སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡༤། དུས་སྤྱོད་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>


ལེའུ་བཅུ་བཞི་པ། དུས་སྤྱོད་བསྟན་པ།

 དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །གཉིས་པ་དུས་སུ་སྤྱོད་པའི་སྤྱོད་ལམ་ནི། དུས་དྲུག་ཏུ་བྱས་པའི་ཧོར་ཟླ་བཅུ་པ་དང་བཅུ་གཅིག་དགུན་སྟོད་དང་བཅུ་གཉིས་དང་དང་པོ་དགུན་སྨད་གཉིིས་པ་དང་གསུམ་པ་དཔྱིད་ཀ་དང་བཞི་པ་དང་ལྔ་པ་སོ་ག་དང༌། དྲུག་པ་དང་བདུན་པ་དབྱར་ཁ་བརྒྱད་པ་དང་དགུ་པ་སྟོན་ཁ་བཅས་དགུན་ཟླ་ར་བ་སོགས་ཟླ་བ་གཉིས་རེ་རིམ་པ་བཞིན། དེ་ཡང་རྒྱུད་ཆུང་ལས། དགུན་ཟླ་ར་བ་ལ་སོགས་ཏེ། དགུན་སྟོད་དགུན་སྨད་དཔྱིད་སོ་ག །དབྱར་སྟོན་དུས་དྲུག་ཟླ་གཉིས་གཉིས། །ཞེས་དུས་དྲུག་ཏུ་བྱེད་པའི་ཚེ་དགུན་ཟླ་ར་བ་ཟླ་མགོར་བྱེད་པ་མཁས་པའི་འཆད་སྲོལ་ཀུན་མཐུན་ལ། དེ་ནི་ཧོར་ཟླ་བཅུ་པ་སྨིན་དྲུག་ཟླ་བ་ཡིན་ཏེ་བཅུ་གཅིག་པ་མགོ་ཟླ་བར་ཉི་མ་ལྡོག་པ་ཤས་ཆེ་བའི་ཕྱིར་དང་། གསོ་རིག་གི་སྐབས་འདིར། ཕྱི་ནང་གི་ཁམས་མཚུངས་པར་འཆད་དགོས་པའི་ཕྱིར་རོ།

སྐད་ཅིག་དུས་མཐའི་སྐད་ཅིག་མ་བརྒྱ་ཉི་ཤུ་ལ་བྱ་རྫོགས་ཀྱི་སྐད་ཅིག་གཅིག་ལ་སོགས་དེ་དྲུག་ཅུ་ལ་ཐང་ཅིག་དེ་སུམ་ཅུ་ལ་ཡུད་ཙམ་ལ། དེ་སུམ་ཅུ་ལ་ཉིན་ཞག་གཅིག་དེ་སུམ་ཅུ་ལ་ཟླ་བ་ཅིག་དེ་གཉིས་རེ་ལ་དུས་གཅིག་དང་དུས་དྲུག་རེ་ལ་ལོར་འགྱུར་ཏེ།

དབྱར་དགུན་གྱི་ཉི་མ་དགུན་ཟླ་ར་བ་ནས་བགྲངས་པའི་ལྔ་ལོའི་དགུན་ཉི་ལྡོག་པ་དེའི་སྟེང་ཞག་བརྒྱདདང་གསུམ་སྣོན་པས་ཚེས་གྲངས་གང་ཡིན་པར་འདི་ལོའི་དགུན་ཉི་ལྡོག་ལ་དེ་བཞིན་དབྱར་གྱི་སྣྲོན་ཟླ་བར་དབྱར་ཉི་ལྡོག་རིགས་འགྲེའོ་བྱར་དགུན་དབུས་སུའང་ལྡོག་པར་བྱེད་དོ། དབྱར་ཉི་ལྡོག་ནས་དུས་གསུམ་ལ་ནི་ལྷོ་ངོས་འགྲོ་བ་དང་དགུན་ཉི་ལྡོག་ནས་ཟླ་བ་དྲུག་རིང་ཉི་མ་བྱང་དུ་འགྲོ་ཞེས་བྱབའི་དོན་ནོ དབྱར་དགུན་གྱི་ཉི་ལྡོག་ནས་དུས་གསུམ་གྱི་ཕྱེད་ཟླ་བ་གསུམ་སོང་ན་ནམ་མཚན་མོ་དང་ཉི་མ་ཉིན་མོ་གཉིས་ཀྱི་དུས་ཚོད་མཉམ་པ་ཡིན། །བརྒྱད་དང་བཅུ་ན་སྒྲ་སྒྲོགས་ཆད་དེ་དཔྱིད་ཉིན་མཚན་མཉམ་པའི་ཞག་བརྒྱད་ན་འབྲུག་སྒྲ་སྒྲོགས། སྟོན་ཉིན་མཚན་མཉམ་པའི་ཞག་བཅུ་ན་འབྲུག་སྐད་ཆད་པར་འགྱུར་རོ

དེ་ལ་དགུན་ཟླ་ཧོར་ཟླ་བཅུ་གཅིག་པ་ནས་དྲུག་པའི་བར་ཐ་ཆུང་ལ་སོགས་པ། །ཉི་མ་བྱང་དུ་འགྲོ་བའི་དུས་ཀྱི་ཚེ། ནམ་དུས་ཤིན་ཏུ་རྣོ་བ་དང་ཚ་བ་དང་རྩུབ་པའི་ངོ་བོར་འགྱུར། །རླུང་དང་ཉི་མ་དག་གི་ནུས་སྟོབས་ཀྱིས། །ཟླ་བ་ས་ཡི་ཡོན་ཏན་ཟད་པར་བྱེད། །འདིར་ནི་ཚ་བ་དང་བསྐ་བ་དང་ཁ་བའི་རོ་སྟོབས་ཆེསྟེ ཉིན་རིང་མཚན་ཐུང་དུ་འགྲོ་བ་དེས་མི་རྣམས་ཀྱི་ནི་མཐུ་སྟོབས་ཉིན་རེ་བཞིན་འཕྲོགལ།

ཧོར་ཟླ་དྲུག་པ་ནས་བཅུ་གཉིས་ཀྱི་བར་ཆར་དུས་ཉི་མ་ལྷོ་ཕྱོགས་འགྲོ་ཚེ་ཉིན་ཐུང་ཞིང་མཚན་རིང་བས་སླར་སྟོབས་སྐྱེད། །བསིལ་བ་ཟླ་བའི་སྟོབས་ལྡན་ཉི་མའི་སྟོབས་འབྲི། །ཆར་བབས་བས་རླུང་གིས་ས་སྟེང་ན་ཚ་བ་ཞི་བས་དེའི་ཚེ །སྐྱུར་བ་དང་ལན་ཚྭ་བ་དང་མངར་བའི་རོ་སྟོབས་སྐྱེདཔར་འགྱུར་རོ

དགུན་ཧོར་ཟླ་བཅུ་པ་དང་བཅུ་གཅིག་དང་བཅུ་གཉིས་དང་དང་པོ་རྣམས་མེ་དྲོད་ཆེ་ཧོར་ཟླ་བཞི་པ་དང་ལྔ་པ་སོས་དང་ཧོར་ཟླ་དྲུག་པ་དང་བདུན་པ་དབྱར་ཆུང་ཧོར་ཟླ་བརྒྱད་པ་དང་དགུ་པ་སྟོན་ཁ་དང་ཧོར་ཟླ་གཉིས་པ་དང་གསུམ་པ་དཔྱིད་ཁ་འབྲིང༌།

དེ་ལྟར་ལྷོ་བྱང་གི་བགྲོད་དུས་རྣམ་པ་གཉིས་བསྟན་ནས། །ད་ནི་ནམ་ཟླ་དུས་དྲུག་གི་སྤྱོད་ལམ་ནི། ཧོར་ཟླ་བཅུ་པ་དང་བཅུ་གཅིག་པ་དགུན་སྟོད་གྲང་བས་བ་སྤུའི་སྒོ་བཀག་སྟེ། །མེ་དྲོད་ཀྱི་སྟོབས་ལྡན་་དེ་མེ་མཉམ་རླུང་གིས་སྦར་བ་ཡིས། ཁ་ཟས་ཉུང་བར་གྱུར་ན་ལུས་ཟུངས་ཀྱི་སྟོབས་འབྲི་བར་འགྱུར། །དེ་ཕྱིར་དང་པོའི་རོ་མངར་སྐྱུར་ལན་ཚྭ་གསུམ་བསྟེན་པར་བྱ། །དེ་ཚེ་མཚན་མོ་རིང་བས་བཀྲེས་པར་གྱུར་ཏེ། །དེ་ཡིས་ལུས་ཟུངས་འབྲི་བར་འགྱུར་བའི་ཕྱིར། ལུས་ལ་ཏིལ་མར་གྱིས་བྱུག་ཤ་ཁུ་བཏུང་བའམ་སྣུམ་འི་ཟས་བཟའ། །ལྤགས་པའི་གོས་དང་ལྷམ་ནི་རྟག་ཏུ་མི་བྲལ་བར་བགོ དྲོད་དུགས་དང་མེ་ཉིའི་འོད་ལ་རན་པར་བསྲོ། རླུང་མི་རྒྱུ་བའི་ས་ཡི་ཁང་པ་ཉིས་རིམ་ནང་དུ་བསྡད།

ཧོར་ཟླ་བཅུ་གཉིས་དང་དང་པོ་དགུན་སྨད་དུས་ན་ལྷག་པར་གྲང་བས་ན། །དེར་ཡང་སྤྱོད་ལམ་དགུན་སྟོད་དེ་ཉིད་སྤྱད་པར་བསྔགས།

ཧོར་ཟླ་བཅུ་པ་དང་བཅུ་གཅིག་པར་དགུན་དུས་བད་ཀན་ཁོག་ཏུ་གསོག་པ་སྟེ། ཧོར་ཟླ་གཉིས་པ་དང་གསུམ་པ་དཔྱིད་དུས་ཉི་འོད་ཀྱིས་ལུས་དྲོས་པས་ནང་གི་མེ་དྲོད་ཉམས། །བད་ཀན་ལྡང་ཞིང་ཐ་མའི་རོ་ཁ་ཚ་བསྐ་གསུམ་བསྟེན། རླན་གཤེར་མེད་པར་གནས་པའི་ནས་རྙིང་དང་སྐམ་སའི་ཤ་དང་སྦྲང་རྩི་དང༌། །ཆུ་སྐོལ་དང་སྒ་ཐང་བཏང་ཞིང་ཟས་རྩུབ་པ་བསྟེན། ལུས་རྩོལ་བས་བཅག་པ་དང་དྲིལ་ཕྱིས་བྱས་ལ་བད་ཀན་བསལ། །དྲི་ཞིམ་ལྡན་པའི་སྐྱེད་མོས་ཚལ་གྱི་ཉི་གྲིབ་མཚེའུར་འདུག

ཧོར་ཟླ་བཞི་པ་དང་ལྔ་པར་སོ་ག་ཉི་མའི་འོད་ཟེར་རབ་ཚ་བས། ལུས་ཀྱི་སྟོབས་འཕྲོག་པའི་ཕྱིར་ན་རོ་མངར་བ་མ་དཀར་ལྟ་བུ་ནུས་པ་ཡང་བ་དང་སྣུམ་པ་བསིལ་བའི་ཟས་སྐོམ་བཟའ། །ལན་ཚྭ་ཚ་སྐྱུར་རྩོལ་བ་དྲག་པོ་དང་ཉི་འོད་སྤང༌། །བསིལ་ཆུས་ལུས་བཀྲུ་ཆང་ཆུ་ལ་བསྲེས་པ་བཏུང༌། ཀ་ཤི་ལྟ་བུ་རབ་ཕྲའི་གོས་བགོ་བསིལ་ཁང་དྲི་བཟང་གི་ངད་ལྡན་པ་བསྟེན། །ཤིང་གྲིབ་དང་རྫི་ཆར་གྱི་ཁྲོད་དང་རླུང་བསེར་བུ་ངད་ལྡན་སར་འདུག་པར་བྱ།

ཧོར་ཟླ་དྲུག་པ་དང་བདུན་པར་དབྱར་དུས་མཁའ་ལ་སྤྲིན་འདུས་ཤིང་ཆུ་ཡིས་བརླན། །རླུང་དང་གྲང་བ་དང་ས་རླང་དང་ཆུ་རྙོག་ཅན། དེས་མེ་དྲོད་གནོད་པས་མེ་དྲོད་སྐྱེད་པའི་ཟས་སྨན་རིགས་བསྟེན། །དང་པོའི་རོ་མངར་སྐྱུར་ལན་ཚྭ་གསུམ་ནུས་པ་ཡང་དྲོ་སྣུམ་བཅས་བཟའ། །སྐམ་སའི་ནས་ཀྱི་ཆང་བཏུང་ཁང་སྟེང་བསིལ་སྤངས་གནས

དབྱར་དུས་བསིལ་བར་འཕྲལ་དུ་ལུས་ལ་ཉི་ཟེར་གྱིས་ཅུང་ཟད་གདུངས། །ཆར་དུས་སྟེ་དབྱར་དུས་བསགས་པའི་མཁྲིས་པ་སྟོནགྱི་དུས་ན་ལྡང༌། །དེ་བསལ་བའི་ཕྱིར་ན་རོ་མངར་ཁ་བསྐ་བ་གསུམ་བསྟེན། །ག་བུར་དང་ཙན་དན་དང་ཨུ་ཤིར་པུ་ཤེལ་རྩེ་ཡི་དྲི་ལྡན་པའི། །གོས་བགོ་ཁང་པ་ལ་དྲི་བཟང་ཆུས་ཆག་ཆག་བཏབ་བར་འདུག

མདོར་ན་ཟས་སྐོམ་དབྱར་ཧོར་ཟླ་དྲུག་པ་དང་བདུན་པ་དགུན་བཅུ་པ་དང་བཅུ་གཅིག་ལ་ཟས་སྤྱོད་དྲོ་བ་བསྟེན། །དཔྱིད་ཧོར་ཟླ་གཉིས་པ་དང་གསུམ་པ་ལ་རྩུབ་པ་དང་སོས་ཧོར་ཟླ་བཞི་པ་དང་ལྔ་པ་དང་སྟོན་ག་ཟླ་བ་བརྒྱད་པ་དང་དགུ་པ་ལ་ཟས་སྐོམ་བསིལ་བའི་རིགས་བསྟེན་ར་བྱ། ཟླ་བ་དྲུག་པ་དང་བདུན་པ་དབྱར་དང་ཟླ་བ་བཅུ་པ་དང་བཅུ་གཅིག་དགུན་ནི་དང་པོའི་རོ་མངར་སྐྱུར་ལན་ཚྭ་གསུམ་བསྟེན། །དཔྱིད་ཀ་ཟླ་བ་གཉིས་པ་དང་གསུམ་པ་ལ་ཐ་མའི་རོ་ཁ་ཚ་བསྐ་གསུམ་དང་སོ་ག་ཟླ་བ་བཞི་པ་དང་ལྔ་པར་རོ་མངརབ་དང་ ཟླ་བ་བརྒྱད་པ་དང་དགུ་པ་སྟོན་ཀར་རོ་་མངར་བ་དང་ཁ་བ་དང་བསྐ་བ་བསྟེན་པར་བྱའོ །སྟོན་ཟླ་བ་བརྒྱད་པ་དང་དགུ་པ་དཔྱིད་ཟླ་བ་གཉིས་པ་དང་གསུམ་པ་གཉིས་ལ་བཤལ་སྐྱུགས་དང་ཟླ་བ་ལྔ་པ་དང་དྲུག་པ་དབྱར་ག་འཇམ་རྩི་བསྔགས། སྟོན་མཁྲིས་པའི་དུས་ས་ཆུའི་ནུས་པ་མཐུར་དུ་འགྲོ་བས་བཤལ་བ་དང་། དཔྱིད་བད་ཀན་གྱི་དུས་མེ་རླུང་གི་ནུས་པ་གྱེན་དུ་འགྲོ་བས་སྐྱུགས་དང་། དབྱར་དུས་ཆར་རླུང་གིས་རླུང་ནད་ལྡང་བས་འཇམ་རྩིི་བསྔགས་པ་ཡིན་ནོ། གལ་ཏེ་ནད་ཆེན་པོ་ལ་གཉེན་པོ་དམན་པ་དང་ཡང་ན་ནད་ཆུང་ངུ་ལ་གཉེན་པོ་ཆེ་བས་ལྷག་པ་དང་ནད་དང་གཉེར་པོ་གོ་ལོག་ན་དེ་དང་འཚམ་པར་རིག་པས་དཔྱད། ཅེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དུས་སུ་སྤྱོད་པའི་ལེའུ་སྟེ་བཅུ་བཞི་པའོ།། །།

 

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 12:29 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་གཉིས་ཀྱི་རིག་པ་ཟུང་འབྲེལ་དགོས་པའི་ཕན་འབྲས་བརྗོད་པ།

ཕོ་མཆིན་གྱི་ནད་ལས་ཀན་སར་དང་འབྲས་ནད་ཀྱི་ཁྱད་པར།

བོད་ཀྱི་གསོ་རིག་དང་ཀྲུང་ལུགས་ཀྱི་འབྲས་ནད་གླེང་བ།

གློ་བའི་འབྲས་ནད་སྐོར།

བོད་ལུགས་གསོ་བ་རིག་པའི་སྨན་སྦྱོར་གྱི་གལ་གནད་སྙིང་བསྡུས།

འབྲས་ནད་བཅོས་ཐབས་ཉམས་མྱོང་གླེང་བ།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།