ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བརྒྱད་པ། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2018 |
ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་བརྒྱད་པ།
(༢༠༡༨།༠༩།༣༠ ནས་ ༢༠༡༨།༡༠།༠༡ བར།)
བོད་ཀྱི་སྨན་རྩིས་ཁང་ལུས་སེམས་སྲོག་གི་སྡེ་ཚན་གྱིས་གོ་སྒྲིག་འོག་ལོ་ལྟར་ལུས་སེམས་སྲོག་གི་བགྲོ་གླེང་ཚོགས་ཆེན་ཐེངས་གཉིས་ཚོགས་མུས་བཞིན།ཕྱི་ལོ ༢༠༡༨ ཟླ་༩ ཚེས་ ༣༠ ནས ཟླ་ ༡༠ ཚེས་༡ བཅས་ཉིན་གཉིས་རིང་བཞུགས་སྒར་དྷརྨ་ཤཱ་ལར་༼བྱིས་པའི་སེམས་ཁམས་གསོ་སྐྱོང་༽ཞེས་པའི་བརྗོད་གཞིའི་ཐོག་རིག་གཞུང་སྡེ་ཁག་མི་འདྲ་བ་བརྒྱད་ཀྱི་ཆེད་ལས་པ་གདན་ཞུས་ཀྱིས་ཚོགས་གཏན་ཁེལ་ཡོད།
བརྗོད་གཞི་འདིའི་སྟེང་ཚོགས་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ནི། འབྱུང་འགྱུར་གྱི་སྣོད་བཅུད་གཉིས་ཀྱི་བདེ་འཇགས་དང། སྤྱི་ཚོགས་དང་ཁྱིམ་ཚང་། མི་སྒེར་བཅས་ཀྱི་བདེ་སྐྱིད་ཀྱི་རྩ་བ་ཚུགས་ས་ནི་བྱིས་པ་གཞོན་ནུ་རྣམས་ཀྱི་བསམ་བློའི་ཀུན་སྤྱོད་དང་རིན་ཐང་ལ་རག་ལུས་ཡོད་སྟབས། བྱིས་པའི་ན་ཚོད་དང་བསྟུན་ནས་བྱིས་པའི་སེམས་གཤིས་འཇམ་པོ་ཞིག་དང་། མི་གཞི་ཡག་པོ་ཞིག།བྱམས་བརྩེའི་འགན་ཁུར་ཞིག ཀུན་སྤྱོད་ལྷད་མེད་ཅིག མི་ཚེ་དོན་ལྡན་ཞིག་ཡོང་བ ལ་ཕ་མ་དང།དགེ་རྒན།སྤྱི་ཚོགས་བཅས་ཁྱོན་ཡོངས་ལ་འགན་འཁྲི་གང་དང་གང་ཡོད་སྐོར་གྱི་སློབ་གསོའི་སྒྲོམ་གཞི་ཚད་ལྡན་ཞིག་དང་། གཅིག་གྱུར་ཞིག སྤྱི་ཁྱབ་ཅིག་དཀོན་པར་བརྟེན་བརྗོད་གཞི་འདིའི་ཐོག་བགྲོ་གླེང་བསྐོང་ཚོགས་བྱེད་ཀྱི་ཡོད་པས་འཛམ་གླིང་སྟེང་གི་རྒྱ་ཆེ་བའི་དོན་གཉེར་ཅན་ཚོས་ཐུགས་སྣང་གང་མང་ཡོང་བའི་གསལ་བསྒྲགས་སུ།
འདིར་ནོན། ཚོགས་ཆེན་ཐེངས་ ༨ པའི་དེབ་ཆུང་། ཨིན་སྐད།
མཐའ་མའི་འདོན་ཐེངས་།: 05.07.2018 ཉིན། 10:11 AM
<< སྔ་མ།