སྨན་རྩིས་དྲ་བ། - ཆེད་རྩོམ།

རྒྱུད་གསུམ་གྱི་ཚིག་དོན་གནད་འགའ་ཞིག་ལ་དཔྱད་པ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 30.12.2013
ཆེད་རྩོམ། >>



གསོ་རིག་རྒྱུད་བཞི་ལས་རྩ་བཤད་ཕྱི་གསུམ་གྱི་རྒྱུད་ཚིག་དོན་གནད་འགའ་ཞིག་ལ་ཅུང་ཟད་དཔྱད་པའི་ཚུལ་གླེང་བ་

བཻཌཱུརྱ་སྔོན་པོའི་བཞེད་དགོངས་བཞུགས་སོ།།

 མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཞིང་མཚོ་སྔོན་མི་རིགས་པར་འདེབས་བཟོ་གྲྭས་པར་བཏབ་པའི་

༼རྒྱུད་བཞི་༽པར་ཐེངས་གཉིས་པར་དཔྱད་པ།

 

སྨན་པ་ཨེ་པ་བསོད་ནམས་རིན་ཆེན།

 

ན་མོ་བྷཻཥཛྱེ་གུ་རུ་བཻཌཱུརྱ།

རབ་བརྗིད་སེང་ཁྲི་པད་སྡོང་ཉི་ཟླའི་སྟེང་། །

སྣ་ཚོགས་གཟི་བྱིན་རབ་འབར་སྤྲུལ་པའི་སྐུ། །

རིགས་འདུས་སྨན་ལྷའི་དཀྱིལ་འཁོར་རྒྱས་པའི་གཙོ། །

རིགས་ལྔའི་བདག་པོ་སྨན་གྱི་བླ་མར་འདུད། །

 

རབ་ཏུ་ཞི་བ་གཡོ་མེད་ཆོས་སྐུའི་དབྱིངས། །

ཀུན་ཏུ་རོལ་མཛད་འགྲོ་དོན་གར་གྱི་གནས། །

རབ་གསལ་ཁྲོ་བའི་ཉམས་འགྱུར་ཡིད་དམ་ལྷ། །

མཆོག་ཐུན་དངོས་སྟེར་རྟ་མགྲིན་སྙིང་གར་བཞུགས། །

 

སྔོན་ཚེ་སྟོན་པས་གསོ་རིག་བསྟན་སྲུང་གཙོར། །

བཀའ་བསྩལ་ཕྱིས་ནས་པདྨ་ཀ་རའི་ཞབས། །

བསྟན་པ་འདི་འཛིན་བསྟན་དགྲ་རྡུལ་རློགས་པའི། །

གཡར་དམ་མངོན་གྲུབ་ཞང་བློན་སྡེ་དགུས་གཟིགས། །

ཞེས་མཆོད་ཡུལ་སྐྱབས་གནས་རྩ་བ་གསུམ་ལ་མོས་གུས་དང་བས་བཏུས་ཏེ་སྐབས་སུ་བབས་པ་དཔལ་ལྡན་གསོ་རིག་རྒྱུད་བཞི་ལས། རྩ་རྒྱུད། བཤད་རྒྱུད། ཕྱི་མ་རྒྱུད་གསུམ་གྱི་ཚིག་དོན་འཁྲུལ་ཆ་དོགས་གནད་འགའ་ཞིག་ལ་ཅུང་ཟད་དཔྱད་པའི་ཚུལ་གླེང་བ་བཻཌཱུར་སྔོན་པོའི་དགོངས་རྒྱན། ཞེས་པ་འདི་ཉིད་བགྱིས་པའི་མཚམས་སྦྱོར་སྙིང་བསྡུས་ཞུ་བ་ལ། དང་པོ། དཔལ་ལྡན་གསོ་རིག་རྒྱུད་བཞིའི་འབྱུང་བ་དང་ཞུས་ཆེན་རིམ་པ་ཇི་བྱུང་གི་སྐོར། གཉིས་པ། སྐབས་སུ་དཔྱད་གཞིར་ཁས་བླངས་པའི་རྒྱུད་ཀྱི་རྩ་འགྲེལ་དང་དེར་དཔྱད་པའི་རྒྱུ་མཚན། གསུམ་པ། དངོས་དོན་གླེང་གཞིར་འགྱུར་བའི་དཔྱད་བྱ་ཁག་གི་དོན་གནད་ངོ་སྤྲོད། བཞི་པ། འཕྲོས་དོན་དང་མཇུག་བསྔོ་བཅས་སོ། །

 

དང་པོ། གསོ་རིག་རྒྱུད་བཞིའི་འབྱུང་བ་སྙིང་བསྡུས་དང་ཞུས་ཆེན་རིམ་པ་ཇི་བྱུང་གི་སྐོར།

གཅིག གསོ་རིག་རྒྱུད་བཞིའི་འབྱུང་བ་སྙིང་བསྡུས། དེང་གི་ཆར་དཔལ་ལྡན་གསོ་རིག་རྒྱུད་བཞིའི་འབྱུང་ཁུངས་སྨྲ་བ་པོ་འགའ་རེས་གསོ་བ་རིག་པའི་འབྱུང་བ་དང་དཔལ་ལྡན་རྒྱུད་བཞིའི་འབྱུང་བ་གཉིས་ངོ་མ་ཕྱེས་པར། བཻཌཱུརྱ་སྔོན་པོ་སོགས་རང་ལུགས་སུ་ཁས་བླངས་པའི་རྒྱུད་འགྲེལ་ཁག་དང་།  སྔ་དགོངས་ནམ་ཡིན་ལ་ཞལ་ནས་ཆད་མེད་འདོན་བཞིན་པའི་དཔལ་ལྡན་རྒྱུད་བཞིའི་བླ་རྒྱུད་གསོལ་འདེབས། གཞན་ཡང་།  མདོ་རྒྱུད་དཔངས་པོར་འཛིན་པའི་སྐྱེས་ཆེན་གྱི་གསུང་ཚད་མ་དག་རྒྱང་རིང་དུ་དོར་ཏེ་རང་གི་རྟགས་བཟོའི་བློ་རིག་ལས་ཐོན་པའི་དཔྱད་པ་དང་མཁས་པ་ཆ་གེ་མོའི་གསུངས་ཚིག་སྐམ་པོ་རེ་ལུང་འདྲེན་གྱིས་གསོ་བ་རིག་པའི་ལོ་རྒྱུས་སྨྲ་བ་པོར་རློམ་པ་འགས། ཚད་ཐུབ་རྒྱུད་ཀྱི་འབྱུང་ཁུངས་ཀྱང་ཁ་ཕྱོགས་གཞན་ཞིག་ཏུ་འགྲེལ་བཞིན་འདུག་མོད། དེ་དག་ནི་གླེང་བྱར་མ་བབས་པས་བཏང་སྙོམས་སུ་བཞག་ལ། སྐབས་འདིར་རང་ལུགས་བྱང་ཟུར་གྱི་དགོངས་བཅུད་སྙིང་པོར་བསྡུས་པ། (དེ་ལ་བཻ་སྔོན་མཛད་པ་པོ། བྱང་ཟུར་མཁས་པས་བསྟན་བཅོས་མཛད་པ་ལ། །འགྲན་ཟླ་མིན་ཡང་དད་པས་རྗེས་འབྲངས་ནས། །ཟུང་གི་གསོ་དཔྱད་དཀའ་གནད་འགྲེལ་ཚོགས་ལས། །འོ་མའི་ནང་ནས་མར་བཞིན་སྙིང་པོར་བསྡུས། །ཞེས་གསུངས་ཕྱིར།) བཻ་སྔོན་དང་རྗེ་གཡུ་ཐོག་པའི་ཐུགས་སྲས་སུམ་སྟོན་ཡེ་ཤེས་ཀྱིས་མཛད་པའི་བླ་བརྒྱུད་རྣམ་ཐར་སོགས་རྒྱུད་འགྲེལ་ཕལ་མོ་ཆེའི་དགོངས་པ་གཞིར་བཞག་སྟེ་འཆད་པ་ལ། དེ་ཡང་རྒྱུད་འགྲེལ་བཻ་སྔོན་དུ། རྒྱུད་འདི་ཉིད་བཀའ་བསྟན་ལ་བཞེད་པ་མང་ཙམ་ཡོད་པ་ལས་ངོ་བོ་ནི་བཀའ་ཁོ་ན་ཡིན་ཅིང་དེའི་ཚུལ་རྒྱས་པ་ཡོད་ཀྱང་སྐབས་འདིར་བསྡུས་ལ་མཚོན་ཙམ་ནི། ཕྱི་ནང་གསང་བ་གསུམ་གྱི་སྒོ་ནས་བཤད་ན། ཕྱི་ལྟར་བཀའ་ཤ་སྟག་ལ་སོམ་ཉི་མ་དགོས་ཀྱང་རྗེ་ཡོན་ཏན་མགོན་པོར་བོད་ཡུལ་དང་འཚམས་པའི་ཚིག་དོན་གསལ་དགོས་པར་ལུང་བསྟན་པ་ལྟར་ནག་རྩིས་ཀྱི་གཞུང་དང་བསྟུན་དགོས་ཇ་དཀར་ཡོལ། མ་བུ་དགྲ་གྲོགས་སོགས་ཚིག་གི་ཡས་མས་མང་པོར་རྒྱ་གར་གྱི་མིན་པ་ཡོད་པར་བརྟེན། བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་སྟག་ལོ་སོགས་མཁས་པ་ཁ་ཅིག་ཀྱང་བོད་ཀྱི་བསྟན་བཅོས་སུ་འཁྲུལ་བ་དང་།  དེར་བརྟེན་གྱི་མཛད་པ་པོ་སྣ་ཚོགས་སུ་བཤད་པ་ཡོད་ནའང་རྒྱུད་བཞི་རྩ་བར་མ་ཚང་བ་རྣམས་གཡུ་ཐོག་ཡོན་ཏན་མགོན་པོ་དེ་ཉིད་ཀྱིས་རྒྱ་ནག་གི་འགྱུར་ཟླ་བའི་རྒྱལ་པོ་སོགས་ཀྱི་ཉིང་ཁུ་དང་བོད་ཀྱི་ཡུལ་དང་མཚུངས་པར་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་མན་ངག་གི་རྒྱུད་ཅེས་པར་ཕྱི་མ་དང་མན་ངག་རྒྱུད་གཉིས་ལ་བསྣན་ཁ་མང་བ་དང་།  རྩ་རྒྱུད་དུ་རྒྱུད་ལེའི་གྲངས་དང་བཤད་རྒྱུད་དུ་སྨན་ལེ་སོགས་ལ་ཡང་ཐོར་བུ་བསྣན་ཏེ་མཛད་ཀྱང་དེ་ལ་དབྱེ་བ་མེད་པར་ཐམས་ཅད་བཀའི་ཚུལ་ནི་སྙིགས་དུས་ཀྱི་སྐྱེ་བོ་དོན་ལ་མི་དཔྱོད་ཅིང་ཚིག་ལ་བལྟ་བ་རྣམས་ཀྱི་ངོར་བློ་དྲང་བའི་ཕྱིར་བཀའ་ལྟར་མཛད་པ་ཡིན་ཀྱང་དེ་ལ་ཉེས་པ་མི་འཇུག་པ་ནི་བཀའ་གདམས་ཐིག་ལེ་བཅུ་དྲུག་ཇོ་བོ་ཡབ་སྲས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་རོལ་གར་ལས་ཤར་ནའང་དོན་གྱིས་བརྒྱུད་པ་རྡོ་རྗེ་འཆང་ནས་རིམ་པར་འབྱུང་བ་ལྟར་ཡིན། ནང་ངམ་གསོ་དཔྱད་རང་ལུགས་ལྟར་ན། གསེར་འོད་དམ་པའི་འགྱུར་གཅིག་ཏུ། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་སྡུད་པ་ལ་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི་ནད་རབ་ཏུ་ཞི་བར་བྱས་པའི་ལེའུ་བཀའ་སྩལ་ལོ། །དེའི་ཚེ་དེའི་དུས་ན་སངས་རྒྱས་སྨན་གྱི་བླ་རུ་སྐུ་སྤྲུལ་ནས་གསོ་བ་རིག་པ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་བཀའ་བསྩལ་ཏོ་ཞེས་པ་ལྟར་གནས་ཀྱང་།  སྨན་གྱི་ནགས་སུ་ལོ་བཞི་སྟེ། །ཞེས་གསུངས་པའི་གནས་ལྔ་སྡེ་བཟང་པོ་ལ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་གནས་དེའི་དབུས་ན་སྨན་གྱི་རི་བོ་དང་གྲོང་ཁྱེར་རྩ་རྒྱུད་དུ་བཤད་པ་ལྟར་ཡོད་ལ། དེའི་རི་བོ་ནི་ད་ལྟ་ཡང་ཡོད་གྲོང་ཁྱེར་ནི་དྲང་སྲོང་དང་མཉམ་དུ་སྤྲུལ་པ་བསྡུས་ནས་མེད་དོ། །དེར་རྒྱུད་གསུང་བ་པོ་ནི་སྟོན་པ་ཤཱཀྱ་ཐུབ་པ་དངོས་ཀྱིས་སྨན་རྒྱལ་དུ་སྤྲུལ་པར་རྨ་བྱ་ཆེན་མོ་འགྱུར་གཅིག་ནས་གསུངས་པ་ལྟར་སྤྲུལ་གཞི་རིག་པའི་ཡེ་ཤེས་བཞི་ཡིད་ལས་སྐྱེས་དང་བཅས་པས་རྒྱུད་བཞི་རྫོགས་པར་གསུངས་པས་བཀའ་ཤ་སྟག་ཏུ་བཞེད་ལ། དེ་ཡང་སྡེ་སྣོད་གསུམ་དུ་བསྡུ་ན་མདོ་སྡེའི་སྡེ་སྣོད་ལ་འདུ་སྟེ་ཅིའི་ཕྱིར་ན། མངོན་པ་ཀུན་བཏུས་ལས། མདོ་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ། ལུང་དུ་བསྟན་པའི་སྡེ། ཚིགས་སུ་བཅད་པའི་སྡེ། ཆེད་དུ་བརྗོད་པའི་སྡེ་གང་ཡིན་པ་འདི་ནི་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དོ། །ཞེས་གསུངས་པ་ལྟར་དང་།  གསང་བ་ལྟར་ན། གསུངས་པའི་གནས་ཀྱི་གྲོང་ཁྱེར་དེ་ཡང་རྩ་རྒྱུད་སྐབས་བཤད་པ་ལྟར། ཕྱི་ནང་གསང་གསུམ་ལས་གསང་བ་ཇི་སྐད་དུ། གསང་བའི་གྲོང་ཁྱེར་ལྟ་ན་སྡུག་ཅེས་པ། །རང་ཉིད་ལུས་གནས་སྤྱི་བོ་བདེ་ཆེན་འཁོར། །རང་སེམས་བཻཌཱུརྱ་ཡི་འོད་དུ་སེམས། །མགྲིན་པ་ལོངས་སྤྱོད་མ་ལ་ཡ་རུ་སེམས། །སྙིང་ག་ཆོས་འཁོར་རི་བོ་སྤོས་ངད་ལྡན། །ལྟེ་བ་སྤྲུལ་པའི་རི་བོ་འབིགས་བྱེད་དེ། གསང་གནས་བདེ་སྐྱོང་རི་བོ་གངས་ཅན་ཡིན། །ཞེས་པ་ལྟར་མཐའ་གཅིག་ཏུ་དཀའ་ལ། ངོ་བོ་བཀའ་ཤ་སྟག་ལ་བསྣོན་ཁ་རྣམས་ཀྱང་བོད་ཀྱི་ཡུལ་དང་འཚམས་པར་སྨན་རྒྱལ་དངོས་སམ་ཐ་མི་དད་པར་མཧཱ་གུརུ་གུཎ་ནྰཐ་སྟེ་རྗེ་ཡོན་ཏན་མགོན་པོ་གསར་མ་འདི་ཉིད་ཀྱིས་གསུངས་ཤིང་།  ཞེས་དང་།  ཁྱད་དུ་འཕགས་པའི་དཔལ་ལྡན་རྒྱུད་བཞི་ཞེས་བྱ་བ་འདི་ནི། ཕྱི་རྒྱུད་ལས། རྩ་བ་ཐུགས་ཀྱི་རྒྱུད་འདི་ས་བོན་འདྲ། །འདི་ལས་མ་སྐྱེས་གསོ་དཔྱད་ཡོད་མ་ཡིན། །སྐུ་ཡི་བཤད་རྒྱུད་བར་སྣང་ཉི་ཟླ་འདྲ། །ཚིག་དོན་མ་ལུས་སྒྲིབ་མེད་གསལ་བར་སྟོན། །མན་ངག་ཡོན་ཏན་རྒྱུད་འདི་ནོར་བུ་འདྲ། །དགོས་པ་མ་ཚང་བ་ནི་གཅིག་ཀྱང་མེད། །ཕྱི་མ་འཕྲིན་ལས་རྒྱུད་ནི་ཕ་ལམ་འདྲ། །ནད་ཀྱི་སྟེང་དུ་ཐོག་པ་ཡོད་མ་ཡིན། །ཞེས་པ་ལྟར་གྱི་རྒྱུད་ཆེན་བཞི་པོ་གསུངས་གནས་ལ་དགག་བཞག་སོགས་རྩ་རྒྱུད་དུས་བརྗོད་པ་ལྟར་དོན་ཨུ་རྒྱན་ཡུལ་དུ་འཐད་ནའང་འཕྲལ་སྤྱིར་བཏང་ལྟར་བརྗོད་ན་བྱེ་བྲག་བཤད་མཛོད་ཆེན་མོའི་ལུང་དུ། ཆོས་འཁོར་གནས་དང་ཡངས་པ་ཅན། །ས་དཀར་ཅན་དང་ལྷ་ཡི་གནས། །བྱིས་པ་གསོད་དང་ཀཽ་ཤམ་བྷི། །འབྲོག་དང་མཆོད་རྟེན་རི་དང་ནི། །འོད་མའི་གྲོང་དང་སྒྲར་བཅས་དང་།  །སེར་སྐྱའི་གནས་ཀྱི་གྲོང་ཁྱེར་དུ། །འདི་དག་རྣམས་སུ་ཐུབ་པ་ཡི། །སྐྱེས་མཆོག་ལོ་རེ་ལོ་རེ་བཞུགས། །ཉི་ཤུ་རྩ་གསུམ་གཉན་ཡོད་དུ། །སྨན་གྱི་ནགས་སུ་ལོ་བཞི་སྟེ། །འབར་བའི་ཕུག་གི་གནས་སུ་གཉིས། །རྒྱལ་པོའི་ཁབ་ཀྱི་གྲོང་དུ་ལྔ། །དཀའ་བ་སྤྱད་པ་ལོ་དྲུག་སྟེ། །ཉི་ཤུ་རྩ་དགུ་ཁབ་གནས་སུ། །ཞེས་གསུངས་པའི་སྨན་གྱི་ནགས་སུ་ལོ་བཞི་སྟེ། ཞེས་པའི་སྨན་ནགས་དེ་ནི་དྲང་སྲོང་གི་གནས་ཡིན་ཏེ། དེ་དག་གི་རྒྱས་བཤད་རྩ་རྒྱུད་དུ་སོང་བ་བཞིན་གནས་ཁྱད་པར་ཅན་སྤྲུལ་ཞིང་ལྟ་ན་སྡུག་ཕྱི་ནང་གི་བཀོད་པ་བསམ་གྱི་མ་ཁྱབ་པ་དེར་བདག་ཅག་གི་སྟོན་པ་སངས་རྒྱས་ཟས་གཙང་གི་སྲས་པོ་བཅོམ་ལྡན་འདས་འཚོ་མཛད་སྨན་གྱི་བླ་བཻཌཱུརྱ་འོད་ཀྱི་རྒྱལ་པོ་ཞེས་བྱ་བའི་སྐུར་བཞེངས་ཏེ། སྐྱེས་དགུའི་བདག་པོ་སོགས་ལྷའི་འཁོར་དང་།  རྒྱུན་ཤེས་བུ་སོགས་དྲང་སྲོང་འཁོར། ཚངས་པ་སོགས་ཕྱི་པའི་འཁོར། སྤྱན་རས་གཟིགས་སོགས་ནང་པའི་འཁོར་མང་པོ་དང་བཅས་བཞུགས་པའི་དུས་སུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ནས་ཡེ་ཤེས་ལྔའི་རང་མདངས་ཀྱི་སྤྲུལ་པའི་དྲང་སྲོང་མཆེད་ལྔ་འཕྲོས་ཏེ་གསུང་སྤྲུལ་གྱིས་ཞུ་བ་པོ་དང་།  གཞན་བཞིས་འཆད་པ་པོའི་ཚུལ་དུ་གསུངས་པ་ལྟར། འཁོར་སོ་སོ་རང་རང་གི་ལུགས་སུ་གོ་བ་ལས་སྣང་མཐའི་རང་གཟུགས་གསུང་སྤྲུལ་དྲང་སྲོང་ཡིད་ལས་སྐྱེས་ཉིད་ཀྱིས་གོ་བར་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་རྒྱུད་ཅེས་པའི་རྒྱུད་བཞིའི་བཤད་རྒྱུད་ཕལ་ཆེར་དང་།  རྩ་རྒྱུད་ཐོ་ལོང་ཕྱི་མ་མན་རྒྱུད་ཀྱི་ཆ་ཙམ་དང་བཅས་པར་གོ་བ་ལྟར། གསེར་ལྗང་བརྡུངས་ཀྱི་སྤང་ལེབ་ལ་བཻཌཱུརྱས་བྲིས་ཏེ། རིམ་གྱིས་ཆིག་བརྒྱུད་ཀྱི་ཁ་ཆེའི་པཎྜི་ཏ་ཟླ་བ་མངོན་པར་དགའ་བ་བར་མཆེད་ཅེས་གསུངས་བ་ལྟར་རང་ལུགས་དཔལ་ལྡན་གསོ་རིག་རྒྱུད་བཞིའི་ཁུངས་ནི། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཉིད་ཡིན་ཅིང་།  གསང་བ་མན་ངག་གི་རྒྱུད་འདི་ཉིད་སྟོན་པ་པོ་ནི་གོང་དུ་གསུངས་པ་ལྟར་རང་ཅག་ནང་པ་སངས་རྒྱས་པའི་རིང་ལུགས་འཛིན་པ་ཡོད་དོ་ཅིག་གི་སྟོན་པ་མཉམ་མེད་ཟས་གཙང་གི་སྲས་ཤཱཀྱ་ཐུབ་པ་ཉིད་ཡིན། དེ་ཡང་རྒྱུད་ཀྱི་ཆ་ལག་ཏུ་སྟོན་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ཉིད་ཀྱིས་ཆོས་ཀྱི་འཁོར་ལོ་དང་པོ་གསུངས་པའི་དུས་སུ། (ཡེ་སྔོན་༨༩༠) འདུལ་བ་སྨན་གྱི་ལུང་བཀའ་བསྩལ་བ་དང་།  གཉིས་པའི་དུས་སུ། ཀུན་དགའ་བོ་ལ་གཅེར་མཐོང་རིག་པའི་རྒྱུད་ཆེན་པོ་ལེའུ་སུམ་སྟོང་ལྔ་བརྒྱ་དང་ཤེལ་གྱི་མེ་ལོང་གི་རྒྱུད་ལེའུ་ལྔ་བཅུ་པ་བཀའ་བསྩལ། ཆོས་ཀྱི་འཁོར་ལོ་གསུམ་པའི་དུས། སྟོན་པ་ཉིད་སྨན་གྱི་བླར་སྤྲུལ་ནས་གསོ་བ་རིག་པའི་རྒྱུད་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་བཀའ་བསྩལ་ཏོ། ཞེས་གསུངས་ལ། དེ་ལྟའི་གསང་བ་མན་ངག་གི་རྒྱུད་འདི་བཞིན་སྟོན་པ་ལས་ཇི་ལྟར་བརྒྱུད་པའི་རིམ་པ་ནི། རྗེ་བཙུན་གཡུ་ཐོག་གསར་མ་(ཡེ་ལོ་༧༤༧ ལོར་འཁྲུངས།)བའི་དངོས་སློབ་སུམ་སྟོན་ཡེ་ཤེས་ཀྱི་གསུངས་ལས། སྟོན་པ་སངས་རྒྱས་སྨན་བླ་ནས་རིམ་པར་དྲང་སྲོང་རྒྱུན་ཤེས་དང་།  འཚོ་བྱེད་གཞོན་ནུ། མགོན་པོ་ཀླུ་སྒྲུབ། དཔལ་ལྡན་ཕ་ཁོལ་(སློབ་དཔོན་དཔའ་བོ།) ཁ་ཆེ་ཟླ་བ་མངོན་དགའ། བཻ་རོ་ཙ་ན། ཁྲི་སྲོང་སྡེ་བཙན་བཅས་རིམ་པར་བརྒྱུད་པ་དང་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་ནས་རེ་ཞིག་གཏེར་དུ་སྦས་པ་དང་དེ་ནས་གྲྭ་པ་མངོན་ཤེས་ཅན་གྱིས་གཏེར་ལས་ཕྱུངས་ཏེ། དབུས་པ་དར་གྲགས་དང་འཚོ་བྱེད་དཀོན་མཆོག་སྐྱབས་ལ། དེ་ལས་རྗེ་བཙུན་གཡུ་ཐོག་གསར་མས་གསན་ཞེས་གསལ། དེ་ལ་རྗེ་བཙུན་གཡུ་ཐོག་གསར་རྙིང་གཉིས་སྐུ་སྐྱེ་གཅིག་ཡིན་མིན་སོགས་ཀྱི་གསུང་རྒྱུན་མི་འདྲ་བ་འགའ་མཆིས་རུང་།  གཡུ་ཐོག་རྙིང་མའི་མཛད་རྣམ་ལས་རྒྱ་གར་བའི་སློབ་དཔོན་ཙན་དྲ་གོ་མི་དང་བཻ་རོ་ཙ་ན་ལས་རྗེ་བཙུན་ཉིད་ཀྱིས་གསན་ཅིང་།  དེ་ནས་རིམ་པར་རྙིང་མ་བའི་རྒྱུད་འཛིན་ལྔ་སོགས་སྲས་བརྒྱུད་རིགས་འཛིན་བཅུ་གསུམ་དང་།  བཅུ་གསུམ་པ་གསར་མ་བར་བརྒྱུད་ལ། རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་གང་གི་ཡབ་དང་ཁྱད་པར་འཚོ་བྱེད་དཀོན་མཆོག་སྐྱབས་ལས་དཔལ་ལྡན་རྒྱུད་བཞི་རྫོགས་པར་གསན་པར་གྲགས། དེ་ཡང་།  བོད་རྒྱལ་ཁྲི་རབས་སོ་གསུམ་པ་ཆོས་རྒྱལ་སྲོང་བཙན་སྒམ་པོ་བྱོན་རྗེས་རྒྱལ་པོ་འདི་ཉིད་ཀྱི་བླ་ན་མེད་པའི་དགོངས་གཞིའི་མཁྱེན་རླབས་ལ་བརྟེན་བློ་རྣོ་ཞིང་སྙིང་སྟོབས་ཅན་གྱི་ཆོས་བློན་ཐུ་མི་སམ་བྷོཊ་རྒྱ་གར་འཕགས་ཡུལ་དུ་ཡི་གེ་སློབ་ཏུ་མངགས། ཐོན་མིས་ངལ་བ་དུ་མ་ཁྱད་དུ་བསད་དེ་རྒྱ་གར་དུ་ཕེབས་ཤིང་།  སྒྲ་རིག་པའི་གཞུང་ལུགས་ལ་གསན་བསམ་རྒྱ་ཆེ་གནང་སྟེ་བོད་ཡིག་ཀ་མད་སུམ་ཅུ་གསར་བཟོ་མཛད་པ་ཙམ་མ་ཟད། ཡི་གེ་ལ་བརྟེན་པའི་མིང་ཚིག་བརྗོད་པ་སོགས་ཀྱི་ལུང་གཞི་བརྡ་སྤྲོད་རིག་པའི་གཞུང་ལུགས་ཚད་ཐུབ་དར་སྤེལ་གནང་། བརྡ་སྤྲོད་ཡིག་རིགས་གསར་བཟོ་གཏན་འབེབས་མཛད་པ་དེས་བོད་མི་རིགས་ཀྱི་རིག་གནས་སྤྱི་དང་སྒོས་སུ་གསོ་བ་རིག་པའི་གཞུང་ལུགས་འཕེལ་རྒྱས་འགྲོ་རྒྱུར་མིན་ཐང་བྲལ་བའི་རྨང་གཞི་གཏོད་ཡོད་པ་གསོ་རྩིས་རིག་པའི་གཞུང་ལུགས་གཅིག་པུར་མཚོན་ན་འདི་ཚེ་རྒྱ་ནག་ནས་གོང་མ་ཐང་ཐེ་རྫུང་གི་སྲས་མོ་རྒྱ་བཟའ་འོན་ཤིང་ཀོང་ཇོ་ཆོས་རྒྱལ་སྲོང་བཙན་ཉིད་ཀྱི་བཙུན་མོར་བསུས་པས། ཀོང་ཇོས་རྒྱ་ནག་ནས་གསོ་རྩིས་རིག་པའི་གཞུང་ལུགས་སྐྱེས་སུ་བསྣམས་པ་དག་རྒྱ་བོད་ལོ་ཙཱ་བ་རྣམས་ཀྱིས་བོད་རང་ལུགས་ཀྱི་སྐད་དུ་བསྒྱུར། ལྷག་པར་བོད་ཀྱི་སྨན་པ་མཁས་པ་མང་པོ་ཞིག་གིས་རང་རང་གི་རྣམ་དཔྱོད་མྱོང་གོམས་ལས་ཐོན་པའི་གསོ་བ་རིག་པའི་གཞུང་ལུགས་ཀྱང་ཇི་སྙེད་ཅིག་བརྩམས་ཡོད།

དུས་རབས་བརྒྱད་པའི་ནང་བོད་ཀྱི་རྒྱལ་རབས་སོ་བདུན་པ་ཆོས་རྒྱལ་མེས་ཨག་ཚོམ་མམ་ཁྲི་སྡེ་གཙུག་བརྟན་གྱིས་བོད་ཀྱི་གསོ་རིག་དར་རྒྱས་ཡོང་རྒྱུར་ཐུགས་དགོངས་བཞེས་ཏེ་རྒྱ་ནག་དང་རྒྱ་དཀར། བལ་པོ། ཁ་ཆེ། དོལ་པོ་སོགས་ནས་ཕྱོགས་རིགས་སྨན་པ་མཁས་དགུ་བོད་ལ་གདན་དྲངས་ཏེ་ཡུལ་ལུང་སོ་སོའི་སྨན་དཔྱད་ལག་རྩལ་བརྒྱུད་སྤེལ་སྔར་ན་མ་གྲགས་པ་ཞིག་མཛད་ལ་དེ་ལས་ཀྱང་ཆེས་དར་རྒྱས་སུ་གཏོང་བ་པོ་ནི། ཁྲི་སྡེ་གཙུག་ལྡན་གྱི་སྲས་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་ཉིད་ཡིན། ཆོས་རྒྱལ་འདིའི་སྐུ་རིང་ལ་བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག་མཛད་རྗེས་ཆེ་ཤོས་ཀྱི་སྨན་པ་རྗེ་བཙན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་བྱོན། རྗེ་བཙུན་གཡུ་ཐོག་པ་འདིས་རང་མེས་གསོ་རིག་ཙམ་མ་ཟད། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་གསོ་རིག་གཞུང་ལུགས་ལ་ཐོས་བསམ་རྒྱ་ཆེ་གནང་།  ཁྱད་པར་རྗེ་བཙུན་ཉིད་ཀྱི་རླབས་ཆེ་ཤོས་ཀྱི་མཛད་པ་ནི་བདག་ཅག་གི་སྟོན་པས་གསུངས་པའི་གསོ་རིག་རྒྱུད་བཞིའི་ཕྱི་མོ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལ་ཉམས་ལེན་གྱིས་རྗེ་ཉིད་ཀྱི་རྣམ་དཔྱོད་དང་རང་མེས་མཁས་པའི་མྱོང་བ་སོགས་ལ་བརྟེན་ནས་བོད་རང་ལུགས་ཀྱི་ཐུན་མོང་མ་ཡིན་པའི་གསོ་རིག་དཔལ་ལྡན་རྒྱུད་བཞི་བསྡུ་སྒྲིག་གིས་ཆ་ལག་ཁ་སྐོངས་བསྣོན་མ་མཛད་དེ། རྣམ་བཤད་འཆད་ཉན་གྱི་ཆུ་རྒྱུན་གངས་ལྗོངས་འཛིན་མའི་ལྟོ་རུ་དཀྱིལ་བར་མཛད་པས། ཁོང་ནི་གསོ་རིག་རྒྱུད་བཞི་དར་རྒྱས་སུ་གཏོང་བ་པོ་ཡིན་ལ་སྔར་གླེང་ཟིན་པ་ལྟར་རྗེ་བཙུན་གསར་མ་བ་ནི་ཤིན་ཏུ་དར་རྒྱས་གཏོང་བ་པོ་ཡིན་ཅིང་།  དེང་རང་ལུགས་གསོ་རིག་རྒྱུད་བཞི་ལེའུ་བརྒྱ་དང་ལྔ་བཅུ་དྲུག་ཆ་ཚང་བར་བསྡུ་བ་པོའམ་རྩོམ་སྒྲིག་མཛད་པ་པོའང་ཡིན་པ་ནི་གསོ་རིག་ལོ་རྒྱུས་སྨྲ་བ་པོ་ཀུན་འདོད་པ་གཅིག་མཐུན་ཡིན་ནོ།།

 

གཉིས། དཔལ་ལྡན་གསོ་རིག་རྒྱུད་བཞིའི་ཞུས་ཆེན་རིམ་པ་ཇི་བྱུང་གི་སྐོར།

དེ་ཡང་།  དཔལ་ལྡན་རྒྱུད་ཀྱི་ཡིད་ཆེས་ཁུངས་བཙུན་སྟོན་པ་བླ་མ་རྒྱུད་པའི་ལོ་རྒྱུས་ལ། རྩོམ་གཞི་ལུང་གི་རྒྱུད་པ་དང་།  རྣམ་བཤད་འཆད་ཉན་གྱི་རྒྱུད་པ། སྤྲུལ་པ་དོན་གྱི་རྒྱུད་པ་བཅས་ཀྱི་རིམ་པ་ལས། སྤྲུལ་པ་དོན་གྱི་རྒྱུད་པ་ནི། རྒྱལ་བ་ཐམས་ཅད་ཀྱི་དངོས་པོ་རྩ་གསུམ་འདུས་པའི་བདག་ཉིད། སྨན་གྱི་རྒྱལ་པོ་མི་བསྐྱོད་པའི་ངོ་བོར་གྱུར་ཀྱང་།  གདུལ་བྱའི་སྣང་ངོར་མཧཱ་གུཎར་གྲགས་པ་རྒྱ་བོད་ཀྱི་གསོ་དཔྱད་ཐམས་ཅད་གསན་ཅིང་མཁྱེན་པ། རྗེ་བཙུན་འཇམ་དཔལ་དབྱངས་དང་།  སློབ་དཔོན་དཔའ་བོས་རྗེས་སུ་བཟུང་བས་འཆད་རྩོད་རྩོམ་པ་ཕུལ་དུ་བྱུང་བའི་རྗེ་གཡུ་ཐོག་པ་ཉིད་ཀྱིས་མེས་པོ་གོང་མས་སྲོལ་གཏོད་མཛད་པའི་རང་ལུགས་ཐུན་མིན་གསོ་རིག་དཔལ་ལྡན་རྒྱུད་བཞི་ཤིན་ཏུ་དར་རྒྱས་སུ་མཛད་པར་མ་ཟད་ཆ་ལག་དང་བཅས་པའི་གསར་རྩོམ་ཇི་སྙེད་མཛད། ལས་ཉོན་དབང་གིས་སྲིད་པར་ཉིང་མཚམས་སྦྱོར་བའི་སྐྱེ་རྒུ་མཐའ་དག་དུག་གསུམ་གྱིས་བསྐྱེད་པའི་གཞི་བརྒྱ་རྩ་བཞིའི་ནད་འབྱུང་བཞི་འདུས་པའི་ལུས་ལ་རང་ཆས་སུ་ཡོད་པ་སྔོན་ལས་འཕྲལ་རྐྱེན་གྱི་བྱེད་པོས་འདུ་བ་ཆ་མི་སྙོམས་པར་ནད་སྣ་ཚོགས་ཀྱིས་གཙེས་པའི་ཚོར་བ་དྲག་པོའི་ངང་ཚུལ་མྱོང་བ་རྣམས་ཡོངས་གཏད་ཀྱི་ལེའུར། འགྲོ་བའི་ལུས་ནི་འབྱུང་བ་བཞི་ལས་གྲུབ། །གསོ་བྱའི་ནད་ཀྱང་འབྱུང་བ་བཞི་ཡིས་བསྐྱེད། །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད། །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ། །ཞེས་གསོ་བྱ་གསོ་བྱེད་གསོ་བའི་ཡུལ་ཐམས་ཅད་ཕན་ཚུན་གཅིག་ལ་གཅིག་འབྲེལ་བའི་རྟེན་འབྲེལ་གྱི་དབང་ལས། རོ་ནུས་ཞུ་རྗེས་བསྡེབས་པའི་སྨན་གྱིས་ཟླ་ཉི་རཱ་ཧུའི་མཆེ་དུག་ལས་འགྲོལ་བ་ལྟར་ལུས་ངག་ཡིད་གསུམ་ལ་བདེ་བའི་བཅུད་ལེན་ཆེན་པོ་སྟེར་བར་བྱེད་པའི་ལུས་ཅན་ཀུན་གྱི་སྤྱི་ནོར་བླ་ན་མེད་པ་དཔལ་ལྡན་རྒྱུད་བཞིའི་འཕྲིན་ལས་དལ་བབས་གངས་རིའི་ཆུ་རྒྱུན་བཞིན་གསོ་རིག་བསྟན་འཛིན་རིམ་པའི་རྫ་སྤང་གི་ཐུགས་མགྲིན་ལས་རྒྱུག་སྟེ་གངས་ལྗོངས་ལྷོ་ཡི་འཛིན་མའི་གསོས་སུ་འགྱུར་བཞིན་པ་ལ། སྐབས་ཤིག་རིང་རྒྱུད་བཞིའི་རྩ་བའི་ཚིག་དོན་གྱི་རྒྱུན་ལ་འཁྲུལ་ལྷད་ཀྱི་སྙིགས་མ་ཇི་སྙེད་ངང་གིས་འབྱུང་བ་དེ་དག་སེལ་སླད། ཤར་དྭགས་པོའི་སའི་ཆ་ལ་ཐོག་ཟུར་མཁར་དུ་འཁྲུངས་པའི་ལྷ་རྗེ་ཟུར་མཁར་མཉམ་ཉིད་རྡོ་རྗེ་འམ་མཚན་གཞན་དྷརྨ་སྭམིར་(རབ་བྱུང་༧ ས་ལུག་ཡེ་ལོ་༡༤༣༩ - ༡༤༧༥) གྲགས་པ། དགུང་གྲངས་བཅུ་བཞེས་པའི་སྐབས་རྗེ་གཡུ་ཐོག་པ་ཉིད་ཀྱིས་དངོས་སུ་ཞལ་བསྟན་མཛད་དེ་གསོ་རིག་རྒྱུད་བཞིའི་སྙིང་ཐིག་ཤོག་དྲིལ་དང་བཅས་པའི་ཚིག་དོན་དགོངས་གཞི་ཐམས་ཅད་ཀྱི་ལུང་སྩལ་ཞིང་།  སྙིང་ཐིག་གི་ཆ་ལག་འགའ་ཞིག་དང་དཔལ་ལྡན་རྒྱུད་བཞི་འདིར་རྒན་རབས་རྨོངས་པས་རྣམ་པར་སླད་དེ་མ་དག་པའི་ཆ་ཇི་སྙེད་ཅིག་ཞུགས་འདུག་པར་བྱི་དོར་གྱིས་ཤིག་ཅེས་པའི་གསུང་གི་གནང་བ་སྩལ། རྗེ་འདི་ཉིད་ཐུན་མོང་ཐུན་མིན་གྱི་རིག་པའི་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པ་ལ་སྩལ་ཕུལ་དུ་བྱུང་བས། དགུང་ལོ་བཅུ་བཞི་བཞེས་པའི་སྐབས་བྱང་པ་རྣམ་རྒྱལ་གྲགས་བཟང་(ཡེ་ལོ་༡༣༩༥ - ༡༤༧༥)ཀྱི་སློབ་མའི་མཆོག་འགྱུར་འཚོ་བྱེད་མིའི་ཉི་མ་མཐོང་བ་དོན་ལྡན་(མཚན་གཞན་བྱམས་པ་དཀོན་མཆོག་རིན་ཆེན།)ལ་གསོ་རིག་སྐོར་གྱི་དོན་གནད་ལ་དྲིད་རྨེད་མཛད་པ་སོགས་སྐུ་ཚེ་དེར་གསོ་རིག་མཛད་དོན་གལ་ཆེ་ཞིག་ནི་གསོ་རིག་རྒྱུད་བཞིའི་ཚིག་དོན་གཉིས་ཀའི་འཁྲུལ་ཆར་དག་སེལ་གྱི་ཞུས་ཆེན་མཛད་པ་ཅི་ཚིག་དོན་གསལ་བའི་འགྲེལ་པའང་རྒྱུད་བཞིའི་འགྲེལ་ཆེན་པོད་ཤེལ་ཆེན་མོ་ཞེས་པ་བརྩམས། སྤྱིར་གསོ་རིག་རྒྱུད་བཞིའི་བསྟན་འཛིན་རིམ་བརྒྱུད་ལས་བྱང་ཟུར་རྣམ་གཉིས་གཙོས་གསོ་རིག་རྒྱུད་བཞིའི་རྩ་བར་འགྲེལ་པ་མཛད་པ་པོ་ཕལ་མོ་ཆེས་ཕྱི་མ་ཕྱི་མས་སྔ་མ་སྔ་མས་མཛད་པའི་རྒྱུད་ཀྱི་རྩ་འགྲེལ་ལ་གཞི་བཅོལ་ཏེ་འབྲུ་མ་དག་པ་དང་ཆད་ལྷག་གབ་འཁྲུགས་སོགས་ལ་ཞུས་ཆེན་མཛད་ཡོད་མོད། རིམ་རྒྱུད་ཀྱི་རྩ་འགྲེལ་གང་ཡང་གཅིག་ལས་གཅིག་ཕབ་བཤུས་ཀྱི་མཛད་ཐབས་ལས་པར་བརྐོ་སོགས་ཀྱི་མཐུན་རྐྱེན་ཞན་སྟབས་རྩ་འགྲེལ་སྔ་མ་ཇི་བཞིན་ཡོངས་ཁྱབ་ཅན་ཞིག་དཀའ་ལ་ཆད་ལྷག་འཁྲུགས་སོགས་ཀྱི་འཁྲུལ་ཆ་འགའ་ཞིག་ནི་ཕབ་ཤུ་སོགས་ཀྱི་རྒྱུད་རིམས་ནང་བྱུང་བ་སྨོས་མེད་ཡིན།

          རབ་བྱུང་བདུན་པའི་སྨད་ཙམ་ལ་ཀོང་སྟོད་བླ་རྟ་ཕན་བདེའི་ཡུལ་དུ་འཁྲུངས་པའི་ལྷ་རྗེ་སྐྱེམས་པ་ཚེ་དབང་ཞེས་པས་རང་གི་བརྒྱུད་པའི་བླ་མ། ཟུར་མཁར་བ་དྷརྨ་སྭྰམི་དང་།  མཉམ་ཉིད་རྡོ་རྗེའི་བཞེད་ཁུངས་གཙོ་བཟུང་ཐོགས་རྒྱུད་འདི་ཉིད་ལ་ཞུས་ཆེན་གནད་སྨིན་མཛད་པ་མ་ཟད། མཉམ་ཉིད་རྡོ་རྗེའི་དངོས་སློབ་བླ་རྟ་ལྷ་རྗེ་མི་དར་བཀྲ་ཤིས་ལས་དཔལ་ལྡན་རྒྱུད་བཞིའི་སྤྲུལ་དོན་བརྒྱུད་པ་བཟུང་སྟེ། རྒྱུད་བཞིའི་འགྲེལ་པ། སྐྱེམས་འགྲེལ། (རྩ་རྒྱུད་འགྲེལ་པ་སྨྲ་མཆོག་དང་། བཤད་རྒྱུད་འགྲེལ་པ་ཚིག་ཉི། མན་རྒྱུད་འགྲེལ་པ་བདེ་བའི་འདོད་འཇོ། ཕྱི་རྒྱུད་འགྲེལ་པ་རྣམ་བཤད་བཅས་པ་མཛད།)བརྩམས། དེ་ཡང་ཉིད་ཀྱི་བརྩམས་པའི་རྩ་འགྲེལ་སྨྲ་བ་མཆོག་ཐོབ་ལས། ཡིད་ཆེས་ཁུངས་ལྡན་བརྒྱུད་པའི་ལོ་རྒྱུས་ལས་སྤྲུལ་པ་དོན་གྱི་བརྒྱུད་པ་འཆད་པའི་སྐབས་སྙིགས་དུས་ཀྱི་སྨན་བླ་གཉིས་པ་རྗེ་ཟུར་མཁར་བ་ཨ་བོ་ཆོས་རྗེ་འམ་དྷརྨ་སྭྰམི། འཚོ་བྱེད་གྲུབ་པ། ཀུན་ལ་བྱམས་པའི་བློ་གྲོས། དཔའ་བོས་བསྐྱངས། གཡུ་ཐོག་འབངས། མཉམ་ཉིད་རྡོ་རྗེ་ཞེས་ཡོངས་སུ་གྲགས་པ་དེའི་དྲུང་དུ་འཕྲིན་ལས་མཐར་ཕྱིན་ཕྲག་དབོན་བསོད་ནམས་བཀྲིས་ཞེས་སྡོམ་པ་གསུམ་ལྡན་གྱི་སྐྱེས་ཆེན་སྐད་གཉིས་སྨྲ་བའི་དབང་པོ་དེས་ཞུས། དེའི་དྲུང་དུ་བླ་རྟ་ལྷ་རྗེ་མི་དར་བཀྲ་ཤིས་ཞེས་ལུགས་གཉིས་ཀྱི་རྣམ་དཔྱོད་ཡངས་པ་དེས་ཞུས། དེ་ལས་བདག་གིས་ཐོབ་ཅེས་དང་།  ཡང་མཇུག་བྱང་ལས། རང་ལུགས་ཀྱི་གཙོ་བོ་རྒྱལ་བའི་བཀའ་དང་།  དཔལ་ལྡན་ཕ་ཁོལ། ཁ་ཆེ་ཟླ་བ་ལ་དགའ་བ། རྗེ་གཡུ་ཐོག་པ་ཡོན་ཏན་མགོན་པོ། རྗེ་ཟུར་མཁར་བ་དྷརྨ་སྭྰམི་རྣམས་ཀྱིས་ཇི་ལྟར་བཞེད་པའི་ཁུངས་བཙལ། ཞིབ་མོའི་བློ་གྲོས་ཀྱིས་ཚིག་དོན་ལ་དཔྱད་ཅེས་པའི་གསུངས་ལས་མཁས་མཆོག་འདི་ཉིད་ཀྱིས་འཛིན་པའི་ཁུངས་བཙུན་རྒྱུད་ཀྱི་གནད་ཀ་དག་རྟོགས་ནུས། འོན་ཏེ་མཁས་པ་འདིས་ཞུས་ཆེན་མཛད་པ་དང་རྒྱུད་འགྲེལ་སྐྱེམས་འགྲེལ་གྱིས་གཞི་འཛིན་པའི་རྒྱུད་ཀྱི་རྩ་བ་དངོས་དེའི་དཔེ་རྒྱུན་མཇལ་དཀོན་པ་ནི་རྒྱུད་འགྲེལ་འདི་ཉིད་ཞིབ་མོར་མཇལ་བ་ལས་རྟོགས་ནུས།

          རབ་བྱུང་བཅུ་པའི་ཤིང་ཁྱི་ལོར་ཟུར་མཁར་མཉམ་ཉིད་རྡོ་རྗེའི་རིགས་ཆོས་ཀྱི་དབོན་པོ་བློ་གྲོས་རྒྱལ་པོ་འམ་ལེགས་བཤད་འཚོལ་(ཡེ་ལོ་༡༥༠༩-༡༥༧༢)དུ་གྲགས་པས་སླར་རྒྱུད་བཞིའི་ཚིག་དོན་འཁྲུལ་ལྷད་སོགས་ལ་ཞུས་ཆེན་མཛད་དེ་རྙོག་འཁྲུལ་སེལ་བའི་འགྲེལ་པ། རྩ་བཤད་མེས་པོའི་ཞལ་ལུང་(རབ་བྱུང་བཅུ་པའི་ཆུ་སྟག་ལོར་བརྩམས།)ཞེས་པ་བརྩམས་གནང་བའང་།  ཉིད་ཀྱི་གསུང་ལས། དེ་ལྟར་གསོ་རིག་བསྟན་པའི་རཏྣ་ཀ །འདམ་གྱིས་ཚུལ་མིན་གྱུར་འདི་ཉེར་བླངས་ནས། །དག་པ་གསུམ་དུ་བྱི་དོར་བྱས་ཡོད་ཀྱི། །དངོས་གྲུབ་འདོད་ཀུན་གསོལ་བ་འདེབས་པར་གྱིས། །ཞེས་གསུངས། དེ་ཚེ་ལྷོ་ཁ་གྲ་ཐང་དུ་ཕེབས་དུས་འཇམ་དབྱངས་ཐོན་མི་སམ་བྷོཊའི་གདུང་འཛིན་པ་ནང་སོ་ཡར་བརྒྱབ་པས་མཐུན་རྐྱེན་ཕུལ་ཏེ་གསོ་རིག་རྒྱུད་བཞིར་ཞུས་ཆེན་གྱིས་ཤིང་པར་དུ་གསར་བརྐོ་མཛད་པའང་གྲྭ་ཐང་རྒྱུད་བཞི་ཞེས་ཁུངས་བཙན་གསོ་རིག་བསྟན་པའི་སྲོག་ཤིང་ལྟ་བུར་གྲགས། གསོ་རིག་རྒྱུད་བཞིའི་རྩ་འགྲེལ་པར་འདེབས་ཀྱི་རྒྱུད་རིམ་ནང་གྲྭ་ཐང་རྒྱུད་བཞི་ནི་གྲགས་ཆེ་ཤོས་ཤིག་དང་པར་གྲངས་མང་ཤོས་ཁྱབ་ཆེ་ཤོས་ཤིག་ཡིན། དེ་རྗེས་རབ་བྱུང་བཅུ་གཅིག་པའི་ཆུ་སྟག་ལོར་གཞུང་ས་མཆོག་ནས་གྲྭ་ཐང་རྒྱུད་བཞི་སོར་བཞག་ཐོག་པར་རྩ་གསར་བརྐོ་ཐེངས་གཅིག་མཛད།

          རབ་བྱུང་བཅུ་གཉིས་པའི་ནང་གྲྭ་ཐང་རྒྱུད་བཞིར་དཔྱད་པས་མ་ཁྱབ་པའི་ནོར་ལུས་ཀྱི་རྙོགས་མ་ཕྲན་བུ་བྱུང་བ་དག་ྋམི་དབང་སངས་རྒྱས་རྒྱ་མཚོ་མཆོག་ནས་ཞུས་ཆེན་མཛད་པའང་ཉིད་ཀྱི་གསུང་ལས་རྗེ་བླ་མ་ཉིད་ལ་ཇོ་ནང་ཀུན་སྙིང་དུ་བཀའ་བཀྱོན་ཞོར་བྱང་ཟུར་གཉིས་བཞེད་པ་མི་གཅིག་པ་སོགས་ཕེབས་པ་ལྷ་རྗེ་དཀྱུས་མ་རྣམས་སྔོ་སྨན་ཡུལ་བབས་ངོས་འཛིན་མི་འདྲ་བ་དང་ལག་ལེན་གྱི་ཁྱད་པར་སྟོད་སྨད་ཕྲན་བུ་ལས། གཞུང་དོན་རིམ་པར་སྔ་མའི་ལམ་ལ་ཕྱི་མ་བསྟེན་པས་མི་འདྲ་བ་མེད་པ་དང་།  གྲྭ་ཐང་རྒྱུད་འདི་ཡང་བཅོས་བསྒྱུར་གྱིས་ས་བཅད་འཁྲུག་པ། ཚིག་ཆད་པ་སོགས་མང་བས་ཧ་ཅང་ཁུངས་ཆོད་པར་མ་སེམས་ཞེས་དང་།  གྲྭ་ཐང་རྒྱུད་བཞིར་ཚིག་ཆད་པ་སོགས་རྙིང་པ་རྣམས་མཐུན་པར་འདུག་རིགས་རང་གི་རིག་པས་ཀྱང་དཔྱད་དེ། དཔེར་ན་བསྡོམས་ཚིག་ཏུ་བཤད་པ་ནང་གསེས་སུ་མ་ཚང་རིགས། ནད་རྟགས་བཤད་པ་བཅོས་ཆད་པ། ས་བཅད་འཁྲུགས་པ་སོགས་དང་།  ལ་ལ་དག་འབྲུ་ནོར་གྱི་རྣམ་པ་སོགས་འོལ་སྤྱི་རྟོག་བཟོ་མིན་པའི་ལུང་རིགས་ཁུངས་ཐུབ་ཀྱི་སྒོ་ནས་གཏན་ལ་ཕབ། བརྡ་རྙིང་གོ་དཀའ་ངེས་རྣམས་གསལ་དུ་བཏང་བ་བཅོས་ཞུས་ལེགས་པར་དག་སྟེ་པར་དུ་བརྐོས། ཞེས་གསུངས་པ་ལྟར་ཕྱིས་འགྲེལ་པ་བཻ་སྔོན་བརྩམས་པ་དང་སྦྲགས་རྒྱུད་བཞིའི་རྩ་བར་ཞུས་དག་ལེགས་པར་མཛད་དེ་ཤིང་ཁྱི་(ཡེ་ལོ་༡༦༩༤)ལོར་དགའ་ལྡན་ཕུན་ཚོགས་གླིང་དུ་པར་བརྐོ་མཛད་པ་པོ་ཏ་ལའི་པར་མའམ་ཕུན་ཚོགས་གླིང་པར་མར་གྲགས་པ་ད་ཆ་རང་ཅག་སྨན་པ་ཕལ་མོ་ཆེས་ཡིད་རྟོན་རྩ་འཛིན་བྱ་འོས་ཀྱི་རྒྱུད་འགྲེལ་བཻཌཱུརྱ་སྔོན་པོས་གཞི་འཛིན་པའི་རྒྱུད་ཀྱི་རྩ་བ་ཉིད་ཡིན། ྋམི་དབང་སངས་རྒྱས་རྒྱ་མཚོ་མཆོག་ནི་རྒྱུད་བཞིའི་ཚིག་དོན་གཉིས་ཀའི་ཆར་ཞུས་ཆེན་མཛད་པོ་ཕྱི་མ་དེ་ཉིད་ཡིན། (མི་དབང་རིན་པོ་ཆེས་ཞུས་ཆེན་མཛད་པའི་རྒྱུད་ཀྱི་རྩ་འགྲེལ་གཉིས་ཀྱི་པར་གཞི་པོ་ཏ་ལའི་པར་མར་གྲགས་པ་ངོ་མ་དེ་དེང་འདིར་མ་འབྱོར།)

          རབ་བྱུང་བཅུ་གཉིས་པའི་ཆུ་གླང་(ཡེ་ལོ་༡༧༣༣)ལོར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་དངོས་སློབ་སྡེ་དགེ་རྒྱལ་པོའམ་ཆོས་རྒྱལ་བསྟན་པ་ཚེ་རིང་ནས་ཐུགས་འགན་བཞེས་ཏེ་སྔར་གྱི་པོ་ཏ་ལའི་པར་མར་གཞི་བཅོལ་ཏེ་པར་བརྐོ་མཛད་པའང་སྡེ་དགེ་པར་མར་གྲགས་པ་དེ་ཉིད་ཡིན་ཅིང་།  པར་རྩ་དེར་པོ་ཏ་ལའི་པར་ལས་འབྲུ་ལེན་གྱིས་ཕྱི་མོ་ཞུས་ཞེས་གསལ་ཀྱང་འདི་མན་ནི་དག་ཞུས་ཙམ་ལས་རྒྱུད་བཞི་ཀའི་ཚིག་དོན་གཉིས་ཆར་ཞུས་དག་གིས་རྒྱུད་འགྲེལ་རྩོམ་པའི་ཞུས་ཆེན་མ་ཡིན་སྙམ།

          དེ་རྗེས་རབ་བྱུང་བཅོ་ལྔའི་ས་བྱི་(ཡེ་ལོ་༡༨༨༩)ལོར་གཞུང་ས་མཆོག་ནས་སྔར་གྱི་པོ་ཏ་ལའི་པར་གཞི་དགའ་ལྡན་ཕུན་ཚོགས་གླིང་དུ་བཞུགས་པ་དེ་ཉིད་ཀྱི་པར་གཞི་གསར་བསྐྲུན་གནང་།  དེ་ཚེ་ཞུས་དག་པ་གཞན་ཕན་འོད་ཟེར་དང་འཚོ་བྱེད་རྡོ་རྗེ་རྒྱལ་མཚན་གཉིས་ཡིན། ཆུ་འབྲུག་(ཡེ་ལོ་༡༨༩༣)ལོར་ཀུན་མཁྱེན་ྋརྒྱལ་དབང་ཕྱག་ན་པདྨོའི་བླ་སྨན་པ་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ་དང་།  ལྕགས་རིའི་དགེ་ཟུར་དཔལ་ལྡན་ཕུན་ཚོགས། དབུ་མཛད་དཀོན་མཆོག་དགེ་ལེགས་བཅས་ཀྱིས་བསྐྱར་ཞུས་མཛད་ཅིང་ཤློཀ་ཆད་པར་པར་ཤིང་གསར་རྗེས་དང་།  ཚིག་འབྲུར་བཅོས་ལྷག་ནོར་འཁྲུལ་ཡོད་པ་རྣམས་བཅོས་ཏེ་པར་དུ་བཏབ་པ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས་པ་ལྕགས་རི་པར་མ་ཞེས་པ་དེ་ཡིན།

          རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་(ཡེ་ལོ་༡༩༩༢)ལོར་སྔར་གྱི་པོ་ཏ་ལའི་པར་མར་གཞི་བཅོལ་བའི་སྡེ་དགེ་པར་མར་གཞི་བཅོལ་གྱིས་མཚོ་སྔོན་མི་རིགས་པར་འདེབས་བཟོ་གྲྭ་ནས་པར་དུ་བཏབ་ཅིང་།  བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པ། པར་ཐེངས་དང་པོ་ཞུས་དག་འགན་ཁུར་བ་བློ་བཟང་ཚེ་རིང་དང་།  ཞུས་དག་པ། དཀར་བློ་གཉིས་ནས་ཞུས།(ཞུས་དག་པ་འདི་འང་པར་གཞི་སྔ་མའི་ཚིག་འབྲུ་དང་མཐུན་པའི་དག་ཞུས་བྱེད་པོ་ཙམ་ལས་ཞུས་ཆེན་མིན་)པའི་ལྕགས་འབྲུར་སྒྲིག་པའི་དེབ་གཟུགས། ད་ཆ་བོད་ཕྱི་ནང་གཉིས་ཀར་བཞུགས་པའི་གསོ་རིག་དོན་གཉེར་མཁན་ཕལ་མོ་ཆེས་བེད་སྤྱོད་བཞིན་པ་དེ་ཡིན་ནོ།།

 

 

གཉིས་པ། སྐབས་སུ་དཔྱད་གཞིར་ཁས་བླངས་པའི་རྒྱུད་ཀྱི་རྩ་འགྲེལ་དང་དེར་དཔྱད་པར་བྱ་བའི་རྒྱུ་མཚན།

དང་པོ། སྐབས་སུ་དཔྱད་གཞིར་ཁས་བླངས་པའི་རྒྱུད་ཀྱི་རྩ་འགྲེལ་གཉིས་ལས།

          ༡། རྩ་བ་ནི་ཟུར་མཁར་མཉམ་ཉིད་རྡོ་རྗེའི་རིགས་ཆོས་ཀྱི་དབོན་པོ་བློ་གྲོས་རྒྱལ་པོའམ་ལེགས་བཤད་འཚོལ་དུ་གྲགས་པས་ཞུས་ཆེན་གྱིས་གཏན་ལ་ཕབ་པ་ནང་སོ་ཡར་རྒྱབ་པས་པར་དུ་བརྐོས་པའི་གྲྭ་ཐང་རྒྱུད་བཞི། དེ་ལའང་དཔྱད་པས་མ་ཁྱབ་པའི་ནོར་ལུས་ཀྱི་རྙོག་མ་ཕྲན་བུ་བྱུང་བ་རྣམས་ྋམི་དབང་སངས་རྒྱས་རྒྱ་མཚོའི་རྣམ་དཔྱོད་ཀྱི་ཀེ་ཏ་ཀས་བགྲུངས་པའི་ལྷ་ལྡན་པོ་ཏ་ལའི་པར་མ། དེ་ཉིད་སླར་འབྲུ་ལེན་གྱིས་ཕྱི་མོ་ཞུས་ཏེ་སྡེ་དགེ་བསྟན་པ་ཚེ་རིང་གིས་པར་དུ་བཏབ་པ་སྡེ་དགེ་པར་མར་གྲགས་པ། དེ་ཉིད་སླར་མཚོ་སྔོན་མི་རིགས་པར་འདེབས་བཟོ་གྲྭ་ནས་པར་དུ་བཏབ་ཅིང་།  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པ། པར་ཐེངས་གཉིས་པ་(ཡེ་ལོ་༡༩༩༦ ལོའི་ཟླ་༡༢ ནང་བཏབ།)ཞུས་དག་པ་བློ་བཟང་ཚེ་རིང་དང་དཀར་བློ་གཉིས་ནས་ཞུས་པའི་དེབ་གཟུགས་ཅན་དེའོ།།

          ༢། འགྲེལ་པ་ནི། ྋམི་དབང་སངས་རྒྱས་རྒྱ་མཚོས་རབ་བྱུང་བཅུ་གཅིག་པའི་ས་འབྲུག་ལོར་མཛད་པའི། གསོ་བ་རིག་པའི་བསྟན་བཅོས་སྨན་བླའི་དགོངས་རྒྱན་རྒྱུད་བཞིའི་གསལ་བྱེད་བཻཌཱུར་སྔོན་པོའི་མིལླིཀ་ཞེས་བྱ་བ་གོང་དུ་གླེང་བའི་རྒྱུད་ཀྱི་རྩ་བ་ལྷ་ལྡན་པོ་ཏ་ལའི་པར་མ་དང་དུས་གཅིག་ཏུ་བཏབ་པ། དེ་ཡང་སྡེ་དགེ་བསྟན་པ་ཚེ་རིང་གིས་པར་དུ་བཏབ་པའི་སྡེ་དགེ་ཤིང་པར་དུ་གྲགས་པ། མཚོ་སྔོན་མི་རིགས་པར་འདེབས་བཟོ་གྲྭ་ནས་པར་དུ་བཏབ་པ་སྔར་བཞིན་བློ་བཟང་ཚེ་རིང་དང་དཀར་བློས་ཞུས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ལྕགས་འབྲུ་དེབ་གཟུགས་ཅན་པར་ཐེངས་དང་པོ་(ཡེ་ལོ་༡༩༨༢ ལོར་བཏབ་པ་)དེ་ཡིན།

གཉིས་པ། སྐབས་སུ་ཁས་བླངས་པའི་རྒྱུད་བཞིའི་རྩ་འགྲེལ་གཉིས་ལ་དཔྱད་པར་འདོད་པའི་ཚུལ་གླེང་བའི་རྒྱུ་མཚན་དང་དགོས་པ་ཇི་ཡིན།

དེ་ཡང་།  སྐབས་སུ་ཁས་བླངས་པའི་རྒྱུད་བཞིའི་རྩ་འགྲེལ་གཉིས་ལ་དཔྱད་པར་འདོད་པའི་ཚུལ་གླེང་པའི་རྒྱུ་མཚན་དང་དགོས་པ་གསལ་རྟོགས་ཡོང་ཕྱིར་ཐོག་མར་རྩོམ་གཞི་འདི་ཉིད་ཀྱི་མཚན་དོན་ལྟ་བུར་སྨྲས་པ། གསོ་རིག་རྒྱུད་བཞི་ལས་རྩ་བཤད་ཕྱི་གསུམ་གྱི་རྒྱུད་ཚིག་དོན་གནད་འགའ་ཞིག་སར་ཅུང་ཟད་དཔྱད་པའི་ཚུལ་གླེང་བ་བཻཌཱུར་སྔོན་པོའི་བཞེད་དགོངས། ཞེས་བྱ་བའི་མཚན་དོན་སྦྱར་ཏེ་འཆད་པར་འདོད་དེ། གླེང་གཞིའི་དོན་གྱི་སྙིང་པོ་གང་ཡང་མཚན་དོན་འདིར་འདུས་ཡོད་པའི་ཕྱིར།

དེ་ལ། གསོ་རིག་རྒྱུད་བཞིའི་ཐད་ལོ་རྒྱུས་དང་བཅས་གོང་དུ་གླེང་ཟིན་ལ། སྐབས་སུ་དཔྱད་བྱར་འགྱུར་པ་ནི་དཔྱད་གཞིར་ཁས་བླངས་པའི་རྒྱུད་བཞིའི་རྩ་བ་ལས། རྩ་རྒྱུད་དང་བཤད་རྒྱུད། ཕྱི་མ་རྒྱུད་གསུམ་གྱི་སྐོར་ལ་ཡིན་པ་ལས་མན་ངག་རྒྱུད་ཀྱི་ཚིག་དོན་ཐད་རྒྱུད་གསུམ་པོ་ལྟར་སྐབས་སུ་རྒྱུད་འགྲེལ་ཞིབ་ཆ་མཇལ་ཁོམ་མ་བརྙེད་པས། སླད་ནས་དོན་གཉེར་ཞིབ་དཔྱོད་མཁན་སུ་རུང་གིས་དཔྱད་པར་འདོད་པ་གུས་པས་ཡིད་རངས་ཞུ་འོས་སུ་བསྔགས།

          རྒྱུད་ཚིག་དོན་གནད་འགའ་ཞིག་ལ། ཞེས་པ་ནི། རྒྱུད་གསུམ་པོའི་ཚིག་རྐང་ཡིག་འབྲུ་དག་ནོར་ཆད་ལྷག་འཁྲུག་པ་དང་།  ཚིག་དོན་ཐད་རྒྱུད་འགྲེལ་བ་པོ་སོ་སོས་གཞིར་འཛིན་པའི་རྩ་བ་དང་འགྲེལ་པའི་དགོངས་པ་ཐ་དད་པ་རྣམས་དེ་དང་དེ་ཞེས་གསལ་ཁ་གཏོད་པའི་དོན་དང་།  འགའ་ཞིག་ཅེས་པ་ནི་སྐབས་སུ་རང་གི་རིག་པ་དང་བརྩོན་པས་གང་ལྕོག་ལས་ད་དུང་དཔྱད་རྩོལ་གྱིས་མ་ཁྱབ་པའང་ཡོད་སྲིད་པའི་ཕྱིར་མཐའ་མ་བཀག་པ་དང་།  ཅུང་ཟད་དཔྱད་པའི་ཚུལ་གླེང་བ་ཞེས་པ། ཅུང་ཟད་ནི་རང་གིས་རྟོག་པ་དང་སློབ་དཔོན་གྱིས་བཅོས་པ་དག་དོན་གཉེར་མཁན་རང་རང་སོ་སོའི་ཕྱག་དཔེའི་ནང་བཅོས་པ་ཙམ་ལས། དམིགས་སུ་ཟུར་འདོན་དང་པར་འདེབས་ཕྱི་མ་ཕྱི་མའི་སྐབས་དག་བཅོས་ཞིབ་ཆུག་མ་བྱུང་ན། རྒྱུད་དཔེ་བློ་འཛིན་མཁན་གྱི་བློ་གསར་བ་རྣམས་ནས་ངག་ཟིན་སྐབས་མ་དག་རྒྱུན་འབྱམས་སོང་སྟེ་ཕྱི་ནས་བཅོས་དཀའ་བ་མ་ཟད། མ་བཅོས་པའི་སར་ལོག་པར་འགྲེལ་བའི་ཉེན་ཡང་ཡོད་པས་སོ། །གཞན་ཡང་།  གསོ་རྩིས་བསྟན་པ་དང་བཅས་པའི་རིགས་གཞུང་ཉག་ཕྲར་ཐུག་པའི་སྐབས་འདིར་གསོ་རིག་རྒྱུད་བཞི་ལྟ་བུར་མཚོན་ན་ཚིག་དོན་གཉིས་ཀའི་ཆར་ཞུས་ཆེན་ནུས་པའི་མཁས་པ་ནི་ཉིན་སྐར་ཙམ་དུ་ཟད་པས། མཁས་པ་གོང་མ་རྣམས་ཀྱིས་མཛད་ཟིན་པའི་ཕྱག་དཔེ་དག་དེང་གློག་རྡུལ་པར་འདེབས་སོགས་ཀྱི་མཐུན་རྐྱེན་ལེགས་པའི་སྐབས་འདིར་རང་ཅག་མིའི་རྣམ་རིག་རྩོལ་བ་གཉིས་ཀས་དག་བཅོས་ཞིབ་ནན་ཞིག་མ་ཐུབ་ན། སླད་ནས་མ་དག་པའི་ཁར་མ་དག་སྣོན་མར་སོང་(འགའ་ཞིག་གིས་ལོ་ཙཱ་བ་ཆེན་པོ་དག་གིས་བསྒྱུར་པའི་སངས་རྒྱས་གསུང་རབ་སྔ་མའི་ཚིག་འབྲུར་རང་བཟོས་བཅོས་པའི་ཚུལ་མིན་གྱི་སྐྱོན་འབྱུང་བཞིན་འདུག་པ་དེ་དག་དང་།)ཏེ་དྭངས་གཙང་ལྷད་མེད་ཀྱི་གངས་བསིལ་ཁ་བབས་ཀྱི་རྒྱུན་དེ་བཞིན་རང་ཅག་གི་དུས་འདིར་ཤིན་ཏུ་རྙོག་མ་ཅན་དུ་འགྱུར་མ་སྲིད་པའི་ངེས་པ་མི་འདུག་པས། སངས་རྒྱས་གསུང་རབ་གཙོས་རིག་པའི་གཞུང་ལུགས་ཀྱི་ཕྱག་དཔེའི་རྒྱུན་གང་མང་སྤུས་དག་པར་འདེབས་བྱ་རྒྱུ་ནི་བསྟན་པ་གནས་པ་དང་འཛིན་པའི་མཐུན་རྐྱེན་གལ་ཆེའི་གྲས་ཤིག་ཡིན་པས། འདི་ཐད་དག་ཞུས་གནང་མི་སྡེ་ཚན་མི་སྒེར་སོ་སོ་གང་ཡིན་ལ་སྣང་ཆུང་དང་ལྷོད་གཡེང་མི་འོང་བ་སྔར་མའི་པར་གཞི་ལྟར་(བཅོས་དགོས་ངེས་རྒྱུ་མཚན་ཅན་འགའ་མ་གཏོགས་)མཐུན་པར་དག་ཞུས་གཙང་མ་དགོས་གལ་ཅི་ནས་ཆེ་ཆེ་ཞེས་ཡང་དུ་ཞུ་བའང་རང་ཉིད་དབང་རྟུལ་རྣམ་རིག་གི་ན་སོ་ཤིན་ཏུ་ཕྲ་བ་འདི་འདྲ་བའི་རིགས་ལ་དེ་ལྟ་བུའི་ཁ་གཏམ་གླེང་སྤོབས་མ་མཆིས་རུང་བསྟན་ལ་ཞེན་པའི་བློས་རང་གར་ཆོལ་བའང་ཞར་བྱུང་ངོ་།།

          སྐབས་དོན། དཔྱད་པའི་ཚུལ་གླེང་ཞེས་པ་ནི། རང་ཉིད་ལ་རྒྱུད་བཞིའི་ཚིག་དོན་གཉིས་ཀར་ཞུས་ཆེན་ལྟ་ཅི་ཐ་ན་དག་ཞུས་ཙམ་ནུས་པའི་རིག་པའི་རྨང་གཞི་དང་བྱེད་རྩོལ་མེད་ན། རྒྱུད་ཀྱི་ཚིག་དོན་གཉིས་ཀའི་ཆར་འདི་འཐད་འདི་མིན་གྱི་རང་ལུགས་འཇོག་པའི་སྡོམ་ཚིག་ཅི་ལ་སྲིད། འོན་ཏེ་རང་ཉིད་གསོ་རིག་སློང་གླིང་འདིར་སློབ་སྦྱོང་བྱ་ཡུན་གྱི་མི་ལོ་ལྔའི་ནང་རྒྱུད་བཞི་བཀའ་ཁྲིད་ཀྱི་ཁུལ་ཙམ་མ་ཡིན་པར་རྒྱུད་ཀྱི་ཚིག་དོན་གཉིས་ཀའི་སར་དཔྱད་པ་ནན་གྱིས་འཇུག་པའི་བཤེས་གཉེན་ནས། རྒྱུད་འདི་དང་ལེའུ་འདིའི་ཚིག་རྐང་འབྲུ་འདི་འདྲ་བ་མི་དག རྒྱུ་མཚན་འདི་ཞེས་སོགས་ཀྱི་མཐའ་དཔྱད་མཛད་པའི་ལམ་སྣེ་དང་།  འགའ་ཞིག་སར་སློབ་མ་རང་ཉིད་ལའང་དཔྱད་བྱའི་སྐལ་བར་གནང་བ། གཞན་ཡང་ཤིན་ཏུ་བཀའ་དྲིན་ཆེ་བ་མཁས་པ་སྔ་མ་རྣམས་ཀྱིས་མཛད་པའི་རྒྱུད་འགྲེལ་ཁག་མཇལ་བའི་སྐལ་བཟང་ཐོབ་པ་སོགས་ཀྱི་ཉེར་ལེན་ལས། དེང་འདིར་དོགས་གནད་ཅན་གྱི་རྒྱུད་ཚིག་འགའ་ཞིག་སར་ཅུང་ཟད་དཔྱད་པའི་ཚུལ་གླེང་བ་ཡིན་ཏེ། ཚུལ་དུ་གླེང་ཞེས་པ་རང་ལུགས་མ་བཞག་པར་རྒྱུད་འགྲེལ་སོ་སོའི་བཞེད་དགོངས་མ་འདྲེས་པར་སོ་སོར་བཀོད་དེ། དེང་གི་གསོ་རིག་བསྟན་འཛིན་ཡོད་དོ་ཅོག་དང་།  ཁྱད་པར་མཐོ་སློབ་ཀྱི་སྡེ་ཁོངས་སུ་བཞུགས་པ་རིག་པ་འདིར་དྲིན་ཆེ་བའི་བཤེས་གཉེན་རྣམས་གཞན་གསོ་རིག་བསྟན་པར་མཁྱེན་རྒྱ་ཡངས་ཤིང་ལག་ལེན་མྱོང་གོམས་ལ་མཁས་པའི་ལྷ་རྗེ་རྒན་པ་སྨན་རམས་པ་དང་དཀའ་བཅུ་པ། དེ་བཞིན་རང་ལྟར་རིག་པའི་ན་སོ་གཞོན་པའི་སྤུན་གྲོགས་རྣམས་ལ་ཨེ་འཐད་ཅེས་དཔྱད་པའི་ཚུལ་དུ་གླེང་བའང་།  ྋམི་དབང་སངས་རྒྱས་རྒྱ་མཚོ་མཆོག་ནས། བློ་གྲོས་མིག་བགྲད་གཞུང་ལ་བལྟས་བལྟས་ནས། །ཚིག་དོན་གོ་བ་ཉེར་བླངས་འདི་དང་འདི། །ངེས་ཤེས་མཛུབ་མོས་བཙུགས་ཏེ་འཐད་མིན་གྱི། །གླེང་མོ་བྱས་ཀྱང་རང་ཉིད་ངལ་རྒྱུར་སྣང་།  ཞེས་གསུངས་པའི་དོན་དུ་མ་གྱུར་ཅིག་གུ།

          བཻཌཱུར་སྔོན་པོའི་བཞེད་དགོངས། ཞེས་པ། ྋམི་དབང་སངས་རྒྱས་རྒྱ་མཚོས་མཛད་པའི་རྒྱུད་འགྲེལ་བཻཌཱུར་སྔོན་པོ་ནི་སྔར་དཔྱད་གཞིར་མཛད་པའི་རྒྱུད་འགྲེལ་ཡིན་ཅིང་།  དེ་ཉིད་སྐབས་སུ་དཔྱད་གཞིར་འཛིན་པའི་རྒྱུ་མཚན་ཡང་།  གསོ་རིག་སློབ་དཔོན་བསྟན་འཛིན་ཆོས་གྲགས་མཆོག་ནས། སྨན་གྱི་བླ་དང་དབྱེར་མེད་གཡུ་ཐོག་མགོན། །ཟུར་མཁར་ཆོས་རྗེ་རིགས་ལྡན་ཆེན་པོའི་སྲས། །མཁྱེན་གཉིས་མཆོག་ལྡན་མི་དབང་སཱ་རའི་ཐུགས། །སེལ་མཛད་བྱེད་པོ་མཁྱེན་རབ་ནོར་བུར་བཏུད། །ཅེས་གསུངས་པ་ལྟར། སྤྱིར་རྒྱུད་འགྲེལ་སོ་སོས་གཞི་བཅོལ་བའི་རྩ་བ་གང་ཡང་མི་འདྲ་བའི་ཆ་ཆེར་མི་སྣང་རུང་རྒྱུད་འགྲེལ་བཻ་སྔོན་ནི་རང་ལུགས་སུ་ཁས་བླངས་པའི་རྒྱུད་ཀྱི་རྩ་འགྲེལ་ཡིན་སྟབས། འགྲེལ་པ་བཻཌཱུར་སྔོན་པོ་གཞིར་བཟུང་གི་རྒྱུད་ཀྱི་རྩ་བ་གང་ཡིན་པ་དེ་ནི་རང་ལུགས་རྒྱུད་ཀྱི་རྩ་བ་ཡིན། འོ་ན་ཅིའི་ཕྱིར་རྒྱུད་ཀྱི་རྩ་བར་དག་ཞུས་ཀྱི་ཚུལ་གླེང་ཞེ་ན། དེ་ཡང་སྔར་རྒྱུད་ཀྱི་ཞུས་ཆེན་རིམ་པ་ཇི་བྱུང་སྐབས་གླེང་ཟིན་པ་ལྟར། པར་འདེབས་ཀྱི་རྒྱུད་རིམ་ནང་བྱུང་བའི་འཁྲུལ་བའི་ཆ་གང་ཡིན་དང་བཻ་སྔོན་ལྟ་བུའི་རྒྱུད་ཀྱི་འབྲུ་འགྲེལ་དང་མི་མཐུན་པའི་ཆ་གང་བྱུང་བ་དེ་དག་ནི། རྒྱུད་འགྲེལ་འདིས་བཞེད་པའི་རྒྱུད་ཀྱི་རྩ་བར་འཁྲུལ་ཆ་བྱུང་བ་གསལ་པོ་ཡིན། བཻ་སྔོན་ལྟ་བུའི་རྒྱུད་ཀྱི་འབྲུ་འགྲེལ་ལ་ཞིབ་དཔྱོད་དང་དེའི་བཞེད་དགོངས་ཀྱི་རྩ་བ་གང་ཡིན། སྐབས་སུ་ང་ཚོས་གཞི་འཛིན་སའི་རྒྱུད་ཀྱི་རྩ་བ་འདི་འགྲེལ་པས་གཞི་འཛིན་པ་དང་འགྲེལ་པ་མཛད་པ་པོ་ཞུས་ཆེན་གནང་བའི་པར་གཞི་དངོས་ཡིན་མིན་དང་པར་འདེབས་བྱ་བའི་རྒྱུད་རིམས་ནང་འཁྲུལ་བ་གང་བྱུང་།  འགྲེལ་པ་གཞན་དང་གཞན་གྱི་དགོངས་པ་གང་ཡིན་བཅས་གསལ་པོར་མ་རྟོགས་པར། འདི་དང་འདི་ནོར་བའོ། །ཞེས་ཁ་མཚོན་གཅོད་པ་དང་།  འདི་ནི་རྒྱུད་ཀྱི་རྩ་བ་ཡིན་པས་བཅོས་མི་ཉན་ཞེས་དད་མདོག་བྱེད་པ། ཡང་འགའ་ཞིག་གིས་ནི་ཡིག་འབྲུ་དག་ནོར་ཤོར་བ་པར་གཞི་སྔ་མ་དང་འགྲེལ་པ་གཉིས་ཀའི་ནང་གསལ་ཡོད་རུང་དེ་དག་ལ་ཐུགས་སྣང་ཙམ་ཡང་མ་བཞག་པར། ནོར་བ་ཉིད་རྒྱུད་ཀྱི་རྩ་བའི་ཚིག་འབྲུ་འཁྲུལ་མེད་ཡིན་པར་སེམས་ཏེ། རང་གི་རྟོག་བཟོའི་བློས་འགྲེལ་པ་བྱས་ཏེ་གཞན་ལ་འཆད་པ་སོགས་ཉེན་ཚབས་ཤིན་ཏུ་ཆེ་ལ། ལོ་ཙཱར་རློམས་པ་འགའ་ཞིག་གིས་ནི་ཚིག་ནོར་བྱུང་བ་ཇི་བཞིན་གཞན་གྱི་སྐད་དུ་བསྒྱུར་བ་སོགས་མདོར་ན་རང་གི་ཁེ་གྲགས་དང་ནོར་ཕྱིར་རྒྱུགས་པ་འགའ་ཞིག་གིས་རིག་པའི་གཞུང་ལུགས་ཆུད་གསན་པའི་དུས་འདིར་ཅུང་ཟད་ཕན་དུ་རེ་སྟེ་སྐབས་འདིར་གླེང་བའང་།  རང་བློས་ཐག་མ་བཅད་པར་འགྲེལ་པ་རྩ་འཛིན་ཐོག་མི་མཐུན་པའི་དོགས་གནད་ཀྱི་སར་འགྲེལ་པ་གཞན་དང་དཔྱད་བསྡུར་གྱིས་སོ་སོར་མ་འདྲེས་པར་བཀོད་ཡོད་པས། རྒྱུད་འབྲེལ་བཻ་སྔོན་གྱི་བཞེད་པའི་རྩ་བ་གང་ཡིན་དང་།  དེ་དག་རང་གི་རིག་པས་དཔྱད་མིན་ཐ་དཔྱོད་བདེ་བ་སོགས་ཀྱི་དགོས་ཁྱད་ལྡན་ཡོད་ན། འདིར་བཻཌཱུརྱའི་བཞེད་དགོངས་ཞེས་སྨྲས་སོ།། (གཞན་ཡང་།  རྩོམ་གཞི་འདི་ནང་འདྲངས་པའི་རྒྱུད་བཞིའི་འབྱུང་བ་དང་ཡས་མས་འཕྲོས་གཏམ་གང་ཡང་བཻ་སྔོན་མཛད་པ་པོ་ྋམི་དབང་སངས་རྒྱས་རྒྱ་མཚོའི་གསུང་སྣེ་མོར་དྲངས་ཏེ་བཀོད་པས་སོ།།)

 

གསུམ་པ། སྐབས་སུ་གླེང་དོན་དངོས་ལས་དཔྱད་བྱ་དོན་གནད་ཁག་ངོ་སྤྲོད་ཞུ་བ་ལ་གཉིས། སྐབས་སུ་དཔྱད་བསྡུར་བྱ་གཞིའི་རྒྱུད་ཀྱི་རྩ་བ་དང་།  རྒྱུད་འགྲེལ་ཁག་གི་སྐོར་དང་།  དཔྱད་བྱའི་དོན་གནད་གསལ་བ་རེའུ་མིག་ལམ་དུ་བཀོད་པའི་གསལ་དཀྲོལ་ལོ།།

          ༡། ལྕགས་པར། ཞེས་བཀོད་པ་འདི་ནི། ཟུར་མཁར་བློ་གྲོས་རྒྱལ་པོས་ཞུས་ཆེན་མཛད་པ་ནང་སོ་ཡར་བརྒྱབ་པས་མཐུན་རྐྱེན་སྦྱར་ཏེ་པར་དུ་བརྐོས་པའི་གྲྭ་ཐང་རྒྱུད་བཞི་ྋམི་དབང་སངས་རྒྱས་རྒྱ་མཚོའི་རྣམ་དཔྱོད་ཀྱི་ཀེ་ཏས་བགྲུངས་པའི་ལྷ་ལྡན་པོ་ཏ་ལའི་པར་མ། རབ་བྱུང་བཅོ་ལྔའི་ས་བྱི་ལོར་གཞུང་ས་མཆོག་ནས་པར་བཏབ་པ་རབ་བྱུང་དེའི་ཆུ་འབྲུག(ཡེ་ལོ་༡༨༩༣)ལོར་སླར་ཀུན་མཁྱེན་ྋརྒྱལ་བའི་དབང་པོ་ཕྱག་ན་པདྨོའི་བླ་སྨན་པ་ཨོ་རྒྱན་བསྟན་འཛིན་རྒྱ་མཚོ་དང་།  ལྕགས་རིའི་དགེ་ཟུར་དཔལ་ལྡན་ཕུན་ཚོགས། དབུ་མཛད་དཀོན་མཆོག་དགེ་ལེགས་བཅས་ཀྱིས་བསྐྱར་ཞུས་མཛད་པ་ལྕགས་རི་རིག་བྱེད་འགྲོ་ཕན་གླིང་དུ་བཞུགས་པའི་པར་གཞི་དེ་ཡིན།

          ༢། ཚིག་ཉི། ཞེས་པ་ཟུར་མཁར་ཨ་བོ་ཆོས་རྗེའི་དངོས་སློབ་ལག་ལེན་མཐར་ཕྱིན་སྐྱེམས་པ་ཚེ་འབུམ་རྡོ་རྗེའི་སློབ་མ། སྐྱེམས་པ་ཚེ་དབང་གིས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་རྣམ་པར་བཤད་པ་ཚིག་དོན་ཉི་མ། ཞེས་བྱ་བ་དེ་ཉིད་ཀྱི་མཚན་བསྡུས་པ་ཡིན་ལ། རྣམ་བཤད་དང་སྨྲ་མཆོག་ཅེས་པའང་མཁས་པ་དེ་ཉིད་ཀྱིས་མཛད་པའི་ཕྱི་རྒྱུད་ཀྱི་འགྲེལ་པ་རྣམ་པར་བཤད་པ་ལག་ལེན་གསལ་བྱེད་ཅེས་པ་དང་རྩ་བའི་རྒྱུད་ཀྱི་འབྲུ་འགྲེལ་ལེགས་བཤད་སྨྲ་བ་མཆོག་ཐོབ་ཅེས་པའི་མཚན་བསྡུས་པ་ཡིན། དེ་ཡང་ྋམི་དབང་སངས་རྒྱས་རྒྱ་མཚོ་མཆོག་ནས་སྐྱེམས་འགྲེལ་གསོ་དཔྱད་རང་ལ་ཁྱད་མཚར་མ་བྱུང་ཡང་བཤད་སྒྲོམ་ཆེ་བས་མེས་པོའི་ཞལ་ལུང་སོགས་པའམ་དེ་དག་ཀུན་གྱི་དོན་འདུས་ཤིང་ཁ་མི་གསལ་བ་མཐའ་དག་གསལ་བ་དང་།  ཞེས་གསུངས་པ་ལྟར་རྩ་བཤད་ཕྱི་རྒྱུད་གསུམ་གྱི་ཐད་འགྲེལ་པ་འདི་ཉིད་ཁ་གསལ་དོན་ཟབ་ཆད་ལྷག་འཁྲུལ་ཆ་ཉུང་བ་སོགས་དགོས་ཆོས་དུ་མར་མཐོང་དེ་བཀོད།།

          ༣། འབུམ་ནག ཅེས་པ་རྗེ་བཙུན་གཡུ་ཐོག་པ་ཆེན་པོའི་དངོས་སློབ་ཛྙཱན་དྷར་འམ་སུམ་སྟོན་ཡེ་ཤེས་གཟུངས་ཀྱིས་བརྩམས་པའི་བཤད་རྒྱུད་འགྲེལ་པ་འབུམ་ནག་གསལ་སྒྲོན་ཞེས་པའི་མཚན་བསྡུས། དེ་ཡང་ཡེ་ལོ་༡༩༨༡ ལོར་བོད་ལྗོངས་སྨན་རྩིས་ཁང་གིས་སྣུམ་པར་དུ་བཏབ་པ། མཚོ་སྔོན་གྱི་རྒྱུད་བཞི་ལྕགས་པར་དང་གཏུགས་ནས་བཅོས་པ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་པར་ཐེངས་དང་པོ་དེ་ཡིན། ཕྱག་དཔེ་འདིའི་པར་གཞི་ལ་ཡིག་ནོར་ཅི་རིགས་ཡོད་སྐོར་དེབ་འདིའི་དཔར་སྐྲུན་གསལ་བཤད་དུ་གསལ་ལ། སྐབས་སུ་དཔྱད་བསྡུར་བྱ་གཞིར་བཀོད་པའང་།  རྒྱུད་འགྲེལ་དང་ཆ་མཐུན་དང་མི་མཐུན་དོགས་གཞི་ཡོད་རིགས་འགའ་ཞིག་ཐད་ཡིད་ཆེས་ཁུངས་འཕེལ་འོང་ཕྱིར་ཡིན།

          ༤། ཐོས་གྲོལ། སློབ་དཔོན་པདྨས་མཛད་པའི་ཟབ་ཆོས་ཞི་ཁྲོ་དགོས་པ་རང་གྲོལ་ལས་བར་དོ་ཐོས་གྲོལ་གྱི་སྐོར་བཞུགས། ཕ ཟབ་མོ་ཞི་ཁྲོ་དགོངས་པ་རང་གྲོལ་ལས་འཆི་བསླུ་འཇིགས་པ་རལ་གྲོལ་ཞེས་བྱ་བ། གཏེར་སྟོན་ཀརྨ་གླིང་པའི་གཏེར་མ། བསྟན་རྒྱས་གླིང་དུ་བཞུགས་པའི་པར་མ།

          ༥། ཟླ་ཟེར། ཞེས་པ་པཎ་ཆེན་ཟླ་བ་མངོན་དགས་མཛད་པའི་སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་པར་འགྲེལ་བའི་ཚིག་གི་དོན་ཟླ་ཟེར་ཞེས་བྱ་བའི་མཚན་བསྡུས་པ། བསྟན་འགྱུར་ནང་གི་གསོ་བ་རིག་པའི་སྐོར་གྱི་དཔེ་ཚོགས། གསོ་བ་རིག་པའི་རྩ་འགྲེལ་བདམས་བསྒྲིགས། སྟོད་ཆ། ཡེ་ལོ་༡༩༩༢ ལོར་པེ་ཅིང་དུ་པར་ཐེངས་དང་པོ་བཏབ་པ། བདམས་བསྒྲིགས་པ་རྡོ་རྗེ་རྒྱལ་པོ་ཡིན།

          ༦། མེས་ཞལ། ཞེས་པ་ཟུར་མཁར་བ་ལེགས་བཤད་འཚོལ་(མཚན་གཞན་བློ་གྲོས་རྒྱལ་པོ།) གྱིས་མཛད་པའི་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཀྱི་ཚིག་དོན་ཕྱིན་ཅི་མ་ལོག་པས་འགྲེལ་བ་མེས་པོའི་ཞལ་ལུང་ཞེས་པའི་མཚན་བསྡུས། སྐབས་འདིར་རྩ་བཤད་གཉིས་དེ་ཡང་བཤད་རྒྱུད་འགྲེལ་པ་རྣམ་གླིང་པཎ་ཆེན་དཀོན་ཅོག་ཆོས་གྲགས་ཀྱིས་ཞུས་ཆེན་མཛད་པ་དགའ་ལྡན་ཕུན་ཚོགས་གླིང་དུ་པར་དུ་བརྐོས་པ།

          ༧། གཅེས་ཕྲེང་།  དེའུ་དམར་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་ཞེས་པའི་ཚིགས་བསྡུས། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་བོད་སྨན་ཁང་གིས་འཚོལ་སྒྲིག་མཛད་པ། མཚོ་སྔོན་མི་རིགས་པར་ཁང་གིས་བསྐྲུན་པ། པར་ཐེངས་དང་པོ་དེབ་གཟུགས་ཅན།

 

གཉིས་པ། དཔྱད་བྱའི་དོན་གནད་གསལ་བ་རེའུ་མིག་ལམ་དུ་བཀོད་པའི་གསལ་དཀྲོལ།

དེ་ཡང་།  སྐབས་སུ་དཔྱད་བྱའི་དོན་རྣམས་བལྟ་བདེ་གོ་བདེ་ཡོང་ཕྱིར་རེའུ་མིག་ལམ་ནས་སྤེལ་བའང་།  རྒྱུད་དོན་ལ་གསན་སྦྱོངས་མྱོང་མཁན་སུས་བལྟས་ཀྱང་གསལ་པོར་རྟོགས་སླ་བའི་དགོས་ཁྱད་ཡོད་པ་གཟིགས་ཚུལ་ཐད་གསལ་སྤྲོད་མི་དགོས་རུང་གསོ་རིག་ཚིག་དོན་ལ་རྒྱུས་མངའ་དེ་ཙམ་མེད་པའི་བློ་གསར་དོན་གཉེར་མཁན་ནས་རྒྱུད་ཀྱི་རྩ་བ་དངོས་དང་སྦྲེལ་ཏེ་བལྟ་སྡུར་བྱ་སླ་ཡོང་ཕྱིར་ཅུང་ཟད་ཞུས་ན།

རེའུ་མིག་དང་པོའི་ནང་།  རྒྱུད་ཅེས་པ་ནི་སྐབས་འདིར་ཁས་བླངས་པའི་རྩ་བཤད་ཕྱི་མ་རྒྱུད་གང་རུང་ཡིན། དེ་ཡང་ཞིབ་པ་གང་ཡིན་རང་ཐད་གཤམ་འོག་ཏུ་བཀོད་ཡོད།

རེའུ་མིག་གཉིས་པའི་ནང་།  གོང་གི་རྒྱུད་གང་ཡིན་དེའི་ལེའུ་གང་ཡིན་བཀོད་པས་ཞིབ་པ་ལེའུའི་གྲངས་གང་ཡིན་རང་ཐད་གཤམ་འོག་ཏུ་གསལ།

རེའུ་མིག་གསུམ་པ། ཤོག་ཨང་བཀོད་པའང་།  སྐབས་འདིར་བོད་པའི་ཨངྐི་ཡིན་པ་ལས་དབྱིན་ཨང་མིན།

རེའུ་མིག་བཞི་པ། ཡིག་ཕྲེང་བཀོད་པ་འདི་རང་རང་གི་ལེའུའི་གྲངས་ཁོངས་ཀྱི་ཡིག་ཕྲེང་ཡིན་ལ། དེ་ཡང་ཤོག་ངོས་གཅིག་སྟེང་ལེའུ་སྔ་མ་རྫོགས་པ་དང་ལེའུ་ཕྱི་མ་འགོ་བཙུགས་ཡོད་ཚེ། ལེའུ་གཉིས་ཤོག་ཨང་གཅིག་རུང་ཡིག་ཕྲེང་ནི་རང་རང་གི་ལེའུ་ནས་འགོ་བཙུགས་ཏེ་འཛིན།

རེའུ་མིག་ལྔ་པ། ཚིག་རྐང་ཞེས་བཀོད་པའང་རྒྱུད་ཀྱི་གླེང་གཞི་གླེང་སློང་ཙམ་ལས་རྒྱུད་ཀྱི་ལེའུ་གྲངས་གཞན་རྣམས་ཚིགས་བཅད་ཡིན་པའི་ཕྱིར་དེའི་རྐང་བཟུང་ཕྱིར་དང་ཚིག་རྐང་ཆད་ནོར་ལྷག་འཁྲུག་གང་རུང་འགྱུར་མིན་བཟུང་ཕྱིར།

རེའུ་མིག་དྲུག་པ། ཡིག་འབྲུ་ཞེས་པ་གོང་གི་ཚིག་རྐང་ལས་ཡིག་འབྲུ་ཆད་ལྷག་དག་ནོར་བྱུང་བའི་འབྲུ་ངོས་བཟུང་ཕྱིར་ཡིན་པས། འཁྲུལ་བ་གང་བྱུང་རེའུ་མིག་རྗེས་མས་གསལ།

རེའུ་མིག་བདུན་པ། བཞེད་དགོངས་ཞེས་བཀོད་པ་ནི། གོང་དུ་བཏོན་པའི་ཚིག་རྐང་དང་ཡིག་འབྲུ་གང་ཡིན་པ་དེ་རྒྱུད་འགྲེལ་གང་གི་དགོངས་པ་དང་།  ཡང་དེ་ལྟའི་ཆད་ནོར་ལྷག་འཁྲུག་བྱུང་རིགས་གང་ཡང་རྒྱུད་དེའི་དགོངས་པ་ལས་གསལ་ཞེས་པའི་དོན་ཡིན།

རེའུ་མིག་ཐ་མ། མཐའ་དཔྱད་དང་རྒྱུད་ཚིག་ཅེས་པ་འདིའི་མཐའ་དཔྱད་ནི་རྒྱུད་འགྲེལ་ཁག་ཏུ་གསལ་བ་དཔྱད་གཞིར་བཀོད་པ་དེ་ཡང་སླད་མཐའ་དཔྱད་བདེ་ཕྱིར་གླེང་བ་ཙམ་ལས་རང་གི་འདོད་ཚུལ་བཞག་པ་མིན་ལ། རྒྱུད་ཚིག་ཀྱང་རྒྱུད་འགྲེལ་དེ་དང་དེའི་ལུགས་ཀྱི་རྒྱུད་ཚིག་ཡིན། །གཞན་ཡང་རེའུ་མིག་ནང་རྟགས། *འདི་བརྒྱབ་པའི་རིགས་གང་ཡང་རྒྱུད་འགྲེལ་བཻ་སྔོན་གྱིས་བཞེད་པའི་རྒྱུད་ཀྱི་རྩ་བ་ཡིན་པ་གསལ་མཚོན་ཕྱིར་བཀོད་ལ། བཻ་སྔོན་ལུགས་ཀྱི་འགྲེལ་མཛད་ཀུན་ནས་རྩ་བ་འདི་དང་བསྟུན་ཏེ་འགྲེལ་ན་རྒྱུད་འགྲེལ་བཻ་སྔོན་དང་མི་འགལ་སྙམ་པས་དེ་ཡང་དཔྱོད་ཅིག

          ༢། རེའུ་མིག་འཛིན་ཚུལ་དཔེར་བརྗོད་པ། དཔེར་ན། རེའུ་མིག་ཐོག་མའི་ནང་།  རྩ་རྒྱུད་ཀྱི་ལེའུ་དང་པོ་ཤོག་ཨང་(བོད་ཨང་)གཅིག་ཡིག་ཕྲེང་༡༢ ཉི་མའི་སྟོབས་དང་ལྡན་པའི་རི་ལས་འབྲུ་དང་།  ཞེས་གསལ་བས། ཚིག་འབྲུ་ སེ་ ཞེས་པ་ཆད་པ་ཡིན་ཏེ། རྒྱུད་འགྲེལ་སྤྱིའི་དགོངས་པ་ཡིན་ཞེས་ཆད་པ་འདི་རྒྱུད་འགྲེལ་ཚང་མའི་ནང་གསལ་(དོན་དུ་རྒྱུད་འགྲེལ་ནང་ཆད་པ་འདི་གསལ་)ཞེས་དང་།  ཇི་ལྟར་ཞེ་ན། མཐའ་དཔྱད་དུ། ཉི་མའི་སྟོབས་དང་ལྡན་པའི་རི་ལ་སེ་འབྲུ་དང་།  ཞེས་པའོ།།

དེ་འོག་རེའུ་མིག་གཉིས་པ་ལྟར་ན། འགྲོ་བ་སྐྱོང་གི་བུ། ཞེས་པ་ལས་འགྲོ་བ་སྐྱོང་ཞེས་པ་འདི་ཆད་ལྷག་སོགས་མ་ཡིན་པར། བཞེད་ཚུལ་མི་འདྲ་བ་ཡིན་པ་བསྟན་ལ། རྒྱུད་འགྲེལ་བཻ་སྔོན་འགྲོ་བ་སྐྱོང་ཞེས་བཞེད་པས། གོང་དུ་རྟགས་*འདི་འབྱུང་བ་དང་།  མཐའ་དཔྱད་སྐབས། ཟླ་ཟེར་དུ་འདྲོབ་སྐྱོང་ཞེས་བྱུང་བ་གསལ་སྟོན་གྱིས་དཔྱད་བྱར་བཀོད་པའོ།།

བཞི་པ། འཕྲོས་དོན་དང་མཇུག་བསྡུ།

རང་ཅག་གསོ་རིག་དོན་གཉེར་ཅན་ཀུན་གྱིས་མཁྱེན་རྟོགས་སུ་གྱུར་ཀྱང་རྩོལ་བས་མ་བགྱིས་པའམ་སྣང་ཆུང་དུ་ལུས་པ། ཡང་ན་ལས་རིན་མ་ཆོག་པ་སོགས་གང་ལྟར་ནའང་བཏང་སྙོམས་སུ་ལུས་པའི་དོན་གནད་འདི་དག་བློ་ཆུང་ཁོ་བོ་འདྲ་བའི་ཡིད་ངོར་ཤིན་ཏུ་གལ་ཆེར་མཐོང་བའང་།  མཁས་མང་ཉམས་མྱོང་ཅན་གྱི་མདུན་སར་བྱ་ཆུང་གི་ཚུལ་དུ་མ་འགྱུར་མ་སྲིད་པས། དེ་ལྟ་ན་མཁྱེན་ལྡན་ཚོགས་ཀྱི་སྤྱན་སྔར་གཟན་པའི་ལས་འབའ་ཞིག་བསགས་པས་ཐོལ་ལོ་བཤགས། ཞེས་དང་།  འོན་ཏེ་རང་ཉིད་སློབ་ཞུགས་ཀྱི་བགྲང་བྱ་དེ་དག་ནང་རྩིས་རིག་དཀར་ནག་དང་གསོ་རིག་སྐོར་ལས་རྒྱུད་བཞིའི་བཀའ་ཁྲིད་ཐོབ་པ་ཙམ་མིན་པར། རྒྱུད་གསུམ་བློ་འཛིན་དང་།  ཁྱད་པར་རྒྱུད་འགྲེལ་ཁག་གི་དབུ་ཞབས་རྫོགས་པར་མཇལ་བའི་བསྐལ་བ་ཐོབ་ནའང་།  ྋམི་དབང་སངས་རྒྱས་རྒྱ་མཚོ་མཆོག་ནས། བློ་རབ་བྱུང་ན་མིང་ཚིག་བརྗོད་གཞི་ཡི་གེ་ཡིན་པས་དེ་འདྲི་བ་གཟུགས་མི་ལེགས་ཀྱང་ཤེས་ཤིང་ཀློག་པ་བྱང་ཆུབ་པ་དང་།  དེའི་བརྡ་དག་ལ་འདྲིས་པ། མདོ་སྡེ་ནས་གསེར་འོད་དང་དགའ་བོ་མངལ་འཇུག་སོགས་གསོ་དཔྱད་ལ་མཁོ་བ་རྣམས་དང་རྒྱུད་སྡེ་ནས་དུས་འཁོར་རྫོགས་པའམ་ཁྱད་པར་ནང་ལེ་ནས་རྩ་འཁོར་དང་།  ཁམས་ལེ་ནས་ཕྱི་རོལ་རྟོགས་པའི་སྐར་རྩིས། འདུལ་བ་དང་མངོན་པ་ནས་གསོ་བ་འདིར་མཁོ་རིགས་སོགས་བྱང་ཆུབ་ངེས་མ་བྱུང་ཡང་ཕྱོགས་འགོ་དོད་པ། རྩ་ཆུ་སོགས་ནག་རྩིས་དང་བསྟུན་དགོས་པ་ནག་རྩིས་ཚང་མ་འགྲིལ་ན་རབ། དེ་མིན་ཁྱུང་ནག་སྒང་སྒྲིལ་རྒྱས་འབྲིང་ངམ། བཻ་དཀར་ལེའུ་ཉེར་གཅིག་པ་དང་ཉེར་བཞི་པ་ཙམ་མ་མཐར་ཡང་ཧ་ལམ་ཤེས་པ་དང་།  བརྡ་སྤྲོད་སྐར་རྩིས་སོགས་ཐོས་རྒྱ་ཆེ་བ་ཐུབ་ན་གཅིག་གྲོགས་གཅིག་གིས་བྱེད་པས་ཡོན་ཏན་གཞན་མའི་རིགས་བྱུང་ན་སྨོས་མེད། ཚུལ་འདི་ག་རང་ལ་རྒྱུད་བཞི་ངེས་ཤིང་ཆུབ་པ་དེ་སྟེང་རིག་པ་འདིའི་སྤྱིའི་ཁོག་འབུབས་པར་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། སྐྱེམས་འགྲེལ། བེཌཱུར་སྔོན་པོ། བདུད་རྩི་བུམ་པ་ཆེ་ཆུང་།  ཟུར་མཁར་བའི་བྱེ་བ་རིང་བསྲེལ། དབུ་རུ་ནམ་མཁའ་རྒྱལ་མཚན་གྱི་ཟབ་བཅུད་ཀུན་འདུས། ལྷུན་སྡིངས་པའི་དགོས་འདོད་ཀུན་འབྱུང་སོགས་དང་།  མན་རྒྱུད་ལྷན་ཐབས་རྣམས་བློར་ངེས་པ།

          འབྲིང་གི་འང་གོང་ནས་མདོ་རྒྱུད་རིག་བྱེད་སོགས་དང་ཡན་ལག་བརྒྱད་པ་ཟླ་ཟེར་སོགས་གསོ་དཔྱད་སྐོར་གྱི་ཡིག་ཆ་རྣམ་བཞག རྒྱུད་བཞི་དང་འགྲེལ་པ་འདི་བློར་ངེས་ཤིང་མ་བུ་དགྲ་གྲོགས་སོགས་ནག་རྩིས་ཀྱི་ཕྱོགས་འགོ་དོད་པ་ལག་ལེན་མན་རྒྱུད་ལྷན་ཐབས་སམ་གོང་འཁོད་ལེ་ཚན་ནས་ཁ་ཐིག་ཚང་བ་གང་རིགས་ངེས་ཤིང་བྱང་ཆུབ་པ་དེ་དག་རྣམས་ཀྱི་སྨན་ངོ་ཆོད་པ་བཅས་དང་།

          ཐ་མས་ཀྱང་རྒྱུད་འགྲེལ་སྤྲད་པ་མི་ཟིན་པས་རྩ་བཤད་གཉིས་དང་།  ཕྱི་མའི་རྩ་ཆུའི་འགྲེལ་པ་འདི་དང་།  ཕྱི་རྒྱུད་ནས་ཐང་ཕྱེ། མན་རྒྱུད་ནས་རྐྱང་པ་ངེས་པ། ལག་ལེན་ལྷན་ཐབས་སམ་གོང་གསལ་གང་རིགས་བྱང་ཆུབ་ཅིང་གང་ངེས་ཀྱི་སྨན་ངོ་འཕྲོད་པ་མ་བྱུང་བར་གསོ་དཔྱད་རྟོགས་ཁུལ་གྱིས་འགྲོ་བའི་སྲོག་ལ་ཚོད་ལེན་གྱི་རྩ་བལྟ་སྨན་སྟེར་སོགས་རང་ཉིད་སེམས་བསྐྱེད་ཙམ་གྱི་བསམ་པ་ཡིན་ཤས་ཆེ་རུང་།  དེ་ཉིད་ལའང་བསམ་པ་དང་སྦྱོར་བའི་དཔེར་འགྱུར་ཞིང་སྨན་བཅོས་ཀྱིས་འགྲོ་བའི་སྲོག་ལེན་དུ་གྱུར་པས་རྣམ་སྨིན་ལྕི་བས་ན་ཡིད་དུ་ངེས་པར་སེམས་པར་བྱ་དགོས་སོ། །ཞེས་པའི་གསུང་གི་བཀའ་སློབ་བཀའ་དྲིན་ཆེ་བར་བསྐྱངས་པ་ལྟར་ན་རང་གིས་འབད་བརྩོན་བགྱིས་པ་གང་དག་དེ་ཚེ་དེའི་དུས་ཀྱི་བློ་ཐ་མའི་ཆ་ཙམ་དུའང་མི་ལོན་པས་ཡིད་ལྷང་ལྷང་སྐྱོ་བ་དང་།  ཡང་ཉིད་ཀྱི་གསུང་ལས། ལ་ལ་རྒྱུད་རྩ་བའི་གོ་དོན་ཏིལ་འབྲུའི་ཆ་ཡང་མེད་པའི་ཟིན་ཙམ་ལ་རྒྱུགས་སྤྲད་ཀྱི་གྲགས་པ་གཙོར་བཏོན། དེ་ནས་ལོ་འཁོར་བ་དང་ཚིག་འབྲུ་ཡང་ན་གཅིག་མི་ངེས་པ། ཞེས་གསུང་བ་ལྟར་ན། ཕྱིས་ནས་རང་ཉིད་ཀྱང་དེ་ལྟའི་གྲལ་དུ་མི་ཚུད་པའི་ངེས་པ་མ་བརྙེད་པས་ངག་ཟིན་དང་ཚིག་དོན་གོ་བ་གཉིས་ཆར་རང་གི་རིག་རྩོལ་གྱིས་གང་ལྕོག་བལྟ་ཁུལ་ཡང་།  རྗེ་ཉིད་ཀྱིས། དོན་བཟང་རྒྱུད་བཞིའི་མངར་བཅུད་འཐུང་ལྟ་ཅི། ཚིག་དང་སྨན་ངོ་མི་འཕྲོད་མཁྱུད་དཔྱད་པ། །ཟུག་རྔུ་གསོས་ཀྱང་ལྟར་སྣང་འཕྲལ་ནད་ལ། །ཤེས་ལྡན་དད་གུས་མེ་ཏོག་ག་ལ་འཐོར། །ཞེས་གསུང་བའང་རིང་མིན་སློབ་ཐོན་ཁུལ་གྱིས་ལག་ལེན་དུ་ཞུགས་དགོས་པས། དེ་དུས་གཞུང་ལུགས་ལག་ལེན་ཟུང་དུ་འཇུག་པའི་མཁས་པའི་མཛད་ཐབས་ལ་བག་ཆགས་ཙམ་འཇོག་ཕྱིར་དང་།  ཡང་ཉེ་འཆར་ཆུ་རྟ་ལོ་ཆུ་སྟོད་ཟླ་བའི་ནང་།  སྙིགས་མཐའི་དུས་ཀྱི་གསོ་རིག་བསྟན་པར་བཀའ་དྲིན་ཆེ་བ་ྋརྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་བླ་སྨན་གསོ་རིག་སློབ་དཔོན་བསྟན་འཛིན་ཆོས་གྲགས། ཞིང་གཤེགས་དེ་ཉིད་ལ་གསོལ་འདེབས་ཀྱི་ཚིགས་བཅད་དགོས་ངེས་ལ་མཐོང་བས་ཉིད་ཀྱི་ཚ་བོའམ་སློབ་མར་འགྱུར་པ་གྲོགས་ལེགས་བཟང་ལ་བསྐུལ་ཏེ། ྋརྒྱལ་དབང་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ནས་བསྩལ་བ། རྗེས་སྦྱངས་གསོ་དཔྱད་ལས་གོམས་བཟོ་ལ་མཁས། །ཀུན་སྙོམས་གཞན་ཕན་བརྒྱུད་པའི་ལུགས་བཟང་འཛིན། །མཚུངས་བྲལ་སློབ་དཔོན་བསྟན་འཛིན་ཆོས་གྲགས་ལ། །གསོལ་བ་འདེབས་སོ་གཞན་ཕན་གནང་བ་སྩོལ། །ཞེས་པ་བྱིན་རླབས་ཀྱི་ཚན་ཁ་ཆེ་བ་འདི་ཉིད་རྒྱུན་འདོན་གསོ་རིག་བླ་བརྒྱུད་གསོལ་འདེབས་གྲལ་དུ་བཞུགས་སུ་གསོལ་ལ། སྔ་དགོང་ནམ་ཡིན་ལ་བླ་བརྒྱུད་རྣམས་ལ་གསོལ་འདེབས་ཆད་མེད་ཞུས་པའི་བྱིན་རླབས་གང་ཡིན། དེ་མཚམས་བརྩམས་བྱ་འདི་འབྲི་སྙིང་འདོད་པའི་འདུན་པ་འགོག་མེད་སྐྱེས་བྱུང་བ་སོགས་མཐུན་རྐྱེན་འབའ་ཞིག་གིས་ཉེར་ལེན་ལས་རབ་གནས་ཆུ་རྟ། རྒྱུད་ལུགས་བོད་ཟླ་བདུན་པ་དང་ཕུག་ལུགས་བརྒྱད་པ་ཁྲུམས་སྟོད་ཟླ་བའི་ཉེར་གཉིས་ས་གཉིས་འཕྲད་པ་དངོས་གྲུབ་ཀྱི་སྦྱོར་བ། འཕྲོད་དཔལ་བེའུ་རིན་ཆེན་འདུ་བའི་དུས་བཟང་ལ་ལེགས་པར་ཟིན་པ། འདི་ལས་བགྱིས་པའི་དགེ་ཚོགས་ཅི་མཆིས་གསོ་རིག་བསྟན་པ་འབར་བའི་རྒྱུར་བསྔའོ་ཞེས་སྨན་རྩིས་རིག་པའི་གནས་ལ་བག་ཆགས་ཙམ་འཇོག་མྱོང་བའི་ཨེ་པ་བསོད་ནམས་རིན་ཆེན་གྱིས།

སླར་སྨྲས་པ།

སྔར་བྱོན་མཁས་པའི་ཐུགས་ཀྱི་མཁའ་དབུས་ལས། །ལེགས་པར་བབས་པ་དྭངས་གཙང་གངྒའི་ཆབ། །རྒྱུད་འགྲེལ་དུག་ཕག་དུས་ཀྱིས་རྙོགས་པའི་རྡུལ།།ཆ་ཙམ་བགྲུངས་འདོད་དྲང་སྲོང་རི་ཥིའི་བློ། །གང་འདི་མཁས་ཀུན་མགུ་བའི་སྐྱེས་མིན་ཡང་།  །བློ་གསར་དོན་གཉེར་མཁན་འགའི་ནག་མུན་བློ། །གསལ་ཕྱིར་སྐྱ་རེངས་འདྲེན་པ་འདི་སྨྲས་ན། །རྒྱུད་དོན་ཟབ་མོར་གཅེས་འགའ་སྤྲོ་ཡང་སྲིད། །འོན་ཀྱང་གསོ་རྩིས་རོ་ལྡན་སྦྲང་རྩིའི་བཅུད། །རྣམ་དཔྱོད་བློ་ཡིས་མི་འཐུང་ལེ་ལོ་ཡིས། །རིག་པའི་ན་སོ་ཕུད་པའི་ངང་ཚུལ་གྱིས། །གསོ་རིག་བསྟན་པ་འཛིན་རློམས་འགའ་ཞིག་དང་།  །སྡང་དང་ཕྲག་དོག་རལ་གྲིའི་ཀུན་སློང་རྣོ། །འཕྱར་འདོད་མན་ངག་གཞུང་བཤད་སྦྱངས་སྟོབས་ལ། །མ་དགྱེས་ལག་ལེན་གལ་པོ་ཆེར་འཛིན་པའི། །ཉམས་མྱོང་རྒན་པོར་རློམས་འགའི་སྤྱན་དུའང་མིན། །ཅི་ཕྱིར་འདི་ནི་རྒྱལ་གསུངས་ལ་གཅེས་ཤིང་།  །ཁྱད་པར་གསོ་རིག་རྒྱུད་དང་རྒྱུད་འགྲེལ་ལ། །གོབ་ཐོབ་གཟུར་གནས་སྤྱན་ལྡན་མཁས་ཀུན་གྱིས། །ལེགས་བཤད་བྱི་དོར་གཉེར་ཕྱིར་འདི་སྨྲས་སོ། །དྲི་མེད་འཆད་རྩོད་རྩོམ་པའི་རིང་ལུགས་དང་།  །དངོས་སྟོབས་གཞན་ཕན་ནུས་པའི་ལག་ལེན་གྱིས། །རྨད་བྱུང་གསོ་རྩིས་རྒྱལ་བསྟན་རིན་པོ་ཆེ། །ཕྱོགས་ཀུན་སྐྱོངས་བའི་རྣམ་ཐར་རྗེས་བཟུངས་ཤོག

སརྦ་མངྒལཾ།།





 

༄༅། །གསོ་རིག་རྒྱུད་བཞི་ལས་རྩ་བཤད་ཕྱི་གསུམ་གྱི་རྒྱུད་ཚིག་དོན་གནད་འགའ་ཞིག་ཐད་ཅུང་ཟད་དཔྱད་པའི་ཚུལ་གླེང་་བཻཌཱུརྱ་སྔོན་པོའི་བཞེད་དགོངས་ལས་རྒྱུད་ཚིག་གི་དཔྱད་བྱ་དངོས་གསལ་བ་རེའུ་མིག་ལམ་དུ་བཀོད་པའོ།།

 

 

རྒྱུད།

 

ལེའུ།

 

ཤོག་ཨང།

 

ཡིག་ཕྲེང།

 

ཚིག རྐང།

 

ཡིག་འབྲུ།

 

ཆད། ནོར། ལྷག འཁྲུག

 

བཞེད་དགོངས།

 

མཐའ་དཔྱད་དང་རྒྱུད་ཚིག

 

 

 

 

 

 

 

 

 

 

 

 

རྩ་རྒྱུད།

 

 

 

 

 

 

 

 

 

 

དང་པོ།

 

༡༢

 

ཉི་མའི་སྟོབས་དང་ལྡན་པའི་རི་ལས་འབྲུ་དང།

 

སེ།

 

ཆད།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི་དང་པར་རྩ་སྔོན་མ་རྣམས།

 

ཉི་མའི་སྟོབས་དང་ལྡན་པའི་རི་ལ་སེ་འབྲུ་དང།

 

 

 

 

འགྲོ་བ་སྐྱོང་གི་བུ་དང་(ལྕགས་པར།)

 

འགྲོ་བ་སྐྱོང།

 

 

བཻ་སྔོན་=མེས་ཞལ་= སྨྲ་མཆོག འགྲོ་བ་སྐྱོང། ཞེས་དང།

 

ཟླ་ཟེར་དུ། འདྲོབ་སྐྱོང་ཞེས་དང། སྨན་དཔྱད་ཟླ་རྒྱལ། ལེའུ་དང་པོར། འདྲོབ་སྐྱོང་བ་དང་ཀ་ཡ་ལ། སྨན་དང་དཔྱད་ཀྱི་རྫུ་འཕྲུལ་བསྟན། ཞེས་དང། ལེའུ་ཐ་མ་བསྟོད་ལེར། དྲང་སྲོང་འདྲོབ་སྐྱོང་དང། དྲང་སྲོང་ཀ་ཡ་ལ་བཞི་ལ། སྨན་དང་དཔྱད་ཀྱི་རྫུ་འཕྲུལ་གཏད། ཅེས་གསུངས་སོ། །གྲྭ་ཐང་རྒྱུད་རྙིང་དུ། འགྲོབ་ཞེས་གསལ།

 

 

 

༡༤

 

འཁོར་རྣམ་པ་བཞི་སོ་སོ་རང་རང་གིས་སྟོན་པའི་ལུགས་སུ་གོ་བར་ཟད་དོ།། (ལྕགས་པར།)

 

གིས།

 

 

མེས་ཞལ་(རང་ལུགས་སུ་)། འཁོར་རྣམ་པ་བཞི་སོ་སོས་རང་རང་གི་སྟོན་པ་བཅོམ་ལྡན་འདས་སྨན་གྱི་བླ་མ་ཁོ་ནའི་ལུགས་སུ་གོ་བར་ཟད་དོ། །བཻ་སྔོན་དུ། འཁོར་རྣམ་པ་བཞི་པོས་སོ་སོ་རང་རང་གི་སྟོན་པ་སངས་རྒྱས་སྨན་གྱི་བླ་མའི་ལུགས་འབའ་ཞིག་ཏུ་གོ་བར་ཟད་དོ།། ཞེས་དང། སྨྲ་མཆོག་ཏུ། བཀའ་བསྟན་གྱི་དབྱེ་བ་བསྟན་པའི་སྐབས། རྒྱུད་ཚིག འཁོར་རྣམ་པ་བཞིས་སོ་སོ་རང་རང་གི་སྟོན་པའི་ལུགས་སུ་གོ་བར་མཛད་དོ། །ཞེས་གསལ་བར་གསུངས་སོ།། རྒྱུད་འགྲེལ་ཁག་ལྟར་ན། བཻ་སྔོན་ལུགས། *འཁོར་རྣམ་པ་བཞི་སོ་སོ་རང་རང་གི་སྟོན་པའི་ལུགས་སུ་གོ་བར་ཟད་དོ། །ཞེས་པར་འགྱུར་བས། ས་མཐའ་ཡོད་མེད་ཀྱིས་དོན་ལ་ཁྱད་པར་ཇི་འགྱུར་དཔྱོད།

 

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

 

 

 

 

 

 

 

 

 

 

 

གཉིས་པ།

༡༧

 

 

*ནུ་མ་རྐེད་པ་མགུལ་པ་མིག་དཀུ་གཡོ། (ལྕགས་པར།)

 

མགུལ་པ།

 

 

བཻ་སྔོན་དང་མེས་ཞལ། འབུམ་ནག

 

རྣམ་བཤད་དུ། ནུ་མ་རྐེད་པ་འགུལ་བ་དང་མིག་དང་དཀུ། ཞེས་པ་མངལ་དེ་གཡོ་ཞིང་འཕར་བ་ལྟར་བྱེད། ཅེས་གསུངས་བ་ལྟར་ན། རྒྱུད་ཚིག ནུ་མ་རྐེད་པ་འགུལ་དང་མིག་དཀུ་གཡོ། ཞེས་པའོ།།

 

 

༡༧

 

 

*ཟླ་མཚན་ལྡན་པ་སྐྱེས་པ་འདོད་པའི་རྟགས།

 

 

 

བཻ་སྔོན་དང་འབུམ་ནག

 

ཚིག་ཉིར། འདིར་རང་འབབས་སུ་བཤད་ལ། སྐྱེས་པ་འདོད་པ་ཟླ་མཚན་ལྡན་པའི་རྟགས། །ཞེས་བརྗོད་ན་འཆད་བདེ་བར་སེམས་སོ་ཞེས་དང། བརྒྱད་པའི་སྙིང་པོ་བསྡུས་པ་ལས་ཀྱང། བུད་མེད་ཉམ་ཆུང་བཞིན་རས་དང། ནུ་མ་རྐེད་པ་འགུལ་བ་དང། མིག་དང་དཀུ་གཡོ་སྐྱེས་པ་འདོད། ཟླ་མཚན་ལྡན་པར་ཤེས་པར་བྱ། །ཞེས་ཀྱང་འབྱུང་ངོ་།།

 

 

༡༧

 

 

གཉིས་དང་བཞི་དྲུག་བརྒྱད་པ་བུ་མོར་འགྱུར།

 

བརྒྱད་པ།

 

 

འདི་སྐབས་ཀྱི་བུ་དང་བུ་མོ་ལེན་ཚུལ་དང་ཞག་གྲངས་རྩི་ཚུལ་ཐད་རྒྱུད་འགྲེལ་བཻ་སྔོན་དང་མེས་ཞལ་གཉིས་དགོངས་པ་གཅིག

 

རྣམ་བཤད་དུ། མངལ་ཁ་བྱེ་བའི་དུས་ཀྱི་ཉིན་ཞག་བཅུ་གཉིས་ལས་དང་པོའི་ཞག་གསུམ་དང་བཅུ་གཅིག་པར་རླུང་གི་བྱེད་པས་བུ་མངལ་དུ་མི་ལེན། དེ་ནས་ཁྲག་རྙིང་པ་ཕྱིར་ཐོན། སོ་མ་སྐྱོན་མེད་དེ་ལ་བུ་ཆགས་ཏེ། དེ་ཡང་ཞག་གསུམ་དུ་ཁྲག་བབས་པའི་རྗེས་ཀྱི་ཞག་ ༡།༣།༥།༧།༩ རྣམས་ནི་ཟླ་མཚན་དང་པོ་འབྱུང་བའི་ཞག་༤།༦།༡༠།༡༢ རྣམས་ཡིན་ཏེ། དེ་དུས་འདོད་པ་བསྟེན་ན་ཟླ་མཚན་ཉུང་བ་སོགས་དང་རླུང་གིས་བྱེད་པས་བུ་རུ་སྐྱེ་བར་འགྱུར་ཏེ། ཞག་གསུམ་ཟླ་མཚན་འཛག་པའི་རྗེས་ཀྱི་ཞག་༢།༤།༦ རྣམས་ནི་དང་པོའི་ཞག་༥།༧།༩ རྣམས་ཡིན་པས་བུ་མོར་འགྱུར། ཞེས་གསུངས་པ་ལྟར་ན། ཟླ་མཚན་ཐོག་མར་བབས་པའི་ཞག་ནས་རྩིས་པའི་བཅུ་གཅིག་པ་(ཞག་གསུམ་རྗེས་ནས་རྩིས་པའི་བརྒྱད་པ་འདི་)ལ་མངལ་དུ་བུ་མི་ལེན་ཞེས་པ་ཕོ་མོ་རྩ་བ་ནས་མི་ལེན་པའམ། ཡང་ན་ཕོ་མི་ལེན་བུ་མོ་ལེན་སྲིད་པ་གང་ཡང་གསལ་ཁ་ཆེར་མེད་ཀྱང། རྒྱུད་ཚིག་སྔ་ཕྱིའི་གོ་རིམ་ལ་ལྟོས་ན། འབུམ་ནག་ཏུ། གཉིས་དང་བཞི་པ་དྲུག་པ་བུ་མོར་འགྱུར། །ཞེས་པའི་རྒྱུད་ཚིག་དང་དགོངས་པ་གཅིག་ཡིན་ཏེ་འདི་སྐབས་བརྒྱད་པ་ཞེས་པ་མི་བསྟན་པའི་ཚུལ་ལ་དཔྱད་ན། བུ་མོ་ལེན་དགོས་ཤིང། ཡང་ཞག་བརྒྱད་པ་འདི་སྔར་བཅུ་གཅིག་བུ་མི་ལེན་ཞེས་སྨྲས་ཟིན་པས། འདིར་སླར་བརྒྱད་པ་ཞེས་ཟློས་སྐྱོན་དུ། འགྱུར་བར་དོགས་སམ། བཻ་སྔོན་སོགས་རྒྱུད་འགྲེལ་ཁ་ཅིག བཅུ་གཅིག་པ་བུ་མི་ལེན། བུ་མོ་ལེན་ཞེས་པའང་ཕྱི་མ་བརྒྱད་པ་བུ་མོར་འགྱུར། ཞེས་པའི་ཚིག་གསལ་པོར་སྨྲས་ཟིན་པའི་དབང་གིས་ཡིན་འདྲ་བས་དཔྱོད།

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

གསུམ།

 

༢༠

 

 

སོགས་པ་གཉིས་ནི་གྲུ་ཕུབས་བྱས་པ་འདྲ།

 

སོགས།

 

 

སོགས་ཞེས་པ་སོག་གི་འབྲི་སྲོལ་ཡིན་འདྲའང། རྒྱུད་འགྲེལ་སྤྱིར་མི་གསལ།

 

འདི་མན། དཔུང་སོག་དང། སོག་ཡུ་ཞེས་པའི་སོག་ལ་ཡང་འཇུག་ས་མི་འཇུག་པ་རྒྱུད་འགྲེལ་སྤྱིར་གསལ་བ་བརྡ་སྤྲོད་ལུགས་དང་ཡང་མཐུན་ཆེ་བས་དཔྱོད། རྒྱུད་ཚིག *སོག་པ་གཉིས་ནི་གྲུ་ཕུབས་བྱས་པ་འདྲ།

 

 

༢༡

 

 

བུད་མེད་བླ་དང་ནུ་མ་ཉི་ཤུས་ལྷག

 

བླ།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*བུད་མེད་བརླ་དང་ནུ་མ་ཉི་ཤུས་ལྷག

 

 

བཞི་པ།

 

༢༢

 

 

*འཛམ་གླིང་རང་ལུས་འདོམས་གང་གྲུ་བཞི་སྟེ།

(ལྕགས་པར།)

གྲུ།

 

 

བཻ་སྔོན། འཛམ་གླིང་ཆུང་ངུ་ལ་གནས་པའི་མི་རྣམས་ཀྱི་རང་ལུས་ཀྱི་ཚད་ནི་སོ་སོའི་འདོམ་གང་གྲུ་བཞི་སྟེ། ཞེས་དང། མེས་ཞལ་ཀྱང་གཅིག

 

ཚིག་ཉིར། རང་རང་གི་འདོམ་གང་ངམ་བརྐྱང་ཁྲུ་བཞི་ཞེས་དང། འབུམ་ནག་དང་ཟླ་ཟེར་དུས་འཁོར་རྒྱུད་བཅས་སུའང་ཁྲུ་ཞེས་གསལ་བས། དེ་ལུགས་ལྟར་ན། རྒྱུད་ཚིག འཛམ་གླིང་རང་ལུས་འདོམས་གང་ཁྲུ་བཞི་སྟེ། །ཞེས་སོ། །དེ་ཡང་དུས་འཁོར་ཕྱི་ལོ་ཕྲེང་འཛིན་༡༢། དེ་ནི་ས་ཡི་སྟེང་གི་གནས་སུ་ལུས་ལ་རང་རང་དག་གི་ཚད་ཀྱི་ཡང་དག་ཁྲུ་གང་ངོ། །ཞེས་གསུངས།

 

 

༢༣

 

༡༥

 

སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ།

 

གི

 

 

འབུམ་ནག་དང་ཚིག་ཉི་བཞེད། དེ་ཡང་ཚིག་ཉིར། འཚོ་བའི་རྟེན་སྲོག་གི་རྩ་བ་ཡིན་པའི་ཕྱིར། ཞེས་སོ།།

 

མེས་ཞལ་དང་བཻ་སྔོན། ལྕགས་པར་བཅས་སུ། ལྷག་པར་སྲོག་གནས་པའི་རྩ་བ་ཡིན་ཕྱིར་ཞེས་གསུངས་བ། རྒྱུད་ཚིག་*སྲོག་གནས་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ། ཞེས་པའོ།།

 

 

ལྔ།

 

༢༦

 

 

མ་ཞུ་དྭངས་སྙིགས་རྒྱས་པར་མི་འགྱུར་ཕྱིར།།

 

སྙིགས།

 

ནོར།

 

རྒྱུད་འགྲེལ་སྤྱི་དང་ལྕགས་པར་རྩ་བ་(བཻ་སྔོན་དུ། གལ་ཏེ་མེ་དྲོད་སྟོབས་ཞན་ན་ནི་ཟས་གང་ཟོས་པ་རྣམས་མི་འཇུ་ཞིང། དེ་མ་ཞུ་ན་དྭངས་མ་ལ་སོགས་ལུས་ཟུངས་དང་མདངས་སྟོབས་རྒྱས་པར་མི་འགྱུར་ཕྱིར་རོ།) རྒྱུད་ཚིག་ *མ་ཞུ་དྭངས་སོགས་རྒྱས་པར་མི་འགྱུར་ཕྱིར།།

 

འབུམ་ནག་དང་ཚིག་ཉེར།  མ་ཞུ་མདངས་སོགས་རྒྱས་པར་མི་འགྱུར་ཕྱིར། ཞེས་སོ། །དེ་ཡང་འབུམ་ནག་ཏུ། མེ་དྲོད་སྲུང་ཐབས་བསྟན་པའང་མེ་དྲོད་བསྲུང་དགོས་པའི་ཕྱིར་ན་ཟས་མ་ཞུ་ན་དྭངས་མ་འགྲིབ། དྭངས་མ་འགྲིབ་པས་ཁྲག་ལ་སོགས་ལུས་ཟུངས་ཕྱི་མ་རྣམས་འགྲིབ། དེ་རྣམས་འགྲིབ་པས་མདངས་སྟོབས་འགྲིབ་པ་སྟེ་རྒྱས་པར་མི་འགྱུར་ཕྱིར་རོ།། ཞེས་དང། ཚིག་ཉིར། མེ་དྲོད་ཀྱི་སྟོབས་ཞན་པས། ཟས་སྐོམ་མ་ཞུ་བའི་སྐྱོན་གྱིས་མདངས་ལ་སོགས་པའི་སྒྲས་ལུས་ཟུངས་སྟོབས་རྒྱས་པར་མི་འགྱུར་བའི་ཕྱིར། ཞེས་གསུངས་བས། སྔ་ཕྱི་དོན་ལ་ཁྱད་མེད་དོ།།

 

 

༢༦

 

༡༦

 

དྭངས་མ་ལན་པའི་རྩ་དགུར་མཆིན་ལམ་བརྒྱུད།

 

ལན།

 

ནོར།

 

བཻ་སྔོན་སོགས་རྒྱུད་ཀྱི་རྩ་འགྲེལ།

 

*དྭངས་མ་ལེན་པའི་རྩ་དགུར་མཆིན་ལམ་བརྒྱུད། །ཅེས་པའོ།།

 

 

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

༢༧

 

༡༣

 

*དཔེར་ན་དུག་ཅན་སྲིན་པོའི་དུག་སྐྱེད་མཚུངས།

 

སྐྱེད།

 

 

བཻ་སྔོན་དང་མེས་ཞལ་བཞེད།

 

འབུམ་ནག དཔེར་ན་དུག་ཅན་སྲིན་པོའི་དུག་དང་མཚུངས། ཞེས་སོ།།

 

 

༢༨

 

༡༠

 

ནང་གྲོལ་ཀུན་ཏུ་རྒྱུ་ཞིང་ཁ་ཟས་འཇུ།

 

 

 

བཻ་སྔོན་སོགས་རྩ་འགྲེལ་སྤྱི།

 

*ནང་ཁྲོལ་ཀུན་ཏུ་རྒྱུ་ཞིང་ཁ་ཟས་འཇུ། །ཞེས་སོ།།

 

 

དྲུག

 

༣༠

 

 

ལུས་ཚོ་ཚེ་རིང་ནོར་མང་གཉིད་ཐུག་ཅིང།

 

ཚོ།

 

 

བཻ་སྔོན་དང་ལྕགས་པར་རྩ་བ། (བཻ་སྔོན་དུ། ལུས་ཀྱི་ཤ་འཚོ་ཆེ་བ་སྟེ་ཤ་ཆེ་བ་དང། ཞེས་སོ།།)

 

བཻ་སྔོན། *ལུས་འཚོ་ཚེ་རིང་ནོར་མང་གཉིད་མཐུག་ཅིང། ཚོ་ཞེས་ཀྱང་ཐད། འབུམ་ནག་ཏུ། ལུས་བོང་ཆེ་ཞེས་དང། ཚིག་ཉིར་ཡང་གཅིག་པས། རྒྱུད་ཚིག ལུས་ཆེ་ཚེ་རིང་ནོར་མང་གཉིད་མཐུག་ཅིང། །ཞེས་སོ།།

 

 

བདུན།

 

༣༡

 

 

ཞོ་ཕྲུམ་ལ་སོགས་ཁྱིམ་ནས་ཕྱིར་འབྱུང་དང།

 

ཕྲུམ།

 

ནོར།

 

ཚིག་ཉི་དང་འབུམ་ནག་ཟླ་ཟེར། ལྕགས་པར། འདི་སྐབས་བཻ་སྔོན་དུ། ཞོ་ཕྲུམ་ལ་སོགས་པ་བཀྲིས་པའི་རྫས་དང་ནས་དང་འབྲས་སོགས་འབྲུ་སྣ་ཚོགས། ཞེས་གསལ་ཡང། འོག་ནས་དེ་ཡང་ཟླ་ཟེར་ལས། དུས་དེ་ཉིད་ཀྱི་ནད་པའི་ཁྱིམ་ནས་ཞོ་དང་འབྲུ་ལ་སོགས་པ་གང་བའི་སྣོད་ཕྱིར་འབྱུང་བ་ཞེས་པའི་ལུང་འདྲེན་ལ་ལྟོས་ན། ཕྲུམ། ཞེས་པ་ཡིག་ནོར་ཡིན་འདྲ་བས་དཔྱོད།

 

རྒྱུད་འགྲེལ་སྤྱི་དང་ལྕགས་པར་རྩ་བར། *ཞོ་འབྲུ་ལ་སོགས་ཁྱིམ་ནས་ཕྱིར་འབྱུང་དང། དེ་ཡང། རྒྱུད་འདིར། ཕྲུམ་གསར་ཞེས་པ་དང། ཞོ་ཕྲུལ་ཞེས་པ་ལས། ཞོ་ཕྲུམ་ཞེས་པའི་ཐ་སྙད་སྦྲགས་མ་ཞིག་མ་གསལ་ལ། ཕྱི་རྒྱུད་བཤལ་གྱི་ལེའུར། ཞོ་ཕྲུམ་ལ་སོགས་བསིལ་བཅུད་ཀྱིས་བཅད། ཅེས་དང། ཆུ་གྲོགས་ནས་ཐུག་ཞོ་ཕྲུམ་བསིལ་གྱིས་བཅད། །ཅེས་སླར་ཚིག་ནོར་འབྱུང་བ་ནི། ཚིག་ཉི་དང་ཆ་ལག་བཅོ་བརྒྱད། བཻ་སྔོན་ཀུན་མཐུན་པར། ཞོ་ཕྲུལ།  ཅེས་འབྱུང་ལ། དེའི་དོན་འགྲེལ་ལའང། ཚིག་ཉིར། ཞོ་ཕྲུལ་ནི་བ་རའི་འོ་མ་མར་ཕྱུངས་པའི་ཤུལ་དུ་ཞོ་སྙལ་བ་སྟེ་ཞོ་རོ། ཞོ་རྒོད་ཅེས་ཀྱང་བྱ། ཞེས་དང། བཻ་སྔོན་ལས། ཞོ་དང་ཆུ་བསྲེས་པའི་ཞོ་ཕྲུལ།  ཞེས་གསལ་བས་དེ་སྐབས་ཀྱི་ཐ་སྙད་ནི་ཞོ་ཕྲུལ་ཡིན་པ་སྨོས་མི་དགོས་ལ། སྐབས་སུ་ལམ་བརྟག་པའི་མཚམས་འདིར་ཞོ་དང་འབྲུ་ཞེས་སོ་སོར་འགྲེལ་དགོས་པའང། རྒྱུད་འགྲེལ་སྤྱིའི་དགོངས་པ་ཡིན་པས་ཐེ་ཚོམ་མི་དགོས་སོ།།

 

 

རྒྱུད།

 

ལེའུ།

 

ཤོག་ཨང།

 

ཡིག་ཕྲེང།

 

ཚིག རྐང།

 

ཡིག་འབྲུ།

 

ཆད། ནོར། ལྷག འཁྲུག

 

བཞེད་དགོངས།

 

མཐའ་དཔྱད་དང་རྒྱུད་ཚིག

 

 

༣༠

 

 

འཇིགས་རིངས་དངངས་ཤིང་རྡོ་དང་བོང་བ་ཉིད།

 

ཉིད།

 

ནོར།

 

རྒྱུད་ཀྱི་རྩ་བ་དང་འགྲེལ་པ་སྤྱི།

 

*འཇིགས་རིངས་དངངས་ཤིང་རྡོ་དང་བོང་བ་ཉེད། (ཉེད་ཅེས་པ་ཕུར་བའི་དོན་) ཅེས་སོ།།

 

 

༣༡

 

༡༠

 

*མགོ་ཆག་བྱ་རོག་ཡི་དྭགས་སྨེ་ཅན་བསྐོར།

 

ཆག

 

 

བཻ་སྔོན། མགོ་བོ་ཆག་པ་དང་ཞེས་འབྱུང།

 

ཚིག་ཉིར། མགོ་བཅད་པ་དང། ཞེས་དང། ཐོས་གྲོལ་དུ། རང་གི་མགོ་བཅད་གཞན་གྱིས་འཁྱེར་བ་དང། ཞེས་དང་ཟླ་ཟེར་དུ། མགོ་ཆད། ཅེས་བྱུང་བའོ།།

 

 

༣༢

 

 

*མེ་འབར་མཚོ་དང་ལུས་ཁྲག་མི་གཙང་བྱུགས།

 

བྱུགས།

 

 

བཻ་སྔོན། ལུས་ལ་དྲི་མ་མེད་པའི་མཚོ་དང་ཁྲག་དང་མི་གཙང་བའི་རང་བཞིན་བྱུགས་པ། ཞེས་དང།

 

ཚིག་ཉིར། ལུས་ནས་ཁྲག་བཤང་གཅི་སོགས་མི་གཙང་བ་ཕྱིར་ཕྱུངས་པ། ཞེས་གསུངས་བས་རྒྱུད་ཚིག་ཀྱང། མེ་འབར་མཚོ་བརྒལ་ལུས་ཁྲག་མི་གཙང་འཕྱུངས།། ཞེས་པའོ།།

 

 

བདུན།

 

༣༣

 

 

གདོང་ལ་རྔུལ་ཆགས་དབུགས་གྲངས་སོ་དྲེག་ཆགས། (ལྕགས་པར།)

 

རྔུལ།

 

ནོར།

 

བཻ་སྔོན་(ལྕགས་འབྲུར) དུ། གདོང་ལ་ཕྲལ་དུ་རྔུལ་ཆགས་ཞིང། ཞེས་འབྱུང་བ་ནི་ཡིག་ནོར་རོ།།

 

ཐོས་གྲོལ་དང་ཚིག་ཉི། འབུམ་ནག བཻ་སྔོན་(ལྕགས་པར་དཔེ་རིང་)མེས་ཞལ་ཀུན་མཐུན་པར་གདོང་ལ་རྡུལ་ཆགས། ཞེས་གསལ་བས། རྒྱུད་ཚིག *གདོང་ལ་རྡུལ་ཆགས་དབུགས་གྲངས་སོ་དྲེག་ཆགས། །ཞེས་པའོ།།

 

 

༣༣

 

 

*ས་ནུས་ཆུ་ལ་ཐིམས་པས་གཟུགས་མི་མཐོང།

 

མཐོང་།

 

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

ཐོས་གྲོལ་དུ། ནང་གི་ས་ནི་ཤ་དང་རུས་པ་སྟེ། །དེ་ནི་ཕྱི་ཡི་ས་ལ་ཐིམས་པའི་རྟགས། །ལུས་ལྗིད་པགས་གཞི་ས་ལ་ལྷུང་ནས་སུ། །ནང་རྟགས་ས་གསེབས་བྱིང་དང་ནུབ་སྙམ་བྱེད། །ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་ཐུབ། །ལུས་སྟོབས་ཤོར་ཞིང་ཤེས་པ་རྨུག་པར་འགྱུར། །ཞེས་གསུངས་པས་དཔྱད་པར་བྱའོ།།

 

 

དགུ

 

༣༧

 

༡༡

 

གྲོ་སྲན་གསར་ཐོག་སེར་ཅན་སུམས་པ་དང།

 

སུམས།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*གྲོ་སྲན་གསར་ཐོག་སེར་ཅན་སུངས་པ་དང། (སུངས་ནི་རུལ་བའི་དོན་ནོ།།)

 

 

 

 

 

 

 

 

 

 

 

བཅུ།

༣༨

 

 

*འཕེན་བྱ་གཅིག་ལ་ཕོག་དང་འབྲེལ་པས་དཔག

 

འཕེན།

 

 

འདི་སྐབས་འབུམ་ནག་དང་བཻ་སྔོན། ཚིག་ཉི་མཐུན་པར། འཕེན་བྱ། ཞེས་བཞེད་ཀྱང་འགྲེལ་ཚུལ་མི་འདྲ།

༡། འབུམ་ནག འཕེན་བྱེད་མདའ་ལྟ་བུའི་ཉེས་པ་རླུང་མཁྲིས་བད་གསུམ་འཕོག་ཞེས་གསུངས་བ། མེས་ཞལ་གྱིས་བཀག

༢། བཻ་སྔོན། འཕེན་པར་བྱ་བ་མདའ་ལྟ་བུ་དེ་འཕངས་པས་རླུང་མཁྲིས་བད་གསུམ་གང་རུང་ལ་འཕོག

༣། ཚིག་ཉིར། འཕེན་བྱེད་ཀྱི་རྐྱེན་དེས་འཕངས་པ་ལས། དེ་མཐུན་གྱི་འཕེན་བྱ་ཉེས་གསུམ་གང་རུང་ཞིག་ལ་ཕོག ཅེས་གསུངས་པ་ལྟར་ན་གོང་མ་གཉིས་དང་ཅུང་ཟད་མི་འདྲ།

 

མེས་ཞལ་དུ། འཕང་བར་བྱ་བ་མདའ་ལྟ་བུ་དེ་འཕངས་པས་རླུང་མཁྲིས་བད་ཀན་གསུམ་པོ་གང་རུང་ཞིག་ལ་འཕོག་པ་དང། ཞེས་གསུངས་པས། འདི་ལུགས་རྒྱུད་ཚིག འཕང་བྱ་གཅིག་ལ་ཕོག་དང་འབྲེལ་པས་དཔག ཅེས་པའོ།།

འཕང་བྱའི་     འཕེན་པར་       འཕེན་བྱ།

ཡུལ།              བྱེད་པ་པོ།         (མདའ་)

(འབེན།)            (མི།)           འཕངས་བྱ། 

    |                     |                     |

རླུང་                རྐྱེན་དུས་          ནད་ཀྱི་  མཁྲིས་               ཟས་          མཚནཉིད་    བད།                  སྤྱོད།           དང་རྗེས་                                           མཐུན་པའི་                                             ཡོན་ཏན།

   |                       |                      |

ལས།                བྱེད་པ་པོ།           ཕལ་པ།                       (གཙོ་བོ།)                                                                       

 

༣༨

 

 

*བུ་གའི་སྐྱོན་དང་དེ་དུས་སྤྱོད་ལམ་གྱིས།།

 

སྐྱོན།

 

 

བཻ་སྔོན་དང་འབུམ་ནག་རྩ་བ།

 

ཚིག་ཉི་དང་འབུམ་ནག་འགྲེལ་པར། བུ་གའི་རྐྱེན་ཞེས་འབྱུང་ལ། ཁྱད་པར་ཚིག་ཉིར། དེ་དག་གང་དུ་ཆགས་པར་གྱུར་པའི་གནས་སམ་བུ་གའི་རྐྱེན་ནི་རུས་པའི་བུ་གར་རླུང་གི་མཚན་ཉིད་ལྷག་པར་སྐྱེད་པར་བྱེད། ཅེས་གསལ་བས། རྒྱུད་ཚིག བུ་གའི་རྐྱེན་དང་དེ་དུས་སྤྱོད་ལམ་གྱིས། །ཞེས་པའོ།།

 

 

༣༨

 

༡༠

 

*ཞུ་བའི་གནས་དང་དཔྱི་མིག་རུས་ཚིགས་དང།

 

མིག

 

 

འབུམ་ནག་(རྩ་བ་)དང་བཻ་སྔོན་བཞེད།

 

ཚིག་ཉི་དང་འབུམ་ནག་འགྲེལ་པར། དཔྱི་རྐེད་ཅེས་གསལ་བས། རྒྱུད་ཚིག་ཀྱང། ཞུ་བའི་གནས་དང་དཔྱི་རྐེད་རུས་ཚིགས་དང། ཞེས་སོ།།

 

 

༣༨

 

༡༣

 

*དངས་མ་ཤ་ཚིལ་རྐང་ཁུ་བཤང་གཅི་དང།

 

བཤང་གཅི།

 

 

 

འབུམ་ནག་(འགྲེལ་པར།) དྭངས་མ་ཤ་ཚིལ་ཚིགས་རྐང་ཁུ་བ་དང། ཞེས་བད་ཀན་ལ་ཁྱད་པར་གྱི་གནས་མི་བརྩི་བའི་གནས་བཅུ་གཉིས་ལས་མ་གསུངས་ལ། བཤང་གཅི་གཉིས་ཀྱང་མ་བསྟན།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

 

 

 

 

 

 

ཚིག་ཉིར་དང་བརྒྱད་པ་རྩ་འགྲེལ་དུ་ཡང། དྭངས་མ་ཤ་ཚིལ་རྐང་ཁུ་ལས་གཞན་མ་བསྟན་ནོ།།

 

 

བཅུ་གཅིག

 

༣༩

 

 

ཟས་སྤྱོད་མི་འདོད་སློང་དང་མི་འཕྲོད་འཕྲད།

 

འཕྲད།

 

 

འབུམ་ནག་བཞེད།

 

རྒྱུད་ཀྱི་རྩ་འགྲེལ་སྤྱིར། *ཟས་སྤྱོད་མི་འདོད་སློང་དང་མི་འཕྲོད་འཕྲོད། །ཅེས་པའོ།།

 

 

༣༩

 

 

འབར་དང་བྲི་བས་འཕེལ་དང་ཟད་པར་འགྱུར།

 

འབར་དང་བྲི།

 

 

ཚིག་ཉི་དང་འབུམ་ནག་འགྲེལ་པར། འབར་དང་བྲི་ཞེས་གསལ་བ་དེའི་དོན་ནི་ཚིག་ཉིར་འབར་བ་དང་འབྲི་བས་ཟུངས་སྟོབས་རྣམས་འཕེལ་བ་དང་ཟད་པར་འགྱུར་ཏེ། ཞེས་དང།

 

འབུམ་ནག་(རྩ་བ་)དང་བཻ་སྔོན་དུ། བྲི་དང་འབར་བས་འཕེལ་དང་ཟད་པར་འགྱུར། ཞེས་པའང། བཻ་སྔོན་དུ། མེ་དྲོད་དེ་རྣམས་ཀྱི་སྟོབས་བྲི་བ་དང་ཆེས་ཆེར་འབར་བས་ལུས་ཟུངས་རྣམས་རིམ་པ་བཞིན་དུ་འཕེལ་པ་དང་ཟད་པར་འགྱུར་ཏེ། ཞེས་གསུངས།

 

 

༣༩

 

༡༥

 

*རླུང་ཟད་རྩོལ་ཆུང་སྨྲ་ཉམས་ལུས་མི་བདེ།

 

ཉམས།

 

 

 

ཚིག་ཉིར། རླུང་ཟད་རྩོལ་ཆུང་སྨྲ་ཉུང་ལུས་མི་བདེ། བཞེད།

 

 

༣༩

 

༡༦

 

མཁྲིས་ཟད་དྲོད་མདོག་ཉམས་པས་དྲང་དང་ནག

 

དྲང།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*མཁྲིས་ཟད་དྲོད་མདོག་ཉམས་པས་གྲང་དང་ནག (ལྕགས་པར་དང་རྒྱུད་ཀྱི་རྩ་འགྲེལ་སྤྱི།)

 

 

༤༠

 

 

ཁྲག་ཟད་རྩ་ལྷོད་པགས་རྩུབ་བསིལ་སྐྱུར་དང།

 

དང།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*ཁྲག་ཟད་རྩ་ལྷོད་པགས་རྩུབ་བསིལ་སྐྱུར་དད།

 

 

༤༠

 

 

*མདངས་ནི་སེམས་ལ་སྡུག་བསྔལ་གྱིས་ཟད་དེ།།

 

ལ།

 

 

ལྕགས་པར་དང་བཻ་སྔོན་དུ། ལ་ཞེས་གསལ་བའང་བཻ་སྔོན་དུ་སེམས་ལ་སྡུག་བསྔལ་ཆེན་པོ་སྐྱེས་པའི་དབང་གིས་ཟད། ཅེས་སོ།།

 

ཚིག་ཉི་དང་འབུམ་ནག་འགྲེལ་པར། མདངས་ནི་སེམས་ལས་སྡུག་བསྔལ་གྱིས་ཟད་དེ། །ཞེས་པའང། ཚིག་ཉིར་མི་འདོད་པའི་སེམས་ལས་དང་སྡུག་བསྔལ་གྱིས་ཟད་པར་འགྱུར། ཞེས་དང། བརྒྱད་པའི་སྙིང་བསྡུས་ལས། མདངས་ནི་སེམས་འཁྲུགས་བཀྲེས་སེམས་ལས། མྱ་ངན་ངལ་ལ་སོགས་པས་ཟད། ཅེས་ཀྱང་འབྱུང་ངོ་།།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

༤༥

 

༡༡

 

*སྤྱི་རུ་སྡོམས་པས་དབྱེ་བ་བཅོ་ལྔའོ།།

 

བཅོ་ལྔ།

 

 

བཻ་སྔོན། བཅོ་ལྔར་འདོད།

 

ཚིག་ཉིར། གནས་ཀྱི་དབྱེ་བ་བཞི་རྩིས་པས། སྤྱི་རུ་སྡོམ་པས་དབྱེ་བ་བཅུ་དགུའོ།།

 

 

བཅིུས།

 

༤༥

 

༡༢

 

སྤྱི་རུ་སྡོམས་པས་དབྱེ་བ་བཅུ་དྲུག་གོ

 

 

ཆད།

 

རྒྱུད་ཀྱི་རྩ་བ་སྤྱིར་ཆད་པར་སྣང་འདི་སྐབས་བཻ་སྔོན། དབྱེ་བ་བཅུ་དགུར་འདོད་པས། ཕྱི་མ་ཐོར་ནད་ཀྱི་དབྱེ་བ་བཅུ་དགུས་འཐུས་པས་རིགས་ཀྱང། ཚིག་ཉི་ལྟར་དབྱེ་བ་བཅུ་དྲུག་འདོད་ཚེ། འདི་མཚམས་སྡོམ་ཚིག་ཚིག་རྐང་གཅིག་ཆད་པས་ངེས་པར་བཞུགས་སུ་གསོལ་དགོས་སོ།།

 

དེ་ཡང་དུག་ལ་སྦྱར་དུག་གྱུར་པ་དངོས་དང་གསུམ་ཞེས་པའི་མཇུག་ཏུ། བཻ་སྔོན་ལྟར་ན། *སྤྱི་རུ་སྡོམ་པས་དབྱེ་བ་བཅུ་དགུའོ། །ཞེས་པའི་རྒྱུད་ཚིག་གཅིག་དང། ཚིག་ཉི་ལྟར་ན། སྤྱི་རུ་སྡོམ་པས་དབྱེ་བ་བཅུ་དྲུག་གོ ཞེས་པའི་རྒྱུད་ཚིག་གཅིག་ཆད་པར་སྣང། དེ་ལ་ཚིག་ཉིར། དུག་ལ་སྦྱར་དུག་གྱུར་པ་དངོས་དུག་གསུམ། ཞེས་བཤད་ཀྱང། ཁོང་ནད་དུ་བགྲངས་ཡོད་པས། འདིར་མི་འདྲེན་དུག་ཚད་དང་བཅུ་དྲུག་གོ། ཞེས་གསུངས།

 

 

བཅུ་གསུམ།

 

༤༨

 

 

རྟགས་ཏུ་བསྐུ་བྱུག་སྤྱོད་བྱེད་རྒས་ངལ་རླུང།

 

རྟགས།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*རྟག་ཏུ་བསྐུ་བྱུག་སྤྱོད་བྱེད་རྒས་ངལ་རླུང།།

 

 

༤༧

 

༡༤

 

*གཞན་དུ་ཉིན་གཉིད་བད་ཀན་སྐྱེད་ཅིང་སྐྲངས།

 

སྐྲངས།

 

བཻ་སྔོན་དང།

 

འབུམ་ནག་ལྕགས་པར་རྩ་བ་བརྒྱད་པའི་སྙིང་བསྡུས་བཞེད།

 

ཚིག་ཉིར། གཞན་དུ་ཉིན་གཉིད་བད་ཀན་སྐྱེད་ཅིང་སྤངས། ཞེས་ཉིན་མོའི་གཉིད་སྤངས་བྱར་འདོད།

 

 

༤༧

 

༡༧

 

ཉལ་པོ་སྐྱེ་གནས་མི་མཐུན་འདག་པོ་ཅན།

 

འདག

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*ཉལ་པོ་སྐྱེ་གནས་མི་མཐུན་བདག་པོ་ཅན།

 

 

༤༨

 

 

*ཚད་འཁྲུ་ལྟོ་སྦོས་ཆམ་པ་མ་ཞུ་བ།

 

ཚད།

 

 

འབུམ་ནག་དང་བཻ་སྔོན། མེས་ཞལ་བཻ་སྔོན་དུ། ཁྱད་པར་ཚད་པས་འཁྲུ་བ་ཞེས་གསལ།

 

ཚིག་ཉིར། ཚ་ཁྲུས་མི་རུང་བ་ནི་ལྟོ་སྦོས་པ་དང་ཆམ་པ། སྤང་ངོ། །ཞེས་ཚ་འཁྲུ་ལྟོ་ཟོས་ཆམ་པ་མ་ཞུ་བ། །ཞེས་སོ།།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

 

 

 

 

 

 

 

བཅུ་གསུམ།

༤༩

 

༡༡

 

སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་གཏད་ལ།

 

 

ཆད།

 

ཚིག་དོན་ཉི་མ་བཞེད།

 

རྒྱུད་ཚིག་འདི་ལྟ་ཞིག འབུམ་ནག་དང་བཻ་སྔོན་སོགས་རྒྱུད་འགྲེལ་ཕལ་མོ་ཆེར་མི་སྣང་ཡང་བླ་རྟས་ཚིག་དོན་ཉི་མར་ཿ མོས་པས་བཤེས་བསྟེན་ཅིག་ཤོས་རིང་དུ་སྤངས། ཞེས་པའི་མཚམས་འདིར། སྐྱབས་སུ་འགྲོ་བ་དང། མི་དགེ་སྡོམ་པ་ཞེས་དབྱེ་སྟེ། སྐབས་སུ། སྐྱབས་གནས་དཀོན་མཆོག་གསུམ་ལ་བློ་གཏད་ལ་ཞེས་ངན་འགྲོ་དང་སྡུག་བསྔལ་མཐའ་ལས་སྐྱོབས་པའི་བྱིན་རླབས་འབྱུང་བའི་གནས་དཀོན་མཆོག་ཅེས་པར་དཔག་ན་མཚམས་འདིར། སྐྱབས་གནས་དཀོན་གསུམ་ལ་བློ་གཏད་ལ། །ཞེས་པའི་རྒྱུད་ཚིག་གཅིག་བཞུགས་སུ་གསོལ་ན་ཤིན་ཏུ་རིགས་པར་མཐོང་བས་དཔྱོད།

 

 

༤༩

 

༡༣

 

ལྡིགས་པའི་ལས་བཅུ་ལུས་ངག་ཡིད་ཀྱིས་སྤང།

 

ལྡིགས།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*སྡིག་པའི་ལས་བཅུ་ལུས་ངག་ཡིད་ཀྱིས་སྤངས།

 

 

 

 

༤༨

 

༡༠

 

མིག་ནི་མེ་ཡི་རང་བཞིན་བད་ཀན་འཇིག མཆི་མ་འཛག་ཕྱིར་མིག་སྨན་སྐྱེར་ཁཎྜ།།

 

 

 

 

 

འདིའི་འགྲེལ་ཚུལ་ཐད། བཻ་སྔོན་དུ་མིག་ཅེས་བྱ་བ་ནི་མེའི་རང་བཞིན་དུ་གནས་པ་དེ་ཉིད་བད་ཀན་ཚིམ་བྱེད་ས་ཆུའི་རང་བཞིན་ཅན་ལ་ལྷག་པར་འཇིག་སྟེ་ཆོས་མི་མཐུན་པའི་ཕྱིར་ན་བད་ཀན་དེ་དག་ཕྱིར་དབྱུང་ཞིང་མཆི་མའི་ཚུལ་དུ་འཛགས་པར་བྱ་བའི་ཕྱིར་ཞེས་དང། སྐྱེམས། མིག་ནི་ཁྲག་མཁྲིས་ཀྱི་གནས་མཆིན་མཁྲིས་དང་འབྲེལ་བས་མེ་ཡི་རང་བཞིན་ཅན་དེ་མཐུན་གྱི་མཁྲིས་པ་མཐོང་བྱེད་གནས་པ་དེས་བད་ཀན་ཚིམ་བྱེད་ཆུའི་རང་བཞིན་ཅན་བསིལ་བས་བསྒོངས་པ་ལྟར་ཡོད་པ་དེ་མཁྲིས་པའི་དྲོད་ཀྱིས་འཇིག་པའམ་བཤིག་པ་ཁུ་བའི་ཆུ་མཆིལ་མ་དེ་ཕྱི་ལ་འཛག་པས་མི་འཛག་པའི་ཕྱིར་མིག་སྨན་སྐྱེར་ཁཎ་བསིལ་ལ་སྐམ་པ་དང་ལྡན་པ་དེས་མིག་བཀྲུ་ཤིང། རྗེས་བད་མཁྲིས་ཆ་སྙོམས་པར་བྱེད་པས་སོ།། ཞེས་པའོ།།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

བཅུ་བཞི།

 

༥༠

 

 

*བརྒྱད་དང་བཅུ་ན་སྒྲ་སྒྲོགས་ཆད་པར་འགྱུར།

 

བརྒྱད།

 

 

རྒྱུད་འགྲེལ་བཻ་སྔོན་དང། མེས་ཞལ། འབུམ་ནག བཞེད་ཀྱང་འགྲེལ་ཚུལ་མི་འདྲ། ༡། བཻ་སྔོན། སྟོན་དཔྱིད་ཉིན་མཚན་མཉམ་པ་ནས་ཞག་བརྒྱད་དང་བཅུ་ཞེས། དཔྱིད་ཉིན་མཚན་མཉམ་ནས་ཞག་བཅོ་བརྒྱད་ནས་འབྲུག་གི་སྒྲ་སྒྲོགས་པ་དང་སྟོན་མཉམ་ནས་བཅོ་བརྒྱད་ན་ཆད་པར་བཞེད།

༢། འབུམ་ནག དཔྱིར་ཉིན་མཚན་མཉམ་པ་དེ་ནས་ཞག་བརྒྱད་དང་སྟོན་མཉམ་ནས་ཞག་བཅུ་ན་རིམ་བཞིན་ནམ་ཟླའི་ཚད་འཛིན་འབྲུག་གི་སྒྲ་སྒྲོགས་པ་དང་ཆད་པར་འགྱུར། ཞེས་སོ།།

ཚིག་ཉིར། དགུན་ཉི་མ་ལྡོག་ནས་ཞག་བརྒྱ་ཐམ་པ་དང་བཅུ་སོང་བའི་དུས་ན་འབྲུག་གི་སྨྲ་དབྱར་སྒྲོག་པའི་དང་པོ་བྱུང་ལ། དགུན་དེ་ནས་ཆད་པར་གྱུར་ (དགུན་དབྱར་ཉི་མ་ལྡོག་ནས་ཞག་མ་བརྒྱ་དང་བཅུ་ན་སྒྲ་སྒྲོགས་པ་དང་ཆད་པར་འགྱུར། )རྒྱུད་ཚིག བརྒྱ་དང་བཅུ་ན་སྒྲ་སྒྲོགས་ཆད་པར་འགྱུར། ཞེས་པའོ།།

 

བཅོ་ལྔ།

 

༥༤

 

༡༤

 

ནེ་ཙོ་ཁུ་བྱུག་གི་ཐི་བ་སྐྱེ་ག་དང།

 

སྐྱེ།

 

ནོར།

 

རྒྱུད་ཀྱི་རྩ་བ་དང་འགྲེལ་པ་སྤྱི།

 

ནེ་ཙོ་ཁུ་བྱུག་ཐི་བ་སྐྱ་ཀ་(ག་)དང།

 

 

༥༢

 

 

དབུགས་གཉིད་ལུད་པ་མཆིལ་མ་བཤང་པ་འཕྱེན།

 

མཆིལ།

 

ནོར།

 

རྒྱུད་འགྲེལ་སྤྱི། (བཻ་སྔོན་སོགས)

 

ཚིག་ཉི་དང་བཻ་སྔོན་ཀུན་མཐུན་པར། མིག་ལས་བྱུང་བའི་མཆི་མ། མིག་ནད་དམ་མྱ་ངན་གྱི་མཆི་མ་ཞེས་འོག་ནས་གསལ་ལ། དེའི་བཅོས་ཐབས་སུའང། ཆང་བཏུང་གཉིད་ལོག་ཕན། ཞེས་འབྱུང་བའི་རིག་པས་རྟོག་ནུས་པས། རྒྱུད་ཚིག *དབུགས་གཉིད་ལུད་པ་མཆི་མ་བཤང་བ་འཕྱེན།

 

 

༥༢

 

༡༣

 

མཆིལ་མ་བཀག་པས་སྙིང་དང་མགོ་བོ་ན།

 

མཆིལ།

 

ནོར།

 

འབུམ་ནག་ཏུ། མཆིལ་ཞེས་གསལ་རུང་འདི་ཡང་དག་ནོར་ཡིན་མིན་ཐེ་ཚོམ།

 

*མཆི་མ་བཀག་པས་སྙིང་དང་མགོ་བོ་ན། རྒྱུ་མཚན་གོང་དུ་གླེང་མ་ཐག

 

 

 

 

 

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

བཅུ་དྲུག

 

༥༨

 

༡༥

 

*ཞོ་ཀུན་རོ་དང་ཞུ་རྗེས་སྐྱུར་བསིལ་སྣུམ།

 

ཀུན།

 

 

རྒྱུད་འགྲེལ་བཻ་སྔོན། འོ་མ་ལས་བྱས་པའི་ཞོ་ཀུན། ཅེས་དང།

 

ཚིག་ཉིར། ཞོ་རྨུན་ཞེས་པ་མར་ཕྱུངས་པའི་ཞོ་རྨུན་ནི། ཞེས་གསུངས་བ་ལྕགས་པར་དང་ཕུན་གླིང་པར་མ་ལའང་གསལ། (དཔེ་རིང་ ཁ་ བཤད་རྒྱུད་ཤོག་ཨང་ཉེར་བརྒྱད་རྒྱབ།)

 

བཅུ་དགུ

 

༦༢

 

 

མཁྲང་ལ་བརྟས་དང་སྡུད་བྱེད་རླུང་ནད་སེལ།

 

བརྟས།

 

 

ལྕགས་པར་དང་བཻ་སྔོན་(དེ་ཡང་བཻ་སྔོན་དུ། ལས་ནི་ཡན་ལག་ལ་སོགས་པ་བརྟན་ཞིང་ལུས་བརྟས་པ་དང། ཞེས་གསལ་བས་དཔྱད།)

 

འབུམ་ནག མཁྲང་ལ་བརྟན་དང་སྡུད་བྱེད་རླུང་ནད་སེལ། (ལུས་མཁྲང་བ་དང་བརྟན་པ།) ཚིག་ཉིར། མཁྲང་ཞིང་རྟེན་དང་སྡུད་བྱེད་རླུང་ནད་སེལ། (མཁྲང་བར་བྱེད་ཅིང་བརྟན་པར་བྱེད་ཅེས་སོ།།)

 

 

༦༢

 

 

ཆུ་སྨན་སླ་བསིལ་ལྕི་རྟུལ་སྣུམ་ལ་མཉེན། (ལྕགས་པར།)

 

འཇམ།

 

ཆད།

 

འབུམ་ནག་དང། ཚིག་ཉིད། བཻ་སྔོན།

 

བཻ་སྔོན་དུ། ཆུའི་རང་བཞིན་ཤས་ཆེ་བའི་སྨན་གྱི་ཡོན་ཏན་ནི་སླ་བསིལ་ལྕི་རྟུལ་སྣུམ་འཇམ་ལ་མཉེན་པ་དང་ལྡན་ཅེས། རྒྱུད་ཚིག *ཆུ་སྨན་སླ་བསིལ་ལྕི་རྟུལ་སྣུམ་འཇམ་མཉེན། །ཅེས་པའོ།།

 

 

༦༣

 

 

ངོ་བོ་ལྕི་ལ་གསལ་བས་རོ་ཞེས་བྱ།

 

ལྕི།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*ངོ་བོ་ལྕེ་ལ་གསལ་བས་རོ་ཞེས་བྱ།

 

 

༦༤

 

 

*ཚིམ་འདྲུལ་གཅོད་བྱེད་འཇུ་ཞིང་རེག་པ་སེལ།

 

ཚིམ། སེལ།

 

 

ལྕགས་པར་དང་བཻ་སྔོན། (དེ་ཡང་བཻ་སྔོན་དུ། ཡིད་ཚིམ་པར་བྱེད་ལུས་ལ་བྱུག་ན་རེག་པ་སེལ་བར་བྱེད་ཅེས་སོ།།)

 

ཚིག་ཉིར། ཚིལ་འདྲུལ་བ་གཅོད་པར་བྱེད། ལུས་ལ་རེག་ན་རེག་བྱ་བསིལ། ཞེས་གསུངས་བ། ཕུན་གླིང་པར་མར་ཡང་གསལ་བ། རྒྱུད་ཚིག ཚིལ་འདྲུལ་གཅོད་བྱེད་འཇུ་ཞིང་རེག་པ་བསིལ། ཞེས་པའོ།།

 

ཉི་ཤུ།

 

༦༨

 

 

རྩི་སྨན་རྩ་ཤིང་སྲོག་ཆགས་ལས་བྱུང་བ། (ལྕགས་པར།)

 

རྩ།

 

 

བཻ་སྔོན། རྩ་ལས་བྱུང་ཞེས་དང།

 

ཚིག་ཉིར། རྩི་སྨན་རྩི་ཤིང་སྲོག་ཆགས་ལས་བྱུང་གསུམ། ཞེས་པ་བཻ་ཥ་ཛ་ཞེས་པ་བཅུད་དམ་རྩི་ལ་འཇུག་པ་དེ་ལ་གུར་ཀུམ་ལ་སོགས་པ་རྩི་ལས་བྱུང་བ་དང། ག་བུར་ལ་སོགས་ཤིང་ལས་བྱུང་བ་དང། གི་ཝཾ་སོགས་སྲོག་ཆགས་ལས་བྱུང་བ་གསུམ་མོ། །ཞེས་གསུངས།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

 

༦༨

 

 

གོ་བྱེས་སྲིན་གསོད་རུས་གཅོད་ཕོ་རིམས་སེལ།

 

རུས།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

ཚིགས་ཉི་དང་ཤེལ་ཕྲེང། བཻ་སོགས་མཐུན་པར་རུལ་གཅོད་ཅེས་པ་སྟེ། རྒྱུད་ཚིག གོ་བྱེས་སྲིན་གསོད་རུལ་གཅོད་ཕོ་རིམས་སེལ།

 

 

༧༤

 

༡༠

 

*ཤ་བའི་ཁྲག་གིས་སྲིན་སེལ་མངལ་ཁྲག་གཅོད། (ལྕགས་པར།)

 

ཁྲག

 

 

བཻ་སྔོན་བཞེད།

 

ཚིག་ཉིར། ཤ་བའི་ཤ་ཡིས་སྲིན་སེལ་མངལ་ཁྲག་གཅོད། །ཅེས་འདི་ཤའི་སྡེ་ཁོངས་སུ་བགྲང་གནང་བའང། ས་བཅད་དབྱེ་བའི་སྐབས། གསུམ་པ་ཤའི་ནུས་པ་ནི། མི་ཤ་ཞེས་པ་ནས་མངལ་ཁྲག་གཅོད་པའི་བར་ཏེ། ཞེས་གསུངས་བས་རྟོགས་ནུས་པས། རྒྱུད་ཚིག་གང་འཐད་དཔྱད་བྱའོ།།

 

 

༧༤

 

༡༥

 

ཤ་ཚིལ་སྲིན་སེལ་དུག་ནད་སྲུང།

 

 

 

 

*ཤ་ཚིལ་སྲིན་སེལ་དུག་ནད་སྲུང།

 

 

༧༤

 

༡༦

 

ར་ཀླད་ཆུ་རྒྱུས་ཚད་པ་གསོ།

 

ཚད།

 

ནོར།

 

 

ར་ཀླད་ཆུ་རྒྱུས་ཆད་པ་གསོ། ཞེས་པའོ།།

 

ཉེར་གཉིས།

 

༧༥

 

 

མི་ཀླད་སྐྲངས་འཇོམས་ཆུ་སེར་འཇིག

 

འཇིག

 

བཻ་སྔོན།

 

 

ཚིག་ཉིར། མི་ཀླད་སྐྲངས་འཇོམས་ཆུ་སེར་འཇིབ། ཅེས་བྱུང་བའང་བཞེད་དོན་གཉིས་ཀ་དོན་ལ་གནས།

 

 

༧༨

 

༡༡

 

སོར་བརྒྱད་དཔལ་ལྡན་རྩེ་མོ་སྐར་ཁུང་ཅན། (ལྕགས་པར།)

 

དཔལ།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

བཻ་སྔོན་དུ། སོར་བརྒྱད་ཡོད་པའི་དབལ་གྲུ་བཞིར་ལྡན་པའི་རྩེ་མོར་ཁབ་མིག་དང་འདྲ་བའི་སྐར་ཁུང་ཅན། ཞེས་དང། ཚིག་ཉིར། སོར་བརྒྱད་དབལ་སོ་རྣོ་བ། ཞེས་གསལ་བས། རྒྱུད་ཚིག  *སོར་བརྒྱད་དབལ་ལྡན་རྩེ་མོ་སྐར་ཁུང་ཅན། ཞེས་སོ།།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

 

༧༨

 

༡༠

 

སྦྲུལ་མིག་ཟངས་དུང་ཁ་འདྲ་སོར་གཅུ་གཉིས།

 

 

 

 

ཟུག་རྔུ་བརྟག་པའི་དཔྱད་ཀྱི་རྣམ་གྲངས་དབྱེ་བའི་སྐབས་འདིར་བཻ་སྔོན་དང་ཚིག་ཉི། དཔྱད་ཨང་གསུམ་ག་མི་མཐུན། ༡། ཚིག་ཉིར། ཁབ་མགོ་ཞེས་བྱ་སྟེ་མགོའི་རུས་པ་ཆག་པ་བརྟག་གོ། གཞན་ཡང་མགོ་ཟླུམ་པོ་དང། བྲ་བོ་ལྟ་བུ་དང། རྩེ་ཀྱོག རྩེ་གུག སྦྲུལ་གྱི་མིག ཟངས་དུང་གི་ཁ་འདྲ་བ། ཞེས་གསུངས་པ་ལྟར་ན། རྩ་བ། སྦྲུལ་མིག་ཟངས་དུང་ཁ་འདྲ་སོར་བཅུ་གཉིས། ཞེས་རང་སོར་གནས་ཀྱང་དཔྱད་ཨང་དང་མི་མཐུན་དཔྱད་གྲངས་གཅིག་ཆད་པར་སྣང། བཻ་སྔོན་དུ། དེ་ལས་ཀྱང་རྩེ་མོ་གུག་པ་ཞིག་དང། སྦྲུལ་མགོ་གདེངས་པ་ལྟ་བུ་སྟེ་རྩེ་མོ་རིམ་གྱིས་གུག་པའི་རྩེ་མོར་མིག་ཡོད་པ་ཟངས་དུང་ཁ་འདྲ་བའི་སྦུབས་ལྡན་ཕྲ་མོ་བཏང་སྟེ་བརྟག དེ་རྣམས་ཀྱིས་མ་རྟོགས་ན། ལག་ལེན་དུ་ཟླུམ་པོ་ཁ་དབྲག་ཡོད་པས་བརྟག ཅེས་གསུངས་པ་ལྟར་ན། རྒྱུད་ཚིག སྦྲུལ་མིག་ཟངས་དུང་ཁ་དབྲག་སོར་བཅུ་གཉིས། ཞེས་བྱུང་བས་དཔྱད་ཨང་དང་འགྲིག་ཀྱང་འབྲུ་བཅོས་དགོས་པར་སྣང། གཞན། ལྕགས་པར་དུ། མགོ་ཟླུམ་བྲ་བོ་རྩེ་ཀྱོག་རྩེ་གུག་པ། སྦྲུལ་མིག་ཟངས་དུང་ཁ་འདྲ་སོར་བཅུ་གཉིས། །ཞེས་འོག་མར་དཔྱད་ཨང་གཉིས་ལས་མ་བྱུང། གོང་མར་མང།

 

 

༨༠

 

 

དཔལ་ལྡན་ཕྲ་འཇམ་གུག་པོ་ཤ་ཡི་ཁབ།

 

དཔལ།

 

ནོར།

 

 

བེ་སྔོན་(ལྕགས་འབྲུ་དེབ་གཟུགས།) མདུང་རྩེ་ལྟ་བུའི་དཔལ་དང་ལྡན་ཞིང་ཕྲ་ལ་འཇམ་པའི་རྩེ་མོ་ནས་གང་གུག་ཅེས་གསུངས་པའང་དཔལ་ཞེས་པ་དག་ནོར་ཡིན་ཏེ་བཻ་སྔོན་ལྕགས་པར་(དཔེ་གཟུགས་)དུ། དབལ་ཞེས་གསལ།

 

ཚིག་ཉིར།  དབལ་ཞེས་པ་དཔུང་པ་དང་གཞུང་རྒྱུད་དུ་ལྡན་པ། ཕྲ་བ་འཇམ་པ་རྩེ་མོ་གུག་པོ་ནི་ཤའི་ཁབ་སྟེ་ཤ་དང་པགས་པ་རལ་བ་བཙེམ་པར་བྱའོ། །ཞེས་གསུངས་པས། རྒྱུད་ཚིག དཔལ་ལྡན་ཕྲ་འཇམ་གུག་པོ་ཤ་ཡི་ཁབ། །ཅེས་པའོ།།

 

ཉེར་གསུམ།

 

༨༡

 

 

སྨན་དང་ལོག་པ་ལྷག་པས་ནད་སྐྱེད་ལ།

 

སྨན།

 

ནོར།

 

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*དམན་དང་ལོག་པ་ལྷག་པས་ནད་སྐྱེད་ལ།

 

ཉེར་ལྔ།

 

༨༣

 

 

*སྔར་རྗེས་བཅད་དང་བཅུད་ལ་བོར་བ་དང། (ལྕགས་པར།)

 

བཅད།

 

 

བཻ་སྔོན་དང་ལྕགས་པར། བཻ་སྔོན་དུ། སྔར་གྱི་རྗེས་བཅད་པའི་ཚུལ་དང། བཅུད་ལ་བོར་བའི་ལན། ཞེས་གསུངས།

 

འབུམ་ནག་(འགྲེལ་པ་དང།)དང་ཚིག་ཉིར། རྗེས་དཔྱད་ཅེས་པ་སྔར་ནས་བཅོས་བྱས་རྗེས་དཔྱད་པ་ནི་ཞེས་བྱུང་པའང། རྒྱུད་ཚིག སྔར་རྗེས་དཔྱད་དང་བཅུད་ལ་བོར་བ་དང། །ཞེས་པར་འགྱུར་བས་གང་འཐད་དཔྱོད།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

བཤད་རྒྱུད།

ཉེར་དྲུག

 

༨༥

 

༡༠

 

གནོད་མེད་ལན་ཅིག་རྐྱང་པ་གསར་གསོ་སླ།

 

ལན་གཅིག

 

ནོར།

 

རྒྱུད་ཀྱི་རྩ་བ་དང་འགྲེལ་པ་སྤྱི།

 

 

བཻ་སྔོན་དང་ཚིག་ཉིེར། ཞུགས་པའི་ལམ་གཅིག་སྟེ་འཇུག་སྒོ་གང་རུང་གཅིག་ལ་ཞུགས། ཞེས་*གནོད་མེད་ལམ་གཅིག་རྐྱང་པ་གསར་གསོ་སླ། ཞེས་དང། འབུམ་ནག་ཏུ། ལེན་གཅིག་བྱ། ཞེས་གསལ་བས་དག་ནོར་ཡིན་མིན་དཔྱད་བྱའོ།། (ལྕགས་པར་དུའང། ལམ་གཅིག་ཅེས་གསལ།)

 

ཉེར་བརྒྱད།

 

༨༩

 

 

མཁྲིས་དང་ལྡན་པའི་ལྟར་སྣང་ཀུན་བསྡུར་ལ།

 

མཁྲིས།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

 

བཻ་སྔོན་དུ། ཡིད་ཁུ་འཕྲིག་དང་ལྡན་པའི་ལྟར་སྣང་ཞེས་དང། ཚིག་ཉིར། ཡིན་ནམ་མིན་ནམ་སྙམ་དུ་ཁུ་ཕྲིག་དང་ལྡན་པ་ཞེས་འབྱུང་བ། རྒྱུད་ཚིག *འཕྲིག་དང་ལྡན་པའི་ལྟར་སྣང་ཀུན་བསྡུར་ལ། །ཞེས་སོ།།

 

 

༩༡

 

༡༦

 

ཐམས་ཅད་མཚུངས་ན་གཉེན་པོ་ཉན་པར་བཏང།

 

ཉན།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

 

*ཐམས་ཅད་མཚུངས་ན་གཉེན་པོ་ནོན་པར་བཏང། (ལྕགས་པར།)

 

 

༩༩

 

 

གོམས་ཐོག་གཙོ་བོ་ཆོས་གཉེར་འདོད་པ་སྤངས།

 

ཐོག

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

 

*གོམས་ཐོབ་གཙོ་བོ་ཆོས་གཉེར་འདོད་པ་སྤང། ཞེས་དང་བཻ་སྔོན་དུ། ལག་ལེན་མཐའ་དག་རབ་ཏུ་གོམ་པ་ཐོབ་ཅིང། ཞེས་གསལ།

 

སོ་གཅིག

 

༩༩

 

༡༧

 

སོ་ནམ་མེ་ཤེས་ཞིང་པ་འདྲ།

 

མེ།

 

ནོར།

 

 

 

*སོ་ནམ་མི་ཤེས་ཞིང་པ་འདྲ།

 

 

༡༠༠

 

 

ནད་ཡན་མེད་པའི་རྐུན་མོ་འདྲ།

 

ནད།

 

ནོར།

 

 

 

*ནང་ཡན་མེད་པའི་རྐུན་མོ་འདྲ། (ནང་ཡན་ནི། འདིར་ཤོག་འདི་ཁྱེར་ཟེར་བའི་ཁྱིམ་གྱི་གནད་ཤེས་མཁན་ནོ།།)

 

 

༡༠༠

 

 

ཅི་ཡང་ལོག་པར་རྟོགས་པ་ཡི།

 

ཅི།

 

 

ལྕགས་པར་དང་མཁས་པ་ཁ་ཅིག་བཞེད།

 

བཻ་སྔོན་དང་ཚིག་ཉི། འབུམ་ནག ཀུན་མཐུན་པར། ནད་ལྕི་བ་ལ་ཡང་བར་རྟོགས་པ་ལྟ་བུ་ཞེས་གསུངས་པས། རྒྱུད་ཚིག ལྕི་ཡང་ལོག་པར་རྟོགས་པ་ཡིས། །ཞེས་སོ།།

 

 

༡༠༠

 

༡༡

 

བློ་ཡི་མཆོད་པ་ཡུལ་དང་བསྟུན་པ་དང།

 

ཡི་མཆོད།

 

ནོར།

 

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*བློ་ཡིས་ཆོད་པ་ཡུལ་དང་བསྟུན་པ་དང། (ལྕགས་པར།)

 

 

 

 

 

 

 

 

 

 

 

 

 

 

 

 

ཕྱི་རྒྱུད།

བཅུ་དགུ

 

༦༤

 

༡༤

 

*རྨ་འཚོ་ཚིལ་དང་ལྤགས་མདོག་དྭངས་པར་བྱེད། (ལྕགས་པར།)

 

ཚིལ།

 

 

བཻ་སྔོན། རྨ་འཚོ་ཞིང་ཚིལ་དང་པགས་མདོག་དྭངས་པར་བྱེད། ཅེས་དང།

 

ཚིག་ཉིར། རྨ་འཚོ་བསིལ་དང་ལྤགས་མདོག་དྭངས་པར་བྱེད། ཅེས་རྨ་མྱུར་དུ་འཚོ་ལུས་བསིལ་བ་དང། པགས་པའི་མདོག་དྭངས་པར་བྱེད་དོ། །ཞེས་སོ།།

 

དང་པོ།

 

༥༦༡

 

༡༦

 

འགྲོན་ཕྱྭ་གཞི་པ་གང་རྩེ་གཅིག་ལ་བརྟག

 

འགྲོན།

 

 

འགྲོན། མགྲོན་གྱི་འབྲི་སྲོལ་གཞན།

 

*མགྲོན་ཕྱྭ་གཞི་པ་གང་རྩེ་གཅིག་ལ་བརྟག ཅེས་པའང། བཻ་སྔོན་དུ་མགྲོན་པོ་འོང་མི་འོང་བརྟག་པའི་ཕྱྭ་དེའི་ཁྱད་གཞི་པ་གཙོ་ཆེ་ཤོས་ཞེས་གསལ་ལོ།།

 

༥༦༢

 

 

གྲོགས་ཕྱྭ་ནོར་བདག་རྩ་ལ་བལྟས་པ་ཡིས།

 

གྲོགས།

 

ནོར།

 

བཻ་སྔོན་འདི་སྐབས་གྲོགས་ཞེས་བྱུང་ཡང་སྔར་སྤྱི་བཤད་སྐབས། དགྲ་ཕྱྭ་གྲོག་ཕྱྭ་གདོན་ཕྱྭ་བསྟན་པ་དང། ཞེས་འབྱུང་བས་དག་ནོར་ཡིན་པ་གསལ།

 

རྣམ་བཤད་དུ། གྲོག་ཅེས་གསལ་བ་མ་ཟད། གྲོག་ཅེས་པ་ལོངས་སྤྱད་བྱ་ཁོ་ན་ཡིན་པས་མཐུན་པའི་གྲོགས་དང་ནོར་བར་མི་བྱའོ། །ཞེས་ནན་གྱིས་གསུང་ལ། ལྕགས་པར་དུའང་གྲོག་ཅེས་གསལ་བས། རྒྱུད་ཚིག གྲོག་ཕྱྭ་ནོར་བདག་རྩ་ལ་བལྟས་པ་ཡིས། །ཞེས་པའོ།།

 

 

༥༦༦

 

 

ཆེ་རིང་མི་གྲང་གཡས་ལ་ཕོ་གདོན་བཟུང།

 

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*ཆེ་རིང་མི་གྲུང་གཡས་ལ་ཕོ་གདོན་བཟུང།

 

 

༥༦༥

 

 

མར་ཟུར་སྣོད་དྲུག་ནད་རྒྱུ་སྲིབས་ཀྱི་རྩ།

 

ནད།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*མར་ཟུར་སྣོད་དྲུག་ནང་རྒྱུ་སྲིབས་ཀྱིས་རྩ། (ལྕགས་པར།)

 

གཉིས་པ།

 

༥༦༧

 

༡༣

 

རྩ་མིན་འགྲིམས་ནས་ལྒང་པའི་ནང་དུ་གསོག

 

མིན།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*རྩ་མིག་འགྲིམས་ནས་ལྒང་པའི་ནང་དུ་གསོག (ལྕགས་པར།)

 

༥༦༩

 

༡༤

 

དམར་སེར་དྲི་ཆུ་ཀུ་ཡ་མེད་པ་ནི།

 

ཆུ།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*དམར་སེར་དྲི་ཆུང་ཀུ་ཡ་མེད་པ་ནི།

 

གསུམ།

 

༥༧༦

 

 

གྲང་ཐང་ཁུ་བ་ཐོན་པར་སྤང་བ་གཅེས།

 

སྤང།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*གྲང་ཐང་ཁུ་བ་ཐོན་པར་སྦང་བ་གཅེས།

 

བཞི།

 

༥༧༨

 

༡༧

 

སྤང་རྩི་ངོ་བོ་བསྡེབས་པས་ཁྲག་ཚད་སེལ།

 

ངོ་།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*སྤང་རྩི་དོ་བོ་བསྡེབས་པས་ཁྲག་ཚད་སེལ།

 

༥༨༧

 

 

བཙོད་ཁྲག་ལུག་མུར་ད་ཏྲིག་བདུན་པ་སྟེ།

 

བཙོད།

 

 

བཻ་སྔོན། རི་དྭགས་གཙོད་ཀྱི་ཁྲག་ལ་བཞེད།

 

*གཙོད་ཁྲག་ལུག་མུར་ད་ཏྲིག་བདུན་པ་སྟེ། (ལྕགས་པར།)

 

 

 

 

 

 

 

 

 

 

 

 

 

 

 

 

 

ཕྱི་རྒྱུད།

ལྔ་པ།

 

༥༨༨

 

༡༥

 

གོ་བོ་བྱ་རྒོད་སེ་བྱ་གྲུམ་པ་སོགས།

 

སེ།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*གོ་བོ་བྱ་རྒོད་སོ་བྱ་གྲུམ་པ་སོགས། (ལྕགས་པར།)

 

གསུམ་པ།

 

༥༧༦

 

 

སོགས་ཡུའི་ཐང་གིས་ཤ་མ་ཁུ་བ་འཇུ།

 

སོགས།

 

 

རྒྱུད་ཀྱི་འགྲེལ་པ་སྤྱིར། (སོག)

 

སོག་ཡུའི་ཐང་གིས་ཤ་མ་ཞུ་བ་འཇུ།

 

༥༧༤

 

༡༣

 

སྤྲུ་མའི་འབྲུ་དང་སྲན་མའི་མེ་ཏོག་བཏབ།

 

འབྲུ།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

བཻ་སྔོན་དུ། སྤྲུ་མ་དཀར་པོའི་འབུ་རྐྱང་སེལ་དུས་སྲོག་ཆགས་ཁོངས་སུ་བཤད་པ་དང། ཞེས་གསུངས་ལ། ལྕགས་པར་དུའང། *སྤྲུ་མའི་འབུ་དང་སྲན་མའི་མེ་ཏོག་བཏབ། །ཅེས་གསུངས་སོ།།

 

དགུ་པ།

 

༥༩༩

 

 

མཐའ་ཡི་འདྲེགས་པ་མི་བཏང་དྲོད་བུར་བཙའ། (ལྕགས་པར།)

 

དྲོད།

 

 

རྣམ་བཤད་དུ། དྲོད་བུར་བཙའ་ཞེས་དྲོད་ཡོད་དུས་ལེན་པའོ། །ཞེས་སོ།།

 

བཻ་སྔོན། ཚོ་ཚད་ལྡན་པ་རྣམས་གྲོད་བུར་བཙའ་བ་སྟེ་བཅང་བར་བྱ། ཞེས་གསུངས། མཐའ་ཡི་འདྲེག་པ་མི་བཏང་གྲོད་བུར་བཙའ།

 

བཅུ་པ།

 

༦༠༠

 

 

མེ་ཏོག་ཀུན་དང་ཁྱད་པར་གཡར་མོ་ཐང།

 

གཡར།

 

 

བཻ་སྔོན་དུ། ཁྱད་པར་དབྱར་མོ་ཐང་དེ་བཏུས་ཤིང་ཕྱིའི་གོ་ཕུད་ནས་བསྐམས། ཞེས་བྱུང་བས། འདི་ཉིད་མེ་ཏོག་གི་རིགས་གཅིག་ཡིན་པ་ལ་མིང་དུ་དབྱར་མོ་ཐང་དང་གཡར་མོ་ཐང་གཉིས་ཀའི་འབྲི་སྲོལ་མཆིས་རུང། རྗེ་ཟུར་མཁར་བས། དབྱར་མོ་ཐང་ཞེས་པ་དུས་དབྱར་ཁའི་མིང་དུ་འཆད་པ་ནི་གསོ་དཔྱད་བསྟན་པའི་ཆག་སྒོ་ཡིནལ། ཞེས་གསུངས་བར་ལྟོས་ན་ཡི་གེའི་དག་ཆར་འཁྲུལ་ཏེ་དུས་ལ་ངོས་འཛིན་པའང་ཡོད་འདྲ་བས། གཡར་མོ་ཐང་ཞེས་པ་འདི་རང་ལེགས་སྙམ།

 

བཅུ་གཅིག

 

༥༩༩

 

 

ལངས་ན་སྐྱུར་མནམ་ལྦུ་བ་ཕྱིར་གྱིས་འོང།

 

ཕྱིར།

 

 

 

བཻ་སྔོན། ལངས་ནས་སྐྱུར་དྲི་མནམ་ཞིང་ལུ་བ་ཆིར་གྱིས་འོང་བས། ཞེས་གསལ། ལངས་ན་སྐྱུར་མནམ་ལྦུ་བ་ཆིར་གྱིས་འོང།

 

 

༦༠༡

 

 

རྐང་པ་མན་ཆད་གྲང་རྣག་འབྱམས་པ་གཅོད།

 

རྐང།

 

ནོར།

 

རྒྱུད་ཀྱི་རྩ་བ་དང་འགྲེལ་པ་སྤྱིར།

 

*རྐེད་པ་(སྐེད་)མན་ཆད་གྲང་རྣག་འབྱམས་པ་གཅོད། (ལྕགས་པར།)

 

བཅིུག

 

༦༠༢

 

 

ཁཎྜར་བཙོས་ལ་གོང་མ་རྣམས་དང་སྦྱར།

 

བཙོས།

 

ནོར།

 

རྒྱུད་ཀྱི་རྩ་བ་དང་འགྲེལ་པ་སྤྱིར།

 

*ཁཎྜར་བཅོས་ལ་གོང་མ་རྣམས་དང་སྦྱར། (ལྕགས་པར།)

 

༦༠༢

 

 

རྩ་ནད་ཚ་སྐྲན་དམུ་འོར་གྲང་རྣག་སྐེམ།

 

 

 

 

དེལ་དམར་གཅེས་ཕྲེང་དུ་ཁྲག་སྐྲན་ཞེས་གསལ་རྩ་ནད་ཁྲག་སྐྲན་དམུ་འོར་གྲང་རྣག་སྐེམ།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

ཕྱི་རྒྱུད།

 

༦༠༦

 

 

གཟུངས་སྔགས་རྟེན་འབྲེལ་སྙིང་པོ་ཟླ་ཞིང་བཏུ།

 

 

 

བཻ་སྔོན་དུ། སྔགས་ནི་བདུད་རྩི་མཆོག་ནས། དེ་ནས་རྩ་སྔགས་ཏདྱ་ཐཱ་ཤོ་ཧེང་ག་ཏེ་ཏ་ཏེ་སྭཧཱ། ཞེས་དང། སྨན་བླའི་གཟུངས། བཻ་ཥ་ཛྱེ་དང། རྟེན་འབྲེལ་སྙིང་པོ་བཟླ། ཞེས་དང། གཅེས་ཕྲེང་དུ། གཟུངས་ནི་སྨན་བླའི་གཟུངས་བཻ་ཥ་ཛྱེ་སོགས་གཟུངས་རིང། སྔགས་ནི་རྩ་སྔགས་ཏདྱ་ཐཱ་ཤོ་ཧོང་ག་ཏེ་ཏ་རེ་སྭཧཱ། ཞེས་དང། རྟེན་འབྲེལ་སྙིང་པོ་བཟླ་གསུངས། རྣམ་བཤད་དུ། གཟུངས་སྔགས་ནི་བྷཻཥཛྱེ་སོགས་དང། རྟེན་འབྲེལ་སྙིང་པོ་ནི། ཡེ་དྷ་རྨའོ། །ཞེས་སོ།།

 

བཅུ་གཉིས།

 

 

 

 

 

འཁྲུགས།

 

ཡང་གཅེས་པའི་ཡན་ལག བདུན་གྱི་ས་བཅད་འདིར། དངོས་གཞི་འཆད་པའི་སྐབས། ས་བཅད་གཉིས་པ་དུས་སུ་བཏུ་བའི་རྗེས་ལྔ་པ་དུག་འཕྲལ་བྱུང་བ་འཁྲུགས་པ་ཡིན་ཏེ། སྔར་ས་བཅད་དབྱེ་བའི་སྐབས། སྐྱེ་སར་སྐྱེ་དང་དུས་སུ་བཏུས་པ་དང། སྐམ་གསེད་ལེགས་དང་སོ་མ་རྙིང་པ་དང། དུག་འདོན་འཇམ་བཙལ་འཕྲོད་པར་སྦྱར་བའོ། །ཞེས་གོ་རིམ་བཞིན་བྱུང་ལ། འདི་ལ་བཻ་སྔོན་དུ། སྔོ་སྨན་དུག་འདོན་ས་བཅད་ལྔ་པར་བྱུང་བ་འདིར་རྒྱས་བཤད་གསུམ་པར་བྱུང། ཞེས་རང་སོར་འཇོག་གནང་བ་དང། རྣམ་བཤད་དུ་འཁྲུགས་པ་སྡེབས་སོ།།

 

 

༦༠༧

 

 

འདི་རྣགས་ཆིབས་པ་གངས་ཀྱི་ཆུ་ལ་བསྐྱོན།

 

རྣགས།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*འདི་རྣམས་ཆིབས་པ་གངས་ཀྱི་ཆུ་ལ་བསྐྱོན། (ལྕགས་པར།)

 

༦༠༧

 

༡༡

 

ཨ་བྱག་དུག་བུས་སྤྲུ་རྩས་གཉན་གཟེར་འཇོམས།

 

བུས།

 

ནོར།

 

 རྒྱུད་འབྲེལ་སྤྱི་དང་རྩ་བ།

 

རྒྱུད་འགྲེལ་ཀུན་མཐུན་པར། དུག་པུཥ་ནི་དུག་གི་མེ་ཏོག་ཅེས་ར་དུག་གི་མེ་ཏོག་ལ་བཞེད་པས། *ཨ་བྱག་དུག་པུཥ་སྤྲུ་རྩས་གཉན་གཟེར་འཇོམ། ཞེས་སམ་ཡང་ན། དུག་པུས་ཞེས་མིང་གཞི་པ་དང་ཤ་ཥ་ཡར་སྦྱར་ས་ལྟར་བཀླག་ཅེས་པ་ལྟར་རྗེས་འཇུག་ས་སྦྱར་བས། པུས་ཞེས་དོན་པུཥ་པ་མེ་ཏོག་ལ་འཇུག་པ་སྒྲ་མི་འགྱུར་སྙམ། རྒྱུད་ཚིག *ཨ་བྱག་དུག་པུས་སྤྲུ་རྩས་གཉན་གཟེར་འཇོམས། (ལྕགས་པར།)

 

བཅུ་གཉིས།

 

༦༠༦

 

༡༤

 

དེ་རྣམས་མ་འཛོམ་ཁཎྜ་ཤིས་པ་ཡིས།

 

ཡིས།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

*དེ་རྣམས་མ་འཛོམ་ཁཎྜ་ཤིས་པ་ཡིན།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

ཕྱི་རྒྱུད།

༦༠༦

 

 

ཞོ་རྐང་ཚི་བ་གསུམ་ལ་དུག་མེད་དེ།

 

དུག་མེད།

 

 

འདི་སྐབས་བཻ་སྔོན་དང་རྣམ་བཤད་སོགས་རྒྱུད་འགྲེལ་ཕལ་མོ་ཆེར། ཞོ་རྐང་ཚི་བ་གསུམ་ལ་དུག་མེད། ཅེས་རྒྱུད་ཚིག་སོར་བཞག་གནང་བ་ལ་ལྟོས་ན་རྩ་བ་ནས་དུག་མེད་པ་ལྟ་བུར་སྣང་བས་དེ་ན་འདི་ལ་གནོད་བྱེད་མང་བས། གཅེས་ཕྲེང་དུ། ཐར་ནུ་དང་དུར་བྱིད་བསེ་ཞོ་སོགས་དྲངས་ཏེ་མེད་ཅེས་པ་ནི་དུག་དང་དབྱེར་མེད་པ་ཡིན། དབྱེར་མེད་ལུགས་ནི་གཞན་ལ་དུག་ཡོད་ཀྱང་ཟུར་དུ་དབྱེར་ཡོད་ལ། འདི་ལ་འདྲེས་པས་གཞན་ལྟར་དབྱེ་བའི་ཁ་ནས་ཞག་གམ་འོག་ནས་སྙིགས་སམ་ཟུར་ནས་རྩི་སོགས་འདི་ཡིན། འདི་དོར་ཞེས་དབྱེ་རུ་མེད། གསུངས་པའོ། ཞེས་དང། ཡང་དེ་ཉིད་དུ། ཞོ་རྐང་ཚི་བ་གསུམ་ལ་ཟུར་དུ་དུག དབྱེ་རྒྱུ་མེད་གསུངས་འདུལ་བས་དུག་གསོད་དགོས། ཞེས་རྒྱུད་དོན་གསལ་བར་བཀྲལ་མཛད་པ་འདི་ངེས་འཚལ།

 

བཅུ་བཞི།

 

༦༡༣

 

 

སྙ་ལེ་བཙོད་དང་ཁ་རུ་ཚྭ་བསྡེབས་པས།

 

ལེ།

 

ནོར།

 

རྒྱུད་འགྲེལ་སྤྱི་དང་ཕུན་པར།

 

*སྙ་ལོ་བཙོད་དང་ཁ་རུ་ཚྭ་བསྡེབས་པས།

 

༦༡༦

 

༡༦

 

སྨན་རོ་ལུས་དང་ནད་ཁ་བྱི་བ་བཞི།

 

བྱི།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

*སྨན་རོ་ལུས་དང་ནད་ཁ་བྱེ་བ་བཞི།

 

 

༦༡༨

 

 

ཆུ་གྲོག་ནས་ཐུག་ཞོ་ཕྲུམ་བསིལ་གྱིས་བཅད། (ལྕགས་པར།)

 

ཕྲུམ།

 

ནོར།

 

རྒྱུད་འགྲེལ་སྤྱི་དང་ཕུན་པར།

 

ཞོ་ཕྲུམ་དང་ཞོ་ཕྲུལ་གཉིས་ཀྱི་སྐོར་སྔར་བཤད་རྒྱུད་ལེའུ་བདུན་པའི་སྐབས་བརྗོད་ཟིན་པ་ལྟར་དང། འདིར་ཡང། བཻ་སྔོན་དང་རྣམ་བཤད། མེས་ཞལ། གསུམ་ཀ ཞོ་ཕྲུལ། ཞེས་བྱུང་བས་རྒྱུད་ཚིག *ཆུ་གྲོག་ནས་ཐུག་ཞོ་ཕྲུལ་བསིལ་གྱིས་བཅད། །ཅེས་པའོ།།

 

བཅུ་བཞི།

 

༦༡༨

 

 

ཞོ་ཕྲུམ་ལ་སོགས་བསིལ་བཅུད་ཟས་ཀྱིས་བཅད། (ལྕགས་པར།)

 

ཕྲུམ།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

*ཞོ་ཕྲུལ་ལ་སོགས་བསིལ་བཅུད་ཟས་ཀྱིས་བཅད།

 

༦༡༦

 

༡༢

 

ནད་སྟོར་ན་འགྱུ་བྱེད་ན་སྐྱུག་བག་བཏང།

 

སྐྱུག

 

ནོར།

 

རྒྱུད་འགྲེལ་སྤྱི།

 

བཻ་སྔོན། ཆང་དང་ཞོ་སྐྱུར་ཅུང་ཟད་བཏང་བས་འབིགས། ཞེས་དང། གཅེས་ཕྲེང་དུ། སྐྱུར་བག་ཙམ་བཏང་གསུང་བས། རྒྱུད་ཚིག *ནད་སྟོར་ན་འགྱུ་བྱེད་ན་སྐྱུག་བག་བཏང། །ཞེས་པའོ།།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

ཕྱི་རྒྱུད།

བཅུ་བདུན།

 

༦༢༢

 

 

*དགོངས་དུས་བཤང་བསལ་ལུས་ཀྱི་བཅས་བྱས་ལ།

 

བཅས།

 

 

མེས་ཞལ་དང་བཻ་སྔོན་དུ། ཁ་བུབ་ཏུ་སྟོད་དམའ་ཞིང་སྨད་མཐོ་བར་ལུས་ཀྱི་བཅས་བྱས་ནས་འཕོང་ལ་འཇུག ཅེས་དང།

 

རྣམ་བཤད་དུ། དགོངས་དུས་བཤང་བསལ་ལུས་ཀྱི་བཅའ་བྱས་ལ། །ཞེས་དང།

ལྕགས་པར་དུ། དགོངས་དུས་བཤང་བསལ་ལུས་ཀྱི་བཅོས་བྱས་ལ། ཞེས་གསལ་བས་གང་འཐད་དཔྱོད།

༦༢༢

 

 

*གན་རྐྱལ་ཉལ་ལ་རྐུབ་བཅོས་རྐང་མཐིལ་བརྡུང།

 

བཅོས།

 

 

བཻ་སྔོན་དུ། ལུས་གན་རྐྱལ་དུ་ཉལ་ལ་སྟོད་དམའ་ཞིང་སྨད་མཐོ་བ་རྐུབ་བཅོས་ལ་ཞེས་གསལ། (འདི་ལྟར་ན། གོང་གི་ལུས་བཅས་ཞེས་པ་བཅོས་མིན་ནམ་སྙམ།)

 

རྣམ་བཤད་དུ་ཚིག་རྐང་འདིའི་འགྲེལ་པ་མི་གསལ་རུང། རྒྱུད་ཆུང་བདུད་རྩི་སྙིང་པོར་བཏང་རྗེས་གན་རྐྱལ་ཉལ་ལ་རྐུབ་ཚོས་དང། རྐང་མཐིལ་གཉིས་སུ་ཁུ་ཚུར་ལན་གསུམ་བརྡུང། ཞེས་གསུང་བ་ལྟར་ན་རྐུབ་ཚོས་ཞེས་འཕོངས་ཤ་ལ་བཞེད་འདྲ་བས་འདི་འཐད་པར་སྙམ་དཔྱོད། རྒྱུད་ཚིག གན་རྐྱལ་ཉལ་ལ་རྐུབ་ཚོས་རྐང་མཐིལ་བརྡུང། །ཞེས་སོ།།

 

བཅུ་དགུ

 

༦༢༦

 

༡༡

 

ཡང་ན་དྭ་ཚེ་མར་གསར་རིལ་བུ་མིད།

 

དྭ་ཚེ།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*ཡང་ན་དྭ་ཚ་མར་གསར་རིལ་བུ་མིད། (རྣམ་བཤད་དུ། ད་ཚ་ནི་ཤིང་ཚ་མཐུག་པོ་ལ་ཟེར་ཞེས་གསལ།) ལྕགས་པར།

 

 

༦༢༨

 

 

*བར་དུ་གཏར་དུས་གཟེར་དུས་གྲང་ཤུམ་ཆད། (ལྕགས་པར།)

 

གཟེར་དུས།

 

 

བཻ་སྔོན་བཞེད། རུང་བའི་ནད་དེ་གཟེར་དུས་གྲང་ཤུམ་ཆད་ཅིང་རྩ་རྒྱུད་ལྕི་ལ་སྦྲིད་པ་རྒྱས་པའི་དུས་ན་གཏར། ཞེས་དང།

 

རྣམ་བཤད་དང་གཅེས་ཕྲེང་དུ། གཟེར་འདུས་པ་ཞེས་འདོད་པས། རྒྱུད་ཚིག བར་དུ་གཏར་དུས་གཟེར་འདུས་གུང་ཤུམ་ཆད། །ཅེས་པའོ།།

 

ཉི་ཤུ།

 

༦༢༨

 

༡༦

 

བསྙལ་ཐབས་དཔྲལ་རྩ་ལྟག་རྩ་མཆོགས་གསང་རྣམས།

 

མཆོགས།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*བསྙལ་ཐབས་དཔྲལ་རྩ་ལྟག་རྩ་མཚོགས་གསང་རྣམས། (ལྕགས་པར།)

 

 

 

 

 

 

 

 

 

 

 

 

 

 

 

 

 

 

 

ཕྱི་རྒྱུད།

 

༦༢༩

 

 

*སྦྲིད་ཆིལ་རྩ་རྒྱུད་ལྟང་གིས་བྱུང་ན་སྡོམ། (ལྕགས་པར།)

 

ལྟང།

 

 

བཻ་སྔོན་བཞེད། རྩ་རྒྱུད་དེ་ལྟང་གིས་བྱུང་ན་སྡོམ་པ་ཡིན། ཞེས་གསལ་བས་དཔྱོད།

 

གཅེས་ཕྲེང་དུ། རྩ་རྒྱུད་ལྷང་གིས་བྱུང་ན་ཞེས་གསལ་བས། རྒྱུད་ཚིག *སྦྲིད་ཆིལ་རྩ་རྒྱུད་ལྷང་གིས་བྱུང་ན་སྡོམ། །ཞེས་འཐད་སྙམ།

 

ཉི་ཤུ།

 

༦༣༠

 

 

སོ་མིག་སྣ་འགྲམས་ནད་ལ་ལྟག་རལ་གཏར། (ལྕགས་པར།)

 

སྣ།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

བཻ་སྔོན་དུ། རྣ་བ་འགྲམས་པ་བཅས་པའི་ནད་ལ་ཞེས་གསུང་བ་འདི་ནི་མན་རྒྱུད་རྣ་ནད་གསོ་ལེར། མཁྲིས་གྱུར་ཚ་བཅས་ཟུག་ཆེ་མགོ་བོ་ན། །ཆུ་སེར་མྱུར་འཛག་གང་རེག་འགྲུམ་ཐོར་རྣག རྣ་བ་ནང་འགྲམས་ཁྲག་གྱུར་ལྕི་ཟུག་ཆེ། །ཞེས་གསུངས་པའི་རྣ་འགྲམས་འདིར་ངེས་སམ་དཔྱོད། རྒྱུད་ཚིག *སོ་མིག་རྣ་འགྲམས་ནད་ལ་ལྟག་རལ་གཏར།

 

ཉི་ཤུ།

 

༦༣༡

 

 

ནུ་མཆིན་བྲང་ནད་སྣོད་ཀ་རུ་ཐུང་གཏར།

 

མཆིན།

 

 

བཻ་སྔོན། ནུ་མ་དང་མཆིན་པ་སོགས་བྲང་ནད་ལ་སྣོད་ཀ་དང་རུ་ཐུང་གཏར། ཞེས་དང།

 

གཅེས་ཕྲེང་དུ། ནུ་མཇིང། ཞེས་གསལ་བས་དཔྱོད།

 

ཉེར་གཅིག

 

༦༣༥

 

 

ལྷན་དང་ལྕགས་དྲེག་སྐྲན་གྱི་ནད་ལ་གདབ།

 

ལྷན།

 

ནོར།

 

རྒྱུད་ཀྱི་རྩ་བ་དང་འགྲེལ་པ་སྤྱི།

 

ལྷེན་དང་ལྕགས་དྲེག་སྐྲན་གྱི་ནད་ལ་གདབ།

 

༦༣༧

 

 

བད་ནད་བཛེ་དུག་དམུ་ཆུ་ནག་པོ་དང།

 

བཛེ།

 

ནོར།

 

རྒྱུད་ཀྱི་རྩ་བ་དང་འགྲེལ་པ་སྤྱི།

 

*བད་ནད་མཛེ་དུག་དམུ་ཆུ་ནག་པོ་དང། (ལྕགས་པར།)

 

ཉེར་གཉིས།

 

༦༣༨

 

༡༠

 

མཁལ་རྐེད་བྲང་ལ་གཡི་སྤྱང་སྤུ་དུགས་བསྟེན།

 

བྲང།

 

ནོར།

 

 

*མཁལ་རྐེད་གྲང་ལ་གཡི་སྤྱང་སྤུ་དུགས་བསྟེན། (ལྕགས་པར།)

 

 

༦༣༩

 

 

རུང་བ་ཡན་ལག་རིངས་འཁུམས་ཞ་བ་དང།

 

རིངས།

 

ནོར།

 

 

*རུང་བ་ཡན་ལག་རེངས་འཁུམས་ཞ་བ་དང་། (ལྕགས་པར།)

 

 

 

 

 

 

 

 

 

 

 

 

 

 

 

 

 

ཕྱི་རྒྱུད།

༦༣༩

 

 

ཚ་རིངས་རླུང་ལྡན་འགྲམས་པའི་ཟུག་གཟེར་འཇོམས།

 

རིངས།

 

ནོར།

 

བཻ་སྔོན། ཚ་བའི་རིམས་རླུང་དང་ལྡན་པའི་ཆུ་སེར་ཚ་བ་རེངས་པ་རླུང་ལྡན་དང་འགྲམས་པའི་ཟུག་གཟེར་འཇོམས། ཞེས་པ་ལྟར་ན་རེངས་འཐད།

 

*ཚ་རིམས་རླུང་ལྡན་འགྲམས་པའི་ཟུག་གཟེར་འཇོམས། (ལྕགས་པར།) ཚ་རེངས་རླུང་ལྡན་འགྲམས་པའི་ཟུར་གཟེར་འཇོམས།

 

 

༦༤༠

 

 

འབྲས་འདུལ་མི་ཡི་རྐང་མགོ་ཉྭ་ཡི་ཤ། (ལྕགས་པར།)

 

ཉྭ

 

 

བཻ་སྔོན་བཞེད། ཆུ་ནང་གི་ཉའི་ཤ་དང། འགའ་ཞིག་མིའི་རྐང་མར་དང་མགོའི་ཤ་ཡན་ལག་གི་ཉྭ་བཞིའི་ཤར་ཡང་བཞེད་གསུངས། དེ་ན་རྒྱུད་ཚིག འབྲས་འདུལ་མི་ཡི་རྐང་མགོ་ཉ་ཡི་ཤ། ཞེས་དང། འབྲས་འདུལ་མི་ཡི་རྐང་མགོ་ཉྭ་ཡི་ཤ ཞེས་གཉིས་ཀ་དོན་ལ་གནས།

 

༦༣༩

 

 

*རླངས་ལུམས་ཆུ་ཚན་སྤྱིང་བས་གོང་བཞིན་འགྲུབ།

 

སྤྱིང།

 

 

བཻ་སྔོན་དུ། རླང་ལུམས་བྱ་བའམ་ཆུ་ཚན་ལྟར་ནང་དུ་སྤྱིང་སྟེ་ཞུགས་པས་གོང་བཞིན་ཕན་ཡོན་འགྲུབ་པར་འགྱུར། ཞེས་དང།

 

ལྕགས་པར་དུ། རླངས་ལུམས་ཆུ་ཚན་བཅིངས་བས་གོང་བཞིན་འགྲུབ། །ཅེས་སོ།།

 

ཉེར་བཞི།

 

༦༤༠

 

 

*སྙིང་རླུང་འདྲེ་ཆགས་འབྲས་ནད་འཇོམ་པར་བྱེད། (ལྕགས་པར།)

 

འདྲེ་ཆགས།

 

 

བཻ་སྔོན། སྙིང་རླུང་འདྲེ་ཆགས་པ་ཞེས་ལག་པའི་སོར་མའི་རྗེས་ཀྱི་རྣམ་པའི་ཐོར་པ་དམར་ཚགས། རྣམ་བཤད་དུ། འདྲེ་ལྕག་ཅེས་པ་པགས་ནད་ཀྱི་རིགས་འདྲེས་ལྕག་བརྒྱབ་པའི་ཤུལ་ཡིན་ཞེས་དམར་ཁྱུག་ཁྱུག་པ་ཞེས་འདོད་པ། རྒྱུད་ཚིག སྙིང་རླུང་འདྲེ་ལྕག་འབྲས་ནད་འཇོམས་པར་བྱེད། །ཅེས་པའོ།།

 

 

 

 

 

 

 

 

 

 

 

 

 

 

 

 

 

 

ཕྱི་རྒྱུད།

ཉེར་ལྔ།

 

༦༤༤

 

 

མེ་གསང་མེ་བཙའི་འབྲུ་བཤག་ནད་དུ་བསྟན། (ལྕགས་པར།)

 

ནད།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

*མེ་གསང་མེ་བཙའི་འབྲུ་བཤག་ནང་དུ་བསྟན། བཻ་སྔོན། མེ་གསང་ནི་མེ་བཙའི་འབྲུ་བཤག་གོང་དུ་ལེའུ་ཉེར་གཅིག་པའི་ནང་དུ་བསྟན། ཞེས་གསུངས་སོ།།

 

༦༤༤

 

༡༡

 

གཡོན་ངོས་བྱ་འདབ་བར་དུ་ནད་བཏོལ་བྱ།

 

ནད།

 

ནོར།

 

 

*གཡོན་ངོས་བྱ་འདབ་བར་དུ་ནང་བཏོལ་བྱ། (ལྕགས་པར།)

 

 

༦༤༥

 

 

མཆིན་མཆེར་གཉིས་ལ་གསང་ས་བརྒྱད་ཡོད་དེ།

 

 

 

འདི་ལ་རྒྱུད་དགོངས་ཕལ་མོ་ཆེར་གསང་ས་བརྒྱད་དུ་བཞེད་རུང། རྒྱུད་འདིར་ནུ་མ་ཐུར་ཚོན་དོ་བཅལ་མཚམས་མཆིན་དྲིའི་མཚམས་སུ་ཐུར་ཨང་༤༡། ༤༢། གསལ་བས། དེ་ལྟར་ན་མཆིན་དྲིའི་མཚམས་གཉིས་རྩིས་པས་བཅུར་འགྱུར་བས། འདི་ཉིད་འབྲི་ཆ་མཐོང་བ་དོན་ལྡན་གྱི་དགོངས་པ་ཡིན་ནམ་དཔྱད་བྱའོ།།

 

༦༤༧

 

 

ཤ་རུས་ནད་རྡོལ་དོན་གྱིས་ལག་ཚོད་མྱང།

 

ནད།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*ཤ་རུས་ནང་རྡོལ་དོན་གྱིས་ལག་ཚོད་མྱང། (ལྕགས་པར།)

 

 

༦༤༧

 

༡༡

 

དང་པོ་ཐུར་མ་བྲང་ཐད་འཕང་བ་སྟེ།

 

བྲང།

 

ནོར།

 

རྒྱུད་ཀྱི་རྩ་འགྲེལ་སྤྱི།

 

*དང་པོ་ཐུར་མ་དྲང་ཐད་འཕང་བ་སྟེ།

 

༦༤༩

 

 

ཁྱད་པ་རྩ་གནད་སྦྲེང་དང་རབས་ཀྱིས་འོང།

 

ར།

 

ཆད།

 

 

*ཁྱད་པར་རྩ་གནད་སྦྲེང་དང་རབས་ཀྱིས་འོང།

 

ཉེར་བདུན།

 

༦༥༠

 

 

མདའ་གཤའ་ཕང་བ་བཀང་ཡང་གཏང་ས་མདེ་རྩེ་གང།

 

གཏང།

 

 

 

མདའ་གཤའ་ཕང་བ་བཀང་ཡང་གཏད་ས་མདེ་རྩེ་གང།

 

༦༥༠

 

 

ཁྲག་གཅོད་སྤྲུ་འབྲུ་རྨ་ལ་དོམ་མཁྲིས་མཆོག

 

འབྲུ།

 

 

 

*ཁྲག་གཅོད་སྤྲུ་འབུ་རྨ་ལ་དོམ་མཁྲིས་ཆོག (བཻ་སྔོན་སྤྲུ་མ་དཀར་པོའི་འབུ་རྐྱང་སེལ་དུས་སྲོག་ཆགས་ཁོངས་སུ་བཤད་པ་དང། ཞེས་གསུངས། (ལྕགས་པར།)

 

 

༦༦༢

 

༡༧

 

མེ་སྟེང་ཆུ་བླུག་མེ་སོད་ག་ལ་སྲིད།

 

མེ་སོད།

 

ནོར།

 

 

*མེ་སྟེང་ཆུ་བླུག་མི་སོད་ག་ལ་སྲིད།

 

༦༦༦

 

 

དེ་ཕྱིར་ཤིན་ཏུ་སོངས་ཤིག་དྲང་སྲོང་རྣམས། (ལྕགས་པར།)

 

སོངས།

 

ནོར།

 

 

དེ་ཕྱིར་ཤིན་ཏུ་གསོངས་ཤིག་དྲང་སྲོང་རྣམས། (གསོངས་ཞེས་གསང་བའི་སྐུལ་ཚིག)

 

 

༦༦༦

 

 

མུ་སྟེགས་ཆོས་དང་རིག་པ་འདི་མི་རྗེ།

 

རྗེ།

 

ནོར།

 

རྒྱུད་འགྲེལ་བཻ་སྔོན།

 

*མུ་སྟེགས་ཆོས་དང་རིག་པ་འདི་མི་བརྗེ།

 

 

 

 

ཁ་གཤགས་ཐ་སྙད་ཆོས་དང་འདི་མི་རྗེ།

 

རྗེ།

 

ནོར།

 

 

*ཁ་གཤགས་ཐ་སྙད་ཆོས་དང་འདི་མི་བརྗེ།

 

 

 

 

 

 

 

 

 

ཕྱི་རྒྱུད།

ཉེར་བཞི།

 

༦༤༡

 

 

ཁྱི་རྨ་རེང་ལ་ཁྱི་ཡི་ཚིལ་བུ་བྱུག

 

རེང།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

*བཻ་སྔོན། ཁྱིས་རྨུགས་པའི་རྨ་རེད་པ་སྟེ་འདུ་བས་རེད་པ་དང། ཟས་སྤྱོད་ཀྱིས་རེད་པ་ཞེས་གསལ་བས། རྒྱུད་ཚིག *ཁྱི་རྨ་རེད་ལ་ཁྱི་ཡི་ཚིལ་བུ་བྱུག །ཞེས་སོ།།

 

ཉེར་དྲུག

 

༦༥༠

 

 

ཀྱེ་དྲང་སྲོང་ཆེན་པོ་རིགས་པའི་ཡེ་ཤེས་ལགས།

 

དང།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

*ཀྱེ་དྲང་སྲོང་ཆེན་པོ་རིགས་པའི་ཡེ་ཤེས་ལགས། ཞེས་པའོ།།

 

ཉེར་བཞི།

 

༦༤༠

 

 

རླུང་ནད་ཀུན་ལ་སྣུམ་བྱུག་བསྟན་པར་བྱ།

 

བསྟན།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

*རླུང་ནད་ཀུན་ལ་སྣུམ་བྱུག་བསྟེན་པར་བྱ། །ཞེས་སོ།།

 

ཉི་ཤུ།

 

༦༢༨

 

 

སྟོངས་ཚད་དུག་མ་གསོད་དང་གཉེན་ཚད་དང།

 

གཉེན།

 

ནོར།

 

རྒྱུད་འགྲེལ་སྤྱི།

 

*སྟོངས་ཚད་དུག་མ་གསོད་དང་གཉན་ཚད་དང། །ཞེས་སོ།།

 

བཅོ་བརྒྱད།

 

༦༢༣

 

༡༣

 

གཅེ་འུ་བཏོན་ལ་ཕོངས་སུ་རས་ལྟོ་བརྡིག

 

ཕོངས།

 

ནོར།

 

 

*གཅེའུ་བཏོན་ལ་འཕོངས་སུ་རས་ལྟོ་བརྡིག །ཅེས་པའོ།།

 

བཅུ་གཉིས།

 

༦༠༨

 

 

ཁུར་རྩ་སྙ་ལོ་འཇབ་རྩིས་ཕོ་ཚད་སེལ།

 

འཇབ།

 

ནོར།

 

 

*ཁུར་རྩ་སྙ་ལོ་འཇིབ་རྩིས་ཕོ་ཚད་སེལ། །ཅེས་སོ།།

 

བཅུ།

 

༥༩༩

 

 

བྲེ་དོར་དུ་ནས་ཆུ་བྲེ་གང་བླུག་ལ།

 

དུ།

 

ནོར།

 

 

*བྲེ་དོར་གདུ་ནས་ཆུ་བྲེ་གང་བླུག་ལ།

 

ཉེར་གཅིག

 

༦༣༦

 

༡༧

 

སུམ་གཉིས་མཆེད་ནས་སྤྲ་བ་གཅིག་ལ་སྦར།

 

སྦར།

 

 

 

*སུམ་གཉིས་མཆེད་ནས་སྤྲ་བ་གཅིག་ལ་སྤར། (སྤོར་ཞེས་པའང་འཐད་ཆེ།)

 

ཉེར་ལྔ།

 

༦༤༧

 

༡༦

 

དྲུག་པ་ཐུར་མ་ཅུར་འབྱེན་འཕང་བ་སྟེ།

 

འབྱེན།

 

 

 

*དྲུག་པ་ཐུར་མ་ཅུར་འབྱིན་འཕང་བ་སྟེ།

 

 

ཟུར་བཀོད་གྲངས་འགྲེལ་ཁག

༡།  ༸མི་དབང་སངས་རྒྱས་རྒྱ་མཚོས་བརྩམས་པའི་རྒྱུད་བཞིའི་འགྲེལ་པ་<<བཻ་སྔོན་>>སྨད་ཆ་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ལྕགས་འབྲུ་དེབ་གཟུགས་པར་ཐེངས་དང་པོ་(ཡེ་ལོ་༡༩༨༢ ལོར་བཏབ་)ཤོག་གྲངས་༡༤༥༢ ཕྲེང་༡༨ (འདི་མན་བཻ་སྔོན་ལ་སྨད་ཆ་ཞེས་འབོད་རྒྱུ།)

༢། <<བཻ་སྔོན་སྨད་ཆ་>>མཇུག་བྱང་ཤོག་གྲངས་༡༤༤༦-༡༤༤༧ བར།

༣། <<བཻ་སྔོན་སྨད་ཆ་>>མཇུག་བྱང་ཤོག་གྲངས་༡༤༤༠ ༡༤༤༣

༤། སྨན་རྗེ་གཡུ་ཐོག་གསར་མ་སོགས་ནས་མཛད་པའི་<<སྨན་གཞུང་ཆ་ལག་བཅོ་བརྒྱད་>>འཕགས་ཡུལ་བོད་གཞུང་སྨན་རྩིས་ཁང་ནས་བསྐྲུན་པའི་དེབ་གཟུགས་ཁོག་བུག་ཁྱུང་ཆེན་ལྡིང་བ་ཤོག་གྲངས་༡༡ ཕྲེང་༧།

༥། གོང་བཞིན་<<སྨན་གཞུང་ཆ་ལག་བཅོ་བརྒྱད།>>

༦། སྐྱེམས་པ་ཚེ་དབང་གིས་བརྩམས་པའི་<<རྩ་རྒྱུད་ཀྱི་འབྲུ་འགྲེལ་ལེགས་བཤད་སྨྲ་བ་མཆོག་ཐོབ>>འཕགས་ཡུལ་བོད་གཞུང་སྨན་རྩིས་ཁང་ནས་པར་དུ་བཏབ་པའི་དེབ་གཟུགས་དེབ་ཕྲེང་དང་པོའི་ཤོག་གྲངས་༢༣།

༧། <<རྩ་རྒྱུད་འབྲུ་འགྲེལ་ལེགས་བཤད་སྨྲ་བ་མཆོག་ཐོབ་>>ཀྱི་མཇུག་བྱང། ཤོག་གྲངས་༡༠༢ ཀྱི་ཕྱི་མ།

༨། ཟུར་མཁར་བློ་གྲོས་རྒྱལ་པོས་བརྩམས་པའི་རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་ལ་<<རྩ་འགྲེལ་>>ཤོག་གྲངས་༨༨ ཕྲེང་༨།

༩།༡༠ ལྕགས་རི་རིག་བྱེད་འགྲོ་ཕན་གླིང་ནས་བསྐྱར་ཞུས་པར་བརྐོ་མཛད་པའི་<<རྒྱུད་བཞི་>>རྩ་བའི་མཇུག་བྱང་དུ་གསལ།

༡༡། བཻ་སྔོན་མཇུག་བྱང་ཤོག་གྲངས་༡༤༥༡ ཕྲེང་༡༢

༡༢།  སྨན་པ་པ་སངས་ཡོན་ཏན་ནས་བསྒྲིགས་ཤིང་སྐུ་བཅར་སྨན་པ་བསྟན་འཛིན་ཆོས་གྲགས་ཀྱིས་མཆོད་བརྗོད་སྨོན་ཚིག་མཛད་པའི་<<བོད་ཀྱི་གསོ་རིག་རྒྱུད་བཞིའི་སྡོང་འགྲེམས་པད་དཀར་འཕྲེང་བ།>>ཞེས་པ་མཐོ་སློབ་ཁང་གིས་ཕྱོགས་སྒྲིགས་པར་དེབ་གནང་བའི་དེབ་ཆུང་ཤོག་གྲངས་༦༨ ཕྲེང་༡།

༡༣། བཻ་སྔོན་མཇུག་བྱང་ཤོག་གྲངས་༡༤༤༩ ཕྲེང་༩།

༡༤། བཻ་སྔོན་མཇུག་བྱང་ཤོག་གྲངས་༡༤༤༨ ཕྲེང་༡༨ - ༡༤༥༠ ཕྲེང་༡༡།

༡༥། བཻ་སྔོན་མཇུག་བྱང་ཤོག་གྲངས་༡༤༥༥ ཕྲེང་༥

༡༦། བཻ་སྔོན་མཇུག་བྱང་ཤོག་གྲངས་༡༤༥༡ ཕྲེང་༤ བཅས་ན་གསལ་ལོ།། །།

མཐའ་མའི་འདོན་ཐེངས་།: 03.01.2014 ཉིན། 9:38 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།