སྨན་རྩིས་དྲ་བ། - མདུན་ངོས།

ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་དགུ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 06.03.2019
མདུན་ངོས། >>

 ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཐེངས་དགུ་པ།

བཞུགས་སྒར་བོད་ཀྱི་སྨན་རྩིས་ཁང་གི་ལུས་སེམས་སྲོག་གི་སྡེ་ཚན་ནས་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་དགུ་པ་དེ་རྒྱ་གར་ལྷོ་ཕྱོགས་སྦེང་ག་ལུ་རུར་སྨན་རྩིས་ཁང་གི་བདེ་ཐང་ལྟེ་གནས་ Men Tsee Khang Wellness Centre སུ་འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༣ - ༡༤ ཉིན་གཉིས་རིང་གོ་སྒྲིག་ཞུ་རྒྱུ་རེད། འདི་ལོའི་ཚོགས་ཆེན་གྱི་བརྗོད་གཞི་དེ་ཡང་ཚོགས་ཐེངས་སྔ་མ་ཇི་བཞིན་ Nurturing a Child’s Mental Health (བྱིས་པའི་སེམས་ཁམས་གསོ་སྐྱོང་)ཞེས་རང་འཇགས་བཞག་གནང་ཡོད། བརྗོད་གཞི་འདི་ནི་དེང་རབས་འགྲན་བསྡུར་གྱིས་ཀུན་ནས་ཁྲིད་ཅིང་ཟང་ཟིང་ཆེ་བའི་མིའི་སྤྱི་ཚོགས་ནང་བྱིས་པའི་སེམས་ཁམས་སྲུང་སྐྱོབ་བྱེད་རྒྱུ་ཧ་ཅང་གི་དོན་རྐྱེན་ཆེ་བ་ཞིག་གྱུར་ཡོད་སྟབས། བརྗོད་གཞི་དེ་ཉིད་ཀྱི་སྟེང་རིག་གནས་ཆེ་བ་དགུ་སྟེ། བོད་ཀྱི་ནང་དོན་རིག་པ་གཙོ་བོར་གྱུར་པའི་སྨན་རྩིས་རིག་པ། རྒྱ་གར་ཚེའི་རིག་བྱེད། ཡུནྰནི། སིདྡྷ། ཡོ་ག ཧོ་མི་ཡོ་པེ་ཐི། དེང་རབས་སྨན་གྱི་རིག་པ་བཅས་ཀྱི་མཁྱེན་ལྡན་རྣམས་ནས་རང་རང་གི་ལུགས་སུ་བྱིས་པའི་སེམས་ཁམས་གསོ་སྐྱོང་བྱེད་ཐབས་ཐོག་བགྲོ་གླེང་གནང་རྒྱུ་རེད། སྤྱིར་བགྲོ་གླེང་ཚོགས་ཆེན་འདི་ཨིན་སྐད་ཉིད་དུ་ཚོགས་རྒྱུ་ཡིན་ན་སྦེང་ལོར་ས་ཁུལ་དུ་བཞུགས་པའི་རང་རིགས་སློབ་གཉེར་བ་རྣམས་དང་དོན་གཉེར་ཡོད་པ་རྣམས་ནས་ཚོགས་བཅར་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པ་སྨོས་མེད་ཡིན།

བགྲོ་གླེང་ཚོགས་ཆེན་དུ་དེབ་འགོད་བྱེད་སྟངས་དང་། རིན་བབ། མཐུན་རྐྱེན། ཚོགས་དུས་རེའུ་མིག་སོགས་གཤམ་གྱི་དྲ་ཐག་ལ་གནོན་ནས་ཤེས་ཐུབ།

འདིར་ནོན། ཚོགས་ཆེན་ཐེངས་ ༩ པའི་དེབ་ཆུང་།  

མཐའ་མའི་འདོན་ཐེངས་།: 07.03.2019 ཉིན། 2:42 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།