སྨན་རྩིས་དྲ་བ། - སྨན་རྩིས་འདོན་ཆོག

རྒྱུད་བཞིའི་བཀའ་སྲུང་ཞང་བློན་གྱི་སྒྲུབ་ཐབས་བསྡུས་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 04.07.2024
སྨན་རྩིས་འདོན་ཆོག >>

 



༄༅།། རྒྱུད་བཞིའི་བཀའ་སྲུང་ཞང་བློན་གྱི་ཟུར་འདེབས་བཞུགས་སོ།།

རང་སྨན་བླར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས་རང་བཞིན་གྱི་གནས་དང་བྱང་ཕྱོགས་ལྕང་ལོ་ཅན་སོགས་ནས་ཞང་བློན་འཁོར་དང་བཅས་པ་དཔག་ཏུ་མེད་པ་སྤྱན་དྲངས་ཨོཾ་མཧཱ་ཀལ་ཙིཏྟ་རག་ར་གེ་ཧཱུཾ་བཛྲ་སམཡ་ཛ་ཛ༔ ཞེས་དྲངས་ལ་ ཧཱུྃ༔ འོག་མིན་སོགས་ནས་རྒྱས་པར་འདོད་ན་ ཁཱ་ཧི་ ནས་ ཧཱུྃ༔ གོས་སྔོན་སོགས་ནས་འགྲུབ་པར་མཛོད༔ དེ་ནས་རང་སྔགས་གང་འདོད་བཟླས་པ་ནི༔ རང་སྨན་བླར་གསལ་བའི་ཐུགས་ཀ་སོགས་ནས་བསྙེན་པ་ཅི་ནུས་བྱའོ༔ དེ་ནས་འདོད་གསོལ་བྱ་ཞིང་གཏོར་མ་ཕུལ༔ འབྲུ་གསུམ་རང་སྔགས་དང་གཏོར་སྔགས། དཔལ་རྡོ་རྗེ་བདུད་འདུལ་གནོད་སྦྱིན་ནག་པོ་ཁྲག་རལ་ཅན་གནོད་སྦྱིན་གྱི་སྡེ་དཔོན་བཅུ་གཉིས་ཞང་བློན་སྡེ་དགུ་སྨན་གྱི་ལྷ་མོ་དཔལ་ཕྲེང་མ་འཛམ་གླིང་སྨན་ལྗོངས་མཚོ་གླིང་རྣམས་སྐྱོང་བར་མཛད་པ་བསྟན་མའི་ཚོགས་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་དར་བ་དང་འཇིག་རྟེན་ཁམས་སུ་སྨན་རྒྱུད་སྙིང་ཐིག་གི་བསྟན་པ་རྒྱས་པ་དང་། ཁྱད་པར་སྨན་བླའི་རིག་རྒྱུད་འཛིན་པ་རྣམས་གདུལ་བྱ་འཕྲིན་ལས་རྒྱས་ལ་འགལ་རྐྱེན་བར་ཆད་མཐའ་དག་བཟློག་པ་དང་འགྲོ་བ་སེམས་ཅན་ཀུན་གྱི་མི་ནད་ཕྱུགས་ནད་རིགས་བཞི་བརྒྱ་རྩ་བཞི་ཞི་ཞིང་མི་འབྱུང་བ་དང་སྙིགས་མ་ལྔ་བདོའི་དུས་ནད་རིམས་ཡམས་གག་ལྷོག་གཟེར་གསུམ་འཛུམ་པ་ལྟག་དགྱེ་གཟེར་ཐུང་དལ་ཁ་ཐམས་ཅད་བསྒྱུར་ཅིང་བཟློག་པ་དང་ཚེ་དང་བསོད་ནམས་བསྟན་པ་དར་ཞིང་རྒྱས་ལ་མཐར་ཐུག་བདག་སོགས་སེམས་ཅན་ཐམས་ཅད་སངས་རྒྱས་སྨན་བླའི་གོ་འཕང་འཐོབ་པའི་འཕྲིན་ལས་མཛོད་ཅིག། ཅེས་གོང་གི་ཧཱུཾ་སྔོན་ཚེ་རྒྱལ་བའི་སོགས་འཕྲིན་བཅོལ་བྱ། ཞང་བློན་ཀྱི་ཟུར་འདེབས་འདི་ཡང་ཚ་བ་སྒང་བླ་མ་ཀརྨ་བསྟན་འཛིན་ཆོས་རྒྱལ་གྱིས་བསྐུལ་ངོར། ཆགས་སྤྲུལ་ལྔ་པ་ཀརྨ་ཚེ་དབང་ཀུན་དགའ་རྒྱལ་མཚན་རབ་བརྟན་དཔལ་བཟང་པོས་བྲིས་པས་འགྲོ་བ་སེམས་ཅན་རྣམས་ལ་ཕན་གྱུར་ཅིག། སརྦ་མངྒལཾ།།



 


མཐའ་མའི་འདོན་ཐེངས་།: 04.07.2024 ཉིན། 2:27 PM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།