སྨན་རྩིས་དྲ་བ། - མདུན་ངོས།

རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གསོ་རིག་སྨན་པར་དེབ་སྐྱེལ་ལག་འཁྱེར་བསྩལ།

བརྗོད་བྱ་སྤེལ་མཁན། རྩོམ་སྒྲིག་པ། (admin) ཟླ་ཚེས། 16.08.2022
མདུན་ངོས། >>



རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་གསོ་རིག་སྨན་པར་དེབ་སྐྱེལ་ལག་འཁྱེར་བསྩལ།

འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་སྐུ་ངོ་ཐུབ་བསྟན་ཚེ་རིང་མཆོག་དང་བཟང་སྤྱོད་མཁས་པའི་ཚོགས་ཆུང་གི་ཚོགས་མི་སྨན་པ་འཆི་མེད་སྒྲོལ་དཀར་ལགས་གཉིས་ནས་འབྲེལ་མཐུད་གནང་བའི་ཐོག  རྒྱ་གར་ལྷོ་ཕྱོགས་གསོ་རིག་སྨན་པ་རྣམས་ལ་དེབ་སྐྱེལ་ལག་འཁྱེར་མཁོ་སྤྲོད་ཆོག་པའི་དབང་ཚད་འགན་ཁྲིད་ལྡན་པའི་སྨན་པ་དེབ་སྐྱེལ་དང་བཟང་སྤྱོད་ཚོགས་ཆུང་གི་གཙོ་འཛིན་བཻདྱ་རཱཀེཤ་ཤརྨཱ་མཆོག་གིས་སྣེ་ཁྲིད་དབུས་གཞུང་ཨཱཡུཥ་ལྷན་ཁང་གི་རྒྱལ་ཡོངས་རྒྱ་གར་སྨན་གྱི་ལམ་ལུགས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་འདི་ཟླའི་ཚེས་ ༨ ཉིན་སྨན་རྩིས་ཁང་སྦེང་ལོར་མཐོ་སློབ་ཁང་དུ་ཆེད་ཕེབས་གནང་ཡོད། དེ་ཉིན་ལྷོ་ཕྱོགས་ཁུལ་གྱི་སྨན་རྩིས་ཁང་གི་ཡན་ལག་སྨན་ཁང་ཁག་ཏུ་ཞབས་འདེགས་ཞུ་བཞིན་པའི་ལས་ཐོག་སྨན་པ་ཉེར་གཅིག་དང་། སྨན་རྩིས་ཁང་གི་སྨན་པ་ཟུར་པ་བཞི། ལྕགས་པོ་རིའི་དྲན་རྟེན་བོད་སྨན་སློབ་གཉེར་ཁང་གི་སྨན་པ་གཅིག་བཅས་ཁྱོན་གསོ་རིག་སྨན་པ་ཉེར་དྲུག་དེབ་སྐྱེལ་ཟིན་རྗེས་ལག་འཁྱེར་བསྩལ་ཐོབ་བྱུང་ཡོད།


དེ་ནས་སྐུ་ཚབ་ཚོགས་མི་རྣམས་སྦེང་ལོར་སྨན་རྩིས་མཐོ་སློབ་ཁང་གི་དཔེ་མཛོད་དང་། འགྲེམ་སྟོན་ཁང་། སྨན་ཁང་བཅས་དེ་གའི་ཁོར་ཡུག་ལ་འཚམས་གཟིགས་གནང་ཡོད། འདི་ལྟར་སྨན་རྩིས་ཁང་སྦེང་ལོར་མཐོ་སློབ་འཛིན་སྐྱོང་ནས་ཆེད་ཕེབས་སྐུ་ཚབ་ཚོགས་ཆུང་དང་། དེ་བཞིན་སྨན་རྩིས་ཁང་གི་འགན་འཛིན་མཆོག་དང་སྨན་པ་འཆི་མེད་སྒྲོལ་དཀར་ལགས་བཅས་ནས་མཐུན་སྦྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

 

གནས་ཚུལ་འབྱུང་ཁུངས། 

https://bcollege.men-tsee-khang.org/ncism-registration-for-men-tsee-khang-sorig-doctors-in-south-india/

 






མཐའ་མའི་འདོན་ཐེངས་།: 31.03.2023 ཉིན། 11:44 AM

<< སྔ་མ།

ནང་གསེས་དཀར་ཆག

ཡིག་ཆ་གསར་ཤོས།

སྨན་རྩིས་ལས་སྣེ་བ་གྲངས་ལྔ་ཡི་ས་མིག་གསལ་བསྒྲགས།

ད་ལོའི་ས་བདག་འཁྲུག་བཅོས་ཀྱི་ཆོ་ག་ལེགས་གྲུབ།

མཚན་སྲུང་གཅིག་གི་ས་མིག་གསལ་བསྒྲགས།

ཡིད་སྐྱོའི་གནས་ཚུལ།

ལས་མི་གྲངས་ ༡༧ ས་མིག་གསལ་བསྒྲགས།

སྤྲེའུ་འབྲུམ་གཉན་རིམས།(Mpox)

TRADITIONAL TIBETAN MEDICINE

འབྲས་ནད་ཀྱི་ངོས་འཛིན་དང་བཅོས་ཐབས།

ཕྱི་རྒྱལ་དུ་བོད་སྨན་གྱི་གནས་བབ།

བུད་མེད་ཀྱི་འཕྲོད་བསྟེན་དང་བུ་ཚའི་སྐོར།

ཁྲག་གི་འབྲས་ནད་བཅོས་པའི་མྱོང་ཐིགས།

བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས།

བོད་ཀྱི་གསོ་དཔྱད་ཀྱི་ཐོག་མའི་འབྱུང་ཁུངས།

བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཡངས་པོར་དབྱེ་བ།

བོད་ཀྱི་གསོ་བ་རིག་པའི་རླབས་ཆེན་འཕུར་འཆོངས།