སྨན་རྩིས་དྲ་བ། - སྨན་རྩིས་འདོན་ཆོག

རྒྱུན་ཆགས་གསུམ་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2024
སྨན་རྩིས་འདོན་ཆོག >>




རྒྱུན་ཆགས་གསུམ་པ།

སྟོན་པ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་དཔལ་རྒྱལ་བ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། མཆོད་དོ་སྐྱབས་སུ་མཆིའོ།། གང་ཚེ་རྐང་གཉིས་གཙོ་བོ་ཁྱོད་བལྟམས་ཚེ།། ས་ཆེན་འདི་ལ་གོམ་པ་བདུན་བོར་ནས།། ང་ནི་འཇིག་རྟེན་འདི་ན་མཆོག་ཅེས་གསུངས།། དེ་ཚེ་མཁས་པ་ཁྱེད་ལ་ཕྱག་འཚལ་ལོ།། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ།། ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ།། གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ།། མགོན་པོ་མཆོག་བརྙེས་ཁྱེད་ལ་ཕྱག་འཚལ་ལོ།། མཚན་མཆོག་ལྡན་པ་དྲི་མེད་ཟླ་བའི་ཞལ།། གསེར་མདོག་འདྲ་བ་ཁྱེད་ལ་ཕྱག་འཚལ་ལོ།། རྡུལ་བྲལ་ཁྱོད་འདྲ་སྲིད་པ་གསུམ་མ་མཆིས།། མཉམ་མེད་མཁྱེན་ཅན་ཁྱེད་ལ་ཕྱག་འཚལ་ལོ།། མགོན་པོ་ཐུགས་རྗེ་ཆེ་ལྡན་པ།། ཐམས་ཅད་མཁྱེན་པའི་སྟོན་པ་པོ།། བསོད་ནམས་ཡོན་ཏན་རྒྱ་མཚོའི་ཞིང་།། དེ་བཞིན་གཤེགས་ལ་ཕྱག་འཚལ་ལོ།། དག་པས་འདོད་ཆགས་བྲལ་བར་གྱུར།། དགེ་བས་ངན་སོང་ལས་གྲོལ་ཅིང་།། གཅིག་ཏུ་དོན་དམ་མཆོག་གྱུར་པ།། ཞི་གྱུར་ཆོས་ལ་ཕྱག་འཚལ་ལོ།། གྲོལ་ནས་གྲོལ་བའི་ལམ་ཡང་སྟོན།། བསླབ་པ་དག་ལ་རབ་ཏུ་གནས།། ཞིང་གི་དམ་པ་ཡོན་ཏན་ལྡན།། དགེ་འདུན་ལ་ཡང་ཕྱག་འཚལ་ལོ།། སངས་རྒྱས་གཙོ་ལ་ཕྱག་འཚལ་ལོ།། སྐྱོབ་པ་ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་སྡེ་ལ་ཕྱག་འཚལ་ལོ།། གསུམ་ལ་རྟག་ཏུ་གུས་ཕྱག་འཚལ།། ཕྱག་བྱར་འོས་པ་ཐམས་ཅད་ལ།། ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱི།། ལུས་བཏུད་པ་ཡིས་རྣམ་ཀུན་ཏུ།། མཆོག་ཏུ་དད་པས་ཕྱག་འཚལ་ལོ།། སྐར་མ་རབ་རིམ་མར་མེ་དང་།། སྒྱུ་མ་ཟིལ་པ་ཆུ་བུར་དང་།། རྨི་ལམ་གློག་དང་སྤྲིན་ལྟ་བུར།། འདུས་བྱས་ཆོས་རྣམས་དེ་ལྟར་ལྟ།། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཡི།། གོ་འཕང་ཐོབ་ནས་སྐྱོན་གྱིས་དགྲ་བཏུལ་ཏེ།། རྒ་དང་ན་དང་འཆི་བའི་རླབས་འཁྲུག་པའི།། སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།






མཐའ་མའི་འདོན་ཐེངས་།: 04.07.2024 ཉིན། 12:52 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།