སྨན་རྩིས་དྲ་བ། - བཤད་རྒྱུད།

ལེའུ་ ༡༠ ། ནད་ཀྱི་འཇུག་ཚུལ་བསྟན་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 27.05.2019
བཤད་རྒྱུད། >>

 

ལེའུ་བཅུ་པ། ནད་ཀྱི་འཇུག་ཚུལ་བསྟན་པ།  

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དེ་ལྟར་རྒྱུ་ལ་རྐྱེན་གྱིས་བསྐྱེད་བྱས་ནས། 

དེ་ཡང་རླུང་ནི་ལུས་ཟུངས་བདུན་ལས་རུས་པ་ལ་གནས་ཏེ། །མཁྲིས་པ་ནི་ཁྲག་དང་དྲི་མའི་ནང་ནས་རྔུལ་ལ་གནས་པ་ཡིན། བད་ཀན་ལུས་ཟུངས་ལྷག་མ་དྭངས་མ་དང་ཤ་དང་ཚིལ་དང་རྐང་དང་ཁུ་བ་དང་། དྲི་མ་བཤང་གཅི་རྣམས་ལ་གནས་པའོ། །དེ་ལྟར་གནོད་བྱ་དང་གནོད་བྱེད་གཉིས་ནི་ཕན་ཚུན་རྟེན་དང་བརྟེན་པའི་ཚུལ། །ཉེས་པ་གསུམ་འཁྲུགས་པས་ལུས་ཟུངས་བདུན་པོ་ཉེན་པར་བྱས་ཏེ། ཉེས་པ་གསུམ་དང་ལུས་ཟུངས་བདུན་སྟེ་གཉིས་ཀས་དྲི་མ་གསུམ་ལ་ནི་གནོད་པར་བྱེད།

དེ་ཡང་ནད་དང་རྒྱུ་མཐུན་ཟས་ཀྱི་བཅུདདེ་དག །ཁྱབ་བྱེད་ཀྱི་རླུང་གིས་དྭངས་དང་སྙིགས་མ་རྒྱུ་བའི་བུ་ག་རྣམས་སུ་གཏོར། །དེ་ཚེ་དྭངས་མ་གང་དུ་ཆགས་པར་གྱུར་པདང་ ཟུངས་དང་དྲི་མའི་བུ་གའི་སྐྱོན་དང་དེ་དུས་སྤྱོད་ལམ་གྱིས། །མཁའ་ལ་སྤྲིན་འདུས་པ་དེར་ཆར་པ་འབབ་པ་བཞིན། ཉེས་པ་གསུམ་པོ་རང་རང་གི་གནས་སུ་འཕེལ་ཞིང་གསོག་པར་བྱེད །བསགས་པ་དེ་དག་རྐྱེན་དང་ཕྲད་པས་ངེས་པ་ནད་དེ་ཁོ་ནར་ལྡང༌ དེ་ཉིད་ལམ་དྲུག་དུ་ཞུགས་ནས་བདེ་བ་མེད་པར་ནད་འབྱུང་བར་འགྱུརརོ

བཞི་པ་དེ་ལྟར་ཞུགས་ཟིན་ནས་གཞི་གང་དུ་བརྟེན་པའི་གནསནི །ཞུ་བའི་གནས་ལོང་དང་དཔྱི་མིག་དང་རུས་ཚིགས་དང༌། དབང་པོའི་ནང་ན་རེག་བྱ་དང་རྣ་བ་རྣམས་ནི་རླུང་གི་གནས་ཡིན་ཏེ། །ཁྱད་པར་ཞུ་གནས་ལོང་ན་གནས་པ་ཡིན།

མཁྲིས་པའི་གནས་ནི་ལྟེ་བདང་ཕོ་བ་དང་ཁྲག་དང་རྔུལ། མཁྲིས་པའི་དྭངས་མ་ཆུ་སེར་དང་མིག་དང་པགས་པ་སྟེ། །ཁྱད་པར་ཞུ་དང་མ་ཞུའི་བར་ན་གནས། ཕོ་བར་ཟས་སྐོམ་གྱི་དྭངས་མ་ཞུ་ནས་དྭངས་སྙིགས་ཕྱེ་བའི་སྙིགས་མ་དེ་རྒྱུ་མ་ནས་དྭངས་སྙིགས་སྐ་སླ་གཉིས་སུ་ཕྱེ་བ་ཞུ་བ་དང་མ་ཞུའི་བར་ཞེས་སོ། །

བད་ཀན་བྲང་དང་མགུལ་པ་དང་གློ་བ་དང་མགོདང་། །དྭངསམ་དང་ཤ་དང་ཚིལ་དང་རྐང་དང་ཁུ་བ་དང་བཤང་བ་དང་གཅི་དང༌། །སྣ་དང་ལྕེ་དང་ཁྱད་པར་མ་ཞུའི་གནས་ལ་གནས། །ཞེས་གསུངས་སོ།

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་ནད་འཇུག་ཚུལ་གྱི་ལེའུ་སྟེ་བཅུ་པའོ།། །

མཐའ་མའི་འདོན་ཐེངས་།: 28.05.2019 ཉིན། 11:41 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་ས་མིག་གསལ་བསྒྲགས།

ཁྲི་ཟུར་རྒྱ་ལོ་དོན་གྲུབ་ཆེད་མཆོད་འབུལ་སྨོན་ལམ་ཚོགས་པ།

བོད་ཀྱི་གསོ་བ་རིག་པའི་དཔྱད་མཆོག་གཏར་གའི་གསང་གནས་དང་ཕན་ཡོན།

རྫོགས་རིམ་པའི་རྣམ་གཞག་བཤད་པ།

ཡན་ལག་སྨན་ཁང་གསར་པ་དབུ་འབྱེད།

དཔེ་མཛོད་དོ་དམ་པའི་ས་མིག་གསལ་བསྒྲགས།

དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་རྒྱན་ལས་སེམས་ཀྱི་འཇིག་རྟེན་བཤད་པ།

ཡིད་སྐྱོའི་གནས་ཚུལ།

གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཚོགས་པ།

གློ་ཚད་གཉན་སྲིན་ཁྱབ་གདལ།

བལ་ཡུལ་དུ་སྨན་རྩིས་ལས་སྣེ་ས་མིག

ཧོར་གྱི་མེ་བཙའི་འབྱུང་ཁུངས་ལ་དཔྱད་པ།

སྤྱི་ཁྱབ་འགན་འཛིན་གྱི་བོད་དྲུང་ས་མིག་གསལ་བསྒྲགས།

སྨན་རྩིས་ལས་སྣེ་བདུན་གྱི་ས་མིག་གསལ་བསྒྲགས།

མེ་རི་ཊིའི་གཙུག་ལག་སློབ་ཡོན་གྱི་ལས་གཞི་ལོ་བཅུ་འཁོར་བའི་མཛད་སྒོར་བཅར།