རྟ་དབང་དུ་ཡན་ལག་སྨན་ཁང་གསར་རྒྱག་སྟ་གོན། |
བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 09.07.2021 |
རྟ་དབང་དུ་ཡན་ལག་སྨན་ཁང་གསར་རྒྱག་སྟ་གོན།
ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༤ ཉིན་ཨ་རུ་ནཱ་ཅལ་མངའ་སྡེའི་རྟ་དབང་ས་གནས་སུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གཏན་འཇགས་ཤིག་གསར་རྒྱག་ཆེད་དུ། རྟ་དབང་དགོན་པའི་མཁན་པོ་སྐྱབས་རྗེ་བརྒྱ་འབུམ་སྤྲུལ་སྐུ་རིན་པོ་ཆེ་མཆོག་དང་། དེ་བཞིན་དགའ་ལྡན་རྣམ་རྒྱལ་ལྷ་རྩེའི་དགེ་འདུན་པ་རྣམས་ནས་ས་བདག་འཁྲུགས་བཅོས་ཀྱི་ཆོ་ག་ཕྱག་ལེན་མཛད་གནང་ཡོད།
དེའི་སྐབས་རྟ་དབང་ Commissioner གཞོན་པ། IAS སྐུ་ཞབས་གསང་ཕུན་ཚོགས་ལགས་དང་། རྟ་དབང་ LAMPS ཚོགས་གཙོ་སྐུ་ཞབས་རྡོ་རྗེ་ནོར་བུ་ལགས་རྣམ་གཉིས་ཀྱང་མཛད་སྒོར་མཉམ་ཞུགས་བྱས་ཡོད།
དེ་ཡང་ཨ་རུ་ནཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་། ཨ་རུ་ནཱ་ཅལ་མངའ་སྡེ་སྲིད་གཞུང་གཉིས་ནས་རྟ་དབང་ས་གནས་ཁུལ་དུ་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་གཏན་འཇགས་ཤིག་གསར་རྒྱག་ཆེད་དུ་ས་གཞི་དང་། ཨར་པོའི་འགྲོ་གྲོན་མཐུན་རྐྱེན་སྦྱར་གནང་བར་བཞུགས་སྒར་སྨན་རྩིས་ཁང་ནས་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་ཡིན།
མཐའ་མའི་འདོན་ཐེངས་།: 09.07.2021 ཉིན། 11:22 AM
<< སྔ་མ།