སྨན་རྩིས་དྲ་བ། - མདུན་ངོས།

རྒྱུད་གསུམ་ངག་རྒྱུགས་ལེགས་གྲུབ་བྱུང་བ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 24.11.2021
མདུན་ངོས། >>


རྒྱུད་གསུམ་ངག་རྒྱུགས་ལེགས་གྲུབ་བྱུང་བ།

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ལྷག་དཀར་ཉིན་ནས་ཚེས་ ༢༠ བར་ཉིན་བཞིའི་རིང་སྨན་སློབ་བདུན་གྱིས་ལོ་ངོ་ལྔ་ཙམ་རིང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་འདི་ལོ་བོད་ཀྱི་གསོ་རིག་སྨན་གཞུང་རྒྱུད་གསུམ་ཆ་ཚང་རེ་གདན་ཐོག་གཅིག་ལ་ངག་རྒྱུགས་འབུལ་ཐུབ་པ་བྱུང་ཡོད།


དྷ་ས་སྨན་རྩིས་མཐོ་སློབ་ཁང་གི་སྐབས་ཉི་ཤུའི་སྨན་སློབ་རྣམས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༡ ནས་ཟླ་ ༡༡ ཚེས་ ༡༢ བར་ཟླ་གཅིག་ལྷག་ཙམ་རིང་གསོ་རིག་ཐོན་རྒྱུགས་ཆེན་མོའི་ཁོངས་ངག་རྒྱུགས་དང་། སྡོང་འགྲེམས། ཡིག་རྒྱུགས། བྱང་ཁོག་ཡུལ་ཐིག སྔོ་ཁྲོག་ངོས་འཛིན་བཅས་ལེགས་པར་གྲུབ་རྗེས།

ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༧ རེས་གཟའ་ལྷག་པ་རྒྱལ་བའི་ྋསྐུའི་ལྷག་དཀར་ཉིན་ནས་ཚེས་ ༢༠ བར་ཉིན་བཞིའི་རིང་སྨན་སློབ་འཆི་མེད་བདེ་འཛོམས་དང་། བསྟན་འཛིན་ཚེ་ལྷ། ཐུབ་བསྟན་དཔལ་ལྡན། རིན་ཆེན་ཆོས་འཛོམས། བདེ་ཆེན་སྒྲོལ་དཀར། བསྟན་འཛིན་མཆོག་ལྡན། བསྟན་འཛིན་རྣམ་གྲོལ་བཅས་བདུན་གྱིས་ལོ་ངོ་ལྔ་ཙམ་རིང་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་དཀའ་སྤྱད་འབད་བརྩོན་ཧུར་ཐག་བགྱིས་པར་བརྟེན། བོད་ཀྱི་གསོ་བ་རིག་པའི་མ་ཕྱིའམ་རྩ་བ་དཔལ་ལྡན་རྒྱུད་བཞི་ལས་རྩ་བའི་རྒྱུད་དང་། བཤད་པའི་རྒྱུད། ཕྱི་མ་རྒྱུད་བཅས་རྒྱུད་གསུམ་ཆ་ཚང་རེ་མཐོ་སློབ་འཕར་རྒྱུགས་སྒྲིག་གཞིའི་དགོངས་དོན་བཞིན་ཡིག་ཚད་ཚོགས་ཆུང་དང་། དགེ་སློབ་བཅས་རྒྱུགས་དཔང་ཚང་འཛོམས་ཐོག་བློ་འཛིན་རྒྱུགས་འབུལ་ལེགས་གྲུབ་བྱུང་ཡོད།


དེ་ནས་ཕྱི་ཚེས་ ༢༣ ནས་ ༢༦ བར་ཉིན་བཞིའི་རིང་ཕྱི་ནང་གི་སྨན་པ་བགྲེས་གྲས་ཁག་གདན་ཞུས་ཀྱིས་སློབ་མ་རྣམས་ལ་ལག་ལེན་དམར་ཁྲིད་ཐོག་ཟབ་སྦྱོང་འབུལ་རྗེས། འབྱུང་འགྱུར་ལོ་གཅིག་རིང་ས་གནས་ཡན་ལག་སྨན་ཁང་ཁག་ཏུ་ཉམས་གསོག་ལ་བསྐྱོད་རྒྱུ་ཡིན་པ་རེད།





མཐའ་མའི་འདོན་ཐེངས་།: 25.11.2021 ཉིན། 11:13 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།