད་བཞི་སྡོམས་པས་བརྒྱ་དང་ལྔ་བཅུ་བཞི། །མཇུག་དོན་ཡོངས་སུ་གཏད་དང་བཅས་པས་ལེའུ་ལྔ་བཅུ་ང་དྲུག །དེ་དག་ཐམས་ཅད་ཡན་ལག་བརྒྱད་དུ་འདུས་པ་སྟེ། །ལུས་ལ་ལེའུ་བདུན་ཅུབྱིས་པ་མོ་ནད་དང༌། དུག་རྣམས་ལེའུ་གསུམ་རེགདོན་ལ་ལེའུ་ལྔརྨ་ལ་ལེའུ་ལྔབཅུད་ལེན་ལ་ལེའུ་གཅིག །རོ་ཙ་ལ་ལེའུགཉིས་རྣམས་རྒྱུད་ཆུང་བ་གསུམ་ཡན་ལག་བརྒྱད་ཀའི་སྤྱི་ཁྱབ་ཡིན། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གླེང་སློང་རྣམ་གྲངས་རྣམ་པར་བཀོད་པའི་ལེའུ་སྟེ་གཉིས་པའོ། །།  

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:09 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།